[ { "source": "དེ་ཡང་ཉེ་བའི་ལོ་ཤས་ནང་རང་རེའི་སེར་མོ་བའི་དཔུང་ཁག་མང་པོས་སྒེར་གཅོད་ཀྱི་བསམ་པས་བོད་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་དཔལ་འབྱོར་གནས་བབ་དང་འཚོ་གནས་ཀྱི་འདོད་མོས་ལ་རྩིས་མེད་རྡོག་རོལ་ངང་། དགེ་བཅུའི་ཁྲིམས་སྲོལ་ལ་མིང་རྟགས་བཀོད་དུ་འཇུག་པའི་ལྐུགས་པ་ཨུ་ཚུགས་ཀྱིས་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་མཐོང་དུས་དེ་དག་ལ་དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་རིམ་དང་འཚམས་པའི་གཏམ་ལན་ཞིག་མི་སྨྲ་ཐབས་མེད་བྱུང་།", "target": "དེ་ ཡང་ ཉེ་བ འི་ ལོ་ཤ ས་ ནང་ རང་རེ འི་ སེར་མོ་བ འི་ དཔུང་ ཁག་ མང་པོ ས་ སྒེར་གཅོད་ ཀྱི་ བསམ་པ ས་ བོད་ རྒྱ་ཆེ འི་ མང་ ཚོགས་ རྣམས་ ཀྱི་ དཔལ་ འབྱོར་ གནས་ བབ་ དང་ འཚོ་གནས་ ཀྱི་ འདོད་མོ ས་ ལ་རྩིས་ མེད་ རྡོག་རོལ་ ངང་ ། དགེ་བཅུ འི་ ཁྲིམས་ སྲོལ་ ལ་ མིང་རྟགས་ བཀོད་ དུ་ འཇུག་པ འི་ ལྐུགས་པ་ ཨུ་ཚུགས་ ཀྱིས་ ལས་འགུལ་ ཞིག་ སྤེལ་ བཞིན་ ཡོད་པ་ མཐོང་ དུས་ དེ་ དག་ ལ་ དུས་རབས་ དང་ སྤྱི་ཚོགས་ ཀྱི་ འཕེལ་རིམ་ དང་ འཚམས་པ འི་ གཏམ་ ལན་ ཞིག་ མི་ སྨྲ་ ཐབས་མེད་ བྱུང་ །" }, { "source": "དེ་ཡང་དགེ་བཅུའི་སྲོལ་ནི་ནང་ཆོས་དངོས་སུ་བོད་ཡུལ་དུ་མ་དར་བའི་གོང་ནས་བཙན་པོ་སྲོང་བཙན་སྐབས་བོད་ཡུལ་དུ་དར་བའི་ཅུང་ཟད་ཆ་ཚང་བའི་མི་ཆོས་ཀྱི་སློབ་གསོ་ཞིག་ཡིན་ལ་སྐབས་དེ་དུས་ནས་བཙན་དབང་གི་མིང་རྟགས་བཀོད་དུ་འཇུག་པ་དང་།", "target": "དེ་ ཡང་ དགེ་བཅུ འི་ སྲོལ་ ནི་ ནང་ ཆོས་ དངོས་ སུ་ བོད་ཡུལ་ དུ་ མ་ དར་བ འི་ གོང་ ནས་ བཙན་པོ་ སྲོང་བཙན་ སྐབས་ བོད་ཡུལ་ དུ་ དར་བ འི་ ཅུང་ཟད་ ཆ་ཚང་བ འི་ མི་ཆོས་ ཀྱི་ སློབ་གསོ་ ཞིག་ ཡིན་ ལ་ སྐབས་ དེ་ དུས་ ནས་ བཙན་དབང་ གི་ མིང་རྟགས་ བཀོད་ དུ་ འཇུག་པ་ དང་ །" }, { "source": "དེ་ལས་འགལ་ན་ཆད་པ་ནན་པོ་གཅོད་པ་སོགས་མཛད་མྱོང་མེད་ལ།", "target": "དེ་ ལས་ འགལ་ ན་ ཆད་པ་ ནན་པོ་ གཅོད་པ་ སོགས་ མཛད་ མྱོང་ མེད་ ལ །" }, { "source": "ལར་སྟོན་པ་སངས་རྒྱས་ཀྱི་ཆོས་ལུགས་ནང་རྒྱ་ཆེའི་མང་ཚོགས་རང་རང་དད་མོས་ཡོད་ལུགས་ལ་མི་བལྟོས་པར་འཇིགས་བསྐུལ་གྱི་ཐབས་ལམ་སྣ་ཚོགས་ནས་དེ་ལྟར་མིང་རྟགས་འགོད་པའི་ལམ་ལུགས་དེ་རིགས་བྱུང་མྱོང་མེད།", "target": "ལ ར་ སྟོན་པ་ སངས་རྒྱས་ ཀྱི་ ཆོས་ལུགས་ ནང་ རྒྱ་ཆེ འི་ མང་ཚོགས་ རང་ རང་ དད་མོ ས་ ཡོད་ ལུགས་ ལ་ མི་ བལྟོས་པ ར་ འཇིགས་ བསྐུལ་ གྱི་ ཐབས་ལམ་སྣ་ ཚོགས་ ནས་ དེ་ ལྟ ར་ མིང་རྟགས་ འགོད་པ འི་ ལམ་ལུགས་ དེ་ རིགས་ བྱུང་ མྱོང་ མེད །" }, { "source": "དགེ་བཅུའི་ཁྲིམས་སྲོལ་ཚོགས་པའི་རྗེས་འབྲངས་པ་ཚོས་མང་ཚོགས་ལ་དོན་དམ་མི་ཆོས་ཀྱི་སློབ་གསོ་དང་རང་རང་དད་མོས་བཞིན་ནང་ཆོས་ཀྱི་ལྟ་སྒྲུབ་གཙང་མ་རྒྱུད་སྤེལ་ཡོང་ཐབས་སུ་བརྩོན་ལེན་མ་མཛད་པར་ཁོ་པ་ཚོས་འཇིགས་བསྐུལ་གྱི་བྱ་ཐབས་ཏེ།", "target": "དགེ་བཅུ འི་ ཁྲིམས་ སྲོལ་ ཚོགས་པ འི་ རྗེས་ འབྲངས་པ་ ཚོས་ མང་ཚོགས་ ལ་ དོན་དམ་མི་ཆོས་ ཀྱི་ སློབ་གསོ་ དང་ རང་ རང་ དད་མོས་ བཞིན་ ནང་ ཆོས་ ཀྱི་ ལྟ་སྒྲུབ་ གཙང་མ་ རྒྱུད་ སྤེལ་ ཡོང་ཐབས་ སུ་ བརྩོན་ལེན་ མ་ མཛད་པ ར་ ཁོ་པ་ ཚོ ས་ འཇིགས་ བསྐུལ་ གྱི་ བྱ་ཐབས་ ཏེ །" }, { "source": "དགེ་བཅུའི་ཁྲིམས་སྲོལ་ལ་མིང་རྟགས་མ་བཀོད་ན་རྗེས་སུ་དགོན་པ་དང་འབྲེལ་བ་གཅོད་དགོས་ལུགས།", "target": "དགེ་བཅུ འི་ ཁྲིམས་ སྲོལ་ ལ་ མིང་རྟགས་ མ་ བཀོད་ ན་ རྗེས་ སུ་ དགོན་པ་ དང་ འབྲེལ་བ་ གཅོད་ དགོས་ ལུགས །" }, { "source": "ད་དུང་མ་འོངས་པར་ཁྱིམ་ཚང་དེ་དག་གི་གཤིན་གསོན་རིམ་འགྲོ་ཅི་འདྲ་མཛད་དགོས་ཀྱང་དགོན་པས་སྒྲུབ་ཀྱི་མིན་ལུགས་སོགས་ཀྱི་ཐབས་ལམ་ངང་མང་ཚོགས་རྣམས་བཙན་གྱིས་ལམ་བུ་དེ་དག་ལ་འཁྲིད་བཞིན་ཡོད།", "target": "ད་དུང་ མ་ འོངས་པ ར་ ཁྱིམ་ཚང་ དེ་ དག་ གི་ གཤིན་གསོན་རིམ་འགྲོ་ ཅི་ འདྲ་ མཛད་ དགོས་ ཀྱང་ དགོན་པ ས་ སྒྲུབ་ ཀྱི་ མིན་ལུགས་ སོགས་ ཀྱི་ ཐབས་ལམ་ ངང་ མང་ཚོགས་ རྣམས་ བཙན་ གྱིས་ ལམ་བུ་ དེ་ དག་ ལ་ འཁྲིད་ བཞིན་ ཡོད །" }, { "source": "གོང་གསལ་གྱི་དགེ་བཅུའི་ཁྲིམས་སྲོལ་ནང་རྐུ་ཇག་དང་ཁམས་ཁུལ་གྱི་སྲོལ་ངན་མི་གསོད་ཤ་ལན་ལེན་པ་སོགས་བཀག་སྡོམ་མཛད་ཐབས་དེ་རིགས་ནི་རང་རིགས་ཀྱི་འཕྲལ་ཕུགས་ཀུན་ལ་ཕན་པའི་སློབ་གསོ་ཞིག་ཡིན།", "target": "གོང་ གསལ་ གྱི་ དགེ་བཅུ འི་ ཁྲིམས་ སྲོལ་ ནང་ རྐུ་ཇག་ དང་ ཁམས་ ཁུལ་ གྱི་ སྲོལ་ངན་ མི་ གསོད་ ཤ་ལན་ ལེན་པ་ སོགས་ བཀག་སྡོམ་ མཛད་ཐབས་ དེ་ རིགས་ ནི་ རང་ རིགས་ ཀྱི་ འཕྲལ་ཕུགས་ ཀུན་ ལ་ ཕན་པ འི་ སློབ་གསོ་ ཞིག་ ཡིན །" }, { "source": "འོན་ཀྱང་བོད་ཡུལ་གྱི་རྒྱ་ཆེའི་མང་ཚོགས་གསུམ་ཆ་གཉིས་ཙམ་ནི་འབྲོག་ལས་དོན་དུ་གཉེར་བཞིན་ཡོད་ལ་འབྲོག་ཁུལ་མང་པོར་སྲོག་གཅོད་སྤོང་དགོས་ཞེས་བཙན་བཀག་བྱས་སྟབས་འབྲོག་པ་མང་པོས་རང་ཉིད་ཀྱི་སེམས་ཅན་གསོད་མི་ནུས་པར་འཚོ་བའི་དགོས་མཁོ་ཤ་རིགས་རྣམས་ཕྱི་ཕྱོགས་ཀྱི་རྒྱ་མི་དང་ཁཆེའི་ལག་གི་རིན་གོང་ཆེ་ལ་རྫས་འགྱུར་བྱ་ཐབས་སྣ་ཚོགས་ལས་གསོ་ཚགས་བྱས་པའི་ཤ་རིགས་རྫུན་མ་དེ་དག་ཉོ་དགོས་བྱུང་སྟབས་གནས་སྐབས་ཀྱི་དཔལ་འབྱོར་དང་བདེ་ཐང་ལ་ཡང་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད།", "target": "འོན་ ཀྱང་ བོད་ཡུལ་ གྱི་ རྒྱ་ཆེ འི་ མང་ཚོགས་ གསུམ་ ཆ་ གཉིས་ ཙམ་ ནི་ འབྲོག་ལས་ དོན་ དུ་ གཉེར་ བཞིན་ ཡོད་ ལ་ འབྲོག་ ཁུལ་ མང་པོ ར་ སྲོག་གཅོད་ སྤོང་ དགོས་ ཞེས་ བཙན་བཀག་ བྱས་ སྟབས་ འབྲོག་པ་ མང་པོ ས་ རང་ ཉིད་ ཀྱི་ སེམས་ཅན་ གསོད་ མི་ ནུས་པ ར་ འཚོ་བ འི་ དགོས་ མཁོ་ཤ་ རིགས་ རྣམས་ ཕྱི་ཕྱོགས་ ཀྱི་ རྒྱ་ མི་ དང་ ཁཆེ འི་ ལག་ གི་ རིན་གོང་ཆེ་ ལ་ རྫས་ འགྱུར་ བྱ་ཐབས་ སྣ་ཚོགས་ ལས་ གསོ་ཚགས་ བྱས་པ འི་ ཤ་ རིགས་ རྫུན་མ་ དེ་ དག་ ཉོ་ དགོས་ བྱུང་ སྟབས་ གནས་སྐབས་ ཀྱི་ དཔལ་འབྱོར་ དང་ བདེ་ཐང་ ལ་ ཡང་ གནོད་སྐྱོན་ ཆེན་པོ་ ཡོང་ གི་ ཡོད །" }, { "source": "སྤྱིར་འགྲོ་བ་མིའི་རིགས་ལ་དོན་དམ་སེམས་ཁམས་སློབ་གསོ་རྒྱབ་ཏེ་དཀར་ཟས་ཀྱི་ལམ་ལ་ཕེབས་ཐུབ་ན་དེ་ནི་དོན་སྙིང་ལྡན་པའི་འཚེ་མེད་ཀྱི་བྱ་བ་རླབས་ཆེན་ཞིག་ཡིན་པ་སྨྲོས་མི་དགོས།", "target": "སྤྱི ར་ འགྲོ་བ་ མི འི་ རིགས་ ལ་ དོན་དམ་སེམས་ཁམས་ སློབ་གསོ་ རྒྱབ་ ཏེ་ དཀར་ཟས་ ཀྱི་ ལམ་ ལ་ ཕེབས་ ཐུབ་ ན་ དེ་ ནི་ དོན་སྙིང་ ལྡན་པ འི་ འཚེ་ མེད་ ཀྱི་ བྱ་བ་ རླབས་ཆེན་ ཞིག་ ཡིན་པ་ སྨྲོས་ མི་ དགོས །" }, { "source": "རེད་དེ་ས་མཐོའི་ཚལ་རིགས་དང་ཤིང་འབྲས་ཉུང་བའི་འབྲོག་ཁུལ་ནང་རང་རང་གི་ལུས་པོའི་བདེ་ཐང་དགོས་མཁོར་གཞིགས་ཏེ་ཤ་མཆོད་མཁན་ཡང་གཏན་གཏན་མང་པོ་ཡོད།", "target": "རེད་ དེ་ ས་མཐོ འི་ ཚལ་རིགས་ དང་ ཤིང་འབྲས་ ཉུང་བ འི་ འབྲོག་ ཁུལ་ ནང་ རང་ རང་ གི་ ལུས་ པོ འི་ བདེ་ཐང་ དགོས་མཁོ ར་ གཞིགས་ ཏེ་ ཤ་མཆོད་མཁན་ ཡང་ གཏན་ གཏན་ མང་པོ་ ཡོད །" }, { "source": "དེ་ཚོར་རང་ཉིད་ཀྱིས་བདག་ཉར་བྱས་པའི་སེམས་ཅན་གྱི་ཤ་ཟ་བའི་དབང་ཆ་མེད་ལ། རང་ལ་དགོས་པའི་ཤ་དེ་ཚོ་ཁྲོམ་རྭའི་ཐོག་ནས་རིན་གོང་མཐོ་པོ་སྤྲད་དེ་ཉོ་དགོས་པའི་ལམ་བུ་འདི་ནི་ཅི་འདྲའི་ཐབས་སྐྱོ་པོ་གཅིག་མ་ཡིན་ནམ།", "target": "དེ་ ཚོར་ རང་ ཉིད་ ཀྱིས་ བདག་ཉར་ བྱས་པ འི་ སེམས་ཅན་ གྱི་ ཤ་ ཟ་བ འི་ དབང་ཆ་ མེད་ ལ ། རང་ ལ་ དགོས་པ འི་ ཤ་ དེ་ ཚོ་ ཁྲོམ་ རྭའི་ ཐོག་ ནས་ རིན་གོང་ མཐོ་པོ་ སྤྲད་ དེ་ ཉོ་ དགོས་པ འི་ ལམ་བུ་ འདི་ ནི་ ཅི་ འདྲ འི་ ཐབས་ སྐྱོ་པོ་ གཅིག་ མ་ ཡིན་ ནམ །" }, { "source": "འབྲི་གཡག་དང་ར་ལུག་ཡོད་ཚད་སྲོག་བསླུ་བཏང་སྟེ་སྐྱེ་སྒོ་མ་བཀག་ན་གྲངས་འབོར་ཚད་མེད་འཕེལ་ཏེ་རྩ་ཐང་དང་འབྱུང་ཁམས་ལ་གཏོར་བཤིག་ཕོག་སྟེ་མཐར་སྲོག་ཆགས་ཡོད་ཚད་འཚོ་ཐབས་མེད་པའི་ས་རྒྱུ་བྱེ་ཐང་ཅན་དུ་འགྱུར་ངེསཡིན་པ་ཚན་རིག་མཁས་པས་གཅིག་མིན་དུ་མར་གླེང་བཞིན་ཡོད་ལ་ལྷག་དོན་བོད་ཡུལ་དུ་ཆར་ཆུ་ཉུང་བས་གནམ་གཤིས་ལོ་རེར་ཚ་དྲོད་ཇེ་ཆེར་འཕེལ་བས་གངས་འཁྱགས་མང་པོ་ཞུར་བ་དང་ས་རྒྱུ་སྐམ་ཤས་ཇེ་ཆེར་འགྱུར་ཏེ་སྔོ་ལྗང་གི་སྐྱེ་དངོས་ལོ་རེ་བཞིན་ཇེ་ཉུང་ངང་ས་རྒྱུ་བྱེ་ཐང་གི་རྣམ་པ་མངོན་དང་མངོན་མུས་ཡིན།", "target": "འབྲི་གཡག་ དང་ ར་ལུག་ ཡོད་ཚད་ སྲོག་བསླུ་ བཏང་ སྟེ་ སྐྱེ་སྒོ་ མ་ བཀག་ ན་ གྲངས་འབོར་ ཚད་མེད་ འཕེལ་ ཏེ་ རྩ་ ཐང་ དང་ འབྱུང་ཁམས་ ལ་ གཏོར་བཤིག་ ཕོག་ སྟེ་ མཐ ར་ སྲོག་ཆགས་ ཡོད་ཚད་ འཚོ་ཐབས་ མེད་པ འི་ ས་ རྒྱུ་ བྱེ་ཐང་ཅན་ དུ་ འགྱུར་ ངེསཡིན་པ་ ཚན་རིག་མཁས་པ ས་ གཅིག་ མིན་ དུ་ མ ར་ གླེང་ བཞིན་ ཡོད་ ལ་ ལྷག་ དོན་ བོད་ཡུལ་ དུ་ ཆར་ཆུ་ ཉུང་བ ས་ གནམ་ གཤིས་ ལོ་རེ ར་ ཚ་དྲོད་ ཇེ་ཆེ ར་ འཕེལ་བ ས་ གངས་འཁྱགས་ མང་པོ་ ཞུར་བ་ དང་ ས་རྒྱུ་ སྐམ་ཤས་ ཇེ་ཆེ ར་ འགྱུར་ ཏེ་ སྔོ་ལྗང་ གི་ སྐྱེ་དངོས་ལོ་ རེ་ བཞིན་ ཇེ་ ཉུང་ ངང་ས་ རྒྱུ་བྱེ་ ཐང་ གི་ རྣམ་པ་ མངོན་ དང་ མངོན་མུས་ ཡིན །" }, { "source": "ཡང་འབྲི་གཡག་སོགས་སྲོག་ཆགས་དེ་དག་གི་སྐྱེ་སྒོ་བཀག་ན་མཐར་གྲངས་འབོར་ཇེ་ཉུང་ངང་བརྒྱུད་པ་ཡང་གཏོངས་ཉེན་ཡོད།", "target": "ཡང་ འབྲི་ གཡག་ སོགས་ སྲོག་ཆགས་ དེ་ དག་ གི་ སྐྱེ་སྒོ་ བཀག་ ན་ མཐ ར་ གྲངས་ འབོ ར་ ཇེ་ ཉུང་ ངང་ བརྒྱུད་པ་ ཡང་ གཏོངས་ཉེན་ ཡོད །" }, { "source": "རང་བྱུང་ཁམས་ཀྱི་སྐྱེ་ཁམས་དོ་མཉམ་གནས་ལུགས་དང་སྐྱེ་ཁམས་ཚད་མཐུན་འཕེལ་གྲིབ་སོགས་ལ་མ་བསམ་པར་ཤེས་རབ་མེད་པའི་སྙིང་རྗེས་ཙམ་གྱིས་ནི་མཐར་བོད་ཡུལ་རྒུད་པའི་རྒུད་པར་ལྷུང་ངེས་ཡིན།", "target": "རང་ བྱུང་ ཁམས་ ཀྱི་ སྐྱེ་ཁམས་ དོ་མཉམ་གནས་ལུགས་ དང་ སྐྱེ་ཁམས་ ཚད་མཐུན་ འཕེལ་གྲིབ་ སོགས་ ལ་ མ་ བསམ་པ ར་ ཤེས་རབ་ མེད་པ འི་ སྙིང་རྗེ ས་ ཙམ་ གྱིས་ ནི་ མཐ ར་ བོད་ཡུལ་ རྒུད་པ འི་ རྒུད་པ ར་ ལྷུང་ ངེས་ ཡིན །" }, { "source": "ཁ་ཚ་དགོས་གཏུགས་འགྲོ་བ་མི་ལ་དགོས་པའི་མི་ཆོས་གཙང་མའི་སློབ་གསོ་དང་འབྲོག་ཁུལ་གྱི་ཆེས་རྗེས་ལུས་ཀྱི་ལྟ་བ་ཕོ་མཆོག་མོ་དམན་ངང་བུད་མེད་མང་པོར་ཕ་འདི་ཡིན་འདི་མིན་གྱི་བྱིས་ཕྲུག་མང་པོ་བཟོས་ཏེ་དོན་དམ་འདྲ་མཉམ་འཚོ་བ་མེད་ལ་མི་ཚེ་སྡུག་བསྔལ་ངང་རྫོགས་འགྲོ་བའི་གནས་ཚུལ་དེ་ཚོ་ཐག་གཅོད་དང་ཡིག་རྨོངས་འབྲོག་པའི་ས་ཁུལ་གྱི་སློབ་གསོའི་བྱ་བར་མཐོང་ཆེན། འབྲོག་ཁུལ་དུ་འབྱུང་ཁམས་བདག་སྐྱོང་གི་ལྟ་བ་གོང་སྤེལ་སོགས་མ་མཛད་པར་སྒེར་གཅོད་ཀྱི་དབང་འཛིན་རིང་ལུགས་ཐབས་ལམ་དེ་དག་མུ་མཐུད་དམ་འཛིན་བྱེད་བཞིན་པཅི་འདྲའི་ཐབས་སྡག་ཅིག་རེད་ཨང་།", "target": "ཁ་ཚ་ དགོས་ གཏུགས་ འགྲོ་བ་ མི་ ལ་ དགོས་པ འི་ མི་ཆོས་གཙང་མ འི་ སློབ་གསོ་ དང་ འབྲོག་ཁུལ་ གྱི་ ཆེས་ རྗེས་ ལུས་ ཀྱི་ ལྟ་བ་ ཕོ་མཆོག་ མོ་དམན་ ངང་ བུད་མེད་ མང་པོ ར་ ཕ་ འདི་ ཡིན་ འདི་ མིན་ གྱི་ བྱིས་ཕྲུག་ མང་པོ་ བཟོས་ ཏེ་ དོན་དམ་འདྲ་མཉམ་ འཚོ་བ་ མེད་ ལ་ མི་ཚེ་ སྡུག་བསྔལ་ ངང་ རྫོགས་ འགྲོ་བ འི་ གནས་ཚུལ་ དེ་ ཚོ་ ཐག་ གཅོད་ དང་ ཡིག་ རྨོངས་ འབྲོག་པ འི་ ས་ཁུལ་ གྱི་ སློབ་གསོའི་ བྱ་བ ར་ མཐོང་ཆེན ། འབྲོག་ཁུལ་ དུ་ འབྱུང་ཁམས་ བདག་ སྐྱོང་ གི་ ལྟ་བ་ གོང་སྤེལ་ སོགས་ མ་ མཛད་པ ར་ སྒེར་ གཅོད་ ཀྱི་ དབང་འཛིན་ རིང་ལུགས་ ཐབས་ལམ་ དེ་ དག་ མུ་མཐུད་ དམ་འཛིན་ བྱེད་ བཞིན་ པཅི་ འདྲ འི་ ཐབས་སྡག་ ཅིག་ རེད་ ཨང་ །" }, { "source": "གཅིག་བྱས་ན་དགེ་བཅུའི་ཁྲིམས་སྲོལ་ཚོགས་པའི་ཁོངས་མི་ཁོ་རང་ཚོ་ཡང་ཤ་གཟན་ཞིག་ཡིན་མི་སྲིད་པའི་ངེས་པ་མེད་ལ་མི་དེ་ཚོའི་རིགས་ཀྱི་རང་ཉིད་ཀྱི་འཚོ་ཐབས་ཡོང་ཁུངས་ལ་བསམ་གཞིགས་ཏིལ་འབྲུ་ཙམ་ཡང་མེད་པར་མང་ཚོགས་ཀྱི་འཚོ་བར་གཉའ་གནོན་བྱེད་བཞིན་པ་དགོད་རེ་བྲོ།", "target": "གཅིག་ བྱས་ ན་ དགེ་བཅུ འི་ ཁྲིམས་ སྲོལ་ ཚོགས་པ འི་ ཁོངས་ མི་ ཁོ་ རང་ ཚོ་ ཡང་ ཤ་གཟན་ ཞིག་ ཡིན་ མི་ སྲིད་པ འི་ ངེས་པ་ མེད་ ལ་ མི་ དེ་ ཚོ འི་ རིགས་ ཀྱི་ རང་ ཉིད་ ཀྱི་ འཚོ་ཐབས་ ཡོང་ ཁུངས་ ལ་ བསམ་གཞིགས་ ཏིལ་འབྲུ་ ཙམ་ ཡང་ མེད་པ ར་ མང་ ཚོགས་ ཀྱི་ འཚོ་བ ར་ གཉའ་གནོན་ བྱེད་ བཞིན་པ་ དགོད་ རེ་ བྲོ །" }, { "source": "རང་རེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་དང་རང་ཉིད་ཁྱིམ་པ་ཞིག་དང་བུ་ཕྲུག་མང་པོ་གསོ་མཁན་གྱི་ཕ་མ་ཞིག་ཡིན་ན་ཁྱེད་རྣམས་ནས་གདམ་ག་ཇི་ལྟར་བྱེད་རྩིས་ཡོད།", "target": "རང་རེ འི་ སྤྱི་ ཚོགས་ ཀྱི་ དཔལ་ འབྱོར་ གནས་ བབ་ དང་ རང་ ཉིད་ ཁྱིམ་པ་ ཞིག་ དང་ བུ་ཕྲུག་ མང་པོ་ གསོ་མཁན་ གྱི་ ཕ་མ་ ཞིག་ ཡིན་ ན་ ཁྱེད་ རྣམས་ ནས་ གདམ་ག་ ཇི་ ལྟ ར་ བྱེད་རྩིས་ ཡོད །" }, { "source": "གནས་ཚུལ་གང་འདྲ་ཞིག་ཡིན་ཡང་མི་བསྡད་སར་རང་ཉིད་བསྡད་དེ་བསམ་གཞིགས་བྱས་ན་དོན་དངོས་ཀྱི་གསང་བ་རྟོགས་ཡོང་གི་རེད།", "target": "གནས་ཚུལ་ གང་ འདྲ་ ཞིག་ ཡིན་ ཡང་ མི་ བསྡད་ས ར་ རང་ཉིད་ བསྡད་ དེ་ བསམ་གཞིགས་ བྱས་ ན་ དོན་ དངོས་ ཀྱི་ གསང་བ་ རྟོགས་ ཡོང་ གི་ རེད །" }, { "source": "བྱས་ཙང་སྒེར་གཅོད་ཀྱི་ལྟ་བ་དེ་དག་ཐལ་ཆ་ཆེ་དྲག་མི་ཉན་ལ་ཆོས་པ་རང་ཉིད་ཀྱི་འཚོ་བའི་ཡོང་ཁུངས་ལ་བསམ་གཞིགས་མང་ཙམ་མཛད་དེ་བྱ་བ་རྩོམ་རྒྱུ་གལ་འགངས་ཤིན་ཏུ་ཆེ་ལ།", "target": "བྱས་ ཙང་སྒེ ར་ གཅོད་ ཀྱི་ ལྟ་བ་ དེ་ དག་ ཐལ་ཆ་ ཆེ་དྲག་ མི་ ཉན་ ལ་ ཆོས་པ་ རང་ ཉིད་ ཀྱི་ འཚོ་བ འི་ ཡོང་ ཁུངས་ ལ་ བསམ་གཞིགས་ མང་ཙམ་ མཛད་ དེ་ བྱ་བ་ རྩོམ་ རྒྱུ་ གལ་ འགངས་ ཤིན་ ཏུ་ ཆེ་ ལ །" }, { "source": "ཆོས་པ་དང་འཇིག་རྟེན་ཁྱིམ་པའི་འཚོ་ཐབས་གཅིག་པ་མིན་ལ་ཆོས་པ་དང་འཇིག་རྟེན་ཁྱིམ་པར་ངོ་སྤྲོད་ཀྱི་ཆོས་ལུགས་སློབ་གསོའི་ཐབས་ལམ་ཡང་གཅིག་པ་ཡིན་མི་སྲིད་དེ།", "target": "ཆོས་པ་ དང་ འཇིག་རྟེན་ ཁྱིམ་པ འི་ འཚོ་ཐབས་ གཅིག་པ་ མིན་ ལ་ ཆོས་པ་ དང་ འཇིག་རྟེན་ ཁྱིམ་པ ར་ ངོ་སྤྲོད་ ཀྱི་ ཆོས་ལུགས་ སློབ་གསོ འི་ ཐབས་ལམ་ ཡང་ གཅིག་པ་ ཡིན་ མི་ སྲིད་ དེ །" }, { "source": "ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཏེ་ཡོད་ཚད་གཞན་བརྟེན་གྱི་འཚོ་བ་རོལ་མཁན་དང་།", "target": "ཁྱིམ་ ནས་ ཁྱིམ་མེད་ པ ར་ རབ་ ཏུ་ བྱུང་ ཏེ་ ཡོད་ཚད་ གཞན་ བརྟེན་ གྱི་ འཚོ་བ་ རོལ་མཁན་ དང་ །" }, { "source": "ཁྱིམ་ས་བཟུང་སྟེ་རང་གི་ལག་གཉིས་ལ་བརྟེན་ནས་ངལ་རྩོལ་སྣ་ཚོགས་ཀྱི་དཀའ་ངལ་ངང་འཇིག་རྟེན་འཚོ་གནས་ལ་འབད་བརྩོན་དང་སྲི་ཞུ་སྒྲུབ་མཁན་གྱི་བོད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གཉིས་ཀྱི་འཚོ་བའི་ཐབས་ལམ་ཡང་གཅིག་པ་མིན་པསོ།།", "target": "ཁྱིམ་ས་ བཟུང་ སྟེ་ རང་ གི་ ལག་ གཉིས་ ལ་ བརྟེན་ ནས་ ངལ་རྩོལ་ སྣ་ཚོགས་ ཀྱི་ དཀའ་ངལ་ ངང་ འཇིག་རྟེན་ འཚོ་གནས་ ལ་ འབད་བརྩོན་ དང་ སྲི་ཞུ་ སྒྲུབ་ མཁན་ གྱི་ བོད་ རྒྱ་ཆེ འི་ ཞིང་ འབྲོག་ མང་ཚོགས་ གཉིས་ ཀྱི་ འཚོ་བ འི་ ཐབས་ལམ་ ཡང་ གཅིག་པ་ མིན་ པསོ ། །" } ]