[ { "source": "སྤྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་གྲོགས་པོ་ཞིག་གི་ཁྱིམ་དུ་སོང་ནས་ཁ་བརྡ་གློད་ཅིང༌།", "target": "སྤྱི་ཟླ་ དྲུག་པ འི་ ཚེས་ གཅིག་ ཉིན་ གྲོགས་པོ་ ཞིག་ གི་ ཁྱིམ་ དུ་ སོང་ ནས་ ཁ་བརྡ་ གློད་ ཅིང༌ །" }, { "source": "ཁོས་ཁ་བརྡའི་བར་གསེང་ནས་བརྙན་འཕྲིན་གྱི་ལེ་ཚན་རེ་རེ་བརྗེ་བསྒྱུར་བྱེད་ཀྱིན་འདུགསྤྱིར་བཏང་དུ་ང་ལ་བརྙན་འཕྲིན་ལྟ་བའི་གོམས་གཤིས་དེ་འདྲ་མེད་པས།", "target": "ཁོ ས་ ཁ་ བརྡ འི་ བར་ གསེང་ ནས་ བརྙན་ འཕྲིན་ གྱི་ ལེ་ཚན་ རེ་རེ་ བརྗེ་བསྒྱུར་ བྱེད་ ཀྱིན་ འདུག སྤྱི ར་ བཏང་ དུ་ ང་ ལ་ བརྙན་འཕྲིན་ ལྟ་བ འི་ གོམས་གཤིས་ དེ་ འདྲ་ མེད་པ ས །" }, { "source": "གསར་འགྱུར་དང་རྩེད་རིགས་གང་ཡིན་རུང་ཕལ་ཆེར་ལྟ་བཞིན་མེད།", "target": "གསར་འགྱུར་ དང་ རྩེད་རིགས་ གང་ ཡིན་ རུང་ ཕལ་ཆེ ར་ ལྟ་ བཞིན་ མེད །" }, { "source": "ཡིན་ན་ཡང༌།", "target": "ཡིན་ ན་ ཡང༌ །" }, { "source": "དེ་རིང་གསར་འགྱུར་ཞིག་གིས་བདག་གི་མིག་ཟུང་དབང་མེད་དུ་བཀུགས་སོང༌།", "target": "དེ་རིང་ གསར་འགྱུར་ ཞིག་ གིས་ བདག་ གི་ མིག་ཟུང་ དབང་མེད་ དུ་ བཀུགས་ སོང༌ །" }, { "source": "བོད་ཀྱི་རྩོམ་པ་པོ་ཞོགས་ལྗངས་ལགས། བོད་ཀྱི་རྩོམ་པ་པོ་ཞོགས་ལྗངས་ལགས། གསར་འགྱུར་དུ་བོད་རིགས་སློབ་ཕྲུག་འགའ་འཆར་གྱིན་འདུགཁོ་ཚོ་རེ་རེས་བོད་ལྭ་གྲ་དག་རེ་གྱོན་འདུག་པས་ཡིན་ནམ།", "target": "བོད་ ཀྱི་ རྩོམ་པ་པོ་ ཞོགས་ལྗངས་ ལགས ། བོད་ ཀྱི་ རྩོམ་པ་པོ་ ཞོགས་ལྗངས་ ལགས ། གསར་འགྱུར་ དུ་ བོད་ རིགས་ སློབ་ཕྲུག་ འགའ་ འཆར་ གྱིན་ འདུག ཁོ་ ཚོ་ རེ་ རེས་ བོད་ལྭ་ གྲ་དག་ རེ་ གྱོན་ འདུག་པ ས་ ཡིན་ ནམ །" }, { "source": "གང་ལྟར་ངས་ཁོ་ཚོར་མཉམ་འཇོག་བྱེད་དུས་ཁོ་ཚོ་རེ་རེས་རྒྱ་སྐད་ཀྱི་ལམ་ནས་གསར་འགོད་པར་དྲིས་ལན་འདེབས་ཀྱིན་འདུགབྱིས་པ་ཚོའི་སྐད་མགོ་དམའ་དྲགས་པས་ཡིན་ནམ། བརྙན་འཕྲིན་ལས་ཁོ་ཚོའི་སྐད་ཆ་གསལ་བོ་ཞིག་མི་ཐོས་མོད།", "target": "གང་ ལྟ ར་ ང ས་ ཁོ་ ཚོ ར་ མཉམ་འཇོག་ བྱེད་ དུས་ ཁོ་ཚོ་ རེ་རེ ས་ རྒྱ་སྐད་ ཀྱི་ ལམ་ ནས་ གསར་འགོད་པ ར་ དྲིས་ལན་ འདེབས་ ཀྱིན་ འདུག བྱིས་པ་ ཚོ འི་ སྐད་ མགོ་ དམའ་ དྲགས་པ ས་ ཡིན་ ནམ ། བརྙན་ འཕྲིན་ལས་ ཁོ་ ཚོ འི་ སྐད་ཆ་ གསལ་བོ་ ཞིག་ མི་ ཐོས་ མོད །" }, { "source": "བརྙན་འཕྲིན་ངོས་སུ་རྒྱ་ཡིག་གསལ་བོ་ཞིག་འཆར་གྱིན་འདུག་པས་གཞི་ནས་ཧ་གོ་སོང་སྟེ།", "target": "བརྙན་ འཕྲིན་ངོས་ སུ་ རྒྱ་ཡིག་གསལ་བོ་ ཞིག་ འཆར་ གྱིན་ འདུག་པ ས་ གཞི་ ནས་ ཧ་གོ་ སོང་ སྟེ །" }, { "source": "ཁོ་ཚོ་ཚང་མས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་སྙིང་ནས་ཞུ་བཞིན་འདུགདམག་མི་ཞིག་གིས་རྒྱབ་ཡོལ་གྱི་མདུན་ནས་ཀྲོང་ངེར་ལངས་ནས་བྱིས་པ་རྣམས་ལ་ཏང་གི་འབོད་ཚིག་ཅིག་འདོན་གྱིན་འདུག་མོད།", "target": "ཁོ་ཚོ་ ཚང་མ ས་ ཏང་ གི་ བཀའ་དྲིན་ ལ་ ཐུགས་རྗེ་ སྙིང་ ནས་ ཞུ་ བཞིན་ འདུགདམག་ མི་ ཞིག་ གིས་ རྒྱབ་ཡོལ་ གྱི་ མདུན་ ནས་ ཀྲོང་ངེ ར་ ལངས་ ནས་ བྱིས་པ་ རྣམས་ ལ་ ཏང་ གི་ འབོད་ཚིག་ ཅིག་ འདོན་ གྱིན་ འདུག་ མོད །" }, { "source": "ཁ་བརྡའི་ཁྲོད་དུ་གཡེང་དྲགས་པས་གསལ་བོ་ཞིག་མ་ཐོས་རུང༌།", "target": "ཁ་བརྡའི་ ཁྲོད་ དུ་ གཡེང་ དྲགས་པ ས་ གསལ་བོ་ ཞིག་ མ་ ཐོས་ རུང༌ །" }, { "source": "རྗེས་མར་བྱིས་པ་ཞིག་གི་དྲིས་ལན་ཁྲོད་ནས་ཁོ་རང་ཡང་མ་འོངས་པར་དམག་མི་འདི་འདྲ་ཞིག་བྱེད་འདོད་ཅེས་ཟེར་བས་ཡོད་ཚད་གསལ་འགྲོལ་བྱས་སོང༌།", "target": "རྗེས་ མར་ བྱིས་པ་ ཞིག་ གི་ དྲིས་ལན་ ཁྲོད་ ནས་ ཁོ་ རང་ ཡང་ མ་ འོངས་པ ར་ དམག་མི་ འདི་ འདྲ་ ཞིག་ བྱེད་ འདོད་ ཅེས་ ཟེར་བ ས་ ཡོད་ཚད་ གསལ་འགྲོལ་ བྱས་ སོང༌ །" }, { "source": "སྐབས་དེར་ང་རང་ཧང་སངས་པར་བྱས་སོང་སྟེ། བྱིས་པ་འདི་འདྲའི་སྐབས་ནས་བཟུང་སློབ་གསོ་རྒྱག་པར་མི་ཞེད་དམ་སྙམ།", "target": "སྐབས་ དེ ར་ ང་རང་ ཧང་ སངས་པ ར་ བྱས་ སོང་ སྟེ ། བྱིས་པ་ འདི་ འདྲ འི་ སྐབས་ ནས་ བཟུང་ སློབ་གསོ་ རྒྱག་པ ར་ མི་ ཞེད་ དམ་ སྙམ །" }, { "source": "འདི་ཡང་གཅིག་ཏུ་ན་ང་རང་དམག་མི་ཞེས་པའི་ཐ་སྙད་འདིར་དགའ་བོ་མེད་པས་ཡིན་སྲིད་མོད།", "target": "འདི་ ཡང་ གཅིག་ ཏུ་ ན་ ང་རང་ དམག་ མི་ ཞེས་པ འི་ ཐ་སྙད་ འདི ར་ དགའ་བོ་ མེད་པ ས་ ཡིན་ སྲིད་ མོད །" }, { "source": "བྱིས་པ་དེས་ཉམ་ཆུང་བའི་འཛུམ་ཞིག་སྟོན་གྱིན་དེ་ལྟར་བཤད་ཚུལ་གྱིས་དཔྱོད་ལྡན་སྐྱེ་བོ་སུ་ཞིག་གི་ཞེ་སེམས་མེར་བར་མི་བྱེད་དམ།", "target": "བྱིས་པ་ དེ ས་ ཉམ་ ཆུང་བ འི་ འཛུམ་ ཞིག་ སྟོན་ གྱིན་ དེ་ ལྟ ར་ བཤད་ ཚུལ་ གྱིས་ དཔྱོད་ལྡན་ སྐྱེ་བོ་ སུ་ ཞིག་ གི་ ཞེ་སེམས་ མེར་བ ར་ མི་ བྱེད་ དམ །" }, { "source": "དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཡོད་པ་ནི།", "target": "དེ་ ལས་ ཀྱང་ འཇིགས་སུ་རུང་བ་ ཞིག་ ཡོད་པ་ ནི །" }, { "source": "རྒྱབ་ཡོལ་ངོས་ཀྱི་རྒྱ་ཡིག་གི་ཡིག་འབྲུ་བརྒྱད་དེ། ”ཏང་གི་མཛུབ་སྟོན་ལ་ཉན་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བ”ཞེས་པ་དེ་རེད།", "target": "རྒྱབ་ ཡོལ་ངོས་ ཀྱི་ རྒྱ་ ཡིག་ གི་ ཡིག་འབྲུ་ བརྒྱད་ དེ ། ”ཏང་ གི་ མཛུབ་སྟོན་ ལ་ ཉན་ ཏེ ། མི་ དམངས་ ལ་ ཞབས་འདེགས་ ཞུ་ བ”ཞེས་པ་ དེ་ རེད །" }, { "source": "ཚོད་དཔག་མ་བྱས་པར་ཤེས་འོང་བ་ནི། གོང་གི་དམག་མི་དེས་བཏོན་པའི་ཏང་གི་འབོད་ཚིག་ཀྱང་འདི་དང་ཞེ་དྲག་ཉེ་སྟེ།", "target": "ཚོད་དཔག་ མ་ བྱས་པ ར་ ཤེས་ འོང་བ་ ནི ། གོང་ གི་ དམག་མི་ དེ ས་ བཏོན་པ འི་ ཏང་ གི་ འབོད་ཚིག་ ཀྱང་ འདི་ དང་ ཞེ་དྲག་ ཉེ་ སྟེ །" }, { "source": "འདི་ལྟའི་རིགས་དེ་ང་ཚོའི་རྣ་བར་བླུགས་དྲགས་པས་སོ།།", "target": "འདི་ ལྟ འི་ རིགས་ དེ་ ང་ ཚོ འི་ རྣ་བ ར་ བླུགས་ དྲགས་པ ས་ སོ ། །" }, { "source": "སྐབས་འདིར་བདག་གི་སེམས་སུ་ཝལ་གྱིས་ཤར་འོང་བ་ནི་སློབ་འབྲིང་སློབ་དེབ་ངོས་ཀྱི་དྲན་པ་ཞིག་སྟེ།", "target": "སྐབས་ འདི ར་ བདག་ གི་ སེམས་ སུ་ ཝལ་གྱིས་ ཤར་ འོང་བ་ ནི་ སློབ་འབྲིང་ སློབ་དེབ་ ངོས་ ཀྱི་ དྲན་པ་ ཞིག་ སྟེ །" }, { "source": "ཉི་ཧོང་པ་ཚོས་རྒྱ་ནག་ལ་སྤེལ་བའི་བྲན་བསྒྱུར་སློབ་གསོ་ཞེས་པ་དེ་རེད།", "target": "ཉི་ཧོང་པ་ ཚོས་ རྒྱ་ནག་ ལ་ སྤེལ་བ འི་ བྲན་བསྒྱུར་ སློབ་གསོ་ ཞེས་པ་ དེ་ རེད །" }, { "source": "སློབ་གསོ་དེའི་ངོ་བོ་ནི་རྒྱ་ནག་གི་བྱིས་པ་ཆུང་ཆུང་ནས་བཟུང་ཉི་ཧོང་གི་སློབ་གསོ་སྤེལ་བ་དེ་རེད།", "target": "སློབ་གསོ་ དེ འི་ ངོ་བོ་ ནི་ རྒྱ་ནག་ གི་ བྱིས་པ་ ཆུང་ཆུང་ ནས་ བཟུང་ ཉི་ཧོང་ གི་ སློབ་གསོ་ སྤེལ་བ་ དེ་ རེད །" }, { "source": "ཡིན་ན་ཡང༌། སློབ་གསོ་དེ་ཉིད་ཡོངས་སུ་ལེགས་འགྲུབ་མ་བྱུང་སྟེ། ལོ་ངོ་འགའི་རྗེས་ནས་ཉི་ཧོང་པ་ཚོར་ཕམ་ཁ་རེག་བྱུང་བ་རེད།", "target": "ཡིན་ ན་ ཡང༌ ། སློབ་གསོ་ དེ་ ཉིད་ ཡོངས་ སུ་ ལེགས་འགྲུབ་ མ་ བྱུང་ སྟེ ། ལོ་ ངོ་ འག འི་ རྗེས་ ནས་ ཉི་ཧོང་པ་ ཚོ ར་ ཕམ་ཁ་ རེག་ བྱུང་བ་ རེད །" }, { "source": "སློབ་འབྲིང་དགེ་རྒན་གྱིས་གཅིག་གཅིག་གཉིས་གཉིས་ངང་གསལ་བོར་འཁྲིད་དུས་དེ་ཁོ་ན་ཉིད་ལས་ཕྱོགས་གཞན་ལ་བསམ་གཞིག་གཏོང་མ་ཐུབ་མོད།", "target": "སློབ་འབྲིང་ དགེ་རྒན་ གྱིས་ གཅིག་ གཅིག་ གཉིས་ གཉིས་ ངང་ གསལ་བོ ར་ འཁྲིད་ དུས་ དེ་ཁོ་ན་ཉིད་ ལས་ ཕྱོགས་ གཞན་ ལ་ བསམ་གཞིག་ གཏོང་ མ་ ཐུབ་ མོད །" }, { "source": "ད་ལྟ་ཕྱིར་མིག་བལྟས་ན་དགེ་སློབ་གཉིས་ལ་གཞན་བྲན་བསྒྱུར་སློབ་གསོ་སྤེལ་ཚར་བས་ཅི་ཁག་སྙམ།", "target": "ད་ ལྟ་ ཕྱིར་མིག་ བལྟས་ ན་ དགེ་སློབ་ གཉིས་ ལ་ གཞན་ བྲན་བསྒྱུར་ སློབ་གསོ་ སྤེལ་ ཚར་བ ས་ ཅི་ ཁག་ སྙམ །" }, { "source": "ལོ་བཅུ་ཕྲག་མང་པོའི་རིང་དུ་འདིའི་ཕྱོགས་ཀྱི་ལས་ཀ་སྒྲུབ་མཁན་ག་ཚོད་ཅིག་གསོ་སྐྱོང་བྱས་ཡོད་མེད་མི་ཤེས་མོད།", "target": "ལོ་ བཅུ་ ཕྲག་ མང་པོ འི་ རིང་ དུ་ འདི འི་ ཕྱོགས་ ཀྱི་ ལས་ ཀ་ སྒྲུབ་མཁན་ ག་ཚོད་ ཅིག་ གསོ་སྐྱོང་ བྱས་ ཡོད་མེད་ མི་ ཤེས་ མོད །" }, { "source": "གང་ལྟར།", "target": "གང་ ལྟ ར །" }, { "source": "ད་དུང་འདིའི་ཕྱོགས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བཞིན་པ་མཐོང་ན་ལུས་ཀྱི་བ་སྤུ་རེ་རེ་ལ་དངངས་འདར་བརྒྱབ་འོང༌།", "target": "ད་དུང་ འདི འི་ ཕྱོགས་ ལ་ སྔ ར་ ལས་ ལྷག་པ འི་ ཤུགས་ སྣོན་ བཞིན་པ་ མཐོང་ ན་ ལུས་ ཀྱི་ བ་སྤུ་ རེ་རེ་ ལ་ དངངས་འདར་ བརྒྱབ་ འོང༌ །" }, { "source": "ཉི་ཧོང་གི་བྱེད་ཐབས་དེར་ཕམ་ཁ་བྱུང་ནས་ལོ་ངོ་བཅུ་ཕྲག་མང་པོ་འདས་པའི་དེ་རིང་ད་དུང་ཡང་རྒྱ་ནག་པ་དག་གིས་ཉི་ཧོང་ལ་འདྲེ་དམག་ཅེས་འབོད་ཅིང༌།", "target": "ཉི་ཧོང་ གི་ བྱེད་ ཐབས་ དེ ར་ ཕམ་ཁ་ བྱུང་ ནས་ ལོ་ ངོ་ བཅུ་ ཕྲག་ མང་པོ་ འདས་པ འི་ དེ་རིང་ ད་དུང་ ཡང་ རྒྱ་ནག་པ་ དག་ གིས་ ཉི་ཧོང་ ལ་ འདྲེ་དམག་ ཅེས་ འབོད་ ཅིང༌ །" }, { "source": "རྒན་གཞོན་ཚང་མར་ལོ་རྒྱུས་ཀྱི་དྲན་པ་དེ་ཡང་དང་བསྐྱར་དུ་བསྒོ་བཞིན་འདུགཕྱི་ངོས་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་མཉམ་འབྲེལ་ཞེས་སྒྲོག་གིན་འདུག་ལ།", "target": "རྒན་གཞོན་ཚང་མ ར་ ལོ་རྒྱུས་ ཀྱི་ དྲན་པ་ དེ་ ཡང་ དང་ བསྐྱར་ དུ་ བསྒོ་ བཞིན་ འདུག ཕྱི་ ངོས་ ནས་ མི་ རིགས་ མཐུན་ སྒྲིལ་ དང་ རྒྱལ་ཁབ་ མཉམ་འབྲེལ་ ཞེས་ སྒྲོག་ གིན་ འདུག་ ལ །" }, { "source": "ཉི་ཧོང་ས་འགུལ་ཆེན་མོའི་སྐབས་སུ་ཡང་རྒྱ་མི་ཁ་ཤས་བཏང་ནས་གནོད་སེལ་རོགས་སྐྱོར་ཞེས་པའི་རྣམ་པ་ཞིག་སྟོན་གྱིན་འདུགཡིན་ན་ཡང༌།", "target": "ཉི་ཧོང་ས་འགུལ་ ཆེན་མོ འི་ སྐབས་ སུ་ ཡང་ རྒྱ་མི་ ཁ་ཤས་ བཏང་ ནས་ གནོད་སེལ་རོགས་ སྐྱོར་ ཞེས་པ འི་ རྣམ་པ་ ཞིག་ སྟོན་ གྱིན་ འདུག ཡིན་ ན་ ཡང༌ །" }, { "source": "མི་རིགས་གཉིས་བར་གྱི་ཞེ་འཁོན་དེ་ད་དུང་ཇེ་གསལ་ཇེ་ཟབ་ཏུ་གཏང་ཅི་ཐུབ་ལ་འབད་ཀྱིན་པ་ནི་གློག་བརྙན་དག་གི་བར་གསེང་ནས་གསལ་བོར་ཤེས་འོང༌།", "target": "མི་ རིགས་གཉིས་ བར་ གྱི་ ཞེ་ འཁོན་ དེ་ ད་དུང་ ཇེ་གསལ་ཇེ་ཟབ་ ཏུ་ གཏང་ ཅི་ ཐུབ་ ལ་ འབད་ ཀྱིན་ པ་ ནི་ གློག་ བརྙན་ དག་ གི་ བར་ གསེང་ ནས་ གསལ་བོ ར་ ཤེས་ འོང༌ །" }, { "source": "དེ་རིང་བདག་གིས་དེ་ཉིད་དྲན་དོན་ནི་སློབ་གསོ་གཉིས་ཀྱི་ངོ་བོ་ཡང་དག་མཚུངས་པས་སོ།།", "target": "དེ་ རིང་ བདག་ གིས་ དེ་ཉིད་ དྲན་ དོན་ ནི་ སློབ་གསོ་ གཉིས་ ཀྱི་ ངོ་བོ་ ཡང་དག་ མཚུངས་པ ས་ སོ ། །" }, { "source": "ཏང་གི་དར་ཆ་འཕྱར་ནས་ཏང་གི་ཁ་གཡང་བསྒྲགས་ཏེ། ཏང་གི་སློབ་གསོ་སྤེལ་བ་ནི་སྲིད་གཞུང་ཞིག་གི་ལས་ཀ་མ་ཡིན་ནོ།།", "target": "ཏང་ གི་ དར་ཆ་ འཕྱར་ ནས་ ཏང་ གི་ ཁ་གཡང་ བསྒྲགས་ ཏེ ། ཏང་ གི་ སློབ་གསོ་ སྤེལ་བ་ ནི་ སྲིད་ གཞུང་ ཞིག་ གི་ ལས་ཀ་ མ་ ཡིན་ ནོ ། །" }, { "source": "བྱིས་པ་ཆུང་དུས་ནས་སློབ་གསོ་སྣ་གཅིག་གི་སྒེར་སྡོམ་འོག་ཏུ་འཇུག་ཅི་ཐུབ་ལ་འབད་པ་ནི་རྒྱལ་ཁབ་ཅིག་གི་གཟི་བརྗིད་མ་ཡིན་ནོ།།", "target": "བྱིས་པ་ ཆུང་དུས་ ནས་ སློབ་གསོ་ སྣ་ གཅིག་ གི་ སྒེར་སྡོམ་ འོག་ ཏུ་ འཇུག་ ཅི་ ཐུབ་ ལ་ འབད་པ་ ནི་ རྒྱལ་ ཁབ་ ཅིག་ གི་ གཟི་བརྗིད་ མ་ ཡིན་ ནོ ། །" }, { "source": "བྱིས་པ་ནི་བྱིས་པ་རང་སྟེ།", "target": "བྱིས་པ་ ནི་ བྱིས་པ་ རང་ སྟེ །" }, { "source": "ཁོ་ཚོའི་དྲི་མས་མ་གོས་པའི་རྣམ་དག་སེམས་སུ་བཟང་ངན་གྱི་དབྱེ་བ་གང་ཡང་མི་འདུག་ལ།", "target": "ཁོ་ཚོ འི་ དྲི་མ ས་ མ་ གོས་ པ འི་ རྣམ་དག་ སེམས་ སུ་ བཟང་ངན་ གྱི་ དབྱེ་བ་གང་ཡང་ མི་ འདུག་ ལ །" }, { "source": "དབྱེ་འབྱེད་ཀྱི་ནུས་པ་ཤིན་ཏུ་ཆུང་བས། ཉམ་ཆུང་བའི་ཁོ་ཚོར་འདི་ནི་ཡང་དག་དང་གན་ནི་ནོར་འཁྲུལ་ལོ་ཞེས་སློབ་གསོ་རྒྱག་པ་ནི་ནོར་འཁྲུལ་ཏེ།", "target": "དབྱེ་འབྱེད་ ཀྱི་ ནུས་པ་ ཤིན་ ཏུ་ ཆུང་བ ས ། ཉམ་ ཆུང་བ འི་ ཁོ་ ཚོར་ འདི་ ནི་ ཡང་ དག་ དང་ གན་ ནི་ ནོར་འཁྲུལ་ ལོ་ ཞེས་ སློབ་གསོ་ རྒྱག་ པ་ ནི་ ནོར་འཁྲུལ་ ཏེ །" }, { "source": "བྱིས་བློའི་འཚར་སྐྱེད་ཀྱི་གོ་རིམ་ནི་རང་དབང་གི་གོ་རིམ་ཞིག་ཏུ་གནས་པས་དེ་ལ་ཁ་ལོ་བསྒྱུར་བ་ནི་སྒེར་སྡོམ་ཁོ་ན་ཉིད་དོ།།", "target": "བྱིས་བློ འི་ འཚར་སྐྱེད་ ཀྱི་ གོ་རིམ་ ནི་ རང་དབང་ གི་ གོ་རིམ་ ཞིག་ ཏུ་ གནས་པ ས་ དེ་ ལ་ ཁ་ལོ་ བསྒྱུར་བ་ ནི་ སྒེར་སྡོམ་ ཁོ་ན་ཉིད་ དོ ། །" }, { "source": "སྤྱིར་བཏང་དུ།", "target": "སྤྱི ར་ བཏང་ དུ །" }, { "source": "ཏང་དང་རྒྱལ་ཁབ་གང་ཞིག་ཡིན་རུང་དེ་ཉིད་གནས་པའི་ཉིང་སྒོས་ནི་མི་མང་གི་ཆེད་འབའ་ཞིག་གོ།", "target": "ཏང་ དང་ རྒྱལ་ཁབ་ གང་ ཞིག་ ཡིན་ རུང་ དེ་ ཉིད་ གནས་པ འི་ ཉིང་སྒོས་ ནི་ མི་ མང་ གི་ ཆེད་ འབའ་ ཞིག་ གོ །" }, { "source": "དེས་མི་མང་གི་རེ་འདུན་དང་དགོས་མཁོ་སྐོང་མི་ཐུབ་ཚེ་མི་མང་གིས་དེ་ཉིད་བརྗེ་སྒྱུར་བྱས་ཆོག་སྟེ། དབང་ཆ་འདི་ནི་མི་མང་རང་ལ་མངའ།", "target": "དེ ས་ མི་ མང་ གི་ རེ་འདུན་ དང་ དགོས་མཁོ་ སྐོང་ མི་ ཐུབ་ ཚེ་ མི་མང་ གིས་ དེ་ ཉིད་ བརྗེ་སྒྱུར་ བྱས་ ཆོག་ སྟེ ། དབང་ཆ་ འདི་ ནི་ མི་མང་ རང་ ལ་ མངའ །" }, { "source": "ཡིན་ན་ཡང༌། སྒེར་སྡོམ་རྒྱལ་ཁབ་དག་གིས་མི་སྒེར་གཅིག་གམ་ཚོགས་པ་གཅིག་གི་ཁེ་ཕན་ཉི་ཚེ་བར་ཞབས་ཞུ་སྒྲུབ་པ་ལས་མི་མང་གི་ཁེ་ཕན་ལ་ཁ་ཡ་མི་བྱེད་པ་ཡིན།", "target": "ཡིན་ ན་ ཡང༌ ། སྒེར་ སྡོམ་རྒྱལ་ ཁབ་ དག་ གིས་ མི་ སྒེར་ གཅིག་ གམ་ ཚོགས་པ་ གཅིག་ གི་ ཁེ་ ཕན་ཉི་ ཚེ་ བར་ ཞབས་ཞུ་ སྒྲུབ་པ་ ལས་ མི་ མང་ གི་ ཁེ་ ཕན་ ལ་ ཁ་ཡ་ མི་ བྱེད་པ་ ཡིན །" }, { "source": "འདི་ནི་ཁོ་ཚོ་སྤྱིའི་ཁྱད་ཆོས་འབའ་ཞིག་ཀྱང་ཡིན།", "target": "འདི་ ནི་ ཁོ་ཚོ་ སྤྱི འི་ ཁྱད་ཆོས་ འབའ་ ཞིག་ ཀྱང་ ཡིན །" }, { "source": "གུང་ཁྲན་ཏང་སྟེ་ཐོན་མོང་ཐོན་སྐྱེད་ཚོགས་པ་གང་གི་ཁ་གཡང་མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པ་དེའོ།།", "target": "གུང་ཁྲན་ ཏང་ སྟེ་ ཐོན་མོང་ ཐོན་ སྐྱེད་ ཚོགས་པ་ གང་ གི་ ཁ་གཡང་ མི་ དམངས་ ལ་ ཞབས་འདེགས་ ཞུ་བ་ ཞེས་པ་ དེ འོ ། །" }, { "source": "སྐབས་འདིའི་མི་དམངས་ཞེས་པའི་གོ་དོན་ཅི་ཡིན་གང་ལྟར་ཀྱང༌།", "target": "སྐབས་ འདི འི་ མི་ དམངས་ ཞེས་པ འི་ གོ་དོན་ ཅི་ ཡིན་ གང་ ལྟ ར་ ཀྱང༌ །" }, { "source": "ཁོ་ཚོས་མང་ཚོགས་ཡིན་པར་སྒྲུབ་བྱེད་བཙལ་ཐག་ཆོད་ཡིན།", "target": "ཁོ་ ཚོས་ མང་ཚོགས་ ཡིན་པ ར་ སྒྲུབ་བྱེད་ བཙལ་ ཐག་ ཆོད་ ཡིན །" }, { "source": "མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་བྱ་བ་སྒྲུབ་པའི་ཚོགས་པ་དང་སྲིད་གཞུང་གང་དེ། སྤྱིར་བཏང་དུ་མང་ཚོགས་ལ་སྐྲག་སྣང་འབྱུང་དགོས་མི་འདུག་སྟེ།", "target": "མང་ཚོགས་ ཀྱི་ ཁེ་ ཕན་ཆེད་ དུ་ བྱ་བ་ སྒྲུབ་པ འི་ ཚོགས་པ་ དང་ སྲིད་གཞུང་ གང་ དེ ། སྤྱི ར་ བཏང་ དུ་ མང་ཚོགས་ ལ་ སྐྲག་སྣང་ འབྱུང་ དགོས་ མི་ འདུག་ སྟེ །" }, { "source": "ཁྱོད་ཀྱིས་མང་ཚོགས་ལ་བྱ་བ་ཇི་ལྟར་སྒྲུབ་པ་ལེགས་ན་མང་ཚོགས་ནི་ཁྱོད་ཀྱི་རྒྱབ་རྟེན་ཁོ་ན་ཉིད་དོ།།", "target": "ཁྱོད་ ཀྱིས་ མང་ཚོགས་ ལ་ བྱ་བ་ ཇི་ ལྟ ར་ སྒྲུབ་པ་ ལེགས་ ན་ མང་ ཚོགས་ ནི་ ཁྱོད་ ཀྱི་ རྒྱབ་རྟེན་ ཁོ་ན་ ཉིད་ དོ ། །" }, { "source": "ཡིན་ན་ཡང༌། བྱིས་པ་ཆུང་ཆུང་ནས་ཏང་གི་སློབ་གསོ་སྤེལ་བ་ནི་མང་ཚོགས་དགྲ་བོར་བཟུང་བའི་མངོན་ཚུལ་ཞིག་སྟེ།", "target": "ཡིན་ ན་ ཡང༌ ། བྱིས་པ་ ཆུང་ཆུང་ ནས་ ཏང་ གི་ སློབ་གསོ་ སྤེལ་བ་ ནི་ མང་ཚོགས་ དགྲ་བོ ར་ བཟུང་བ འི་ མངོན་ཚུལ་ ཞིག་ སྟེ །" }, { "source": "མེ་སྟག་ཆུང་ས་ནས་གསོད་དགོས་པའི་གནས་ལུགས་འདི་ཉིད་ནི་སྒེར་སྡོམ་སྲིད་གཞུང་གང་ལ་ཐུན་མོང་དུ་མངའ་བའི་ཁྱད་རྟགས་སོ།།", "target": "མེ་སྟག་ ཆུང་ས་ ནས་ གསོད་ དགོས་པ འི་ གནས་ལུགས་ འདི་ ཉིད་ ནི་ སྒེར་སྡོམ་སྲིད་གཞུང་གང་ ལ་ ཐུན་མོང་ དུ་ མངའ་བ འི་ ཁྱད་རྟགས་ སོ ། །" }, { "source": "མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་བདེན་ན།", "target": "མི་ དམངས་ ལ་ ཞབས་འདེགས་ ཞུ་ དགོས་པ་ བདེན་ ན །" }, { "source": "ངེས་པར་དུ་ཏང་གི་མཛུབ་སྟོན་ལ་ཉན་དགོས་མི་འདུག་སྟེ།", "target": "ངེས་པ ར་ དུ་ ཏང་ གི་ མཛུབ་སྟོན་ ལ་ ཉན་ དགོས་ མི་ འདུག་ སྟེ །" }, { "source": "དེ་ནི་སྲིད་ཚོགས་ཚང་མའི་འོས་འགན་ཉག་གཅིག་གོ།", "target": "དེ་ ནི་ སྲིད་ ཚོགས་ ཚང་མ འི་ འོས་ འགན་ཉག་ གཅིག་ གོ །" }, { "source": "སྲིད་ཚོགས་གང་དེ་ཆབ་སྲིད་ཀྱི་གར་སྟེགས་སུ་བུད་ནས་མི་མང་གི་ཆེད་དུ་བྱ་བ་སྒྲུབ་པ་ནི་ཆོས་ཉིད་ཅིག་རེད་མོད།", "target": "སྲིད་ཚོགས་ གང་ དེ་ ཆབ་སྲིད་ ཀྱི་ གར་སྟེགས་ སུ་ བུད་ ནས་ མི་ མང་ གི་ ཆེད་ དུ་ བྱ་བ་ སྒྲུབ་པ་ ནི་ ཆོས་ཉིད་ ཅིག་ རེད་ མོད །" }, { "source": "སྒྲུབ་ཡུལ་གང་དེས་སྲིད་ཚོགས་དེ་ཡི་མཛུབ་སྟོན་ལ་ཉན་དགོས་པ་ནི་དམངས་གཙོ་མ་ཡིན་པའི་རྟགས་མཚན་འཁྲུལ་མེད་དོ།།", "target": "སྒྲུབ་ཡུལ་ གང་ དེ ས་ སྲིད་ ཚོགས་ དེ་ ཡི་ མཛུབ་སྟོན་ ལ་ ཉན་ དགོས་པ་ ནི་ དམངས་གཙོ་ མ་ ཡིན་པ འི་ རྟགས་མཚན་ འཁྲུལ་མེད་ དོ ། །" }, { "source": "འདི་ལ་སྐུ་ཞབས་ཡུས་ཅེ་ལགས་ཀྱི་གཏམ་འདི་ཤིན་ཏུ་མད་དེ། མང་ཚོགས་བྱིས་པར་ལྟ་བའི་སྲིད་གཞུང་གང་དེ་ནི་བྱིས་པའི་སྲིད་གཞུང་ཞིག་ཅེས་པའོ།།", "target": "འདི་ ལ་ སྐུ་ ཞབས་ཡུས་ ཅེ་ ལགས་ ཀྱི་ གཏམ་ འདི་ ཤིན་ ཏུ་ མད་ དེ ། མང་ ཚོགས་ བྱིས་པ ར་ ལྟ་བ འི་ སྲིད་ གཞུང་ གང་ དེ་ ནི་ བྱིས་པ འི་ སྲིད་ གཞུང་ ཞིག་ ཅེས་པ འོ ། །" }, { "source": "སྔོན་ཆད་ཧྥ་ཤི་སི་དང་ནཱ་ཛི་སོགས་ཀྱི་སྐབས་སུ།", "target": "སྔོན་ཆད་ ཧྥ་ཤི་སི་ དང་ ནཱ་ཛི་ སོགས་ ཀྱི་ སྐབས་ སུ །" }, { "source": "མང་ཚོགས་ཀྱིས་ངེས་པར་དུ་ཁོ་ཚོའི་མཛུབ་སྟོན་ལ་ཉན་དགོས་ཏེ།", "target": "མང་ཚོགས་ ཀྱིས་ ངེས་པ ར་ དུ་ ཁོ་ ཚོ འི་ མཛུབ་སྟོན་ ལ་ ཉན་ དགོས་ ཏེ །" }, { "source": "སུ་ཞིག་གིས་ཁོ་ཚོའི་མཛུབ་སྟོན་དང་འགལ་བའི་བྱ་བ་སྒྲུབ་ན་དེ་ཉིད་ཀྱི་མགོ་བོ་ཁྲག་དམར་འཛར་འཛར་གྱིས་ས་རུ་འབྲུལ་བར་ཐེ་ཚོམ་མེད་དོ།།", "target": "སུ་ ཞིག་ གིས་ ཁོ་ཚོ འི་ མཛུབ་སྟོན་ དང་ འགལ་བ འི་ བྱ་བ་ སྒྲུབ་ ན་ དེ་ ཉིད་ ཀྱི་ མགོ་བོ་ ཁྲག་དམར་འཛར་འཛར་ གྱིས་ ས་ རུ་ འབྲུལ་བ ར་ ཐེ་ཚོམ་ མེད་ དོ ། །" }, { "source": "དེ་ལྟའི་སྡུག་རྩུབ་ཀྱི་དབང་གིས་ལོ་ངོ་བཅུ་ཕྲག་འདས་པའི་དེ་རིང་ཡང་མིང་ཡིག་དེ་དག་གླེང་ན་ཉེ་རིང་ཀུན་པོར་ཞེད་སྣང་སྐྱེས་བཞིན་པ་ལགས།", "target": "དེ་ ལྟ འི་ སྡུག་རྩུབ་ ཀྱི་ དབང་ གིས་ ལོ་ ངོ་ བཅུ་ ཕྲག་ འདས་པ འི་ དེ་རིང་ ཡང་ མིང་ཡིག་ དེ་ དག་ གླེང་ ན་ ཉེ་རིང་ ཀུན་ པོ ར་ ཞེད་སྣང་ སྐྱེས་ བཞིན་པ་ ལགས །" }, { "source": "ཡིན་ན་ཡང༌།", "target": "ཡིན་ ན་ ཡང༌ །" }, { "source": "དཔལ་ཡོན་དུས་རབས་སུ་བསྔགས་ཀྱིན་པའི་དེ་རིང༌།", "target": "དཔལ་ཡོན་ དུས་རབས་ སུ་ བསྔགས་ ཀྱིན་པ འི་ དེ་ རིང༌ །" }, { "source": "ང་ཚོའི་བྱིས་པ་དག་གི་རྒྱུད་ལ་དེ་ལྟའི་སྒེར་གཅོད་ཀྱི་ས་བོན་འཇོག་དོན་ག་རེ་ཡིན་ནམ།", "target": "ང་ ཚོ འི་ བྱིས་པ་ དག་ གི་ རྒྱུད་ ལ་ དེ་ ལྟ འི་ སྒེར་གཅོད་ ཀྱི་ ས་བོན་ འཇོག་ དོན་ ག་རེ་ ཡིན་ ནམ །" }, { "source": "ག་རེ་ཡིན་ནམ།", "target": "ག་རེ་ ཡིན་ ནམ །" }, { "source": "གལ་ཏེ་ནམ་ཞིག་གི་ཚེ་ན། བྱིས་པ་འདི་དག་གིས་ཀྱང་རང་ཉིད་ལ་དེ་ལྟའི་སློབ་གསོ་ཡ་ང་བ་ཞིག་སྤེལ་པ་རྟོགས་དུས།", "target": "གལ་ ཏེ་ ནམ་ ཞིག་ གི་ ཚེ་ ན ། བྱིས་པ་ འདི་ དག་ གིས་ ཀྱང་ རང་ ཉིད་ ལ་ དེ་ ལྟ འི་ སློབ་གསོ་ཡ་ང་བ་ ཞིག་ སྤེལ་པ་ རྟོགས་ དུས །" }, { "source": "ཁོ་ཚོའི་ཞེ་འཁོན་གྱི་མེ་དཔུང་གྱེན་དུ་འབར་ནས་དེ་དག་དགྲ་རུ་འཛིན་མིན་ལ་ཐེ་ཚོམ་མི་འདུག་སྟེ།", "target": "ཁོ་ཚོ འི་ ཞེ་འཁོན་ གྱི་ མེ་དཔུང་ གྱེན་ དུ་ འབར་ ནས་ དེ་ དག་ དགྲ་ རུ་ འཛིན་ མིན་ ལ་ ཐེ་ཚོམ་ མི་ འདུག་ སྟེ །" }, { "source": "འདི་ནི་འགྲོ་མི་རེ་རེ་ལ་གདོད་ནས་གྲུབ་པའི་གཉུག་གཤིས་སོ།།", "target": "འདི་ ནི་ འགྲོ་ མི་ རེ་རེ་ ལ་ གདོད་ ནས་ གྲུབ་པ འི་ གཉུག་གཤིས་ སོ ། །" }, { "source": "ཁོ་ཚོས་ཀྱང་ནམ་ཞིག་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པའམ། དེ་ཡི་ལྟག་རྒྱབ་ཀྱི་གྲིབ་མ་ནག་པོ་དེ་བཞིན་དུ། ཏང་གི་སློབ་གསོ་སྤེལ་མཁན་དེ་དག་ལ་ལོ་རྒྱུས་ཀྱི་ཞེ་འཁོན་འཛིན་ངེས་ལ།", "target": "ཁོ་ ཚོས་ ཀྱང་ ནམ་ ཞིག་ རྒྱ་ནག་ གི་ གློག་ བརྙན་ འཁྲབ་སྟོན་པ འམ ། དེ་ ཡི་ལྟག་ རྒྱབ་ ཀྱི་ གྲིབ་མ་ ནག་པོ་ དེ་ བཞིན་ དུ ། ཏང་ གི་ སློབ་གསོ་ སྤེལ་མཁན་ དེ་ དག་ ལ་ ལོ་རྒྱུས་ ཀྱི་ ཞེ་འཁོན་ འཛིན་ ངེས་ ལ །" }, { "source": "དེ་ཡི་ཆེད་དུ་རང་གི་རིགས་རྒྱུད་རྗེས་མ་དག་ལ་ཡང་ལོ་རྒྱུས་ཀྱི་དྲན་པ་ཇེ་གསལ་ཇེ་ཟབ་ཏུ་གཏང་ངེས་ན།", "target": "དེ་ ཡི་ ཆེད་ དུ་ རང་ གི་ རིགས་ རྒྱུད་ རྗེ ས་ མ་ དག་ ལ་ ཡང་ ལོ་རྒྱུས་ ཀྱི་ དྲན་པ་ ཇེ་གསལ་ ཇེ་ཟབ་ ཏུ་ གཏང་ ངེས་ ན །" }, { "source": "ང་ཚོས་ད་ལྟ་ཉིད་ནས་ཇི་ལྟར་བྱ་འོས་སམ།", "target": "ང་ཚོ ས་ ད་ ལྟ་ ཉིད་ ནས་ ཇི་ ལྟ ར་ བྱ་ འོས་ སམ །" }, { "source": "བསམས་ཤིང་བསམ་བཞིན་དུ།", "target": "བསམས་ ཤིང་ བསམ་ བཞིན་ དུ །" }, { "source": "ཁོ་ཚོའི་རྨོངས་མུན་གྱི་སློབ་གསོ་སྤེལ་སྟངས་དེ་མཐོང་ན་སྙིང་རྗེ་ཞིང༌།", "target": "ཁོ་ཚོ འི་ རྨོངས་མུན་ གྱི་ སློབ་གསོ་ སྤེལ་སྟངས་ དེ་ མཐོང་ ན་ སྙིང་རྗེ་ ཞིང༌ །" }, { "source": "བྱིས་པ་དེ་དག་གི་ངོ་གདོང་མཐོང་ན་ཞེད་འོང༌།", "target": "བྱིས་པ་ དེ་ དག་ གི་ ངོ་གདོང་ མཐོང་ ན་ ཞེད་ འོང༌ །" }, { "source": "དེ་ལྟའི་སློབ་གསོ་ནི་གནའ་ནས་ད་ལྟའི་དབར་དུ་ལེགས་གྲུབ་བྱུང་མ་མྱོང་ཞིང༌། འབྱུང་ཐབས་མེད་པ་ཡང་ལོ་རྒྱུས་ཀྱིས་གསལ་ར་སྤྲད་འདུག་པས་ན།", "target": "དེ་ ལྟ འི་ སློབ་གསོ་ ནི་ གནའ་ ནས་ ད་ ལྟ འི་ དབར་ དུ་ ལེགས་གྲུབ་ བྱུང་ མ་ མྱོང་ ཞིང༌ ། འབྱུང་ཐབས་ མེད་པ་ ཡང་ ལོ་རྒྱུས་ ཀྱིས་ གསལ་ ར་ སྤྲད་ འདུག་པ ས་ ན །" }, { "source": "ད་དུང་ཡང་འདི་ལྟར་ཨུ་ཚུགས་ཀྱིས་འཇུག་དོན་ག་རེ་ཡིན་ནམ།", "target": "ད་དུང་ ཡང་ འདི་ ལྟ ར་ ཨུ་ཚུགས་ ཀྱིས་ འཇུག་ དོན་ ག་རེ་ ཡིན་ ནམ །" }, { "source": "ནམ་ཞིགསྙིང་ཉེ་བའི་ངོ་གདོང་དེ་དག་གིས་སེམས་ཀྱི་ཞེ་འཁོན་གནོན་མ་ཐུབ་པར་ཚེ་སྲོག་ལ་གནོད་པའི་སྦྱོར་བ་འདྲ་མིན་བརྩམ་འོང་ན་ཅི་བྱེད་དམ།", "target": "ནམ་ ཞིག སྙིང་ ཉེ་བ འི་ ངོ་གདོང་ དེ་ དག་ གིས་ སེམས་ ཀྱི་ ཞེ་འཁོན་ གནོན་ མ་ ཐུབ་པ ར་ ཚེ་སྲོག་ ལ་ གནོད་པ འི་ སྦྱོར་བ་ འདྲ་མིན་ བརྩམ་ འོང་ ན་ ཅི་ བྱེད་ དམ །" }, { "source": "བདག་གི་དཀོན་མཆོག་ཨང༌།", "target": "བདག་ གི་ དཀོན་མཆོག་ ཨང༌ །" } ]