[ { "source": "ཨ་མདོའི་རོང་ཕྱོགས་སུ་བུ་མོ་ཞིག་ལོ་བཅུ་དྲུག་བཅུ་བདུན་ལ་སླེབས་ནས་སྐྲ་ཕབ་ཀྱི་མཛད་སྒོ་བསྡུས་རྗེས་མི་དར་མར་གྱུར་པའི་མཚོན་རྟགས་སུ་སྐྲ་ལུང་འདོགས་པ་རེད།", "target": "ཨ་མདོའི་རོང་ ཕྱོགས་ སུ་ བུ་མོ་ ཞིག་ ལོ་ བཅུ་ དྲུག་ བཅུ་ བདུན་ ལ་ སླེབས་ ནས་ སྐྲ་ཕབ་ ཀྱི་ མཛད་སྒོ་ བསྡུས་ རྗེས་ མི་ དར་མ ར་ གྱུར་པ འི་ མཚོན་ རྟགས་ སུ་ སྐྲ་ལུང་ འདོགས་པ་ རེད །" }, { "source": "སྐྲ་ལུང་ནི་ཁྱོ་གའི“རྣམ་ཤེས”དང་སྟོབས་འབྱོར་མཚོན་བྱེད་ཀྱི་རྟགས་མཚན་ཡིན་པ་རེད།", "target": "སྐྲ་ ལུང་ ནི་ ཁྱོ་གའི“རྣམ་ཤེས”དང་ སྟོབས་ འབྱོར་མཚོན་བྱེད་ ཀྱི་ རྟགས་ མཚན་ ཡིན་པ་ རེད །" }, { "source": "སྐྲ་ཕབ་ཚར་རྗེས་ད་གཟོད་བུ་མོ་གང་དེ་གནས་ལ་བསྐྱལ་ཆོག་པ་རེད།", "target": "སྐྲ་ ཕབ་ ཚར་ རྗེས་ ད་ གཟོད་བུ་མོ་ གང་ དེ་ གནས་ ལ་ བསྐྱལ་ ཆོག་པ་ རེད །" }, { "source": "གཉེན་སྒྲིག་བྱས་རྗེས་སྐྲ་ལུང་དེ་ཁོ་མོ་ཚོའི་གྲིབ་མ་ནག་རིལ་བཞིན་ལུས་དང་ཁ་འབྲལ་མི་ཆོག་པ་རེད།", "target": "གཉེན་སྒྲིག་ བྱས་ རྗེས་ སྐྲ་ ལུང་ དེ་ ཁོ་མོ་ ཚོ འི་ གྲིབ་མ་ ནག་ རིལ་ བཞིན་ ལུས་ དང་ ཁ་ འབྲལ་ མི་ ཆོག་པ་ རེད །" }, { "source": "བུད་མེད་ཚོས་བོད་ལྭ་གྱོན་རྗེས་རྒྱབ་སྟོང་དུ་བསྐྱུར་ནས་སྐྲ་ལུང་མ་བཏགས་པ་ཡིན་ན་གཞན་གྱིས་ཡུགས་སར་གྱུར་ཡོད་མེད་ལ་དོགས་པ་ཟ་བ་རེད།", "target": "བུད་མེད་ ཚོ ས་ བོད་ ལྭ་ གྱོན་ རྗེས་ རྒྱབ་ སྟོང་ དུ་ བསྐྱུར་ ནས་ སྐྲ་ ལུང་ མ་ བཏགས་པ་ ཡིན་ ན་ གཞན་ གྱིས་ ཡུགས་ ས ར་ གྱུར་ ཡོད་མེད་ ལ་ དོགས་པ་ ཟ་བ་ རེད །" }, { "source": "སྲོལ་རྒྱུན་དེའི་རྐྱེན་གྱིས་བུད་མེད་རྣམས་སྐྲ་ལུང་དང་ཁ་འབྲལ་དུས་ཞེད་སྣང་ཚ་པོ་སྐྱེ་གི་ཡོད་པ་རེད།", "target": "སྲོལ་རྒྱུན་ དེ འི་ རྐྱེན་ གྱིས་ བུད་མེད་ རྣམས་ སྐྲ་ལུང་ དང་ ཁ་ འབྲལ་ དུས་ ཞེད་སྣང་ ཚ་པོ་ སྐྱེ་ གི་ ཡོད་པ་ རེད །" }, { "source": "བདག་གི་ཨ་མ་ཡུན་རིང་ན་ཞིང་ལུས་མཚག་ཞན་པས་སྐྲ་ལུང་འདོགས་པར་སྟབས་མི་བདེ་བར་གྱུར།", "target": "བདག་ གི་ ཨ་མ་ ཡུན་རིང་ ན་ ཞིང་ ལུས་ མཚག་ ཞན་པ ས་ སྐྲ་ ལུང་ འདོགས་པ ར་ སྟབས་ མི་ བདེ་བ ར་ གྱུར །" }, { "source": "ངས་སྐྲ་ལུང་ལེན་པའི་སྐད་ཆ་ལབ་སྐབས་མོ་རང་བསམ་ཚུལ་དེར་མོས་མཐུན་ཆེན་པོ་འདུག་ན་ནའང་།", "target": "ང ས་ སྐྲ་ ལུང་ ལེན་པ འི་ སྐད་ ཆ་ ལབ་ སྐབས་ མོ་ རང་ བསམ་ཚུལ་ དེ ར་ མོས་མཐུན་ ཆེན་པོ་ འདུག་ ན་ ན འང་ །" }, { "source": "ཞེད་སྣང་ཡ་མེད་ཅིག་ཀྱང་སྐྱེ་གི་འདུགཕྱིས་སུ་ཨ་མའི་ན་ཚ་ཇེ་སྡུག་ཇེ་ལོད་དུ་སོང་བ་དང་བསྟུན་མཚམས་ཤིག་སྐྲ་ལུང་ཡང་ཐེག་དཀའ་བར་གྱུར།", "target": "ཞེད་ སྣང་ཡ་མེད་ ཅིག་ ཀྱང་ སྐྱེ་ གི་ འདུག ཕྱིས་ སུ་ ཨ་མ འི་ ན་ཚ་ ཇེ་སྡུག་ཇེ་ལོད་ དུ་ སོང་བ་ དང་ བསྟུན་ མཚམས་ ཤིག་ སྐྲ་ལུང་ ཡང་ ཐེག་དཀའ་བ ར་ གྱུར །" }, { "source": "དེ་བཞིན་ཨ་མས་སྐྲ་ལུང་རེས་ལེན་རེས་འདོགས་ཀྱི་གོ་རིམ་རིང་མོ་ཞིག་བརྒྱུད་མཐར་ངང་གིས་གོམས་ལོབས་སུ་སོང་།", "target": "དེ་ བཞིན་ ཨ་མ ས་ སྐྲ་ ལུང་ རེས་ལེན་རེས་འདོགས་ ཀྱི་ གོ་རིམ་ རིང་མོ་ ཞིག་ བརྒྱུད་མཐ ར་ ངང་ གིས་ གོམས་ལོབས་ སུ་ སོང་ །" }, { "source": "ཡིན་ཡང་། རང་གི་ཁྱོ་ག་གསོན་བཞིན་དུ་སྐྲ་ལུང་བླངས་པར་མོ་རང་དོགས་གཏན་ནས་བདེ་གི་མི་འདུགསྐབས་དེར་ཨ་ཕས་ཀྱང་ཨ་མར་སྐྲ་ལུང་བླངས་ཆོག་པའི་གནང་བ་སྩལ།", "target": "ཡིན་ ཡང་ ། རང་ གི་ ཁྱོ་ག་ གསོན་ བཞིན་ དུ་ སྐྲ་ལུང་ བླངས་པ ར་ མོ་རང་ དོགས་ གཏན་ ནས་ བདེ་ གི་ མི་ འདུག སྐབས་དེ ར་ ཨ་ཕ ས་ ཀྱང་ ཨ་མར་ སྐྲ་ལུང་ བླངས་ ཆོག་པ འི་ གནང་བ་ སྩལ །" }, { "source": "ཞིང་གྲོང་གི་བུད་མེད་ཅིག་ལ་མཚོན་ན། གཞན་གྱི་སྐུལ་འདེད་དང་རང་ལ་སྤོབས་པ་ཅུང་ཟད་མེད་ཚེ། ཡུལ་སྲོལ་གོམས་འདྲིས་དེ་ལས་ཐོད་བརྒལ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་མཐོང་།", "target": "ཞིང་ གྲོང་ གི་ བུད་མེད་ ཅིག་ ལ་ མཚོན་ ན ། གཞན་ གྱི་ སྐུལ་འདེད་ དང་ རང་ ལ་ སྤོབས་པ་ ཅུང་ཟད་ མེད་ ཚེ ། ཡུལ་ སྲོལ་གོམས་འདྲིས་ དེ་ ལས་ ཐོད་བརྒལ་ བྱེད་རྒྱུ་ ནི་ ལས་ སླ་མོ་ ཞིག་ མིན་པ་ མཐོང་ །" }, { "source": "ལོ་བཅུ་ལྷག་གི་ཡར་སྔོན་ཞིག་ལ་ང་རང་ལྷ་སར་འབྱོར་སྐབས་ཏག་ཏག་དེ་གའི་བོད་མི་སྤུན་ཟླ་རྣམས་ཞོ་སྟོན་ལ་རོལ་གྱིན་པའི་སྒང་རེད།", "target": "ལོ་ བཅུ་ ལྷག་ གི་ ཡ ར་ སྔོན་ ཞིག་ ལ་ ང་ རང་ ལྷ་ས ར་ འབྱོར་ སྐབས་ ཏག་ཏག་ དེ་ ག འི་ བོད་ མི་སྤུན་ཟླ་ རྣམས་ ཞོ་སྟོན་ ལ་ རོལ་ གྱིན་པ འི་ སྒང་རེད །" }, { "source": "དེ་བས་ང་རང་ཡང་ནོར་བུ་གླིང་ག་རུ་སོང་ནས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སྐོར་ཞིག་དང་མཉམ་དུ་སྤྲོ་འཛོམས་བྱས་པ་ཡིན།", "target": "དེ་བ ས་ ང་ རང་ ཡང་ ནོར་བུ་གླིང་ག་ རུ་ སོང་ ནས་ བོད་ ལྗོངས་ བརྙན་ འཕྲིན་ ལས་ ཁུངས་ ཀྱི་ ལས་བྱེད་ མི་ སྣ་ སྐོར་ ཞིག་ དང་ མཉམ་ དུ་ སྤྲོ་འཛོམས་ བྱས་པ་ ཡིན །" }, { "source": "སྐབས་དེར་ངས་ལྷ་སའི་གྱོན་ཆས་ཕུ་མེད་པང་གདན་མེད་པ་ཞིག་གྱོན་འདུག་པ་བུད་མེད་ལས་བྱེད་རེ་འགས་མཐོང་རྗེས། ཁྱོད་རང་ཆང་ས་བརྒྱབ་འདུག་གམ་ཞེས་དྲིས་བྱུང་།", "target": "སྐབས་ དེ ར་ ང ས་ ལྷ་ས འི་ གྱོན་ཆས་ཕུ་མེད་ པང་གདན་ མེད་པ་ ཞིག་ གྱོན་ འདུག་པ་ བུད་མེད་ལས་བྱེད་ རེ་ འག ས་ མཐོང་རྗེས ། ཁྱོད་ རང་ ཆང་ས་ བརྒྱབ་ འདུག་ གམ་ ཞེས་ དྲིས་ བྱུང་ །" }, { "source": "ངས་ང་རང་ཆང་ས་བརྒྱབ་པས་མི་ཚད་ཕྲུ་གུའང་ཡོད་པ་བཤད་རྗེས།", "target": "ང ས་ ང་ རང་ ཆང་ས་ བརྒྱབ་པ ས་ མི་ ཚད་ ཕྲུ་གུའང་ ཡོད་པ་ བཤད་ རྗེས །" }, { "source": "ཁོ་མོ་ཚོ་ཡ་མཚར་བཞིན་འོ་ན་ཁྱོད་ཀྱིས་པང་གདན་མི་རྒྱག་པ་ཅི་ཡིན་ཞེས་དྲིས།", "target": "ཁོ་མོ་ ཚོ་ ཡ་མཚར་ བཞིན་ འོ་ ན་ ཁྱོད་ ཀྱིས་ པང་ གདན་ མི་ རྒྱག་ པ་ ཅི་ ཡིན་ ཞེས་ དྲིས །" }, { "source": "ངས་ང་ཚོ་ཨ་མདོར་མཚོན་ན་དབུས་གཙང་གི་གྱོན་ཆས་ཕུ་མེད་འདི་དར་ནས་ལོ་མང་པོ་འགོར་མེད་ཅིང་།", "target": "ང ས་ ང་ ཚོ་ ཨ་མདོ ར་ མཚོན་ ན་ དབུས་གཙང་ གི་ གྱོན་ཆས་ ཕུ་མེད་ འདི་ དར་ ནས་ ལོ་ མང་པོ་ འགོར་མེད་ ཅིང་ །" }, { "source": "གྱོན་ཆས་འདིའི་གྱོན་སྲོལ་ཡང་གསལ་བོར་ཤེས་ཀྱི་མེད་ལ།", "target": "གྱོན་ ཆས་ འདི འི་ གྱོན་སྲོལ་ ཡང་ གསལ་བོ ར་ ཤེས་ ཀྱི་ མེད་ ལ །" }, { "source": "ང་རང་པང་གདན་རྒྱག་པར་མི་ལོབས་པས་མ་བརྒྱབ་པ་ཡིན་ཞེས་ལན་བཏབ་པ་ན།", "target": "ང་ རང་ པང་ གདན་ རྒྱག་པ ར་ མི་ ལོབས་པ ས་ མ་ བརྒྱབ་ པ་ ཡིན་ ཞེས་ ལན་ བཏབ་པ་ ན །" }, { "source": "ཁོ་མོ་ཚོས་ཡིད་སྨོན་དང་བཅས་སྐྱིད་པ་ལ་ཨང་ཟེར།", "target": "ཁོ་མོ་ ཚོ ས་ ཡིད་ སྨོན་ དང་ བཅས་ སྐྱིད་པ་ ལ་ ཨང་ ཟེར །" }, { "source": "ངས་ཁྱོད་ཚོ་པང་གདན་ལ་དགའ་པོ་མེད་ན་མ་རྒྱག་དང་ཞེས་པས།", "target": "ང ས་ ཁྱོད་ ཚོ་ པང་ གདན་ ལ་ དགའ་པོ་ མེད་ ན་ མ་ རྒྱག་ དང་ ཞེས་པ ས །" }, { "source": "ཁོ་མོ་ཚོས་གཉེན་བསྒྲིགས་རྗེས་པང་གདན་མ་བརྒྱབ་པ་ཡིན་ན།", "target": "ཁོ་མོ་ ཚོ ས་ གཉེན་ བསྒྲིགས་ རྗེས་ པང་ གདན་ མ་ བརྒྱབ་པ་ ཡིན་ ན །" }, { "source": "མི་གཞན་གྱིས་ཡུགས་སར་བུད་ཡོད་མེད་ལ་དོགས་པ་སྐྱེ་ངེས་རེད་ཟེར།", "target": "མི་ གཞན་ གྱིས་ ཡུགས་ས ར་ བུད་ ཡོད་མེད་ ལ་ དོགས་པ་ སྐྱེ་ ངེས་ རེད་ ཟེར །" }, { "source": "བཤད་པ་ལྟར་ན། པང་གདན་ནི་སྐྱེས་པའི་བླ་སྲོག་མཚོན་བྱེད་དུ་བརྩི་ཡི་ཡོད་པ་རེད།", "target": "བཤད་པ་ ལྟ ར་ ན ། པང་ གདན་ ནི་ སྐྱེས་པ འི་ བླ་སྲོག་ མཚོན་བྱེད་ དུ་ བརྩི་ ཡི་ ཡོད་པ་ རེད །" }, { "source": "དེ་ཕལ་ཆེར་ང་ཚོ་ཨ་མདོའི་རོང་ཕྱོགས་ཀྱི་བུད་མེད་ཀྱི་སྐྲ་ལུང་དང་ཆ་འདྲ་བོ་འདུགངས་པང་གདན་བརྒྱབ་མེད་པ་མཐོང་སྐབས་ཁོ་མོ་ཚོས་རྦད་དེ་ཡིད་སྨོན་འཆོར་གྱིན་པའི་སྣང་ཚུལ་དེར་གཞིགས་ན། བུད་མེད་ཚོ་པང་གདན་རྒྱག་རྒྱུར་དགའ་བ་མ་ཡིན་པར། རང་ཉིད་གཉེན་བསྒྲིགས་ཚར་བ་དང་ཡུགས་སར་གྱུར་མེད་པ་སོགས་ཀྱི་མཚོན་བྱེད་ཡིན་ཚོད་རེད།", "target": "དེ་ ཕལ་ཆེ ར་ ང་ ཚོ་ ཨ་མདོའི་རོང་ ཕྱོགས་ ཀྱི་ བུད་མེད་ ཀྱི་ སྐྲ་ ལུང་ དང་ ཆ་ འདྲ་བོ་ འདུག ང ས་ པང་གདན་ བརྒྱབ་ མེད་པ་ མཐོང་ སྐབས་ ཁོ་མོ་ ཚོས་རྦད་དེ་ ཡིད་སྨོན་ འཆོར་གྱིན་པ འི་ སྣང་ཚུལ་ དེ ར་ གཞིགས་ ན ། བུད་མེད་ ཚོ་ པང་ གདན་ རྒྱག་ རྒྱུ ར་ དགའ་བ་ མ་ ཡིན་པ ར ། རང་ ཉིད་ གཉེན་ བསྒྲིགས་ ཚར་བ་ དང་ ཡུགས་ས ར་ གྱུར་ མེད་པ་ སོགས་ ཀྱི་ མཚོན་བྱེད་ ཡིན་ ཚོད་ རེད །" }, { "source": "ཁོ་མོ་ཚོས་པང་གདན་རྒྱག་རྒྱུ་དེ་འགན་ཁུར་ཞིག་ཏུ་བརྩི་བ་ལས་རྒྱན་ཆས་ཤིག་ཏུ་བརྩི་ཡི་མེད་པ་རེད།", "target": "ཁོ་མོ་ ཚོ ས་ པང་ གདན་ རྒྱག་ རྒྱུ་ དེ་ འགན་ཁུར་ ཞིག་ ཏུ་ བརྩི་བ་ ལས་ རྒྱན་ཆས་ ཤིག་ ཏུ་ བརྩི་ ཡི་ མེད་པ་ རེད །" }, { "source": "མང་བཟའ་པད་དཀར་ལགས་ཀྱི་བརྩམས་ཆོས་ལས་བུད་མེད་ཀྱི་འདོགས་ཆ་མཚོན་རྟགས་རང་བཞིན་དུ་གྱུར་འདུག་པའི་སྐོར་གླེང་བ་གཤམ་གསལ་ལྟར།", "target": "མང་བཟའ་པད་དཀར་ ལགས་ ཀྱི་ བརྩམས་ཆོས་ལ ས་ བུད་མེད་ ཀྱི་ འདོགས་ཆ་ མཚོན་རྟགས་ རང་བཞིན་ དུ་ གྱུར་ འདུག་པ འི་ སྐོར་ གླེང་བ་ གཤམ་གསལ་ ལྟ ར །" }, { "source": "སྐྱེས་པ་ཚོར་མཚོན་ན།", "target": "སྐྱེས་པ་ ཚོ ར་ མཚོན་ ན །" }, { "source": "བུད་མེད་ལ་བསམ་བློ་ཡོད་པ་ལས་བུད་མེད་རྣམས་གསེར་དངུལ་གྱི་རྒྱན་ཆ་འདོགས་པ་དང་རྣམ་པ་ཇེ་མཛེས་སུ་གཏོང་བའི་སྒང་དུས་ཚོད་འདའ་བར་བློ་མོས་ཡོད་ཀྱི་འདུགལོ་རྒྱུས་སྒང་བོད་ཀྱི་བུད་མེད་རྣམས་རྒྱུ་ནོར་དང་སྐྱེས་པའི་རྣམ་ཤེས་བཅོལ་ཡུལ་གྱི་མདོ་འཛིན་པར་གྱུར་ཡོད་ཚུལ་བཤད་ཀྱི་ཡོད་པ་དང་།", "target": "བུད་མེད་ ལ་ བསམ་བློ་ ཡོད་པ་ ལས་ བུད་མེད་ རྣམས་ གསེར་དངུལ་ གྱི་ རྒྱན་ཆ་ འདོགས་པ་ དང་ རྣམ་པ་ ཇེ་མཛེས་ སུ་ གཏོང་བ འི་ སྒང་ དུས་ཚོད་ འདའ་བ ར་ བློ་མོས་ ཡོད་ ཀྱི་ འདུག ལོ་རྒྱུས་ སྒང་བོད་ ཀྱི་ བུད་མེད་ རྣམས་ རྒྱུ་ནོར་ དང་ སྐྱེས་པ འི་ རྣམ་ཤེས་ བཅོལ་ཡུལ་ གྱི་ མདོ་འཛིན་པ ར་ གྱུར་ ཡོད་ ཚུལ་ བཤད་ ཀྱི་ ཡོད་པ་ དང་ །" }, { "source": "གཉེན་བསྒྲིགས་རྗེས་དབུས་གཙང་དུ་པང་གདན་རྒྱག་པ་དང་ཁམས་ཁུལ་དུ་མགོར་སྤོས་ཤེལ་ལྔ་འདོགས་པ།", "target": "གཉེན་ བསྒྲིགས་ རྗེ ས་ དབུས་ གཙང་ དུ་ པང་གདན་ རྒྱག་ པ་ དང་ ཁམས་ ཁུལ་ དུ་ མགོ ར་ སྤོས་ ཤེལ་ ལྔ་ འདོགས་པ །" }, { "source": "ཨ་མདོར་དུང་རའམ་དམར་གདན། སྐྲ་ལུང་འདོགས་པ་སོགས་ཏེ།", "target": "ཨ་མདོ ར་ དུང་རའམ་ དམར་གདན ། སྐྲ་ ལུང་ འདོགས་པ་ སོགས་ ཏེ །" }, { "source": "འདི་དག་གིས་བུད་མེད་དེར་བདག་པོ་ཡོད་ཟིན་པ་མཚོན་གྱི་ཡོད་པས།", "target": "འདི་ དག་ གིས་ བུད་མེད་ དེ ར་ བདག་པོ་ ཡོད་ ཟིན་པ་ མཚོན་ གྱི་ ཡོད་པ ས །" }, { "source": "སྐབས་དེ་ཤེད་ནས་ཁོ་མོ་ཚོས་རྒྱན་ཆ་འདི་དག་ཁྱད་དུ་འཕགས་པར་ངོས་འཛིན་གྱིས་རང་ཉིད་ཀྱི་རྣམ་ཤེས་སམ་བླ་སྲོག་བོར་ཡོད་པའི་ཁར།", "target": "སྐབས་ དེ་ ཤེད་ ནས་ ཁོ་མོ་ ཚོས་རྒྱན་ཆ་ འདི་ དག་ ཁྱད་ དུ་ འཕགས་པ ར་ ངོས་འཛིན་ གྱིས་ རང་ ཉིད་ ཀྱི་ རྣམ་ཤེས་ སམ་ བླ་སྲོག་ བོར་ ཡོད་པ འི་ ཁ ར །" }, { "source": "མཚོན་བྱེད་རང་བཞིན་དུ་གྱུར་པའི་རྒྱན་ཆ་འདི་དག་གཉེན་བསྒྲིགས་རྗེས་ཀྱི་བུད་མེད་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལྕགས་སྒྲོག་ཏུའང་གྱུར་ཡོད་པ་རེད་ཅེས་བརྗོད་འདུག་པ་དངོས་གནས་རེད།", "target": "མཚོན་བྱེད་ རང་བཞིན་ དུ་ གྱུར་པ འི་ རྒྱན་ཆ་ འདི་ དག་ གཉེན་ བསྒྲིགས་ རྗེ ས་ ཀྱི་ བུད་མེད་ རྣམས་ ཀྱི་ འཚོ་བ འི་ ཁྲོད་ ཀྱི་ ལྕགས་སྒྲོག་ ཏུ འང་ གྱུར་ ཡོད་པ་ རེད་ ཅེས་ བརྗོད་ འདུག་པ་ དངོས་གནས་ རེད །" }, { "source": "ལོ་མང་པོའི་སྔོན་ཞིག་ལ་ལས་ཀའི་ཆེད་དུ་གཉེན་བསྒྲིགས་ཟིན་པའི་ཁ་ཆེའི་བུད་མེད་གཉིས་དང་མཉམ་དུ་གྲོང་ཁྱེར་ག་གེ་མོ་ཞིག་ཏུ་སོང་བ་ཡིན།", "target": "ལོ་ མང་པོ འི་ སྔོན་ ཞིག་ ལ་ལ ས་ ཀ འི་ ཆེད་ དུ་ གཉེན་ བསྒྲིགས་ ཟིན་པ འི་ ཁ་ཆེ འི་ བུད་མེད་ གཉིས་ དང་ མཉམ་ དུ་ གྲོང་ཁྱེར་ ག་ གེ་མོ་ ཞིག་ ཏུ་ སོང་བ་ ཡིན །" }, { "source": "བུད་མེད་དེ་གཉིས་ཀྱིས་གཞི་རིམ་གྱི་རྫོང་ཞིག་གི་རིག་རྩལ་ལས་ཁུངས་སུ་ལས་ཀ་གཉེར་གྱི་འདུགང་ཚོ་ཟླ་གཅིག་ལྷག་རིང་ལ་ཕན་ཚུན་ཁ་བརྡ་འབྲེལ་འདྲིས་བྱས་པ་ལས།", "target": "བུད་མེད་ དེ་ གཉིས་ ཀྱིས་ གཞི་ རིམ་ གྱི་ རྫོང་ ཞིག་ གི་ རིག་རྩལ་ ལས་ ཁུངས་ སུ་ ལས་ ཀ་ གཉེར་ གྱི་ འདུག ང་ ཚོ་ ཟླ་ གཅིག་ ལྷག་རིང་ ལ་ ཕན་ཚུན་ ཁ་བརྡ་ འབྲེལ་འདྲིས་ བྱས་པ་ ལས །" }, { "source": "ཁོ་མོ་གཉིས་ཀྱིས་ཁ་ཆེའི་བུད་མེད་ལ་གོ་ས་མེད་པར་འཁང་ར་དང་ལྷག་པར་དུ་གཉེན་བསྒྲིགས་རྗེས་བུད་མེད་ཀྱིས་ཞྭ་རས་ནག་པོ་གྱོན་དགོས་པའི་སྲོལ་དེར་གཏན་ནས་དགའ་གི་མེད་པ་ཤེས།", "target": "ཁོ་མོ་ གཉིས་ ཀྱིས་ ཁ་ཆེ འི་ བུད་མེད་ ལ་ གོ་ས་ མེད་པ ར་ འཁང་ར་ དང་ ལྷག་པ ར་ དུ་ གཉེན་ བསྒྲིགས་ རྗེས་ བུད་མེད་ ཀྱིས་ ཞྭ་རས་ ནག་པོ་ གྱོན་ དགོས་པ འི་ སྲོལ་ དེ ར་ གཏན་ ནས་ དགའ་ གི་ མེད་པ་ ཤེས །" }, { "source": "དེའི་ཁྲོད་ཀྱི་བུད་མེད་ཅིག་གིས།", "target": "དེ འི་ ཁྲོད་ ཀྱི་ བུད་མེད་ ཅིག་ གིས །" }, { "source": "མོས་ཁྱོ་ག་དང་ཁྱིམ་མིས་མི་མཐོང་སར་ཞྭ་རས་གཡུགས་ཏེ་རྒྱ་སྲང་ལ་གང་འདོད་དུ་ཉུལ་བ་ཡིན།", "target": "མོ ས་ ཁྱོ་ག་ དང་ ཁྱིམ་མི ས་ མི་ མཐོང་ས ར་ ཞྭ་རས་ གཡུགས་ ཏེ་ རྒྱ་སྲང་ ལ་ གང་ འདོད་ དུ་ ཉུལ་བ་ ཡིན །" }, { "source": "ཁྱོ་གའི་མཐོང་ལམ་དང་ཡང་ཁྱོ་གའི་ཁྱིམ་མི་དང་འཕྲད་པར་འགྲོ་དུས་ཞྭ་རས་ངེས་པར་དུ་གྱོན་དགོས་པ་རེད་ཟེར།", "target": "ཁྱོ་ག འི་ མཐོང་ལམ་ དང་ ཡང་ ཁྱོ་ག འི་ ཁྱིམ་ མི་ དང་ འཕྲད་པ ར་ འགྲོ་ དུས་ ཞྭ་རས་ ངེས་པ ར་ དུ་ གྱོན་ དགོས་པ་ རེད་ ཟེར །" }, { "source": "མོས་བཤད་ན།", "target": "མོ ས་ བཤད་ ན །" }, { "source": "དེ་ནི་སེམས་པ་ཧ་ཅང་མི་སྐྱིད་པའི་དོན་དག་ཅིག་རེད་ཟེར།", "target": "དེ་ ནི་ སེམས་པ་ ཧ་ཅང་ མི་ སྐྱིད་པ འི་ དོན་ དག་ ཅིག་ རེད་ ཟེར །" }, { "source": "ཡིན་ནའང་སྲོལ་དེ་བཟློག་པའི་སྤོབས་པ་མེད་ཚོད་རེད།", "target": "ཡིན་ ན འང་ སྲོལ་ དེ་ བཟློག་པ འི་ སྤོབས་པ་ མེད་ཚོད་ རེད །" }, { "source": "ཁོ་མོ་ཚོ་དང་ཁ་བརྡ་འབྲེལ་འདྲིས་མ་བྱས་སྔོན་ལ་ངའི་བསམ་པར་ཁ་ཆེའི་བུད་མེད་རྣམས་ཁྱོ་གའི་སྒྲིག་སྲོལ་བརྩི་སྲུང་དང་སྲོལ་རྒྱུན་གྱི་བཀག་སྡོམ་ལ་རྒྱབ་འགལ་མི་བྱེད་པར་འདོད་ཡོད།", "target": "ཁོ་མོ་ ཚོ་ དང་ ཁ་བརྡ་ འབྲེལ་འདྲིས་ མ་ བྱས་ སྔོན་ ལ་ ང འི་ བསམ་པ ར་ ཁ་ཆེ འི་ བུད་མེད་ རྣམས་ ཁྱོ་ག འི་ སྒྲིག་སྲོལ་ བརྩི་སྲུང་ དང་ སྲོལ་རྒྱུན་ གྱི་ བཀག་སྡོམ་ ལ་ རྒྱབ་འགལ་ མི་ བྱེད་པ ར་ འདོད་ ཡོད །" }, { "source": "ཐེངས་དེར་ད་གཟོད་དེ་འདྲ་མིན་པ་ངས་གསལ་བོར་ཤེས་ཤིང་།", "target": "ཐེངས་ དེ ར་ ད་ གཟོད་ དེ་ འདྲ་ མིན་པ་ ང ས་ གསལ་བོ ར་ ཤེས་ ཤིང་ །" }, { "source": "སྲོལ་དེས་ཁོ་མོ་ཚོའི་སེམས་པ་སྡུག་གིས་མནར་བཞིན་པ་རྟོགས།", "target": "སྲོལ་ དེ ས་ ཁོ་མོ་ ཚོ འི་ སེམས་པ་ སྡུག་ གིས་ མནར་ བཞིན་པ་ རྟོགས །" }, { "source": "དེ་ཡང་ལོས་ཡིན་ཏེ།", "target": "དེ་ ཡང་ ལོས་ ཡིན་ ཏེ །" }, { "source": "བུད་མེད་ལ་ལན་བུ་སྐྲ་ལས་མཛེས་པའི་མགོ་རྒྱན་གང་ཙམ་ཡོད།", "target": "བུད་མེད་ ལ་ ལན་ བུ་ སྐྲ་ ལས་ མཛེས་པ འི་ མགོ་ རྒྱན་ གང་ ཙམ་ ཡོད །" }, { "source": "རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས།", "target": "རང་ ཉིད་ བུད་མེད་ ཅིག་ ཡིན་པ འི་ ཆ་ ནས །" }, { "source": "བུད་མེད་ཀྱི་མཛེས་པ་འཇོམས་བྱེད་ཀྱི་གྱོན་ཆས་གང་ལའང་དགའ་པོ་གཏན་ནས་མེད།", "target": "བུད་མེད་ ཀྱི་ མཛེས་པ་ འཇོམས་བྱེད་ ཀྱི་ གྱོན་ཆས་ གང་ ལ འང་ དགའ་པོ་ གཏན་ ནས་ མེད །" }, { "source": "ཕ་ཡུལ་རྒྱབ་ལ་བསྐྱུར་པའི་ཟླ་གཅིག་ལྷག་གི་རིང་ལ་ཁ་ཆེའི་བུད་མེད་དེ་གཉིས་སྲོལ་རྒྱུན་གྱི་བཀག་རྒྱ་ལས་རྣམ་པར་འགོངས་ཏེ་སེམས་ལྷོད་བག་དལ་གྱིས་སྤྲོ་སྐྱིད་ལོངས་སུ་སྤྱོད་པ་མཐོང་དུས།", "target": "ཕ་ཡུལ་ རྒྱབ་ ལ་ བསྐྱུར་པ འི་ ཟླ་ གཅིག་ ལྷག་ གི་ རིང་ ལ་ ཁ་ཆེ འི་ བུད་མེད་ དེ་ གཉིས་ སྲོལ་རྒྱུན་ གྱི་ བཀག་རྒྱ་ ལས་ རྣམ་པ ར་ འགོངས་ ཏེ་ སེམས་ ལྷོད་ བག་ དལ་ གྱིས་ སྤྲོ་སྐྱིད་ ལོངས་ སུ་ སྤྱོད་པ་ མཐོང་ དུས །" }, { "source": "སྲོལ་རྒྱུན་གྱི་བཀག་རྒྱ་དམ་པོས་ཀྱང་བུད་མེད་ཀྱི་ལུས་ངག་ཡིད་གསུམ་གཅུན་ཐུབ་མེད་པ་ཚོར།", "target": "སྲོལ་རྒྱུན་ གྱི་ བཀག་རྒྱ་ དམ་པོ ས་ ཀྱང་ བུད་མེད་ ཀྱི་ ལུས་ངག་ཡིད་ གསུམ་ གཅུན་ ཐུབ་མེད་པ་ ཚོར །" }, { "source": "ཁོ་མོ་གཉིས་རི་དྭགས་རྙི་ལས་ཤོར་བ་དང་འདྲ་བ་ནི། དུས་རྒྱུན་འཚོ་བའི་ཁྲོད་བུད་མེད་ལ་བཀག་རྒྱ་མང་བའི་རྐྱེན་ཨེ་ཡིན་ནམ་སྙམ།", "target": "ཁོ་མོ་ གཉིས་ རི་དྭགས་ རྙི་ ལས་ ཤོར་བ་ དང་ འདྲ་བ་ ནི ། དུས་ རྒྱུན་ འཚོ་བ འི་ ཁྲོད་ བུད་མེད་ ལ་ བཀག་རྒྱ་ མང་བ འི་ རྐྱེན་ ཨེ་ ཡིན་ ནམ་ སྙམ །" }, { "source": "སྤྱིར་ནི་དེ་ནི་མི་སྒེར་གྱི་དོན་དག་ཅིག་ཡིན་པས་གླེང་དགོས་དོན་མེད་ནའང་།", "target": "སྤྱི ར་ ནི་ དེ་ ནི་ མི་སྒེར་ གྱི་ དོན་ དག་ ཅིག་ ཡིན་པ ས་ གླེང་ དགོས་ དོན་མེད་ ན འང་ །" }, { "source": "འདི་ནས་ངས་བཤད་འདོད་པ་ནི།", "target": "འདི་ ནས་ ང ས་ བཤད་ འདོད་པ་ ནི །" }, { "source": "མིའི་ལྷན་སྐྱེས་སུ་གྲུབ་པའི་འབྱུང་པ་གང་ཞིག་བཙན་དང་དབང་གིས་བཅོམ་བསམ་པ་དེ་ནི་མིའི་རང་གཤིས་ལ་གསལ་ཆ་མེད་པའི་རྟགས་རེད་ཟེར་བ་དེ་ཡིན།", "target": "མི འི་ ལྷན་སྐྱེས་ སུ་ གྲུབ་པ འི་ འབྱུང་པ་ གང་ ཞིག་ བཙན་ དང་ དབང་ གིས་ བཅོམ་ བསམ་པ་ དེ་ ནི་ མི འི་ རང་ གཤིས་ ལ་ གསལ་ཆ་ མེད་པ འི་ རྟགས་ རེད་ ཟེར་བ་ དེ་ ཡིན །" }, { "source": "ཁྱོ་གའི་ཆེད་དུ་གྱོན་ཆས་གང་རུང་མི་འདོད་བཙན་གྱིས་གྱོན་དགོས་པའི་སྲོལ་རྒྱུན་འདི་ལ། བུད་མེད་རྣམས་ཀྱིས་ལྐོག་ཏུ་མི་འདོད་པའི་སུན་སྣང་གི་རང་མདངས་སྟོན་གྱིན་པ་གོང་གི་དཔེ་མཚོན་དེ་དག་ལས་གསལ་རྗེན་དུ་བུད་འདུགམི་ནི་སྒེར་སེམས་ཅན་དང་རང་ཉིད་གཙོ་བོར་འཛིན་པའི་སྲོག་ཆགས་ཤིག་ཡིན་ལ།", "target": "ཁྱོ་ག འི་ ཆེད་ དུ་ གྱོན་ཆས་ གང་ རུང་ མི་ འདོད་ བཙན་ གྱིས་ གྱོན་ དགོས་པ འི་ སྲོལ་ རྒྱུན་ འདི་ ལ ། བུད་མེད་ རྣམས་ ཀྱིས་ ལྐོག་ ཏུ་ མི་ འདོད་པ འི་ སུན་སྣང་ གི་ རང་ མདངས་ སྟོན་ གྱིན་ པ་ གོང་ གི་ དཔེ་ མཚོན་ དེ་ དག་ ལས་ གསལ་རྗེན་ དུ་ བུད་ འདུག མི་ ནི་ སྒེར་སེམས་ཅན་ དང་ རང་ ཉིད་ གཙོ་བོ ར་ འཛིན་པ འི་ སྲོག་ཆགས་ ཤིག་ ཡིན་ ལ །" }, { "source": "བུད་མེད་ཀྱང་དེ་ལས་འདའ་ཐབས་མེད་དོ།།", "target": "བུད་མེད་ ཀྱང་ དེ་ ལས་ འདའ་ ཐབས་ མེད་ དོ ། །" } ]