[ { "source": "ངའི་བསམ་པའི་བརྩེ་དུངས་ཀྱི་རྩིག་ལྡེབས་ངོས་སུ་ལྷམ་མེར་བཀྲ་བའི་དྲན་འཛིན་གྱི་རི་མོ་སྟེ་ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ཅིང་དུས་ཀྱི་ཆར་ཆུ་ཡིས་འཇིག་མི་ནུས་པ་ནི་ང་ཚོའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ་རེད།", "target": "ང འི་ བསམ་པ འི་ བརྩེ་དུངས་ ཀྱི་ རྩིག་ལྡེབས་ ངོས་ སུ་ ལྷམ་མེ ར་ བཀྲ་བ འི་ དྲན་འཛིན་ གྱི་ རི་མོ་ སྟེ་ ལོ་ཟླ འི་ རླུང་འཚུབ་ ཀྱིས་ བསུབ་ མི་ ཐུབ་ ཅིང་ དུས་ ཀྱི་ ཆར་ཆུ་ ཡིས་ འཇིག་ མི་ ནུས་པ་ ནི་ ང་ཚོ འི་ སྡེ་འདབས་ ཀྱི་ རྐང་ལམ་ ཕྲ་མོ་ དེ་ རེད །" }, { "source": "རྒྱུ་མཚན་ནི།", "target": "རྒྱུ་མཚན་ ནི །" }, { "source": "རྐང་ལམ་ཕྲ་མོ་དེ་ནི་ངའི་ཕ་ཡུལ་གྱི་རྒྱུ་ལམ་ཉག་ཅིག་ཡིན་ལ།", "target": "རྐང་ལམ་ ཕྲ་མོ་ དེ་ ནི་ ང འི་ ཕ་ ཡུལ་ གྱི་ རྒྱུ་ལམ་ ཉག་ ཅིག་ ཡིན་ ལ །" }, { "source": "དུས་རབས་ཅི་འདྲ་མང་པོའི་རིང་ལ་མི་རབས་ནས་མི་རབས་བར་དུ་ལོ་རྒྱུས་ཀྱི་ཞབས་རྗེས་བགྲང་ལས་འདས་པ་ཞིག་ལམ་ཕྲན་འདིའི་སྟེང་དུ་བཞག་ཡོད་པ་དང༌།", "target": "དུས་རབས་ ཅི་ འདྲ་ མང་པོ འི་ རིང་ ལ་ མི་རབས་ ནས་ མི་ རབས་བ ར་ དུ་ ལོ་རྒྱུས་ ཀྱི་ ཞབས་རྗེས་ བགྲང་ལས་ འདས་པ་ ཞིག་ ལམ་ཕྲན་འདི འི་ སྟེང་ དུ་ བཞག་ ཡོད་པ་ དང༌ །" }, { "source": "དཀའ་ཚེགས་ཆེ་ཞིང་རྩོལ་བ་བསྐྱེད་པའི་རྔུལ་ཆུ་ཅི་འདྲ་མང་པོ་ཞིག་རྐང་ལམ་འདིའི་སྟེང་དུ་སིམ་ཡོད་པ་རེད་ཨང༌།", "target": "དཀའ་ཚེགས་ ཆེ་ ཞིང་ རྩོལ་བ་ བསྐྱེད་པ འི་ རྔུལ་ཆུ་ ཅི་ འདྲ་ མང་པོ་ ཞིག་ རྐང་ལམ་ འདི འི་ སྟེང་ དུ་ སིམ་ ཡོད་པ་ རེད་ ཨང༌ །" }, { "source": "དེའི་ཕྱིར།", "target": "དེ འི་ ཕྱི ར །" }, { "source": "ངས་རྐང་ལམ་ཕྲ་མོ་དེ་ཡིད་ལ་དྲན་ཐེངས་རེར། བསམ་པའི་དྲན་ཤེས་ཀྱི་ཡོལ་བའི་ངོས་ལ་འཆར་ཡན་གྱི་སྣང་བརྙན་མང་པོ་ཞིག་དབང་མེད་དུ་འཆར་འོངས་པ་དང༌།", "target": "ང ས་ རྐང་ལམ་ ཕྲ་མོ་ དེ་ ཡིད་ ལ་ དྲན་ ཐེངས་ རེར ། བསམ་པ འི་ དྲན་ཤེས་ ཀྱི་ ཡོལ་བ འི་ ངོས་ ལ་ འཆར་ཡན་གྱི་ སྣང་བརྙན་ མང་པོ་ ཞིག་ དབང་མེད་ དུ་ འཆར་ འོངས་པ་ དང༌ །" }, { "source": "བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་ཀྱི་འགྲོས་སྙན་མོ་ཞིག་ངའི་ཐོས་འཛིན་གྱི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་དང་གློ་རྒྱུའི་མཚམས་ན་ལྷང་ལྷང་དུ་གྲགས་པའི་སྣང་བ་སྟེར་ཅིང་མཆིས།", "target": "བརྗོད་བྱ་ མི་ གསལ་བ འི་ གཏམ་རྒྱུད་ ཀྱི་ འགྲོ ས་ སྙན་མོ་ ཞིག་ ང འི་ ཐོས་འཛིན་ གྱི་ བུ་ ག་ བརྒྱུད་ དེ་ སེམས་ ཀྱི་ གཏིང་ དང་ གློ་རྒྱུ འི་ མཚམས་ ན་ ལྷང་ལྷང་ དུ་ གྲགས་པ འི་ སྣང་བ་ སྟེར་ ཅིང་ མཆིས །" }, { "source": "ངོ་མ་དེ་ནི་ང་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་བའི་གནའ་སྔ་མོའི་དུས་ཀྱི་གཏམ་རྒྱུད་ཅིག་རེད།", "target": "ངོ་ མ་ དེ་ ནི་ ང་ ཚོ་ དང་ རྒྱང་ཐག་ ཤིན་ ཏུ་ རིང་བ འི་ གནའ་སྔ་མོ འི་ དུས་ ཀྱི་ གཏམ་རྒྱུད་ ཅིག་ རེད །" }, { "source": "ཡིད་འཛིན་ཆེ་ཞིང་ཁ་བརྡ་ལ་དགའ་བའི་རྒན་རྒོན་དེ་དག་གིས་སོས་དུས་ཀྱི་ཉི་མ་འཕུད་ཐབས་བྱེད་སྐབས།", "target": "ཡིད་འཛིན་ ཆེ་ ཞིང་ ཁ་བརྡ་ ལ་ དགའ་བ འི་ རྒན་རྒོན་ དེ་ དག་ གིས་ སོས་ དུས་ ཀྱི་ ཉི་མ་ འཕུད་ཐབས་ བྱེད་ སྐབས །" }, { "source": "སྐྱིད་སྡུག་གི་གཉེར་མ་ཤ་ཤུར་བབས་པའི་ནང་དུ་དགའ་སྐྱོ་འདྲེས་མའི་མིག་ཆུ་དང་བཅས་ཏེ།", "target": "སྐྱིད་ སྡུག་ གི་ གཉེར་མ་ ཤ་ཤུ ར་ བབས་པ འི་ ནང་ དུ་ དགའ་ སྐྱོ་འདྲེས་མ འི་ མིག་ ཆུ་ དང་ བཅས་ ཏེ །" }, { "source": "“གནའ་མི་གླེན་པ་དེ་ཚོ། ཨེ་ན། ས་རྩུབ་པོ་འདི་འདྲ་བ་ནས་གཞི་ཆགས་རྒྱུ་སེམས་ལ་ཇི་ལྟར་དྲན་པ་ཡིན་ནམ།", "target": "“གནའ་ མི་ གླེན་པ་ དེ་ ཚོ ། ཨེ་ ན ། ས་ རྩུབ་པོ་ འདི་ འདྲ་བ་ ནས་ གཞི་ ཆགས་རྒྱུ་ སེམས་ ལ་ ཇི་ ལྟ ར་ དྲན་པ་ ཡིན་ ནམ །" }, { "source": "ཞེས་གདུང་སེམས་དང་བཅས་ཏེ་འཁང་ར་རེ་བྱེད་པ་དང༌། དེའི་མོད་ལ། སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེའི་སྐོར་ལ་ལབ་གླེང་བྱས་ཏེ་ཉི་མ་མ་ནུབ་བར་དུ་འདུག་པ་དང༌།", "target": "ཞེས་ གདུང་སེམས་ དང་ བཅས་ ཏེ་ འཁང་ར་རེ་ བྱེད་པ་ དང༌ ། དེ འི་ མོད་ ལ ། སྡེ་ འདབས་ ཀྱི་ རྐང་ ལམ་ ཕྲ་མོ་ དེ འི་ སྐོར་ ལ་ ལབ་གླེང་ བྱས་ ཏེ་ ཉི་མ་ མ་ ནུབ་བ ར་ དུ་ འདུག་པ་ དང༌ །" }, { "source": "སྐབས་རེར་ལྟ་བ་མ་མཐུན་པར་ཚིག་རྩོད་བྱེད་པའང་ཡོད།", "target": "སྐབས་ རེ ར་ ལྟ་བ་ མ་ མཐུན་པ ར་ ཚིག་རྩོད་ བྱེད་པ འང་ ཡོད །" }, { "source": "“ཁྱོད་ཀྱིས་ཅི་ཤེས།", "target": "“ཁྱོད་ ཀྱིས་ ཅི་ ཤེས །" }, { "source": "རུས་ལྡོང་ཅན་གྱི་རྒད་པོ་དེས་ང་རྒྱལ་དང་བཅས་ཏེ་དེ་ལྟར་བཤད།", "target": "རུས་ལྡོང་ཅན་ གྱི་ རྒད་པོ་ དེ ས་ ང་རྒྱལ་ དང་ བཅས་ ཏེ་ དེ་ ལྟ ར་ བཤད །" }, { "source": "“ཨ་ཧ། ལབ་རྒྱག་ན་ཁྱི་ལབ་མ་རྒྱགཁྲ་ཆུང་མིག་གིས་མཐོང་བ་མེད་ཀྱང༌། དར་ལུང་རྣ་བའི་ཐོས་ཚུལ་ལོས་ཡོད།", "target": "“ཨ་ཧ ། ལབ་ རྒྱག་ ན་ ཁྱི་ལབ་ མ་ རྒྱག ཁྲ་ཆུང་ མིག་ གིས་ མཐོང་བ་ མེད་ ཀྱང༌ ། དར་ ལུང་ རྣ་བ འི་ ཐོས་ཚུལ་ ལོས་ ཡོད །" }, { "source": "མ་གིའི་རྐང་ལམ་ཕྲ་མོ་དེ་ནི། སྨུག་པོ་གླིང་གི་གདུང་རྒྱུད། གླིང་ལྷ་སྡེ་དཀར་པོའི་རྒྱལ་པོ། མ་སེང་ལྕམ་འབྲུག་མོའི་བདག་པོ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རྟ་རྐྱང་རྒོད་གཡེར་བར་བཅིབས་ཏེ་ཧོར་སྡིག་ཅན་བཤན་པ་རྨེ་རུ་རྩེ་སྐེ་ལྕགས་ཐག་ཤ་ལེར་ཁྲིད་པའི་ཤུལ་ཡིན།", "target": "མ་ གི འི་ རྐང་ལམ་ ཕྲ་མོ་ དེ་ ནི ། སྨུག་པོ་ གླིང་ གི་ གདུང་ རྒྱུད ། གླིང་ ལྷ་ སྡེ་ དཀར་པོ འི་ རྒྱལ་པོ ། མ་ སེང་ལྕམ་ འབྲུག་མོ འི་ བདག་པོ ། གླིང་ སེང་ཆེན་ ནོར་བུ་ དགྲ་འདུལ་ གྱིས་ རྟ་རྐྱང་རྒོད་གཡེར་བ ར་ བཅིབས་ ཏེ་ ཧོར་ སྡིག་ཅན་ བཤན་པ་ རྨེ་རུ་ རྩེ་ སྐེ་ ལྕགས་ཐག་ ཤ་ལེ ར་ ཁྲིད་པ འི་ ཤུལ་ ཡིན །" }, { "source": "”སྒྲུང་བ་རྒད་པོས་བདེན་བདེན་ཅོག་ཅོག་གི་གཏམ་དེ་ལྟ་བུ་ཞིག་ལབ་བྱུང༌།", "target": "”སྒྲུང་བ་ རྒད་པོ ས་ བདེན་ བདེན་ཅོག་ ཅོག་ གི་ གཏམ་ དེ་ ལྟ་བུ་ ཞིག་ ལབ་ བྱུང༌ །" }, { "source": "དེར་མཐུད་ནས་རྒན་རྒོན་རྣམས་ཀྱིས་ཀྱང་རང་གི་འདོད་ཚུལ་རྣམས་ལྷུག་གེར་སྨྲས་པ་དང༌།", "target": "དེ ར་ མཐུད་ ནས་ རྒན་རྒོན་ རྣམས་ ཀྱིས་ ཀྱང་ རང་ གི་ འདོད་ཚུལ་ རྣམས་ ལྷུག་གེ ར་ སྨྲས་པ་ དང༌ །" }, { "source": "ལ་ལས་ལམ་ཕྲན་ད་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲེའུ་བྱང་ཆུབ་སེམས་དཔའ་རི་པོ་ཏ་ལ་རུ་བསྒོམ་དུ་བཏང་བའི་ལམ་ཡིན་ཟེར།", "target": "ལ་ ལས་ ལམ་ ཕྲན་ད་ ནི་ འཕགས་པ་ སྤྱན་རས་གཟིགས་ ཀྱིས་ སྤྲེའུ་ བྱང་ཆུབ་སེམས་དཔའ་ རི་ པོ་ཏ་ལ་ རུ་ བསྒོམ་ དུ་ བཏང་བ འི་ ལམ་ ཡིན་ ཟེར །" }, { "source": "ལ་ལས་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་བྲོས་པའི་ཤུལ་ཡིན་ཟེར།", "target": "ལ་ ལས་ ལྷ་ལུང་དཔལ་རྡོར་ གྱིས་ རྒྱལ་པོ་ གླང་དར་མ་ བཀྲོངས་ རྗེས་ བྲོས་པ འི་ ཤུལ་ ཡིན་ ཟེར །" }, { "source": "འགའ་ཞིག་གིས་རི་དྭགས་རྒྱུ་བའི་ལམ་ཡིན་ཟེར་བས།", "target": "འགའ་ ཞིག་ གིས་ རི་དྭགས་ རྒྱུ་བ འི་ ལམ་ ཡིན་ ཟེར་བ ས །" }, { "source": "རྐང་ལམ་ཕྲ་མོ་དེ་རྒན་རྒོན་རྣམས་ཀྱི་རྩོད་གཞི་ཆེནཔོ་ཞིག་ཏུ་གྱུར་ཏེ་ཐག་གཅོད་མ་ཐུབ།", "target": "རྐང་ ལམ་ ཕྲ་མོ་ དེ་ རྒན་རྒོན་ རྣམས་ ཀྱི་ རྩོད་གཞི་ ཆེནཔོ་ ཞིག་ ཏུ་ གྱུར་ ཏེ་ ཐག་ གཅོད་ མ་ ཐུབ །" }, { "source": "རྒན་རྒོན་རྣམས་ཀྱི་ཚིག་རྩོད་དེས་ངའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་ནི་བཤད་མ་དགོས་མོད།", "target": "རྒན་རྒོན་ རྣམས་ ཀྱི་ ཚིག་རྩོད་ དེ ས་ ང འི་ སེམས་ ལ་ བག་ཆགས་ ཟབ་མོ་ ཞིག་ བཞག་པ་ ནི་ བཤད་ མ་ དགོས་ མོད །" }, { "source": "འོན་ཀྱང༌། ད་ལྟའང་ད་དུང་རྐང་ལམ་ཕྲ་མོ་དེ་ངའི་མིག་ལམ་དུ་གསལ་གྱི་ལེར་འཆར་བའི་རྒྱུ་མཚན་ནི་དེ་ཁོ་ན“ལ་རག་ལས་པ་ཞིག་ག་ལ་ཡིན།", "target": "འོན་ ཀྱང༌ ། ད་ ལྟ འང་ ད་དུང་ རྐང་ལམ་ ཕྲ་མོ་ དེ་ ང འི་ མིག་ ལམ་ དུ་ གསལ་གྱི་ལེ ར་ འཆར་བ འི་ རྒྱུ་མཚན་ ནི་ དེ་ཁོ་ན “ལ་ རག་ལས་ པ་ ཞིག་ ག་ ལ་ ཡིན །" }, { "source": "ཆར་བ་ཟིམ་ཟིམ་དུ་འབབ་པའི་ཉིན་ཞིག་ལ། ངས་ཐེངས་དང་པོར་དཔེ་ཁུག་ཁུར་ཏེ་ང་ཚོའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ་དེད་ནས་སློབ་གྲྭར་སོང་བ་ཡིན།", "target": "ཆར་བ་ ཟིམ་ཟིམ་ དུ་ འབབ་པ འི་ ཉིན་ཞིག་ ལ ། ང ས་ ཐེངས་ དང་པོ ར་ དཔེ་ཁུག་ ཁུར་ ཏེ་ ང་ ཚོ འི་ སྡེ་འདབས་ ཀྱི་ རྐང་ལམ་ ཕྲ་མོ་ དེ་ དེད་ ནས་ སློབ་གྲྭ ར་ སོང་བ་ ཡིན །" }, { "source": "རྐང་ལམ་ཕྲ་མོ་དེ་ནི་ང་ཚོའི་སྡེ་འདབས་ནས་ཐུར་དུ་སྐྱ་ཐག་གེར་ཡོད་ཀྱང༌།", "target": "རྐང་ ལམ་ ཕྲ་མོ་ དེ་ ནི་ ང་ ཚོ འི་ སྡེ་འདབས་ ནས་ ཐུར་ དུ་ སྐྱ་ཐག་ གེ ར་ ཡོད་ ཀྱང༌ །" }, { "source": "ཉིན་དེར་ཆར་བས་བྲན་པར་བརྟེན་སྣུམ་ཤིག་གེ། སྨུག་སེང་ངེར་འདུགལམ་དཀྱིལ་གྱི་རྡེའུ་ཟེགས་རྣམས་བརླན་ཞིང་འཇམ་ལ། སྣུམ་ཞིང་འོད་འཕྲོ་བ་དང༌།", "target": "ཉིན་ དེ ར་ ཆར་བ ས་ བྲན་པ ར་ བརྟེན་སྣུམ་ ཤིག་ གེ ། སྨུག་སེང་ ངེར་ འདུག ལམ་ དཀྱིལ་ གྱི་ རྡེའུ་ ཟེགས་ རྣམས་ བརླན་ ཞིང་ འཇམ་ ལ ། སྣུམ་ ཞིང་ འོད་ འཕྲོ་བ་ དང༌ །" }, { "source": "ལམ་འགྲམ་གྱི་ལྗོན་ཤིང་ཐོར་བུ་དང༌། དྲ་མ་དང་ལྕང་མ་ལ་སོགས་པ་ཆར་རླུང་འཇམ་པོའི་གྲོགས་དང་བསྡེབས་ནས་དལ་བུས་གཡོ་ཞིང་ཡོད་པས།", "target": "ལམ་འགྲམ་ གྱི་ ལྗོན་ཤིང་ ཐོར་བུ་ དང༌ ། དྲ་མ་ དང་ ལྕང་མ་ ལ་ སོགས་པ་ ཆར་རླུང་ འཇམ་པོ འི་ གྲོགས་ དང་ བསྡེབས་ ནས་ དལ་བུ ས་ གཡོ་ ཞིང་ ཡོད་པ ས །" }, { "source": "རི་སྐེད་དུ་ཕར་གུག་ཚུར་ཡོན་གྱི་ཚུལ་དུ་ཡོད་པའི་རྐང་ལམ་ཕྲ་མོ་དེ་ལའང་སྲོག་གི་དབང་བོ་ཞུགས་ཏེ་གཡུ་འབྲུག་གསོན་པོ་ཞིག་འཁྱུག་ལྡེམ་བྱེད་པ་དང་ཨ་ན་མ་ན་རེད།", "target": "རི་ སྐེད་ དུ་ ཕ ར་ གུག་ ཚུ ར་ ཡོན་ གྱི་ ཚུལ་ དུ་ ཡོད་པ འི་ རྐང་ ལམ་ ཕྲ་མོ་ དེ་ ལ འང་ སྲོག་ གི་ དབང་བོ་ ཞུགས་ ཏེ་ གཡུ་འབྲུག་གསོན་པོ་ ཞིག་ འཁྱུག་ལྡེམ་ བྱེད་པ་ དང་ ཨ་ན་ མ་ ན་ རེད །" }, { "source": "དེར་བརྟེན། ང་རང་ཕ་ཡུལ་ལ་དགའ་བའི་འདུན་མ་ཞིག་བཅོས་མིན་དུ་སྐྱེས་འོངས་པ་དང༌། རྒན་རྒོན་རྣམས་ཀྱི་ཚིག་རྩོད་དེའང་དབང་མེད་དུ་དྲན་འོངས་པས།", "target": "དེ ར་ བརྟེན ། ང་ རང་ ཕ་ཡུལ་ ལ་ དགའ་བ འི་ འདུན་མ་ ཞིག་ བཅོས་མིན་ དུ་ སྐྱེས་ འོངས་པ་ དང༌ ། རྒན་རྒོན་ རྣམས་ ཀྱི་ ཚིག་ རྩོད་ དེ འང་ དབང་མེད་ དུ་ དྲན་ འོངས་པ ས །" }, { "source": "འགུལ་ཤེས་པའི་ལམ་ཕྲན་གསོན་པོ་དེས་ངའི་ཡིད་ལ་ངོ་མཚར་བའི་འཆར་སྣང་སྣ་ཚོཊ་སྐྱེས་སུ་བཅུགརྐང་ལམ་ཕྲ་མོ་འདི་གཤགས་མཁན་ནི་ལྷ་མི་དང་བཅས་པའི་འགྲོ་བ་གང་ཞིག་ཡིན་ན་ཡང་ངོ་མ་རླབས་ཆེ་བ་རེད།", "target": "འགུལ་ཤེས་པ འི་ ལམ་ ཕྲན་གསོན་པོ་ དེ ས་ ང འི་ ཡིད་ ལ་ ངོ་ མཚར་བ འི་ འཆར་སྣང་ སྣ་ཚོཊ་ སྐྱེས་ སུ་ བཅུག རྐང་ ལམ་ ཕྲ་མོ་ འདི་ གཤགས་མཁན་ ནི་ ལྷ་མི་ དང་ བཅས་པ འི་ འགྲོ་བ་ གང་ ཞིག་ ཡིན་ ན་ ཡང་ ངོ་ མ་ རླབས་ ཆེ་བ་ རེད །" }, { "source": "གཡང་གཟར་བའི་བྲག་རི་འདི་ལྟ་བུའི་ངོས་ནས་ལམ་བཏོད་རྒྱུའི་བློ་སྐྱེས་པ་དེ་ནི་བློ་གྲོས་ཀྱི་དྭངས་མ་ཡིན་ལ།", "target": "གཡང་ གཟར་བ འི་ བྲག་རི་ འདི་ ལྟ་བུ འི་ ངོས་ ནས་ ལམ་ བཏོད་རྒྱུ འི་ བློ་ སྐྱེས་པ་ དེ་ ནི་ བློ་གྲོས་ ཀྱི་ དྭངས་མ་ ཡིན་ ལ །" }, { "source": "བློ་དེ་ལག་ལེན་དུ་བཏབ་པ་ནི་གསར་སྐྲུན་གྱི་ཉིང་བཅུད་རེད།", "target": "བློ་ དེ་ ལག་ལེན་ དུ་ བཏབ་པ་ ནི་ གསར་ སྐྲུན་གྱི་ཉིང་བཅུད་ རེད །" }, { "source": "གྱ་གྱུའི་རྐང་ལམ་འདི་ཁྱོན་དོག་ཅིང་ལ་གཟར་ལ་ཁུག་པ་མང་ན་ཡང༌།", "target": "གྱ་ གྱུ འི་ རྐང་ལམ་ འདི་ ཁྱོན་ དོག་ཅིང་ ལ་ གཟར་ ལ་ ཁུག་པ་ མང་ ན་ ཡང༌ །" }, { "source": "ཐེངས་དང་པོར་ལམ་ཕྲན་འདིའི་ཐོག་ཏུ་རྐང་རྗེས་བཀོད་པའི་གནའ་མི་དེའི་སྤོབས་པ་ཅི་འདྲ་མཐོ་ཞིང་སྙིང་སྟོབས་ཅི་འདྲ་ཆེ་བ་དང༌།", "target": "ཐེངས་ དང་པོ ར་ ལམ་ཕྲན་འདི འི་ ཐོག་ ཏུ་ རྐང་རྗེས་ བཀོད་པ འི་ གནའ་ མི་ དེ འི་ སྤོབས་པ་ ཅི་ འདྲ་ མཐོ་ ཞིང་ སྙིང་སྟོབས་ ཅི་ འདྲ་ ཆེ་བ་ དང༌ །" }, { "source": "ཐེངས་དང་པོར་ལམ་ཕྲན་འདི་དེད་ནས་རི་རྩེ་ལ་སླེབས་པའི་དཔའ་བོ་དེའི་བློ་རྒྱ་ཅི་འདྲ་ཆེ་ཞིང་མིག་རྒྱང་ཅི་འདྲའི་རིང་བ་ཞིག་རེད་ཨང༌།", "target": "ཐེངས་ དང་པོ ར་ ལམ་ཕྲན་ འདི་ དེད་ ནས་ རི་རྩེ་ ལ་ སླེབས་པ འི་ དཔའ་བོ་ དེ འི་ བློ་རྒྱ་ ཅི་ འདྲ་ ཆེ་ ཞིང་ མིག་ རྒྱང་ ཅི་ འདྲ འི་ རིང་བ་ ཞིག་ རེད་ཨང༌ །" }, { "source": "རྒྱུ་མཚན་ནི། གནའ་མི་དེས་མིའི་ལོ་རྒྱུས་ཐོག་གི་ལམ་དང་པོ་བཏོད་པ་དང༌།", "target": "རྒྱུ་མཚན་ ནི ། གནའ་ མི་ དེ ས་ མི འི་ ལོ་རྒྱུས་ ཐོག་ གི་ ལམ་ དང་པོ་ བཏོད་པ་ དང༌ །" }, { "source": "དཔའ་བོ་དེས་མིའི་རེགས་ལ་འཚོ་བའི་ལམ་དང་མ་འོངས་པར་བགྲོད་པའི་ལམ་དང་པོ་གསར་གཏོད་མཛད་པ་རེད།", "target": "དཔའ་བོ་ དེ ས་ མི འི་ རེགས་ ལ་ འཚོ་བ འི་ ལམ་ དང་ མ་འོངས་པ ར་ བགྲོད་པ འི་ ལམ་ དང་པོ་ གསར་གཏོད་ མཛད་པ་ རེད །" }, { "source": "ཡིན་ན་ཡང༌། ཁོང་གིས་ང་ཚོ་ལ་དཔའ་བོའི་མཛད་རྗེས་མ་གཏོགས་ཅི་ཡང་མ་བཞག་ལ།", "target": "ཡིན་ ན་ ཡང༌ ། ཁོང་ གིས་ ང་ ཚོ་ ལ་ དཔའ་བོ འི་ མཛད་རྗེ ས་ མ་ གཏོགས་ ཅི་ ཡང་ མ་ བཞག་ ལ །" }, { "source": "ཐ་ན་རང་གི་མཚན་ཡང་འཇོག་མ་འདོད་པར་ལོ་རྒྱུས་འཕེལ་འགྲོས་ཀྱི་ཆུ་ཀླུང་ཆེན་པོའི་བྱེ་མའི་ནང་དུ་སྦས་པ་རེད།", "target": "ཐ་ ན་ རང་ གི་ མཚན་ ཡང་ འཇོག་ མ་ འདོད་པ ར་ ལོ་རྒྱུས་ འཕེལ་འགྲོས་ ཀྱི་ ཆུ་ཀླུང་ ཆེན་པོ འི་ བྱེ་མ འི་ ནང་ དུ་ སྦས་པ་ རེད །" }, { "source": "ཁྲེལ་མེད་ཀྱི་མི་རྣམས་ཨ།", "target": "ཁྲེལ་མེད་ ཀྱི་ མི་ རྣམས་ ཨ །" }, { "source": "ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཤེས་པ་ལས།", "target": "ཁྱོད་ ཚོ་ དཔའ་བོ ས་ བཏོད་པ འི་ ལམ་ དུ་ འགྲོ་ ཤེས་པ་ ལས །" }, { "source": "དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་མི་བྱེད་པར་མ་ཟད།", "target": "དཔའ་བོ འི་ མཛད་རྗེས་ དང་ མཚན་སྙན་ ལ་ མོས་གུས་ དང་ བསྔགས་བརྗོད་ མི་ བྱེད་པ ར་ མ་ ཟད །" }, { "source": "ད་དུང་འཁང་ར་དང་སྡང་སེམས་འཛིན་དོན་ཅི་ཡོད།", "target": "ད་དུང་ འཁང་ར་ དང་ སྡང་སེམས་ འཛིན་ དོན་ ཅི་ ཡོད །" }, { "source": "ཁྱོད་ཀྱིས་གནའ་མིས་བཏོད་པའི་ལམ་འགྲམ་དུ་རྐུབ་བཞག་སྟེ“གནའ་མི་གླེན་པ་དེ་ཚོ”ཞེས་དམོད་པ་བོར་དུས་ཁྱོད་ཀྱི་སྙིང་ལ་ཙག་ཤད་ཅིག་མི་རྒྱུག་གམ།", "target": "ཁྱོད་ ཀྱིས་ གནའ་མི ས་ བཏོད་པ འི་ ལམ་ འགྲམ་ དུ་ རྐུབ་ བཞག་ སྟེ“གནའ་ མི་ གླེན་པ་ དེ་ ཚོ ”ཞེ ས་ དམོད་པ་ བོར་ དུས་ ཁྱོད་ ཀྱི་ སྙིང་ ལ་ ཙག་ཤད་ ཅིག་ མི་ རྒྱུག་ གམ །" }, { "source": "ངོ་མ། ཁོང་ཚོས་ང་ཚོ་ལ་རྐང་ལམ་ཕྲ་མོ་ཞིག་མ་གཏོགས་འཇོག་མ་ཐུབ། ཡིན་ན་ཡང༌། ལོ་ངོ་ཁྲི་སྟོང་མང་པོའི་རིང་ལ། ལམ་ཕྲན་འདི་རྒྱ་ཇེ་ཆེ་དང་ཁོད་ཇེ་སྙོམ་ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་གླེན་རྟཊ་ག་ལ་ཡིན།", "target": "ངོ་ མ ། ཁོང་ ཚོ ས་ ང་ ཚོ་ ལ་ རྐང་ལམ་ ཕྲ་མོ་ ཞིག་ མ་ གཏོགས་ འཇོག་ མ་ ཐུབ ། ཡིན་ ན་ ཡང༌ ། ལོ་ ངོ་ ཁྲི་ སྟོང་ མང་པོ འི་ རིང་ ལ ། ལམ་ཕྲན་ འདི་ རྒྱ་ ཇེ་ ཆེ་ དང་ ཁོད་ ཇེ་སྙོམ་ ཁྱོན་ ཇེ་ཡངས་ སུ་ གཏོང་ མ་ ཐུབ་པ་ དེ་ ནི་ ང་ ཚོ འི་ ངོ་ཚ་ ཡིན་པ་ ལས་ གནའ་མི འི་ གླེན་རྟཊ་ག་ ལ་ ཡིན །" }, { "source": "ཁོང་ཚོས་ང་ཚོར་བཞག་པའི་རྐང་ལམ་ཕྲ་མོ་འདི་ནི་རང་བཞིན་གྱི་ལམ་དཀྱུས་མ་ཞིག་མ་ཡིན་ཏེ།", "target": "ཁོང་ ཚོ ས་ ང་ཚོ ར་ བཞག་པ འི་ རྐང་ ལམ་ ཕྲ་མོ་ འདི་ ནི་ རང་བཞིན་ གྱི་ ལམ་ དཀྱུས་མ་ ཞིག་ མ་ ཡིན་ ཏེ །" }, { "source": "ལམ་ཕྲན་འདིས་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་མར་བསྐྲུན་ཏེ་རིག་དར་གྱི་བོད་རིགས་འདི་སྔོན་ཐོན་གྱི་རི་རྩེར་བསྐྱལ་བ་དང༌།", "target": "ལམ་ཕྲན་འདི ས་ བོད་ གངས་ཅན་ གྱི་ ལོ་རྒྱུས་ ཐོག་མ ར་ བསྐྲུན་ ཏེ་ རིག་དར་ གྱི་ བོད་ རིགས་ འདི་ སྔོན་ ཐོན་ གྱི་ རི་རྩེ ར་ བསྐྱལ་བ་ དང༌ །" }, { "source": "ལྔ་རིག་གི་གླེགས་མཛོད་ཀྱིས་ལྕགས་རི་བསྐོར་ཏེ་འཛམ་གླིང་གི་ཡང་རྩེ་ནས་ཁྱིམ་གཞི་བཙུགས་ཤིང༌།", "target": "ལྔ་རིག་ གི་ གླེགས་མཛོད་ ཀྱིས་ ལྕགས་རི་ བསྐོར་ ཏེ་ འཛམ་གླིང་ གི་ ཡང་ རྩེ་ ནས་ ཁྱིམ་གཞི་ བཙུགས་ ཤིང༌ །" }, { "source": "དེ་ནས་བཟུང་གདོང་དམར་བོད་ཀྱི་རུས་རྒྱུད་རྣམས་རྒྱུན་མ་ཆད་པར་དར་བ་ཡིན།", "target": "དེ་ ནས་ བཟུང་གདོང་དམར་བོད་ ཀྱི་ རུས་རྒྱུད་ རྣམས་ རྒྱུན་ མ་ ཆད་པ ར་ དར་བ་ ཡིན །" }, { "source": "ཁྲེལ་ཡོད་ཀྱི་མི་རྣམས་ཨ།", "target": "ཁྲེལ་ ཡོད་ ཀྱི་ མི་ རྣམས་ ཨ །" }, { "source": "ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཕོད་པར་མ་ཟད།", "target": "ཁྱོད་ ཚོ་ དཔའ་བོ ས་ བཏོད་པ འི་ ལམ་ དུ་ འགྲོ་ ཕོད་པ ར་ མ་ ཟད །" }, { "source": "དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་ཀྱང་མཛད་ཡོད་མོད།", "target": "དཔའ་བོ འི་ མཛད་རྗེས་ དང་ མཚན་སྙན་ ལ་ མོས་གུས་ དང་ བསྔགས་བརྗོད་ ཀྱང་ མཛད་ ཡོད་ མོད །" }, { "source": "འོན་ཀྱང་ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་དང་མཁས་མཛངས་ཀྱི་བློ་གྲོས་ལ་སློབ་སྦྱོང་མི་བྱེད་པའམ་ཡང་བྱེད་རྫི་མཁས་པའ། རྨོངས་ཚོད་ཀྱི་སྒོ་ནས་དཔའ་བོའི་མཛད་རྗེས་རྣམས་ངག་གི་ཕྲེང་བར་བཟློ་བ་ཙམ་གྱིས་ཅི་ལ་ཕན།", "target": "འོན་ ཀྱང་ ཁོང་ ཚོ འི་ གསར་ གཏོད་ ཀྱི་ སྙིང་སྟོབས་ དང་ མཁས་མཛངས་ཀྱི་ བློ་གྲོས་ ལ་ སློབ་སྦྱོང་ མི་ བྱེད་ པའམ་ ཡང་ བྱེད་ རྫི་མཁས་ པའ ། རྨོངས་ཚོད་ ཀྱི་ སྒོ་ ནས་ དཔའ་བོ འི་ མཛད་རྗེས་ རྣམས་ ངག་ གི་ ཕྲེང་བ ར་ བཟློ་བ་ ཙམ་ གྱིས་ ཅི་ ལ་ ཕན །" }, { "source": "ངའི་སེམས་ལ་དེ་ལྟར་དྲན་པའི་མོད་ལ། གདོང་ཚ་ལམ་ལམ་དུ་གྱུར་བ་དང་ཡིད་ལ་ནོངས་འགྱོད་ཀྱིས་གདུངས་ཏེ་སེམས་ལ་འདི་སྙམ་དུ་བསམ་བྱུང༌།", "target": "ང འི་ སེམས་ ལ་ དེ་ལྟ ར་ དྲན་པ འི་ མོད་ ལ ། གདོང་ ཚ་ལམ་ལམ་ དུ་ གྱུར་བ་ དང་ ཡིད་ ལ་ ནོངས་འགྱོད་ ཀྱིས་ གདུངས་ ཏེ་ སེམས་ ལ་ འདི་ སྙམ་ དུ་ བསམ་ བྱུང༌ །" }, { "source": "ང་རང་ཡང་བོད་གདོང་དམར་གྱི་རྒྱུད་པ་ཡིན་མོད། འོན་ཀྱང༌། གནའ་མིས་བཏོད་པའི་རྐང་ལམ་ཕྲ་མོ་འདི་རྒྱ་ཆེ་རུ་གཏོང་བ་ལ་ས་འཇོར་གཅིག་བརྐོས་མ་མྱོང་ལ་ཁེམ་གང་ཡང་བཅུས་མ་མྱོང༌།", "target": "ང་ རང་ ཡང་ བོད་གདོང་དམར་ གྱི་ རྒྱུད་པ་ ཡིན་ མོད ། འོན་ ཀྱང༌ ། གནའ་མི ས་ བཏོད་པ འི་ རྐང་ ལམ་ ཕྲ་མོ་ འདི་ རྒྱ་ ཆེ་རུ་ གཏོང་བ་ ལ་ ས་འཇོར་ གཅིག་ བརྐོས་ མ་ མྱོང་ ལ་ ཁེམ་ གང་ ཡང་ བཅུས་ མ་ མྱོང༌ །" }, { "source": "རྐང་ལམ་ཕྲ་མོ་འདིའིཐོག་ཏུ་གོམ་པའི་འདེགས་འཇོག་ཅི་ཙམ་བསྒྱུར་བ་ནི་བགྲང་གིས་མི་ལང་ན་ཡང༌། རྐང་ལམ་ཕྲ་མོ་འདིའི་ཕན་ཡོན་དང༌། ནང་སྒོས་སུ་རྐང་ལམ་ཕྲ་མོ་འདི་ལ་གཟི་བརྗིད་དང་ལ་རྒྱ་སྣོན་རྒྱུ་ནི་ཡིད་ལའང་དྲན་མ་མྱོང༌།", "target": "རྐང་ ལམ་ ཕྲ་མོ་ འདིའིཐོག་ ཏུ་ གོམ་པ འི་ འདེགས་འཇོག་ ཅི་ ཙམ་ བསྒྱུར་བ་ ནི་ བགྲང་ གིས་ མི་ ལང་ ན་ ཡང༌ ། རྐང་ ལམ་ ཕྲ་མོ་ འདི འི་ ཕན་ཡོན་ དང༌ ། ནང་ སྒོས་ སུ་ རྐང་ ལམ་ ཕྲ་མོ་ འདི་ ལ་ གཟི་བརྗིད་ དང་ ལ་རྒྱ་ སྣོན་ རྒྱུ་ ནི་ ཡིད་ ལ འང་ དྲན་ མ་ མྱོང༌ །" }, { "source": "ངོ་ཚ་འདི་ལས་ཆེ་བ་དང༌། འགྱོད་པ་འདི་ལས་ལྷག་པ་ཞིག་གང་ན་ཡོད།", "target": "ངོ་ཚ་ འདི་ ལས་ ཆེ་བ་ དང༌ ། འགྱོད་པ་ འདི་ ལས་ ལྷག་པ་ ཞིག་ གང་ ན་ ཡོད །" }, { "source": "ད་ལྟ་གཞུང་ལམ་དང༌། ལྕགས་ལམ། མཁའ་ལམ། མཚོ་ལམ་སོགས་ཡོད་ལ།", "target": "ད་ ལྟ་ གཞུང་ལམ་ དང༌ ། ལྕགས་ལམ ། མཁའ་ལམ ། མཚོ་ ལམ་ སོགས་ ཡོད་ ལ །" }, { "source": "ཐ་ན་ཟླ་བའི་ཁང་བཟང་དུ་བགྲོད་པའི་ལམ་ཡང་ཡོད་པས།", "target": "ཐ་ ན་ ཟླ་བ འི་ ཁང་བཟང་ དུ་ བགྲོད་པ འི་ ལམ་ ཡང་ ཡོད་པ ས །" }, { "source": "ང་ཚོའི་ཡི་རིགས་འདི་ད་དུང་བོང་བུར་ཞོན་ནས་རྐང་ལམ་ཕྲ་མོ་འདིའི་ཐོག་ཏུ་སོས་དལ་བག་ཕེབས་ཀྱིས་འགྲོ་ཞིང་མཆིས།", "target": "ང་ ཚོ འི་ ཡི་ རིགས་ འདི་ ད་དུང་ བོང་བུ ར་ ཞོན་ ནས་ རྐང་ལམ་ ཕྲ་མོ་ འདི འི་ ཐོག་ ཏུ་ སོས་དལ་བག་ཕེབས་ ཀྱིས་ འགྲོ་ ཞིང་ མཆིས །" }, { "source": "འོ། ལམ་སྐེད་ཀྱི་མི་དེ་ནི་བླ་མ་ཞིག་རེད།", "target": "འོ ། ལམ་ སྐེད་ ཀྱི་ མི་ དེ་ ནི་ བླ་མ་ ཞིག་ རེད །" }, { "source": "ཁོང་གིསབརྟན་ཅིང་བརྗིད་པའི་ཞབས་རྗེས་རྐང་ལམ་འདིར་བཀོད་པ་དང༌། “བླ་མ་ལ་སྐྱབས་སུ་མཆིའོ”ཞེས་པའི་གསུང་གི་སྒྲ་དབྱངས་རྐང་ལམ་ཕྲ་མོའི་བར་སྣང་དུ”ཁེངས་འདུགདེའི་རྗེས་སུ་ཛབྲངས་པའི་མི་དེ་ནི་བཙུན་པ་ཞིག་རེད། “དགེ་འདུན་ལ་སྐྱབས་སུ་མཆིའོ”ཞེས་པའི་གསུང་སྐད་དེ་བླ་མའི་གསུང་དང་གཞི་གཅིག་ཏུ་འདྲེས་པ་དང༌། བྲག་ཅའི་སྐད་དང་བསྡོངས་ནས་བླ་བཙུན་གཉིས་ཀྱི་གསུང་སྐད་དེ་“ཆོས་ལ་སྐྱོབས་སུ་མཆིའོ”ཞེས་པར་གྱུར་སོང༌།", "target": "ཁོང་ གིས བརྟན་ ཅིང་ བརྗིད་པ འི་ ཞབས་རྗེས་ རྐང་ལམ་ འདི ར་ བཀོད་པ་ དང༌ ། “བླ་མ་ ལ་ སྐྱབས་ སུ་ མཆི འོ ”ཞེས་པ འི་ གསུང་ གི་ སྒྲ་དབྱངས་ རྐང་ལམ་ ཕྲ་མོ འི་ བར་སྣང་ དུ ” ཁེངས་ འདུག དེ འི་ རྗེས་ སུ་ ཛབྲངས་པ འི་ མི་ དེ་ ནི་ བཙུན་པ་ ཞིག་ རེད ། “དགེ་འདུན་ ལ་ སྐྱབས་ སུ་ མཆི འོ ”ཞེས་པ འི་ གསུང་ སྐད་ དེ་ བླ་མ འི་ གསུང་ དང་ གཞི་ གཅིག་ ཏུ་ འདྲེས་པ་ དང༌ ། བྲག་ཅ འི་ སྐད་ དང་ བསྡོངས་ ནས་ བླ་བཙུན་ གཉིས་ ཀྱི་ གསུང་ སྐད་ དེ་ “ཆོས་ ལ་ སྐྱོབས་ སུ་ མཆིའོ ” ཞེས་པ ར་ གྱུར་ སོང༌ །" }, { "source": "ངོ་མ། ཁོང་ཚོ་ལ་བསམ་བློའི་རྒྱབ་རྩ་བརྟེན་སའི་རྟེན་གཞི་ཡོད་མོད།", "target": "ངོ་ མ ། ཁོང་ ཚོ་ ལ་ བསམ་ བློ འི་ རྒྱབ་ རྩ་ བརྟེན་ ས འི་ རྟེན་གཞི་ ཡོད་ མོད །" }, { "source": "འོན་ཀྱང་རྐང་བའི་འདེགས་འཇོག་བསྒྱུར་ས་ནི་རྐང་ལམ་ཕྲ་མོ་འདི་རེད།", "target": "འོན་ ཀྱང་ རྐང་བ འི་ འདེགས་འཇོག་ བསྒྱུར་ས་ ནི་ རྐང་ལམ་ ཕྲ་མོ་ འདི་ རེད །" }, { "source": "ལམ་ཕྲན་འདི་བརྒྱུད་མྱོང་མཁན་དང་རྐང་ལམ་ཕྲ་མོ་འདིའི་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་ནི་ངའི་བློ་ངོར་མི་ཤོང་བའི་གནད་དོན་ཞིག་ཡིན་ན་ཡང༌།", "target": "ལམ་ཕྲན་ འདི་ བརྒྱུད་ མྱོང་མཁན་ དང་ རྐང་ལམ་ ཕྲ་མོ་ འདི འི་ བར་ ལ་ འབྲེལ་བ་ ཅི་ ཞིག་ ཡོད་པ་ ནི་ ང འི་ བློ་ངོ ར་ མི་ ཤོང་བ འི་ གནད་དོན་ ཞིག་ ཡིན་ ན་ ཡང༌ །" }, { "source": "ང་ཚོའི་མི་རིགས་འདི་དང་རྐང་ལམ་ཕྲ་མོ་འདིའི་བར་ལ་འགལ་བ་ཡོད་པ་ནི་མངོན་སུམ་གྱི་མཚན་མ་ཞིག་རེད།", "target": "ང་ ཚོ འི་ མི་ རིགས་ འདི་ དང་ རྐང་ལམ་ ཕྲ་མོ་ འདི འི་ བར་ ལ་ འགལ་བ་ ཡོད་པ་ ནི་ མངོན་སུམ་ གྱི་ མཚན་མ་ ཞིག་ རེད །" }, { "source": "གཅིག་བྱས་ན་སེམས་ཀྱི་རྟ་ལ་བཅིབས་ཏེ་ཐར་བའི་ལམ་དུ་བགྲོད་པའི་དམ་པ་ནི་ཡོད་དུ་སྲིད་ཀྱང༌།", "target": "གཅིག་ བྱས་ ན་ སེམས་ ཀྱི་ རྟ་ ལ་ བཅིབས་ ཏེ་ ཐར་བ འི་ ལམ་ དུ་ བགྲོད་པ འི་ དམ་པ་ ནི་ ཡོད་ དུ་ སྲིད་ ཀྱང༌ །" }, { "source": "ཐར་པའི་ལམ་སྣ་ཟིན་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན་སྐྱབས་ནི་དཀའ་ཙམ་གདའ།", "target": "ཐར་པ འི་ ལམ་སྣ་ ཟིན་ ནས་ འགྲོ་བ འི་ སྡུག་བསྔལ་ སེལ་བ འི་ མགོན་སྐྱབས་ ནི་ དཀའ་ ཙམ་ གདའ །" }, { "source": "དེ་ཚོ་ནི་ཚུལ་ཇི་ལྟ་བུ་ཡིན་ནའང་ཡིན་དུ་ཆུགང་རང་དགའ་ས་ནི་རྐང་ལམ་ཕྲ་མོ་འདི་ཡིན་ལ། ང་རང་སྐྱོ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན།", "target": "དེ་ ཚོ་ ནི་ ཚུལ་ ཇི་ ལྟ་བུ་ ཡིན་ ན འང་ ཡིན་ དུ་ ཆུག ང་ རང་ དགའ་ས་ ནི་ རྐང་ལམ་ ཕྲ་མོ་ འདི་ ཡིན་ ལ ། ང་ རང་ སྐྱོ་ས་ ཡང་ རྐང་ ལམ་ ཕྲ་མོ་ འདི་ ཡིན །" }, { "source": "ལོ་ཞིག་ལ། ཆར་ཆུ་ཤིན་ཏུ་མོད་པས་ཆུ་ལོག་བྱུང་སྟེ་རྐང་ལམ་ཕྲ་མོ་འདི་ཁ་ཤོ་སྣ་ལོ་ཅན་དུ་བཏང་སོང༌།", "target": "ལོ་ ཞིག་ ལ ། ཆར་ཆུ་ ཤིན་ ཏུ་ མོད་པ ས་ ཆུ་ལོག་ བྱུང་ སྟེ་ རྐང་ ལམ་ ཕྲ་མོ་ འདི་ ཁ་ཤོ་སྣ་ ལོ་ཅན་ དུ་ བཏང་ སོང༌ །" }, { "source": "ཡ་མཚར་བ་ནི། ལམ་ཕྲན་འདི་ལ་སྲུང་སྐྱོབ་བྱེད་མཁན་མེད་པ་དང༌། རྐང་ལམ་འདི་ལ་བཟོ་བཅོས་བྱེད་མཁན་ཡང་མ་བྱུང༌།", "target": "ཡ་མཚར་བ་ ནི ། ལམ་ཕྲན་ འདི་ ལ་ སྲུང་སྐྱོབ་ བྱེད་མཁན་ མེད་པ་ དང༌ ། རྐང་ལམ་ འདི་ ལ་ བཟོ་བཅོས་ བྱེད་མཁན་ ཡང་ མ་ བྱུང༌ །" }, { "source": "ཉིན་ཞིག་ར་རྫི་ཞིག་གིས་ར་ཁྱུ་ཞིག་དེད་ནས་རྐང་ལམ་ཕྲ་མོ་འདི་བརྒྱུད་པས།", "target": "ཉིན་ ཞིག་ ར་རྫི་ ཞིག་ གིས་ ར་ཁྱུ་ ཞིག་ དེད་ ནས་ རྐང་ལམ་ ཕྲ་མོ་ འདི་ བརྒྱུད་པ ས །" }, { "source": "ཆུ་ལོག་གིས་གཤོས་པའི་ཁ་ཤོ་དེའི་ཉག་ཁུག་ཏུ་སླར་ཡང་མི་བགྲོད་ཆོག་པའི་ལམ་ཕྲན་ཞིག་བཏོད་པ་དང༌།", "target": "ཆུ་ལོག་ གིས་ གཤོས་པ འི་ ཁ་ ཤོ་དེ འི་ ཉག་ཁུག་ ཏུ་ སླ ར་ ཡང་ མི་ བགྲོད་ ཆོག་པ འི་ ལམ་ཕྲན་ ཞིག་ བཏོད་པ་ དང༌ །" }, { "source": "མ་གཞི་ནས་གྱ་གྱུ་མང་བའི་ལམ་ཕྲན་དེ་སྔར་བས་ཀྱང་གྱ་ཁ་གྱུ་ཁུག་མང་བ་ཞིག་ཏུ་གྱུར་སོང༌།", "target": "མ་ གཞི་ ནས་ གྱ་ གྱུ་ མང་བ འི་ ལམ་ ཕྲན་ དེ་ སྔ ར་ བས་ ཀྱང་ གྱ་ ཁ་ གྱུ་ཁུག་ མང་བ་ ཞིག་ ཏུ་ གྱུར་ སོང༌ །" }, { "source": "སྐབས་དེར། སོས་དལ་གྱི་རྒན་རྒོན་ཚོས་སླར་ཡང་ཚིག་རྩོད་བྱེད་མགོ་བརྩམས་སོང༌།", "target": "སྐབས་ དེ ར ། སོས་དལ་ གྱི་ རྒན་རྒོན་ ཚོ ས་ སླ ར་ ཡང་ ཚིག་རྩོད་ བྱེད་མགོ་ བརྩམས་ སོང༌ །" }, { "source": "རུས་ལྡོང་ཅན་གྱི་རྒན་པོ་དང༌། གླིང་ཚང་གི་སྒྲུང་བ། སྤྱན་རས་གཟིགས་ཀྱི་བྱིན་རླབས་སུ་སེམས་པའི་རྒན་མོ། ལྷ་ལུང་དཔལ་རྡོར་གྱི་རྗེས་འབྲངས་པ། རི་དྭགས་ལ་མོས་པའི་རྔོན་པ་སོགས་ཀྱིས་གཅིག་ཚིག་གཅིག་གིས་དགག་ནའང་རྒྱལ་ཕལ་གྱི་ཤན་ནི་འབྱེད་མ་ཐུབ།", "target": "རུས་ལྡོང་ཅན་ གྱི་ རྒན་པོ་ དང༌ ། གླིང་ ཚང་ གི་ སྒྲུང་བ ། སྤྱན་རས་གཟིགས་ ཀྱི་ བྱིན་རླབས་ སུ་ སེམས་པ འི་ རྒན་མོ ། ལྷ་ལུང་ དཔལ་རྡོར་ གྱི་ རྗེས་ འབྲངས་པ ། རི་དྭགས་ ལ་ མོས་པ འི་ རྔོན་པ་ སོགས་ ཀྱིས་ གཅིག་ ཚིག་ གཅིག་ གིས་ དགག་ ན འང་ རྒྱལ་ཕལ་ གྱི་ ཤན་ ནི་ འབྱེད་ མ་ ཐུབ །" }, { "source": "ལམ་འགྲོ་བ་ཞིག་གིས་ཁོ་ཚོའི་གཏམ་དེ་ཚོར་ནས་“ཁྱོད་ཚོའི་རྐང་ལམ་འདི་གུ་དོག་དྲགས་པས་རྒྱ་ཆེ་རུ་བཏང་ན་ཅི་མ་རུང༌། ”ཞེས་ཟེར་བ་ལ།", "target": "ལམ་འགྲོ་བ་ ཞིག་ གིས་ ཁོ་ཚོ འི་ གཏམ་ དེ་ ཚོར་ ནས་ “ཁྱོད་ ཚོ འི་ རྐང་ལམ་ འདི་ གུ་དོག་ དྲགས་པ ས་ རྒྱ་ཆེ་ རུ་ བཏང་ ན་ ཅི་ མ་ རུང༌ ། ”ཞེས་ ཟེར་བ་ ལ །" }, { "source": "རྒན་རྒོན་དེ་རྣམས་ཀྱིས་མགྲིན་གཅིག་ཏུ།", "target": "རྒན་རྒོན་ དེ་ རྣམས་ ཀྱིས་ མགྲིན་ གཅིག་ ཏུ །" }, { "source": "“ཅི་ཟིར། འདི་གཉན་དང་བཙན་གྱི་རྒྱུ་ལམ་ཡིན་པས་ས་ཁེམ་གང་བརྐོས་ན་ཡང་མཛེ་བུད་ནས་འཆི་ངེས་རེད”ཟེར།", "target": "“ཅི་ ཟིར ། འདི་ གཉན་ དང་ བཙན་གྱི་ རྒྱུ་ལམ་ ཡིན་པ ས་ ས་ཁེམ་ གང་ བརྐོས་ ན་ ཡང་ མཛེ་ བུད་ ནས་ འཆི་ ངེས་ རེད ” ཟེར །" }, { "source": "དེ་ནས་བཟུང༌། རྐང་ལམ་འདི་རྒྱ་ཆེ་རུ་གཏོང་ཕོད་མཁན་མ་བྱུང་ལ།", "target": "དེ་ ནས་ བཟུང༌ ། རྐང་ལམ་ འདི་ རྒྱ་ ཆེ་རུ་ གཏོང་ ཕོད་མཁན་ མ་ བྱུང་ ལ །" }, { "source": "རྒན་རྒོན་རྣམས་ཀྱི་ཚིག་རྩོད་ནི་སྔར་མུས་བཞིན་མཚསས་ཆད་མ་མྱོང༌།", "target": "རྒན་རྒོན་ རྣམས་ ཀྱི་ ཚིག་ རྩོད་ ནི་ སྔ ར་ མུས་བཞིན་ མཚསས་ ཆད་ མ་ མྱོང༌ །" }, { "source": "བཅིངས་འགྲོལ་བྱས་རྗེས།", "target": "བཅིངས་འགྲོལ་ བྱས་ རྗེས །" }, { "source": "འདི་གར་གཏེར་ཁ་མང་བས་རྒྱལ་ཁབ་ཀྱིས་གཏེར་འདོན་པའི་ཆེད་དུ་རླངས་འཁོར་བགྲོད་སའིགཞུང་ལམ་ཞིག་ལས་པ་དང༌།", "target": "འདི་ ག ར་ གཏེར་ ཁ་མང་བ ས་ རྒྱལ་ཁབ་ ཀྱིས་ གཏེར་ འདོན་པ འི་ ཆེད་ དུ་ རླངས་འཁོར་ བགྲོད་ སའིགཞུང་ལམ་ ཞིག་ ལས་པ་ དང༌ །" }, { "source": "གཞུང་ལམ་དེ་རྐང་ལམ་གྱི་འོག་ཏུ་ཡོད་ཅིང་རྒྱ་ཡང་ཆེ་མོད།", "target": "གཞུང་ལམ་ དེ་ རྐང་ལམ་ གྱི་ འོག་ ཏུ་ ཡོད་ ཅིང་ རྒྱ་ ཡང་ ཆེ་ མོད །" }, { "source": "འོན་ཀྱང་ང་ཚོའི་རི་སྡེ་འདིའི་མི་རྣམས་རྐང་ལམ་བརྒྱུད་ནས་འགྲོ་བ་ལས། གཞུང་ལམ་དུ་འགྲོ་མཁན་མ་བྱུང༌། ཕྱིས་སུ་མིས་འདྲུད་འཁོར་ལོ་དང༌། ཤིང་རྟ། འདྲུད་འཐེན་འཁོར་ལོ་རླངས་འཁོར་སོགས་འཁོར་ལོའི་རིགས་སྣ་ཚོགས་བྱུང་བས།", "target": "འོན་ ཀྱང་ ང་ ཚོ འི་ རི་སྡེ་ འདི འི་ མི་ རྣམས་ རྐང་ ལམ་ བརྒྱུད་ ནས་ འགྲོ་བ་ ལས ། གཞུང་ལམ་ དུ་ འགྲོ་མཁན་ མ་ བྱུང༌ ། ཕྱི ས་ སུ་ མི ས་ འདྲུད་ འཁོར་ལོ་ དང༌ ། ཤིང་ རྟ ། འདྲུད་ འཐེན་ འཁོར་ལོ་ རླངས་འཁོར་ སོགས་ འཁོར་ལོ འི་ རིགས་ སྣ་ཚོགས་ བྱུང་བ ས །" }, { "source": "ཕོ་གསར་མོ་གསར་རྣམས་ཀྱིས་གཞུང་ལམ་གྱི་ཕན་ཡོན་ཐོག་མར་རྟོགས་ན་ཡང༌།", "target": "ཕོ་གསར་ མོ་གསར་ རྣམས་ ཀྱིས་ གཞུང་ལམ་ གྱི་ ཕན་ཡོན་ ཐོག་མ ར་ རྟོགས་ ན་ ཡང༌ །" }, { "source": "སླེ་བོ་རྒྱབ་ཏུ་ཁུར་བའི་མི་ཕལ་ཆེར་ད་དུང་རྐང་ལམ་ཕྲ་མོ་བརྒྱུད་ནས་འགྲོ་ཞིང་འདུགཁོང་ཚོའི་སེམས་ལ། ལམ་ཆེ་ཡང་ལ་གཟར་བས་འཁོར་ལོའི་རིགས་ལ་ཉེན་ཁ་ཤིན་ཏུ་ཆེ་བ་དང༌།", "target": "སླེ་བོ་ རྒྱབ་ ཏུ་ ཁུར་བ འི་ མི་ ཕལ་ཆེ ར་ ད་དུང་ རྐང་ལམ་ ཕྲ་མོ་ བརྒྱུད་ ནས་ འགྲོ་ ཞིང་ འདུག ཁོང་ ཚོ འི་ སེམས་ ལ ། ལམ་ ཆེ་ ཡང་ ལ་ གཟར་ བས་ འཁོར་ལོ འི་ རིགས་ ལ་ ཉེན་ཁ་ ཤིན་ ཏུ་ ཆེ་བ་ དང༌ །" }, { "source": "བསྐོར་ཐག་རིང་ལ་ས་གཞི་ཤིན་ཏུ་མཁྲེགས་པས་རྐང་བ་ན་བའི་རྒྱུ་རེད་སྙམ།", "target": "བསྐོར་ ཐག་རིང་ ལ་ ས་གཞི་ ཤིན་ ཏུ་ མཁྲེགས་པ ས་ རྐང་བ་ ན་བ འི་ རྒྱུ་ རེད་ སྙམ །" }, { "source": "ལོ་མཇུག་གི་བསྡོམས་རྩིས་བྱེད་སྐབས་འཕྲུལ་ཆས་བཀོལ་མཁན་དང་སླེ་བོ་འཁུར་མཁན་བར་ཚིག་རྩོད་དྲག་པོ་ཞིག་ལངས་པ་དང༌།", "target": "ལོ་མཇུག་ གི་ བསྡོམས་རྩིས་ བྱེད་ སྐབས་ འཕྲུལ་ ཆས་ བཀོལ་མཁན་ དང་ སླེ་བོ་ འཁུར་ མཁན་བ ར་ ཚིག་ རྩོད་ དྲག་པོ་ ཞིག་ ལངས་པ་ དང༌ །" }, { "source": "འགལ་བ་དེ་ནི་ལོ་མུས་སུ་ཇེ་ཆེར་འགྲོ་ཞིང་གདའ།", "target": "འགལ་བ་ དེ་ ནི་ ལོ་ མུས་ སུ་ ཇེ་ཆེ ར་ འགྲོ་ ཞིང་ གདའ །" }, { "source": "ང་རྐང་ལམ་དང་གཞུང་ལས་གཉིས་ཀྱི་མཚམས་སུ་ལངས་ཏེ་འདས་པའི་བྱ་བ་རྣམས་དྲན་གསོས་པ་དང༌།", "target": "ང་ རྐང་ལམ་ དང་ གཞུང་ ལས་ གཉིས་ ཀྱི་ མཚམས་ སུ་ ལངས་ ཏེ་ འདས་པ འི་ བྱ་བ་ རྣམས་ དྲན་ གསོས་པ་ དང༌ །" }, { "source": "གྱ་གྱུའི་རྐང་ལམཕྲ་མོའི་དབེན་ཞིང་ཁ་ཁུ་སིམ་པའི་རྣམ་པ་དང༌། ཡངས་ཤིང་རྒྱ་ཆེ་ལ་རི་སྐེད་འཕྲེད་དུ་གཏུབས་པའི་གཞུང་ལམ་ཐོག་གི་རླངས་འཁོར་དང༌། ཤིང་རྟ། ལག་འདྲུད་འཁོར་ལོ་སོགས་འགྲོ་འོང་བྱེད་པའི་འདུ་འཛི་ལ་ལྟ་བཞིན།", "target": "གྱ་ གྱུ འི་ རྐང་ལམཕྲ་མོ འི་ དབེན་ ཞིང་ ཁ་ཁུ་ སིམ་པ འི་ རྣམ་པ་ དང༌ ། ཡངས་ཤིང་ རྒྱ་ཆེ་ ལ་ རི་སྐེད་ འཕྲེད་ དུ་ གཏུབས་པ འི་ གཞུང་ ལམ་ ཐོག་ གི་ རླངས་འཁོར་ དང༌ ། ཤིང་ རྟ ། ལག་འདྲུད་ འཁོར་ལོ་སོགས་ འགྲོ་འོང་ བྱེད་པ འི་ འདུ་འཛི་ ལ་ ལྟ་ བཞིན །" }, { "source": "ངའི་སེམས་ལ་རང་རེའི་མི་རིགས་དང་རང་གི་ཕ་ཡུལ་དྲན་པ་དང༌།", "target": "ང འི་ སེམས་ ལ་ རང་རེ འི་ མི་ རིགས་ དང་ རང་ གི་ ཕ་ཡུལ་ དྲན་པ་ དང༌ །" }, { "source": "ངའི་མིག་ལམ་དུ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཞིག་ཤར་བའི་མོད་ལ།", "target": "ང འི་ མིག་ ལམ་ དུ་ མཚར་སྡུག་ འོད་སྟོང་ འབར་བ འི་ མདུན་ ལམ་ ཞིག་ ཤར་བ འི་ མོད་ ལ །" }, { "source": "ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང༌།", "target": "ང འི་ གོམ་པ འང་ རང་དབང་ མེད་པ ར་ གཞུང་ལམ་ གྱི་ ཕྱོགས་ སུ་ སྤོ་ དགོས་ བྱུང༌ །" } ]