[ { "source": "སྒྲ་བསྒྱུར་མར་པ་ལོ་ཙྪའི་རྣམ་པར་ཐར་པ་མཐོང་བ་དོན་ཡོད་བཞུགས་སོ།། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི།", "target": "སྒྲ་བསྒྱུར་ མར་པ་ ལོ་ཙྪ འི་ རྣམ་པ ར་ ཐར་པ་ མཐོང་བ་ དོན་ཡོད་ བཞུགས་ སོ ། ། ན་མོ་ གུ་རུ་ དེ་ཝ་ ཌཱ་ཀི་ནི །" }, { "source": "སྔོན་སྦྱངས་ཐུགས་བསྐྱེད་སྨོན་ལམ་དུས་བབས་ལྷག་བསམ་གྲུ་གཟིངས་ནང་དུ་ལུས་སྲོག་མ་ཆགས་འགྲོ་དོན་སྦྱོར་བ་མཆོག་གིས་རབ་ཞུགས་ནས།། འཕགས་ནོར་མཐུན་རྐྱེན་ཡོ་བྱད་གཡོར་མོ་བརྩོན་འགྲུས་མཐུན་རླུང་གིས་བསྐྱོད་ཕུ་ལ་ཧ་རི་ལ་སོགས་འཕགས་ཡུལ་ཆུ་གཏེར་གླིང་ཕྱིན་ཏེ།། ནཱ་རོ་ལ་སོགས་མཆོག་གི་མཁས་གྲུབ་གདེང་ཅན་རྒྱལ་པོ་དཔལ་འབར་རྣམས་ལས་དམ་ཆོས་ནོར་བུ་དགོས་འདོད་ཆར་འབབས་བླངས་ནས་ནི།། བོད་ཡུལ་འཛམ་གླིང་དབུལ་ཕོངས་ཀུན་བསལ་འཕྲལ་ཡུན་ཟག་མེད་དགེ་ལ་འགོད་མཛད་དེད་དཔོན་དགེ་དོན་མར་པའི་ཞབས་ལ་གུས་ཕྱག་འཚལ།། རྡོ་རྗེའི་སྐུ་ཡི་ངལ་དུབ་ཁྱད་བསད་ནས།། རྒྱ་གར་མཁས་གྲུབ་མཉེས་མཛད་རྒྱལ་ཚབ་འཛིན།། གངས་རི་འི་ཁྲོད་འདིར་ཐུབ་བསྟན་རྒྱལ་མཚན་བཙུགས།།", "target": "སྔོན་ སྦྱངས་ ཐུགས་ བསྐྱེད་ སྨོན་ལམ་ དུས་ བབས་ ལྷག་བསམ་ གྲུ་གཟིངས་ ནང་ དུ་ ལུས་སྲོག་ མ་ ཆགས་ འགྲོ་དོན་ སྦྱོར་བ་ མཆོག་ གིས་ རབ་ ཞུགས་ ནས ། ། འཕགས་ནོར་ མཐུན་རྐྱེན་ ཡོ་བྱད་ གཡོར་མོ་ བརྩོན་འགྲུས་ མཐུན་ རླུང་ གིས་ བསྐྱོད་ ཕུ་ལ་ཧ་རི་ ལ་ སོགས་ འཕགས་ཡུལ་ ཆུ་གཏེར་གླིང་ ཕྱིན་ ཏེ ། ། ནཱ་རོ་ ལ་ སོགས་ མཆོག་ གི་ མཁས་གྲུབ་ གདེང་ཅན་ རྒྱལ་པོ་ དཔལ་འབར་ རྣམས་ ལས་ དམ་ཆོས་ནོར་བུ་ དགོས་འདོད་ཆར་འབབས་ བླངས་ ནས་ ནི ། ། བོད་ཡུལ་ འཛམ་གླིང་ དབུལ་ཕོངས་ ཀུན་ བསལ་ འཕྲལ་ཡུན་ ཟག་མེད་ དགེ་ ལ་ འགོད་ མཛད་ དེད་དཔོན་ དགེ་དོན་ མར་པ འི་ ཞབས་ ལ་ གུས་ ཕྱག་ འཚལ ། ། རྡོ་རྗེ འི་ སྐུ་ ཡི་ ངལ་དུབ་ ཁྱད་ བསད་ ནས ། ། རྒྱ་གར་ མཁས་གྲུབ་ མཉེས་ མཛད་ རྒྱལ་ཚབ་ འཛིན ། ། གངས་རི་ འི་ ཁྲོད་ འདི ར་ ཐུབ་བསྟན་རྒྱལ་མཚན་ བཙུགས ། །" }, { "source": "སྒྲ་བསྒྱུར་མར་པའི་སྐུ་ལ་ཕྱག་འཚལ་བསྟོད།། རྒྱལ་བ་རྣམས་ཀྱི་གསུང་གི་བདུད་རྩི་ནི།། ཚིག་དོན་མ་ལུས་འཐུངས་།། འབྲས་མངོན་གྱུར་སེང་གེ་འི་ང་རོས་ལོག་ལྟ་ཐེག་དམན་འཇོམས།། སྒྲ་བསྒྱུར་མར་པའི་གསུང་ལ་ཕྱག་འཚལ་བསྟོད།། ཤེས་བྱའི་གནས་ཚུལ་ཇི་ལྟར་ཇི་སྙེད་མཁྱེན།། བདག་པས་གཞན་གཅེས་འགྲོ་ཀུན་བརྩེ་བས་སྐྱོང་།། མཁྱེན་བརྩེའི་འོད་ཀྱིས་སྐྱེ་རྒུའི་བློ་མུན་སེལ།། སྒྲ་བསྒྱུར་མར་པའི་ཐུགས་ལ་ཕྱག་འཚལ་བསྟོད།། ཟག་མེད་བདེ་རྒྱས་གཞན་དོན་མཛད་པའི་སྐུ།། ཉམས་མྱོང་ཐེག་ཆེན་ཆོས་འཁོར་བསྐོར་བའི་གསུང་།། ཡེ་ཤེས་ལྔ་བདག་དོན་གཉིས་མཐར་ཕྱིན་ཐུགས།། སྐྱེས་མཆོག་སྒྲ་བསྒྱུར་རྗེ་བཙུན་མར་པ་ཡི།། སྐུ་གསུང་ཐུགས་ལ་གུས་པས་ཕྱག་འཚལ་བསྟོད།།", "target": "སྒྲ་བསྒྱུར་ མར་པ འི་ སྐུ་ ལ་ ཕྱག་ འཚལ་ བསྟོད ། ། རྒྱལ་བ་ རྣམས་ ཀྱི་ གསུང་ གི་ བདུད་རྩི་ ནི ། ། ཚིག་དོན་ མ་ ལུས་ འཐུངས་ ། ། འབྲས་ མངོན་གྱུར་ སེང་གེ་ འི་ ང་རོ ས་ ལོག་ལྟ་ཐེག་དམན་ འཇོམས ། ། སྒྲ་བསྒྱུར་ མར་པ འི་ གསུང་ ལ་ ཕྱག་ འཚལ་ བསྟོད ། ། ཤེས་བྱ འི་ གནས་ཚུལ་ ཇི་ ལྟ ར་ ཇི་ སྙེད་ མཁྱེན ། ། བདག་ པས་ གཞན་ གཅེས་འགྲོ་ ཀུན་ བརྩེ་བ ས་ སྐྱོང་ ། ། མཁྱེན་བརྩེ འི་ འོད་ ཀྱིས་ སྐྱེ་རྒུ འི་ བློ་མུན་ སེལ ། ། སྒྲ་བསྒྱུར་ མར་པ འི་ ཐུགས་ ལ་ ཕྱག་ འཚལ་ བསྟོད ། ། ཟག་མེད་བདེ་རྒྱས་ གཞན་དོན་ མཛད་པ འི་ སྐུ ། ། ཉམས་མྱོང་ཐེག་ཆེན་ཆོས་འཁོར་ བསྐོར་བ འི་ གསུང་ ། ། ཡེ་ཤེས་ ལྔ་ བདག་དོན་ གཉིས་ མཐ ར་ ཕྱིན་ ཐུགས ། ། སྐྱེས་མཆོག་ སྒྲ་བསྒྱུར་ རྗེ་བཙུན་ མར་པ་ ཡི ། ། སྐུ་གསུང་ཐུགས་ ལ་ གུས་པ ས་ ཕྱག་ འཚལ་ བསྟོད ། །" }, { "source": "རྒྱལ་སྲས་ཐུ་བོ་ཆོས་ཀྱི་བློ་གྲོས་ལ།། བདག་ནི་དད་པས་དབང་མེད་གུས་ཕྱག་འཚལ།། ཉིན་མཚན་ཁོར་ཡུག་སྒོ་གསུམ་རིམ་གཉིས་དང་།། གཞན་དོན་བསྒྲུབ་ལ་བརྩོན་པའི་མཆོད་པ་འབུལ།། ཐོག་མེད་དུས་ནས་།། སྒོ་གསུམ་ཉེས་ལྟུང་ཉོན་མོངས་དབང་གྱུར་གནོང་འགྱོད་དྲག་པོས་བཤགས།། དམ་པ་ཁྱོད་ཀྱིས་ཆོས་ཕྱིར་དཀའ་སྤྱད་སོགས།། མཛད་མཆོག་རྣམས་ལ་སྙིང་ནས་རྗེས་ཡི་རང་།། བདག་སོགས་འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར།། གང་ལ་གང་འདུལ་ཆོས་འཁོར་བསྐོར་བཞིག་དུ།། ཇི་སྲིད་སེམས་ཅན་སྡུག་བསྔལ་མ་བསྒྲལ་བར།། སྐྱབས་མགོན་མྱ་ངན་མི་འདའ་བཞུགས་སུ་གསོལ།། དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ།། རྒྱལ་བ་སྲས་བཅས་ཐུགས་དགོངས་ཡོངས་རྫོགས་ཤོག། སྐྱེས་མཆོག་སྒྲ་བསྒྱུར་མར་པ་ལོ་ཙྪ་ཡི།། ཡོན་ཏན་རྣམ་ཐར་ནམ་མཁའ་ལྟ་བུ་ལས།། ངོ་མཚར་མདོ་ཙམ་འགྲོ་ལ་ཕན་ཕྱིར་བཀོད།། བླ་མ་ཡི་དམ་མཁའ་འགྲོས་གནང་དུ་གསོལ།། བརྩེ་བས་གནང་ནས་བྱིན་གྱིས་བརླབ་པར་མཛོད།། དེ་ཡང་མ་རིག་པའི་འགྲོ་བ་མཐའ་དག་འདུལ་བའི་སླད་དུ་རྒྱལ་བ་གོང་མ་རྣམས་བཀའ་བགོས་མཛད་ནས། ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དེ་ཉིད་མངགས་པས། རྒྱ་གར་ཏོཾ་བྷི་ཧེ་རུ་ཀ་ཞེས་བྱ་བར་སྐྱེ་བ་བཞེས་ནས་འགྲོ་བ་མང་པོའི་དོན་མཛད་རྗེས། སླར་ཡང་གངས་ཅན་ལྗོངས་ཀྱི་འགྲོ་བ་རྣམས་འདུལ་བ་ལ་མངགས་ཕྱིར་མིར་སྐྱེ་བ་བཞེས་པས་ཏེ་བོད་གངས་ཅན་གྱི་སྐྱེ་འགྲོ་ཀུན་གྱི་དཔལ་དུ་ཤར་ནས། སངས་རྒྱས་ཀྱི་བསྟན་པ་ཉིན་མོར་མཛད་པའི་སྐྱེས་བུ་དམ་པ་། སྒྲ་སྒྱུར་མར་པ་ལོ་ཙྪ་དེ་ཉིད་ཀྱི་ངོ་མཚར་བའི་མཛད་པ་རྣམ་ཐར་ལས་སྐུ་སྐྱེ་བ་བཞེས་ནས་སྤྱིར་གྱི་དམ་པའི་ཆོས་དང་མཇལ་ཚུལ། བྱེ་བྲག་ཏུ་རྒྱ་གར་ལ་བྱོན་ནས་ཆོས་ཕྱིར་དཀའ་བ་སྤྱད་ཅིང་མཁས་གྲུབ་ཀྱི་བླ་མ་རྣམས་ལས་དམ་ཆོས་ནོད་པ་བོད་ཡུལ་དུ་སྤྱན་དྲངས་ཚུལ། ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་ཐུགས་ལ་འཁྲུངས་ཚུལ། དེའི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་མཛད་ཚུལ། བསྟན་པ་དང་སེམས་ཅན་གྱི་དོན་མཛད་ནས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་དང་ལྔའི་དང་པོ། བོད་ཡུལ་དུ་སྐུའི་སྐྱེ་བ་བཞེས་ནས་སྦྱིར་གྱི་དམ་པའི་ཆོས་དང་མཇལ་ཚུལ་ནི།", "target": "རྒྱལ་སྲས་ ཐུ་བོ་ ཆོས་ ཀྱི་ བློ་གྲོས་ ལ ། ། བདག་ ནི་ དད་པ ས་ དབང་མེད་ གུས་ ཕྱག་ འཚལ ། ། ཉིན་མཚན་ ཁོར་ཡུག་ སྒོ་ གསུམ་ རིམ་ གཉིས་ དང་ ། ། གཞན་དོན་ བསྒྲུབ་ ལ་ བརྩོན་པ འི་ མཆོད་པ་ འབུལ ། ། ཐོག་མེད་དུས་ ནས་ ། ། སྒོ་ གསུམ་ ཉེས་ལྟུང་ ཉོན་མོངས་ དབང་གྱུར་ གནོང་འགྱོད་ དྲག་པོ ས་ བཤགས ། ། དམ་པ་ ཁྱོད་ ཀྱིས་ ཆོས་ ཕྱི ར་ དཀའ་སྤྱད་ སོགས ། ། མཛད་ མཆོག་ རྣམས་ ལ་ སྙིང་ ནས་ རྗེས་ ཡི་ རང་ ། ། བདག་ སོགས་ འགྲོ་ ཀུན་ སྨིན་ ཅིང་ གྲོལ་བྱ འི་ ཕྱི ར ། ། གང་ ལ་ གང་ འདུལ་ ཆོས་འཁོར་ བསྐོར་ བཞིག་ དུ ། ། ཇི་སྲིད་ སེམས་ཅན་ སྡུག་བསྔལ་ མ་ བསྒྲལ་བ ར ། ། སྐྱབས་མགོན་ མྱ་ངན་ མི་ འདའ་ བཞུགས་ སུ་ གསོལ ། ། དགེ་བ ས་ འགྲོ་ ཀུན་ སངས་རྒྱས་ ཐོབ་ ཕྱི ར་ བསྔོ ། ། རྒྱལ་བ་ སྲས་ བཅས་ ཐུགས་དགོངས་ ཡོངས་ རྫོགས་ ཤོག ། སྐྱེས་མཆོག་ སྒྲ་བསྒྱུར་ མར་པ་ ལོ་ཙྪ་ ཡི ། ། ཡོན་ཏན་རྣམ་ཐར་ ནམ་མཁའ་ ལྟ་བུ་ ལས ། ། ངོ་མཚར་ མདོ་ ཙམ་ འགྲོ་ ལ་ ཕན་ ཕྱི ར་ བཀོད ། ། བླ་མ་ཡི་དམ་མཁའ་འགྲོ ས་ གནང་ དུ་ གསོལ ། ། བརྩེ་བ ས་ གནང་ ནས་ བྱིན་ གྱིས་ བརླབ་པ ར་ མཛོད ། ། དེ་ ཡང་ མ་ རིག་པ འི་ འགྲོ་བ་ མཐའ་དག་ འདུལ་བ འི་ སླད་ དུ་ རྒྱལ་བ་ གོང་མ་ རྣམས་ བཀའ་ བགོས་ མཛད་ ནས ། ཐུགས་ ཀྱི་ སྲས་ བྱང་ཆུབ་སེམས་དཔའ་ སེམས་དཔའ་ ཆེན་པོ་ ཀུན་ ཏུ་ བཟང་པོ་ དེ་ ཉིད་ མངགས་པ ས ། རྒྱ་གར་ ཏོཾ་བྷི་ཧེ་རུ་ཀ་ ཞེས་ བྱ་བ ར་ སྐྱེ་བ་ བཞེས་ ནས་ འགྲོ་བ་ མང་པོ འི་ དོན་ མཛད་ རྗེས ། སླ ར་ ཡང་ གངས་ཅན་ལྗོངས་ ཀྱི་ འགྲོ་བ་ རྣམས་ འདུལ་བ་ ལ་ མངགས་ ཕྱི ར་ མི ར་ སྐྱེ་བ་ བཞེས་པ ས་ ཏེ་ བོད་ གངས་ཅན་ གྱི་ སྐྱེ་འགྲོ་ ཀུན་ གྱི་ དཔལ་ དུ་ ཤར་ ནས ། སངས་རྒྱས་ ཀྱི་ བསྟན་པ་ ཉིན་མོ ར་ མཛད་པ འི་ སྐྱེས་བུ་ དམ་པ་ ། སྒྲ་སྒྱུར་ མར་པ་ ལོ་ཙྪ་ དེ་ ཉིད་ ཀྱི་ ངོ་ མཚར་བ འི་ མཛད་པ་ རྣམ་ཐར་ ལས་ སྐུ་ སྐྱེ་བ་ བཞེས་ ནས་ སྤྱི ར་ གྱི་ དམ་པ འི་ ཆོས་ དང་ མཇལ་ཚུལ ། བྱེ་བྲག་ ཏུ་ རྒྱ་གར་ ལ་ བྱོན་ ནས་ ཆོས་ ཕྱི ར་ དཀའ་བ་ སྤྱད་ ཅིང་ མཁས་གྲུབ་ ཀྱི་ བླ་མ་ རྣམས་ ལས་ དམ་ཆོས་ ནོད་པ་ བོད་ཡུལ་ དུ་ སྤྱན་ དྲངས་ཚུལ ། ཐུགས་ཉམས་ སུ་ བཞེས་པ ས་ ཉམས་རྟོགས་ ཐུགས་ ལ་ འཁྲུངས་ཚུལ ། དེ འི་ སྒོ་ ནས་ བསྟན་པ་ དང་ སེམས་ཅན་ ལ་ ཕན་ ཐོགས་ མཛད་ཚུལ ། བསྟན་པ་ དང་ སེམས་ཅན་ གྱི་ དོན་ མཛད་ ནས་ གཟུགས་སྐུ་ ཆོས་དབྱིངས་ སུ་ ཐིམ་ཚུལ་ དང་ ལྔ འི་ དང་པོ ། བོད་ཡུལ་ དུ་ སྐུ འི་ སྐྱེ་བ་ བཞེས་ ནས་ སྦྱིར་ གྱི་ དམ་པ འི་ ཆོས་ དང་ མཇལ་ཚུལ་ ནི །" }, { "source": "སྐྱེས་མཆོག་མར་པ་ལོཙྪ་དེ་ཉིད་ཀྱི་སྐུ་འཁྲུངས་པའི་ཡུལ་ལྷོ་བྲག་ཆུ་ཁྱེར་གྱི་གྲོ་བོ་ལུང་དཔེ་གསར་དུ་ཡབ་མར་པ་དབང་ཕྱུག་འོད་ཟེར་དང་། ཡུམ་རྒྱ་མོ་བཟའ་མདོ་སྡེ་ཞེས་བྱ་བ་ཡུལ་འབྲོག་གཉིས་ཀ་འཛིན་པས་ལོངས་སྤྱོད་ཤིན་ཏུ་ཆེ་བའི་ཡབ་ཡུམ་གཉིས་ལ་སྲས་ལྕམ་སྲིང་གསུམ་ཡོད་པའི་སྲས་པོ་ཆུང་བ་རྗེ་བཙུན་མར་པ་ཡིན་ལ། དེ་ཡང་སྐུ་གཞོན་ནུ་ནས་ཐུགས་ཤིན་ཏུ་གཏུམ་ཞིང་རྒོད་པས་ཡབ་ཀྱི་ཞལ་ནས་ངའི་བུ་འདི་བློ་ཕྱིར་མ་ལོག་ན་ཆོས་འཇིག་རྟེན་གང་བྱས་རུང་ཏོག་ཏུ་ཐོན་པའི་རང་གཞན་མང་པོ་ལ་ཕན་ཐོགས་ཆེན་པོ་འབྱང་བ་ཞིག་ཡོང་པ་འདུག་སྟེ། རྒྱ་ལ་བློ་ལོག་ན་རང་གཞན་ཀུན་ཕུང་ལ་སྦྱོར་བ་ཞིག་ཡོང་བ་འདུག་པས། ཁེ་ཉེན་ལ་བལྟས་ན་གདོད་ཆོས་སུ་བཙོལ་བ་ལེགས་འདུག་གསུངས་པ་ལྟར། སྔར་མཚན་དར་མ་དབང་ཕྱུག་ཟེར་བ་ལ་ལོ་བཅུ་གཉིས་ནས་ཡུལ་ན་སློབ་དཔོན་གཅིག་ཡོད་པ་དེའི་སར་མཚན་ཆོས་ཀྱི་བློ་གྲོས་སུ་གསོལ་ནས་ཆོས་སྒོར་བཅུག་སྟེ་ཀློག་ཡིག་བསླབས་པ་ལས་ཐུགས་རབ་ཆོ་བའི་སྟོབས་ཀྱིས་མཐར་ཕྱིན་པ་ཤེས་རུང་།", "target": "སྐྱེས་མཆོག་ མར་པ་ ལོཙྪ་ དེ་ ཉིད་ ཀྱི་ སྐུ་ འཁྲུངས་པ འི་ ཡུལ་ ལྷོ་བྲག་ཆུ་ཁྱེར་ གྱི་ གྲོ་བོ་ལུང་དཔེ་གསར་ དུ་ ཡབ་ མར་པ་དབང་ཕྱུག་འོད་ཟེར་ དང་ ། ཡུམ་ རྒྱ་མོ་བཟའ་མདོ་སྡེ་ ཞེས་ བྱ་བ་ ཡུལ་འབྲོག་ གཉིས་ ཀ་ འཛིན་པ ས་ ལོངས་སྤྱོད་ ཤིན་ ཏུ་ ཆེ་བ འི་ ཡབ་ཡུམ་ གཉིས་ ལ་ སྲས་ལྕམ་སྲིང་ གསུམ་ ཡོད་པ འི་ སྲས་པོ་ ཆུང་བ་ རྗེ་བཙུན་ མར་པ་ ཡིན་ ལ ། དེ་ ཡང་ སྐུ་ གཞོན་ནུ་ ནས་ ཐུགས་ ཤིན་ ཏུ་ གཏུམ་ ཞིང་ རྒོད་པ ས་ ཡབ་ ཀྱི་ ཞལ་ ནས་ ང འི་ བུ་ འདི་ བློ་ ཕྱི ར་ མ་ ལོག་ ན་ ཆོས་ འཇིག་རྟེན་ གང་ བྱས་ རུང་ ཏོག་ ཏུ་ ཐོན་པ འི་ རང་ གཞན་ མང་པོ་ ལ་ ཕན་ཐོགས་ ཆེན་པོ་ འབྱང་བ་ ཞིག་ ཡོང་པ་ འདུག་ སྟེ ། རྒྱ་ ལ་ བློ་ ལོག་ ན་ རང་ གཞན་ ཀུན་ ཕུང་ ལ་ སྦྱོར་བ་ ཞིག་ ཡོང་བ་ འདུག་པ ས ། ཁེ་ཉེན་ ལ་ བལྟས་ ན་ གདོད་ ཆོས་ སུ་ བཙོལ་བ་ ལེགས་ འདུག་ གསུངས་པ་ ལྟ ར ། སྔ ར་ མཚན་ དར་མ་དབང་ཕྱུག་ ཟེར་བ་ ལ་ ལོ་ བཅུ་ གཉིས་ ནས་ ཡུལ་ ན་ སློབ་དཔོན་ གཅིག་ ཡོད་པ་ དེ འི་ ས ར་ མཚན་ ཆོས་ ཀྱི་ བློ་གྲོས་ སུ་ གསོལ་ ནས་ ཆོས་སྒོ ར་ བཅུག་ སྟེ་ ཀློག་ཡིག་ བསླབས་པ་ ལས་ ཐུགས་རབ་ ཆོ་བ འི་ སྟོབས་ ཀྱིས་ མཐ ར་ ཕྱིན་པ་ ཤེས་ རུང་ །" }, { "source": "ཐུགས་རྒོད་པས་འཐབ་མོ་ལ་ཤིན་ཏུ་དགྱེས་ཕྱིར་ནང་མི་ཀུན་ན་རེ། འདིས་ཆེ་སྟེ་ཁོ་རང་ངམ། འོ་ཅག་གི་སྲོག་སྐྱེལ། ཆུང་སྟེ་ནོར་ཞིང་ཁང་དང་བཅས་པ་སྐྱེལ་བར་འདུག་ཟེར། ཕྱི་ནང་གི་མི་ཀུན་གྱིས་སྐུར་པ་འདེབས་ཤིང་ཟུར་དུ་འབྱེད་པ་ཞིག་བྱུང་བ་ལ་ཐུགས་འབྱུང་བའི་ཚེ། ཡབ་ཀྱི་ཞལ་ནས། ཁྱོད་རང་ཐག་རིང་གི་བླ་མ་བཟང་ས་ཞིག་ཏུ་སློབ་གཉེར་ལ་ཕྱིན་པ་ལེགས་པ་འདུག་གསུངས་པ་ལྟར། ཡབ་ཀྱི་ཞལ་ལ་ཉན་ནས་སློབ་གཉེར་ལ་ཐུགས་ཐག་བཅད་དེ་ཡབ་ཡུམ་ལ་སློབ་གཉེར་གྱི་རྒྱགས་ཞུས་པས་རེ་ཞིག་འདི་དག་གྱིས་གསུངས་ཏེ་ཆོས་རྒྱགས་ལ་ཡུམ་བཅུ་དྲུག་དུམ་ཚར་གཅིག་གི་ཤོག་བུ་ཁལ་མ་གཉིས་དང་བཅས་པ། གསེར་སྲང་གང་། དངུལ་སྐྱོགས་གཅིག་རྟ་བཟང་པོ་སེང་ལྡེང་གི་སྒ་དང་བཅས་པ། ཟ་འོག་ཡུག་གཅིག་རྣམས་ཁྱེར་ཏེ་བླ་མ་འབྲོག་མི་ལོཙྪ་བ་རྒྱ་གར་འཁོར་འཕྲལ་གྱི་སྙན་པ་ཤིན་ཏུ་ཆེ་བར་འདུག་པས་མང་མཁར་མུ་གུ་ལུང་གི་དགོན་པར་བྱོན་ནས། འབྲོག་མིའི་དྲུང་དུ་ཤོག་བུ་ཁལ་མ་གཉིས་དང་བཅས་པ་འབུལ་བར་ཕུལ་ཞབས་ལ་གཏུགས་ཏེ་ཆོས་བྱེད་པའི་ལོ་རྒྱུས་ཞུས། དབང་གདམས་ངག་གི་གསོལ་བ་བཏབ་པ་ལས། དབང་གདམས་ངག་ནི་མ་གནང་། རྒྱ་གར་གྱི་སྐད་ཐད་ཀློག་དང་འཕྲལ་སྐད་ཀྱི་ལོཙྪ་བསླབས་པས་ལོ་གསུམ་ལ་བརྡ་འཕྲད་ངེས་མཁྱེན་པར་གྱུར་ཏོ།། གཉིས་པ། བྱེ་བྲག་ཏུ་རྒྱ་གར་ལ་བྱོན་ནས་ཆོས་ཕྱིར་དཀའ་བ་སྤྱད་ཅིང་། མཁས་གྲུབ་ཀྱི་བླ་མ་རྣམས་ལས་དམ་ཆོས་ནོད་པ་བོད་ཡུལ་དུ་སྤྱན་དྲངས་ཚུལ་ལ། རྒྱ་གར་ལ་འབྱོན་ཐེངས་དང་པོ། རྒྱ་གར་ལ་ལན་གསུམ་བྱོན་པའི་དང་པོ་ལ།", "target": "ཐུགས་ རྒོད་པ ས་ འཐབ་མོ་ ལ་ ཤིན་ ཏུ་ དགྱེས་ ཕྱི ར་ ནང་མི་ ཀུན་ ན་རེ ། འདི ས་ ཆེ་ སྟེ་ ཁོ་ རང་ ངམ ། འོ་ཅག་ གི་ སྲོག་ སྐྱེལ ། ཆུང་ སྟེ་ ནོར་ ཞིང་ཁང་ དང་ བཅས་པ་ སྐྱེལ་བ ར་ འདུག་ ཟེར ། ཕྱི་ནང་ གི་ མི་ ཀུན་ གྱིས་ སྐུར་པ་ འདེབས་ ཤིང་ ཟུར་ དུ་ འབྱེད་པ་ ཞིག་ བྱུང་བ་ ལ་ ཐུགས་ འབྱུང་བ འི་ ཚེ ། ཡབ་ ཀྱི་ ཞལ་ ནས ། ཁྱོད་ རང་ ཐག་རིང་ གི་ བླ་མ་ བཟང་ ས་ ཞིག་ ཏུ་ སློབ་གཉེར་ ལ་ ཕྱིན་པ་ ལེགས་པ་ འདུག་ གསུངས་པ་ ལྟ ར ། ཡབ་ ཀྱི་ ཞལ་ ལ་ ཉན་ ནས་ སློབ་གཉེར་ ལ་ ཐུགས་ཐག་ བཅད་ དེ་ ཡབ་ཡུམ་ ལ་ སློབ་གཉེར་ གྱི་ རྒྱགས་ ཞུས་པ ས་ རེ་ ཞིག་ འདི་ དག་ གྱིས་ གསུངས་ ཏེ་ ཆོས་རྒྱགས་ ལ་ ཡུམ་ བཅུ་ དྲུག་ དུམ་ ཚར་ གཅིག་ གི་ ཤོག་བུ་ ཁལ་མ་ གཉིས་ དང་ བཅས་པ ། གསེར་ སྲང་ གང་ ། དངུལ་སྐྱོགས་ གཅིག་ རྟ་ བཟང་པོ་ སེང་ལྡེང་ གི་ སྒ་ དང་ བཅས་པ ། ཟ་འོག་ ཡུག་ གཅིག་ རྣམས་ ཁྱེར་ ཏེ་ བླ་མ་ འབྲོག་མི་ ལོཙྪ་བ་ རྒྱ་གར་ འཁོར་འཕྲལ་ གྱི་ སྙན་པ་ ཤིན་ ཏུ་ ཆེ་བ ར་ འདུག་པ ས་ མང་མཁར་མུ་གུ་ལུང་ གི་ དགོན་པ ར་ བྱོན་ ནས ། འབྲོག་མི འི་ དྲུང་ དུ་ ཤོག་བུ་ ཁལ་མ་ གཉིས་ དང་ བཅས་པ་ འབུལ་བ ར་ ཕུལ་ ཞབས་ ལ་ གཏུགས་ ཏེ་ ཆོས་ བྱེད་པ འི་ ལོ་རྒྱུས་ ཞུས ། དབང་གདམས་ངག་ གི་ གསོལ་བ་ བཏབ་པ་ ལས ། དབང་གདམས་ངག་ ནི་ མ་ གནང་ ། རྒྱ་གར་ གྱི་ སྐད་ ཐད་ ཀློག་ དང་ འཕྲལ་སྐད་ ཀྱི་ ལོཙྪ་ བསླབས་པ ས་ ལོ་ གསུམ་ ལ་ བརྡ་ འཕྲད་ ངེས་ མཁྱེན་པ ར་ གྱུར་ ཏོ ། ། གཉིས་པ ། བྱེ་བྲག་ ཏུ་ རྒྱ་གར་ ལ་ བྱོན་ ནས་ ཆོས་ ཕྱི ར་ དཀའ་བ་ སྤྱད་ ཅིང་ ། མཁས་གྲུབ་ ཀྱི་ བླ་མ་ རྣམས་ ལས་ དམ་ཆོས་ ནོད་པ་ བོད་ཡུལ་ དུ་ སྤྱན་ དྲངས་ཚུལ་ ལ ། རྒྱ་གར་ ལ་ འབྱོན་ཐེངས་ དང་པོ ། རྒྱ་གར་ ལ་ ལན་ གསུམ་ བྱོན་པ འི་ དང་པོ་ ལ །" }, { "source": "རྒྱ་གར་དུ་འབྱོན་པ་ཐུགས་ལ་ཤར་ཏེ་མཐུན་རྐྱེན་བསྒྲུབས་ནས་ཆས་པས་གྲོགས་དང་མཇལ་ཏེ་རྒྱ་གར་ལ་བྱོན་ཚུལ་རྒྱ་གར་དུ་ཕེབས་ནས་མཁས་གྲུབ་ཀྱི་བླ་མ་རྣམས་དང་མཇལ་ཏེ་ཐེག་ཆེན་གྱི་སྙིང་པོ་དོན་གྱི་དམ་ཆོས་རྣམས་ཐོབ་ཚུལ་ཐོབ་ནས་སླར་བོད་དུ་བྱོན་ཚུལ་དང་གསུམ་གྱི་དང་པོ།། རྒྱ་གར་ལ་འབྱོན་པ་ཐུགས་ལ་ཤར་ཏེ་མཐུན་རྐྱེན་བསྒྲུབས་ནས་ཆས་པས་གྲོགས་དང་མཇལ་ཏེ་རྒྱ་གར་ལ་བྱོན་ཚུལ་ནི། བླ་མ་འབྲོག་མིའི་དྲུང་དུ་འཕྲལ་སྐད་བརྡ་འཕྲོད་ཙམ་མཁྱེན་པའི་ཚེ། སྤྱིར་གྱི་བླ་མ་འབྲོག་མི་དང་ཡུན་དུ་འགྲོགས་པའི་ལས་འབྲེལ་མེད་པ་དང་། པཎ་ཆེན་ནཱ་རོ་སོགས་རྒྱ་གར་གྱི་བླ་མ་རྣམས་དང་ལས་འབྲེལ་བཟང་པོ་ཡོད་པ་སད་པའི་དུས་ལ་བབ་ཕྱིར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ནཱ་རོ་པ་དང་སྤྲོད་ཕྱིར་ཐུགས་རྒྱུད་བསྐུལ་བའི་སྟོབས་ཀྱིས་ཐུགས་ལ་ངས་བླ་མ་འདིའི་དྲུང་དུ་ཡུན་བསྲིངས་ནས་བསྡད་རུང་། བདག་མེད་མའི་དབང་བཞི་རྫོགས་རེ་ལ་འབྲི་བཅོ་ལྔ་རེ་དང་། ལྷ་མོ་རལ་གཅིག་མའི་རྗེས་གནང་རེ་ལའང་འབྲི་གཡག་རེ་ཙམ་ངེས་པར་དགོས་ཤིང་འདུག་པས། འབུལ་བ་མེད་ན་ཆོས་རྫོགས་པ་བློ་ཁ་ཁེངས་པ་ཞིག་མི་ཐོབ་པར་འདུགབརྒྱ་ལ་འབུལ་བ་འབྱོར་ན་ཆོས་རྫོགས་པ་ཐོབ་རུང་། ངའི་བླ་མ་པཎ་ཆེན་འདི་སྐད་ཞེས་བྱས་པས་ཆོག་པ་ཞིག་ཀྱང་མི་ཡོང་བ་འདུག་ཅིང་། ཁྱད་པར་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལ་ཡུད་ཙམ་ཞིག་བལྟ་བ་ལགས་པས་གཡར་པོ་གནང་བ་ཞུ་ཡང་ཞུས་ཚེ་མ་གནང་བས། བླ་མ་འདི་ལ་ཅི་མཉེས་ཀྱི་འབུལ་བ་ཞིག་ཕུལ་ལ། དེ་ལྷག་གི་ནོར་རྣམས་གསེར་དུ་སྒྲིལ། ཕ་མ་ལ་ནོར་སྐལ་གང་ཡོད་བླངས་ནས་ང་རང་ཡང་རྒྱ་གར་ལ་ཆོས་སློབ་ཏུ་འགྲོ་དགོས་དགོངས་པ་ཐུགས་ལ་ཤར་ནས།", "target": "རྒྱ་གར་ དུ་ འབྱོན་པ་ ཐུགས་ ལ་ ཤར་ ཏེ་ མཐུན་རྐྱེན་ བསྒྲུབས་ ནས་ ཆས་པ ས་ གྲོགས་ དང་ མཇལ་ ཏེ་ རྒྱ་གར་ ལ་ བྱོན་ཚུལ་ རྒྱ་གར་ དུ་ ཕེབས་ ནས་ མཁས་གྲུབ་ ཀྱི་ བླ་མ་ རྣམས་ དང་ མཇལ་ ཏེ་ ཐེག་ཆེན་ གྱི་ སྙིང་པོ་དོན་ གྱི་ དམ་ཆོས་ རྣམས་ ཐོབ་ཚུལ་ ཐོབ་ ནས་ སླ ར་ བོད་ དུ་ བྱོན་ཚུལ་ དང་ གསུམ་ གྱི་ དང་པོ ། ། རྒྱ་གར་ ལ་ འབྱོན་པ་ ཐུགས་ ལ་ ཤར་ ཏེ་ མཐུན་རྐྱེན་ བསྒྲུབས་ ནས་ ཆས་པ ས་ གྲོགས་ དང་ མཇལ་ ཏེ་ རྒྱ་གར་ ལ་ བྱོན་ཚུལ་ ནི ། བླ་མ་ འབྲོག་མི འི་ དྲུང་ དུ་ འཕྲལ་སྐད་བརྡ་འཕྲོད་ ཙམ་ མཁྱེན་པ འི་ ཚེ ། སྤྱི ར་ གྱི་ བླ་མ་ འབྲོག་མི་ དང་ ཡུན་ དུ་ འགྲོགས་པ འི་ ལས་འབྲེལ་ མེད་པ་ དང་ ། པཎ་ཆེན་ ནཱ་རོ་ སོགས་ རྒྱ་གར་ གྱི་ བླ་མ་ རྣམས་ དང་ ལས་འབྲེལ་ བཟང་པོ་ ཡོད་པ་ སད་པ འི་ དུས་ ལ་ བབ་ ཕྱི ར ། རྗེ་བཙུན་ རྡོ་རྗེ་རྣལ་འབྱོར་མ ས་ ནཱ་རོ་པ་ དང་ སྤྲོད་ ཕྱི ར་ ཐུགས་རྒྱུད་ བསྐུལ་བ འི་ སྟོབས་ ཀྱིས་ ཐུགས་ ལ་ ང ས་ བླ་མ་ འདི འི་ དྲུང་ དུ་ ཡུན་ བསྲིངས་ ནས་ བསྡད་ རུང་ ། བདག་མེད་མ འི་ དབང་ བཞི་ རྫོགས་ རེ་ ལ་ འབྲི་ བཅོ་ ལྔ་ རེ་ དང་ ། ལྷ་མོ་ རལ་གཅིག་མ འི་ རྗེས་གནང་ རེ་ ལ འང་ འབྲི་གཡག་ རེ་ ཙམ་ ངེས་པ ར་ དགོས་ ཤིང་ འདུག་པ ས ། འབུལ་བ་ མེད་ ན་ ཆོས་ རྫོགས་པ་ བློ་ཁ་ ཁེངས་པ་ ཞིག་ མི་ ཐོབ་པ ར་ འདུག བརྒྱ་ ལ་ འབུལ་བ་ འབྱོར་ ན་ ཆོས་ རྫོགས་པ་ ཐོབ་ རུང་ ། ང འི་ བླ་མ་ པཎ་ཆེན་ འདི་ སྐད་ ཞེས་ བྱས་པ ས་ ཆོག་པ་ ཞིག་ ཀྱང་ མི་ ཡོང་བ་ འདུག་ ཅིང་ ། ཁྱད་པ ར་ མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ ལ་ ཡུད་ ཙམ་ ཞིག་ བལྟ་བ་ ལགས་པ ས་ གཡར་པོ་ གནང་བ་ ཞུ་ ཡང་ ཞུས་ ཚེ་ མ་ གནང་བ ས ། བླ་མ་ འདི་ ལ་ ཅི་ མཉེས་ ཀྱི་ འབུལ་བ་ ཞིག་ ཕུལ་ ལ ། དེ་ ལྷག་ གི་ ནོར་ རྣམས་ གསེར་ དུ་ སྒྲིལ ། ཕ་མ་ ལ་ ནོར་སྐལ་ གང་ ཡོད་ བླངས་ ནས་ ང་ རང་ ཡང་ རྒྱ་གར་ ལ་ ཆོས་ སློབ་ ཏུ་ འགྲོ་ དགོས་ དགོངས་པ་ ཐུགས་ ལ་ ཤར་ ནས །" }, { "source": "བླ་མ་འབྲོག་མི་ལ་ལག་ན་གང་ཡོད་ཀྱི་ནོར་གྱི་ཐོགས་ཏེ། ཐུགས་དང་མི་འགལ་བའི་འབུལ་བ་ཕུལ། དེ་ལྷག་རྣམས་རྟ་གཅིག་དང་སེང་ལྡེང་གི་སྒ་གཅིག་ཡོད་པ་ཁྱེར་ནས་ལ་སྟོད་བྱང་གི་སྟག་རྩེའི་ཕྱོགས་སུ་གསེར་བསྒྲུབ་པ་ལ་བྱོན་ནས། རྟ་དང་སྒ་གཉིས་ཀ་གསེར་དུ་བསྒྱུར། དེ་དུས་གཞི་ར་དགོན་པ་ན་གཙང་སྒྱེར་ཕུའི་ཀློག་སྐྱ་ཇོ་སྲས་སློབ་མ་གཅིག་གིས་ཆོས་ལ་གདན་དྲངས། འབུལ་བ་བཟང་པོ་བྱས་ཏེ་ཚུར་འབྱོན་པ་དང་དུས་མཚུངས་པས་ལམ་གྲོགས་ཞུས་པས་ཐུགས་གཉེར་ཆེན་པོ་མཛད་དེ་ལམ་བརྒྱགས་དང་ཇ་ནེ་སོགས་གནང་། སྐབས་སུ་དྲེའུ་ལ་ཡང་ཞབས་བསངས་མཛད་དོ།། གྱེར་ཕུར་ཕེབས་པ་དང་མར་པས་དགེ་བཤེས་དེ་དམ་ཚིག་པར་མཁྱེན་ནས་ང་ལྷོ་བལ་དུ་ལོཙྪ་སློབ་ཏུ་འགྲོ་རྒྱུ་ཡིན་པས་ད་རེས་ཀྱང་ཁྱེད་ཀྱིས་ཐུགས་ལ་བཏགས། བདག་ཚེ་ལ་བར་ཆད་མ་བྱུང་ན་དུས་ཕྱིས་ཀྱི་ཡང་སྣ་ལོན་དར་འབབ་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཁོང་ན་རེ་ང་ན་སོ་རྒས་པས་ཕྱིས་ཁྱེད་དང་ཨེ་འཕྲད་མི་ཤེས་པས། བྱིས་པ་འདི་རྣམས་ཀྱིས་ཁྱེད་ཀྱི་འབབ་ས་དང་སྣ་ལེན་བྱེད་དུ་འཇུག་པས་ཅིས་ཀྱང་འདིར་འབྱོན་པར་མཛོད་གསུངས་ནས་གསེར་སྲང་གང་དང་སྣམ་དཀར་བུབ་གཅིག་གིས་རྫོང་བ་ཡང་བྱས་སོ།། དེ་ནས་མར་པ་ལྷོ་བྲག་ཏུ་ཕེབས་ཏེ་ཡབ་ཡུམ་ལ་རྒྱ་གར་ལ་ཆོས་སློབ་ཏུ་འགྲོ་བས་ང་རང་གི་ནོར་ཞིང་ཁང་གི་སྐལ་བ་ཚང་མར་དགོས་གསུངས་པས། ཡབ་ཡུམ་སྐུ་མཆེད་ཀུན་ཞལ་འཆམ་པར་ཁྱོད་རྒྱ་གར་དུ་ལོཙྪས་ཅི་བྱེད་ཆོས་ཀྱིས་གང་བྱེད། བོད་དུ་ཆོས་ནུས་ན་གྱིས། མི་ནུས་ན་སོ་ནམ་གྱིས་ལ་འདིར་སྡོད་ཟེར་བཤོལ་མང་པོ་འདེབས་སུ་བྱུང་བ་ལས།", "target": "བླ་མ་ འབྲོག་མི་ ལ་ ལག་ ན་ གང་ ཡོད་ ཀྱི་ ནོར་ གྱི་ ཐོགས་ ཏེ ། ཐུགས་ དང་ མི་ འགལ་བ འི་ འབུལ་བ་ ཕུལ ། དེ་ ལྷག་ རྣམས་ རྟ་ གཅིག་ དང་ སེང་ལྡེང་ གི་ སྒ་ གཅིག་ ཡོད་པ་ ཁྱེར་ ནས་ ལ་སྟོད་བྱང་ གི་ སྟག་རྩེ འི་ ཕྱོགས་ སུ་ གསེར་ བསྒྲུབ་པ་ ལ་ བྱོན་ ནས ། རྟ་ དང་ སྒ་ གཉིས་ ཀ་ གསེར་ དུ་ བསྒྱུར ། དེ་ དུས་ གཞི་ར་དགོན་པ་ ན་ གཙང་སྒྱེར་ཕུ འི་ ཀློག་སྐྱ་ ཇོ་སྲས་ སློབ་མ་ གཅིག་ གིས་ ཆོས་ ལ་ གདན་ དྲངས ། འབུལ་བ་ བཟང་པོ་ བྱས་ ཏེ་ ཚུ ར་ འབྱོན་པ་ དང་ དུས་ མཚུངས་པ ས་ ལམ་གྲོགས་ ཞུས་པ ས་ ཐུགས་གཉེར་ ཆེན་པོ་ མཛད་ དེ་ ལམ་བརྒྱགས་ དང་ ཇ་ནེ་ སོགས་ གནང་ ། སྐབས་ སུ་ དྲེའུ་ ལ་ ཡང་ ཞབས་ བསངས་ མཛད་ དོ ། ། གྱེར་ཕུ ར་ ཕེབས་པ་ དང་ མར་པ ས་ དགེ་བཤེས་ དེ་ དམ་ཚིག་པ ར་ མཁྱེན་ ནས་ ང་ ལྷོ་བལ་ དུ་ ལོཙྪ་ སློབ་ ཏུ་ འགྲོ་རྒྱུ་ ཡིན་པ ས་ ད་ རེ ས་ ཀྱང་ ཁྱེད་ ཀྱིས་ ཐུགས་ ལ་ བཏགས ། བདག་ ཚེ་ ལ་ བར་ཆད་ མ་ བྱུང་ ན་ དུས་ ཕྱི ས་ ཀྱི་ ཡང་ སྣ་ ལོན་ དར་འབབ་ ཐུགས་ ལ་ འདོགས་པ ར་ ཞུ་ ཞུས་པ ས ། ཁོང་ ན་རེ་ ང་ ན་སོ་ རྒས་པ ས་ ཕྱི ས་ ཁྱེད་ དང་ ཨེ་ འཕྲད་ མི་ ཤེས་པ ས ། བྱིས་པ་ འདི་ རྣམས་ ཀྱིས་ ཁྱེད་ ཀྱི་ འབབ་ས་ དང་ སྣ་ལེན་ བྱེད་ དུ་ འཇུག་པ ས་ ཅི ས་ ཀྱང་ འདི ར་ འབྱོན་པ ར་ མཛོད་ གསུངས་ ནས་ གསེར་ སྲང་ གང་ དང་ སྣམ་དཀར་ བུབ་ གཅིག་ གིས་ རྫོང་བ་ ཡང་ བྱས་ སོ ། ། དེ་ ནས་ མར་པ་ ལྷོ་བྲག་ ཏུ་ ཕེབས་ ཏེ་ ཡབ་ཡུམ་ ལ་ རྒྱ་གར་ ལ་ ཆོས་ སློབ་ ཏུ་ འགྲོ་བ ས་ ང་ རང་ གི་ ནོར་ཞིང་ཁང་ གི་ སྐལ་བ་ ཚང་མ ར་ དགོས་ གསུངས་པ ས ། ཡབ་ཡུམ་སྐུ་མཆེད་ ཀུན་ ཞལ་ འཆམ་པ ར་ ཁྱོད་ རྒྱ་གར་ དུ་ ལོཙྪ ས་ ཅི་ བྱེད་ ཆོས་ ཀྱིས་ གང་ བྱེད ། བོད་ དུ་ ཆོས་ ནུས་ ན་ གྱིས ། མི་ ནུས་ ན་ སོ་ནམ་ གྱིས་ ལ་ འདི ར་ སྡོད་ ཟེར་ བཤོལ་ མང་པོ་ འདེབས་ སུ་ བྱུང་བ་ ལས །" }, { "source": "ཡབ་ལ་ང་དང་པོར་ཐག་རིང་གི་བླ་མ་བཟང་ས་ཞིག་ཏུ་གཏོང་ཟེར་བ་ལ། རྒྱ་གར་ལས་ཐག་རིང་བ་ཅི་ཙུག་བྱེད། བླ་མ་པཎྜི་ཏ་བཟང་པོ་བཙོལ་ཡོང་གིས་བྱས། བཤོལ་ཅི་བཏབ་རུང་མ་གསན་པར་ཁང་ཞིང་ནོར་དང་བཅས་པའི་སྐུ་སྐལ་རྣམས་ཚང་མར་བཞེས་ཏེ། ཁང་ཞིང་མ་གཏོགས་གཞན་གང་ཡོད་ཐམས་ཅད་གསེར་དུ་བསྒྲིལ་བས་སྲང་བཅོ་བརྒྱད་བྱུང་བསྣམས་ཏེ་གྲོགས་གཉིས་དང་བསྡེབས་ཏེ་ཆས་བྱོན་པ་ལ་གྲོགས་གཉིས་གཉེན་གྱིས་བཤོལ་བཏབ་ནས་མ་ཐོན་མར་པ་རང་རྒྱ་གར་ལ་ཆས་ཏེ་བྱོན་པ་ལམ་གྲོགས་ཀྱིས་གདུངས་པའི་ཚེ། ཉང་སྟོད་རྩིས་གནས་གསར་དུ་ཁ་རག་གི་གཉོས་ལོཙྪ་བ་རྒྱ་གར་དུ་འབྱོན་པ་དང་འཛོམ་སྟེ། ཁོང་ན་རེ། ཁྱེད་གང་ནས་འོངས། གང་དུ་འགྲོ་གསུངས་པ་ལ། ང་ལྷོ་བྲག་ནས་ཡོང། རྒྱ་གར་དུ་ཆོས་སློབ་པ་ལ་འགྲོ་བྱས་པས། འོ་ན་ཁྱོད་ལ་གསེར་མང་པོ་ཡོད་དམ་ཟེར་བ་ལ། ཞོ་རེ་ཞོ་དོ་ལས་མེད་ཅེས་རྫུན་བྱས་པས། དེ་འདྲས་གང་དུའང་མི་སླེབས་པ་འདུགརྒྱ་གར་དུ་འགྲོ་བ་ལ་གསེར་མང་པོ་མེད་ན་ཆོས་ཀ་ར་ཝ་ཏི་སྟོང་པ་ལ་ཆུ་འཐུངས་པ་དང་འདྲ། ང་ལ་གསེར་མང་པོ་ཡོད་པས་ཁྱོད་རང་ངའི་གཡོག་གྱིས་གསེར་མཉམ་པོར་བྱའོ་གསུངས་པ་ལ། མཐར་གར་འགྲོ་མི་ཤེས་སྙམ་ཆོས་ནི་མ་ཞུས། འཕྲལ་ཆས་ལ་ཕན་དུ་རེ་བས་འགྲོགས་ལམ་དཔོན་གཡོག་གི་ཚུལ་དུ་བྱས་ཏེ་བསྡེབས་ནས་བྱོན་པས་བལ་པོར་ཕེབས་པར་གྱུར་ཏོ།། གཉིས་པ། རྒྱ་གར་དུ་ཕེབས་ནས་མཁས་གྲུབ་ཀྱི་བླ་མ་རྣམས་དང་མཇལ་ཏེ་ཐེག་ཆེན་སྙིང་པོ་ཝ་དོན་གྱི་དམ་ཆོས་ཐོབ་ཚུལ་ནི། བལ་པོར་ཕེབས་ནས་ཉིན་གཅིག་རི་སུལ་ཅིག་ན་མི་མང་པོ་ལོང་ལོང་འདུག་པ་ལ་ཅི་ཡིན་དྲིས་པས།", "target": "ཡབ་ ལ་ ང་ དང་པོ ར་ ཐག་རིང་ གི་ བླ་མ་ བཟང་ས་ ཞིག་ ཏུ་ གཏོང་ ཟེར་བ་ ལ ། རྒྱ་གར་ ལས་ ཐག་ རིང་བ་ ཅི་ ཙུག་ བྱེད ། བླ་མ་ པཎྜི་ཏ་ བཟང་པོ་ བཙོལ་ ཡོང་ གིས་ བྱས ། བཤོལ་ ཅི་ བཏབ་ རུང་ མ་ གསན་པ ར་ ཁང་ཞིང་ནོར་ དང་ བཅས་པ འི་ སྐུ་སྐལ་ རྣམས་ ཚང་མ ར་ བཞེས་ ཏེ ། ཁང་ཞིང་ མ་ གཏོགས་ གཞན་ གང་ ཡོད་ ཐམས་ཅད་ གསེར་ དུ་ བསྒྲིལ་བ ས་ སྲང་ བཅོ་ བརྒྱད་ བྱུང་ བསྣམས་ ཏེ་ གྲོགས་ གཉིས་ དང་ བསྡེབས་ ཏེ་ ཆས་ བྱོན་པ་ ལ་ གྲོགས་ གཉིས་ གཉེན་ གྱིས་ བཤོལ་ བཏབ་ ནས་ མ་ ཐོན་ མར་པ་ རང་ རྒྱ་གར་ ལ་ ཆས་ ཏེ་ བྱོན་པ་ ལམ་གྲོགས་ ཀྱིས་ གདུངས་པ འི་ ཚེ ། ཉང་སྟོད་རྩིས་གནས་གསར་ དུ་ ཁ་རག་ གི་ གཉོས་ ལོཙྪ་བ་ རྒྱ་གར་ དུ་ འབྱོན་པ་ དང་ འཛོམ་ སྟེ ། ཁོང་ ན་རེ ། ཁྱེད་ གང་ ནས་ འོངས ། གང་ དུ་ འགྲོ་ གསུངས་པ་ ལ ། ང་ ལྷོ་བྲག་ ནས་ ཡོང ། རྒྱ་གར་ དུ་ ཆོས་ སློབ་པ་ ལ་ འགྲོ་ བྱས་པ ས ། འོ་ ན་ ཁྱོད་ ལ་ གསེར་ མང་པོ་ ཡོད་ དམ་ ཟེར་བ་ ལ ། ཞོ་ རེ་ ཞོ་ དོ་ ལས་ མེད་ ཅེས་ རྫུན་ བྱས་པ ས ། དེ་ འདྲ ས་ གང་ དུ འང་ མི་ སླེབས་པ་ འདུག རྒྱ་གར་ དུ་ འགྲོ་བ་ ལ་ གསེར་ མང་པོ་ མེད་ ན་ ཆོས་ ཀ་ར་ཝ་ཏི་ སྟོང་པ་ ལ་ ཆུ་ འཐུངས་པ་ དང་ འདྲ ། ང་ ལ་ གསེར་ མང་པོ་ ཡོད་པ ས་ ཁྱོད་ རང་ ང འི་ གཡོག་ གྱིས་ གསེར་ མཉམ་པོ ར་ བྱ འོ་ གསུངས་པ་ ལ ། མཐ ར་ ག ར་ འགྲོ་ མི་ ཤེས་ སྙམ་ ཆོས་ ནི་ མ་ ཞུས ། འཕྲལ་ཆས་ ལ་ ཕན་ དུ་ རེ་བ ས་ འགྲོགས་ལམ་དཔོན་གཡོག་ གི་ ཚུལ་ དུ་ བྱས་ ཏེ་ བསྡེབས་ ནས་ བྱོན་པ ས་ བལ་པོ ར་ ཕེབས་པ ར་ གྱུར་ ཏོ ། ། གཉིས་པ ། རྒྱ་གར་ དུ་ ཕེབས་ ནས་ མཁས་གྲུབ་ ཀྱི་ བླ་མ་ རྣམས་ དང་ མཇལ་ ཏེ་ ཐེག་ཆེན་སྙིང་པོ་ཝ་དོན་ གྱི་ དམ་ཆོས་ ཐོབ་ཚུལ་ ནི ། བལ་པོ ར་ ཕེབས་ ནས་ ཉིན་ གཅིག་ རི་སུལ་ ཅིག་ ན་ མི་ མང་པོ་ ལོང་ ལོང་ འདུག་པ་ ལ་ ཅི་ ཡིན་ དྲིས་པ ས །" }, { "source": "རྗེ་ནཱ་རོ་པའི་སློབ་མ་བལ་པོ་སྤྱི་ཐེར་བ་དང་པེན་ཏ་བ་གཉིས་ཡོད་པ་ལ། ཉ་མ་རྣམས་ཀྱིས་ཚོགས་འཁོར་བསྐོར་བར་འདུག་པས། ཁྱེད་རང་བོད་པ་རྣམས་ཀྱང་ཕྱིན་ན་བཟའ་བཏུང་འོང་ཟེར་བས། མར་པས་རྗེ་ནཱ་རོ་པའི་མཚན་གསན་པ་ཙམ་ལ་སྔན་གྱི་བགས་ཆགས་སད་ནས་མོས་པ་ཚད་མེད་པ་ཞིག་སྐྱེས་ཏེ་འགྲོ་བ་ལ་ཤིན་ཏུ་འཐད་ནས་ཅིས་ཀྱང་འགྲོ་བྱས། གཉིས་པོ་ལྟད་མོ་དང་ཚོགས་སྒྲུབ་ལ་བྱོན་པས། བལ་པོ་སྤྱི་ཐེར་བ་གསང་འདུས་གསུངས་གྱིན་འདུག་པ་ལ་ཉན་པས། སྤྱི་ཐེར་བ་ན་རེ། བོད་འདི་ཀུན་གྱིས་དབང་ཨེ་ཐོབ་མི་ཤེས་པས་གསང་སྒྲོགས་ཀྱི་ཉེས་པ་འོང་གསུང་བ་ལ། པེན་ཏ་བ་ན་རེ། འོ་སྐོལ་བལ་པོའི་སྐད་མི་གོབོད་བ་གླང་དང་འདྲ་གསུངས་པ་ལ། གཉོས་ཀྱིས་བལ་སྐད་གོ་ཞིང་འདུག་པས་མ་དགའ་བར་ཆོས་ཉན་འཕྲོ་ལ་རྒྱབ་གཏད་ནས་སྔགས་འདྲེན་ཞིང་འདུགསང་མར་པས། དེ་རིང་ཡང་ཚོགས་སྒྲུབ་དང་ཆོས་ཉན་པ་ལ་འགྲོ་བྱས་པས། གཉོས་ན་རེ་། ཁྱོད་རང་འགྲོ་ན་སོང་། ང་བ་གླང་དང་འདྲ་ཟེར་ས་དེར་མི་འགྲོ་བ་གླང་བལ་པོ་རང་ཡིན་མོད་ཟེར་བསྡད་འདུགམར་པ་བྱོན་ཏེ་ཆོས་གསན་པས། སྤྱི་ཐེར་བའི་གསུང་ནས། ཁ་སང་གི་གྲོགས་དེ་གར་སོང་གསུངས། ཁོང་བལ་སྐད་གོ་བས། ཁ་སང་གི་བླ་མ་པེན་ཏ་བའི་གསུང་དེ་ལ་ཁྲོས་ནས་དེ་རིང་མེད་ཞུས་པས། ཁོ་དང་ང་ལས་འབྲེལ་མེད་པ་ཡིན། ཁྱོད་རང་ཡོང་པ་ལེགས་གསུངས་ནས། དཔལ་གདན་བཞི་དང་འཕོ་བའི་གདམས་པ། དུས་གསོལ་ལྷ་མོའི་རྗེས་གནང་རྣམས་གནང་བའི་ཡོན་དང་། སྔར་བརྡ་འཇོལ་ཙམ་ཤེས་པའི་སྟེང་དུ་པེན་ཏ་བ་ལ་ལོཙྪ་བསླབས་པ་ལ་གསེར་མང་པོ་མེད་པའི་ལོ་རྒྱུས་བྱས།", "target": "རྗེ་ ནཱ་རོ་པ འི་ སློབ་མ་ བལ་པོ་ སྤྱི་ཐེར་བ་ དང་ པེན་ཏ་བ་ གཉིས་ ཡོད་པ་ ལ ། ཉ་མ་ རྣམས་ ཀྱིས་ ཚོགས་འཁོར་ བསྐོར་བ ར་ འདུག་པ ས ། ཁྱེད་ རང་ བོད་པ་ རྣམས་ ཀྱང་ ཕྱིན་ ན་ བཟའ་བཏུང་ འོང་ ཟེར་བ ས ། མར་པ ས་ རྗེ་ ནཱ་རོ་པ འི་ མཚན་ གསན་པ་ ཙམ་ ལ་ སྔན་ གྱི་ བགས་ཆགས་ སད་ ནས་ མོས་པ་ ཚད་ མེད་པ་ ཞིག་ སྐྱེས་ ཏེ་ འགྲོ་བ་ ལ་ ཤིན་ ཏུ་ འཐད་ ནས་ ཅི ས་ ཀྱང་ འགྲོ་ བྱས ། གཉིས་པོ་ ལྟད་མོ་ དང་ ཚོགས་ སྒྲུབ་ ལ་ བྱོན་པ ས ། བལ་པོ་ སྤྱི་ཐེར་བ་ གསང་འདུས་ གསུངས་ གྱིན་ འདུག་པ་ ལ་ ཉན་པ ས ། སྤྱི་ཐེར་བ་ ན་རེ ། བོད་ འདི་ ཀུན་ གྱིས་ དབང་ ཨེ་ ཐོབ་ མི་ ཤེས་པ ས་ གསང་སྒྲོགས་ ཀྱི་ ཉེས་པ་ འོང་ གསུང་བ་ ལ ། པེན་ཏ་བ་ ན་རེ ། འོ་སྐོལ་ བལ་པོ འི་ སྐད་ མི་ གོ བོད་ བ་གླང་ དང་ འདྲ་ གསུངས་པ་ ལ ། གཉོས་ ཀྱིས་ བལ་སྐད་ གོ་ ཞིང་ འདུག་པ ས་ མ་ དགའ་བ ར་ ཆོས་ ཉན་ འཕྲོ་ ལ་ རྒྱབ་ གཏད་ ནས་ སྔགས་ འདྲེན་ ཞིང་ འདུག སང་ མར་པ ས ། དེ་རིང་ ཡང་ ཚོགས་སྒྲུབ་ དང་ ཆོས་ ཉན་པ་ ལ་ འགྲོ་ བྱས་པ ས ། གཉོས་ ན་རེ་ ། ཁྱོད་ རང་ འགྲོ་ ན་ སོང་ ། ང་ བ་གླང་ དང་ འདྲ་ ཟེར་ས་ དེ ར་ མི་ འགྲོ་ བ་གླང་ བལ་པོ་ རང་ ཡིན་ མོད་ ཟེར་ བསྡད་ འདུག མར་པ་ བྱོན་ ཏེ་ ཆོས་ གསན་པ ས ། སྤྱི་ཐེར་བ འི་ གསུང་ ནས ། ཁ་སང་ གི་ གྲོགས་ དེ་ ག ར་ སོང་ གསུངས ། ཁོང་ བལ་སྐད་ གོ་བ ས ། ཁ་སང་ གི་ བླ་མ་ པེན་ཏ་བ འི་ གསུང་ དེ་ ལ་ ཁྲོས་ ནས་ དེ་རིང་ མེད་ ཞུས་པ ས ། ཁོ་ དང་ ང་ ལས་འབྲེལ་ མེད་པ་ ཡིན ། ཁྱོད་ རང་ ཡོང་པ་ ལེགས་ གསུངས་ ནས ། དཔལ་གདན་བཞི་ དང་ འཕོ་བ འི་ གདམས་པ ། དུས་གསོལ་ ལྷ་མོ འི་ རྗེས་གནང་ རྣམས་ གནང་བ འི་ ཡོན་ དང་ ། སྔ ར་ བརྡ་ འཇོལ་ ཙམ་ ཤེས་པ འི་ སྟེང་ དུ་ པེན་ཏ་བ་ ལ་ ལོཙྪ་ བསླབས་པ་ ལ་ གསེར་ མང་པོ་ མེད་པ འི་ ལོ་རྒྱུས་ བྱས །" }, { "source": "བླ་མ་གཉིས་ལ་གསེར་སྲང་རེ་རེ་ཕུལ་བ་ལ་མཉེས་པས་ཞལ་སྔ་ནས། ཁྱོད་ལ་གསེར་མང་པོ་མེད་ན། གསེར་མེད་པར་ཆོས་གནང་བའི་བླ་མ་དང་པཎྜི་ཏ་རྗེ་ནཱ་རོ་པ་མིན་པ་གཞན་མེད་གསུངས། རྗེ་ནཱ་རོ་པའི་སྐུ་ཆེ་བའི་ཡོན་ཏན་རྣམས་བརྗོད་ནས། ངེད་ཀྱི་བླ་མ་སངས་རྒྱས་གཉིས་པ་ལྟ་བུ་དེའི་སར་རྫོང་བ་ཡིན་པས་རེ་ཞིག་ཚད་པ་ལ་གོམས་སུ་ཆུག་གསུང་། ཐུགས་བརྩེ་བའི་ཞལ་ཏ་མཐིལ་ཕྱིན་པ་གནང་བྱུང་བས། བླ་མ་གཉིས་ལའང་དད་པ་ཚད་མེད་པ་ཞིག་སྐྱེས་ཤིང་། ད་འཆི་མི་འཆི་རེ་དོགས་སྤངས་ཏེ་ནཱ་རོ་པའི་དྲུང་དུ་འགྲོ་དགོས་དགོངས་པ་ཐུགས་ལ་ཤར་ནས་བླ་མ་གཉིས་ཀྱི་གསུང་ལྟར་ལོ་ངོ་གསུམ་གྱི་བར་དུ་འཕགས་པ་ཤིང་ཀུན་ཏུ་ཚད་པ་ལ་འདྲིས་སུ་བཅུགདེའི་བར་ནཱ་རོ་པ་ནས་བརྒྱུད་པའི་ཆོས་ཁོ་ན་ལ་སློབ་གཉེར་དགོས་པ་རྣམས་ཅི་ཤེས་བྱས། ལོ་ངོ་གསུམ་སོང་བ་དང་བླ་མ་སྐུ་མཆེད་ཀྱིས་ནཱ་རོ་པའི་དགེ་ཚུལ་ཤེས་རབ་སེང་གེ་ལ་བོད་འདི་ལ་ཁྱེད་ཀྱིས་ཆོས་ཀྱང་ཤོད་ཅིང་། རྗེ་ནཱ་རོ་པའི་དྲུང་དུ་འཕྲོད་དེས་རང་ཅིག་གྱིས་ཞེས་པའི་ཡི་གེ་བསྐུར་བསླབ་བྱ་མཛད་ནས་གྲོགས་ཛོ་ཀི་གཅིག་གཉོས་དང་གསུམ་གྱིས་དཀའ་སྤྱད་ཆེན་པོ་མཛད་ནས་བྱོན་པས། དཔལ་ན་ལེན་ཏྲའི་གཙུག་ལག་ཁང་དུ་ཕེབས་པ་དང་། མར་པས་གཉོས་ལ་འདི་ན་བལ་པོ་སྤྱི་ཐེར་བའི་བླ་མ་ནཱ་རོ་པ་ཞེས་བྱ་བའི་པཎྜི་ཏ་མཁས་པ་དེ་ཡོད་པར་འདུག་པས། ཆོས་མི་ཞུའམ་བྱས་པས། ནཱ་རོ་པ་བྱ་བ་སྔར་པཎྜི་ཏ་མཁས་པ་ཡིན་ཏེ། ཕྱིས་ཏེ་ལོ་པའི་སར་ཕྱིན་མན་ཆད་བཤད་པ་བོར་ནས་ཀུ་སུ་ལུའི་སྒོམ་བྱེད་ཀྱིན་ཡོད་འདུག་པས།", "target": "བླ་མ་ གཉིས་ ལ་ གསེར་ སྲང་ རེ་ རེ་ ཕུལ་བ་ ལ་ མཉེས་པ ས་ ཞལ་སྔ་ ནས ། ཁྱོད་ ལ་ གསེར་ མང་པོ་ མེད་ ན ། གསེར་ མེད་པ ར་ ཆོས་ གནང་བ འི་ བླ་མ་ དང་ པཎྜི་ཏ་ རྗེ་ ནཱ་རོ་པ་ མིན་པ་ གཞན་ མེད་ གསུངས ། རྗེ་ ནཱ་རོ་པ འི་ སྐུ་ ཆེ་བ འི་ ཡོན་ཏན་ རྣམས་ བརྗོད་ ནས ། ངེད་ ཀྱི་ བླ་མ་ སངས་རྒྱས་ གཉིས་པ་ ལྟ་བུ་ དེ འི་ ས ར་ རྫོང་བ་ ཡིན་པ ས་ རེ་ ཞིག་ ཚད་པ་ ལ་ གོམས་ སུ་ ཆུག་ གསུང་ ། ཐུགས་ བརྩེ་བ འི་ ཞལ་ཏ་ མཐིལ་ ཕྱིན་པ་ གནང་ བྱུང་བ ས ། བླ་མ་ གཉིས་ ལ འང་ དད་པ་ ཚད་ མེད་པ་ ཞིག་ སྐྱེས་ ཤིང་ ། ད་ འཆི་ མི་ འཆི་ རེ་དོགས་ སྤངས་ ཏེ་ ནཱ་རོ་པ འི་ དྲུང་ དུ་ འགྲོ་ དགོས་ དགོངས་པ་ ཐུགས་ ལ་ ཤར་ ནས་ བླ་མ་ གཉིས་ ཀྱི་ གསུང་ ལྟ ར་ ལོ་ངོ་ གསུམ་ གྱི་ བར་ དུ་ འཕགས་པ་ཤིང་ཀུན་ ཏུ་ ཚད་པ་ ལ་ འདྲིས་ སུ་ བཅུག དེ འི་ བར་ ནཱ་རོ་པ་ ནས་ བརྒྱུད་པ འི་ ཆོས་ ཁོ་ན་ ལ་ སློབ་གཉེར་ དགོས་པ་ རྣམས་ ཅི་ ཤེས་ བྱས ། ལོ་ངོ་ གསུམ་ སོང་བ་ དང་ བླ་མ་སྐུ་མཆེད་ ཀྱིས་ ནཱ་རོ་པ འི་ དགེ་ཚུལ་ ཤེས་རབ་སེང་གེ་ ལ་ བོད་ འདི་ ལ་ ཁྱེད་ ཀྱིས་ ཆོས་ ཀྱང་ ཤོད་ ཅིང་ ། རྗེ་ ནཱ་རོ་པ འི་ དྲུང་ དུ་ འཕྲོད་ དེ ས་ རང་ ཅིག་ གྱིས་ ཞེས་པ འི་ ཡི་གེ་ བསྐུར་ བསླབ་བྱ་ མཛད་ ནས་ གྲོགས་ཛོ་ཀི་ གཅིག་ གཉོས་ དང་ གསུམ་ གྱིས་ དཀའ་སྤྱད་ ཆེན་པོ་ མཛད་ ནས་ བྱོན་པ ས ། དཔལ་ན་ལེན་ཏྲ འི་ གཙུག་ལག་ཁང་ དུ་ ཕེབས་པ་ དང་ ། མར་པ ས་ གཉོས་ ལ་ འདི་ ན་ བལ་པོ་ སྤྱི་ཐེར་བ འི་ བླ་མ་ ནཱ་རོ་པ་ ཞེས་ བྱ་བ འི་ པཎྜི་ཏ་ མཁས་པ་ དེ་ ཡོད་པ ར་ འདུག་པ ས ། ཆོས་ མི་ ཞུ འམ་ བྱས་པ ས ། ནཱ་རོ་པ་ བྱ་བ་ སྔ ར་ པཎྜི་ཏ་ མཁས་པ་ ཡིན་ ཏེ ། ཕྱི ས་ ཏེ་ལོ་པ འི་ ས ར་ ཕྱིན་ མན་ཆད་ བཤད་པ་ བོར་ ནས་ ཀུ་སུ་ལུ འི་ སྒོམ་ བྱེད་ ཀྱིན་ ཡོད་ འདུག་པ ས །" }, { "source": "ང་ཁོང་ཅན་དུ་མི་འགྲོཁྱེད་རང་ངའི་ཕྱི་ལ་འགྲོ་ན་གསེར་མཉམ་དུ་བྱེད། མི་འགྲོ་ན་ཁྱེད་ལ་གསེར་སེ་བ་གཅིག་ཀྱང་སྟེར་རྒྱུ་མེད། རྒྱ་གར་ཤར་ནུབ་ལྷོ་བྱང་རྣམས་ན་པཎྜི་ཏ་མཁས་པ་ཉི་ཟླ་ལྟར་གྲགས་པ་མང་པོ་ཡོད་པས་ང་དེ་རྣམས་ཀྱི་དྲུང་དུ་འགྲོ་ཟེར། ཁོང་ནཱ་རོ་པ་དང་ལས་འབྲེལ་མེད་པས་མར་པ་ལ་གསེར་གཅིག་ཀྱང་མ་བྱིན་པར་རང་གང་མོས་ཀྱི་བླ་མའི་སར་ཐལ་ལོ།། དེར་མར་པས་དགེ་ཚུལ་ཤེས་རབ་སེང་གེ་རྩད་བཅད་པས་མཇལ་ཏེ། བལ་པོ་སྐུ་མཆེད་གཉིས་ཀྱི་གསུང་ཡིག་ཕུལ། ལོ་རྒྱུས་རྒྱས་པར་བྱས་པས། དགེ་ཚུལ་ན་རེ། བླ་མ་ནཱ་རོ་པ་ད་ལྟ་རྒྱ་གར་ནུབ་ཕྱོགས་ཀྱི་ལ་བར་ཞེས་བྱ་བ་ལ་ཕེབས་ནས་མེད་དེ། མྱུར་སྟབས་སུ་ཕེབས་འབྱོན། དེ་བར་ལ་ངའི་སར་སྡོད། ངས་ཀྱང་བལ་པོ་སྐུ་མཆེད་ཀྱི་གསུང་ལྟར། ཕན་ཅི་ཐོགས་བྱེད་གསུངས་པ་ལྟར། དེར་བཞུགས་རྩིས་མཛད་པས། དགེ་ཚུལ་བ་ཤེས་རབ་སེང་གེའི་དྲུང་ན་སློབ་མ་པཎྜི་ཏ་མངོན་ཤེས་མངའ་བ་ཞིག་འདུག་པ་དེ་ན་རེ། དེ་རིང་སང་མྱུར་སྟབས་སུ་རང་རེའི་སར་བང་ཆེན་པ་གཅིག་ཀྱང་ཡོང་ལ། ཕུ་ལ་ཧ་རིར་བླ་མས་ཀྱང་ཕེབས་པར་འདུག་ཟེར། ནམ་ལངས་པ་དང་། ཨ་ཙ་ར་གཅིག་བྱུང་ནས་ཁྱེད་ཀྱི་ས་ན་བོད་ཀྱི་བན་དེ་གཅིག་ཡོད་འདུག་པ་ཁྲིད་ལ་ཤོག་ཟེར་ནས་སོང་། དེའི་ཚེ་ཤེས་རབ་སེང་གེ་དང་བསྡེབས་ནས་བྱོན་ཏེ་ལྗོངས་མེ་ཏོག་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པ་ཕུ་ལ་ཧ་རིར་དགེ་ཚུལ་བས་མཇལ་སྣ་བྱས། དཔལ་ནཱ་རོ་པཎ་ཆེན་དང་ཞལ་མཇལ་ནས་བརྐྱང་ཕྱག་མང་དུ་བཙལ། གསེར་གྱི་མེ་ཏོག་མང་དུ་ཕུལ་བས། རྗེ་ནཱ་རོ་པའི་ཞལ་ནས། བླ་མས་ལུང་བསྟན་བདག་གི་བུ།།", "target": "ང་ ཁོང་ ཅན་ དུ་ མི་ འགྲོ ཁྱེད་ རང་ ང འི་ ཕྱི་ ལ་ འགྲོ་ ན་ གསེར་ མཉམ་ དུ་ བྱེད ། མི་ འགྲོ་ ན་ ཁྱེད་ ལ་ གསེར་ སེ་བ་ གཅིག་ ཀྱང་ སྟེར་རྒྱུ་ མེད ། རྒྱ་གར་ཤར་ནུབ་ལྷོ་བྱང་ རྣམས་ ན་ པཎྜི་ཏ་ མཁས་པ་ ཉི་ཟླ་ ལྟ ར་ གྲགས་པ་ མང་པོ་ ཡོད་པ ས་ ང་ དེ་ རྣམས་ ཀྱི་ དྲུང་ དུ་ འགྲོ་ ཟེར ། ཁོང་ ནཱ་རོ་པ་ དང་ ལས་འབྲེལ་ མེད་པ ས་ མར་པ་ ལ་ གསེར་ གཅིག་ ཀྱང་ མ་ བྱིན་པ ར་ རང་ གང་ མོས་ ཀྱི་ བླ་མ འི་ ས ར་ ཐལ་ ལོ ། ། དེ ར་ མར་པ ས་ དགེ་ཚུལ་ ཤེས་རབ་སེང་གེ་ རྩད་ བཅད་པ ས་ མཇལ་ ཏེ ། བལ་པོ་ སྐུ་མཆེད་ གཉིས་ ཀྱི་ གསུང་ཡིག་ ཕུལ ། ལོ་རྒྱུས་ རྒྱས་པ ར་ བྱས་པ ས ། དགེ་ཚུལ་ ན་རེ ། བླ་མ་ ནཱ་རོ་པ་ ད་ ལྟ་ རྒྱ་གར་ནུབ་ཕྱོགས་ ཀྱི་ ལ་བར་ ཞེས་ བྱ་བ་ ལ་ ཕེབས་ ནས་ མེད་ དེ ། མྱུར་སྟབས་ སུ་ ཕེབས་ འབྱོན ། དེ་ བར་ ལ་ ང འི་ ས ར་ སྡོད ། ང ས་ ཀྱང་ བལ་པོ་ སྐུ་མཆེད་ ཀྱི་ གསུང་ ལྟ ར ། ཕན་ ཅི་ ཐོགས་ བྱེད་ གསུངས་པ་ ལྟ ར ། དེ ར་ བཞུགས་རྩིས་ མཛད་པ ས ། དགེ་ཚུལ་བ་ ཤེས་རབ་སེང་གེ འི་ དྲུང་ ན་ སློབ་མ་ པཎྜི་ཏ་ མངོན་ཤེས་ མངའ་བ་ ཞིག་ འདུག་པ་ དེ་ ན་རེ ། དེ་རིང་ སང་ མྱུར་སྟབས་ སུ་ རང་རེ འི་ ས ར་ བང་ ཆེན་པ་ གཅིག་ ཀྱང་ ཡོང་ ལ ། ཕུ་ལ་ཧ་རི ར་ བླ་མ ས་ ཀྱང་ ཕེབས་པ ར་ འདུག་ ཟེར ། ནམ་ ལངས་པ་ དང་ ། ཨ་ཙ་ར་ གཅིག་ བྱུང་ ནས་ ཁྱེད་ ཀྱི་ ས་ ན་ བོད་ ཀྱི་ བན་དེ་ གཅིག་ ཡོད་ འདུག་པ་ ཁྲིད་ ལ་ ཤོག་ ཟེར་ ནས་ སོང་ ། དེ འི་ ཚེ་ ཤེས་རབ་སེང་གེ་ དང་ བསྡེབས་ ནས་ བྱོན་ ཏེ་ ལྗོངས་མེ་ཏོག་བརྒྱན་པ འི་ གྲོང་ཁྱེར་ རི་བོ་གསེར་ གྱི་ དགོན་པ་ ཕུ་ལ་ཧ་རི ར་ དགེ་ཚུལ་བ ས་ མཇལ་སྣ་ བྱས ། དཔལ་ནཱ་རོ་པཎ་ཆེན་ དང་ ཞལ་ མཇལ་ ནས་ བརྐྱང་ཕྱག་ མང་ དུ་ བཙལ ། གསེར་ གྱི་ མེ་ཏོག་ མང་ དུ་ ཕུལ་བ ས ། རྗེ་ ནཱ་རོ་པ འི་ ཞལ་ ནས ། བླ་མ ས་ ལུང་བསྟན་ བདག་ གི་ བུ ། །" }, { "source": "སྣོད་ལྡན་མར་པ་བློ་གྲོས་ཀྱིས།། ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས།། རྒྱལ་ཚབ་འཛིན་ཕྱིར་སླེབས་པ་ལེགས།། ཞེས་གསུངས་ཤིང་མཆོག་ཏུ་དགྱེས་པར་གྱུར་ཏོ།། དེ་ནས་མར་པས། རྗེ་ནཱ་རོ་པ་ལ་བདག་ལ་གྲོགས་པོ་གསེར་མང་པོ་ཡོད་པ་ཞིག་བལ་པོ་པེན་ཏ་ཐའི་གསུང་སྨྲ་མ་མཁས་པ་ཙམ་ཞིག་ལ་བརྟེན། བླ་མ་གཞན་གྱི་དྲུང་དུ་སོང་ཞེས་ཞུས་པས། ཁོ་དང་ང་ཆོས་ཀྱི་འབྲེལ་བ་མེད་པ་ཡིན་གསུངས་ནས། རྗེ་ནཱ་རོ་པས། བླ་མ་མར་པ་ལ་དང་པོ་དཔལ་དགྱེས་པ་རྡོ་རྗོའི་དབང་བསྐུར་ནས་རྒྱུད་བརྟག་པ་གཉིས་པ། རྡོ་རྗེ་གུར་དང་སམ་བྷོ་ཊ་རྣམས་རྫོགས་པར་གནང་། མར་པས་ལོ་གཅིག་གི་བར་དེ་རྣམས་བསླབས་ཤིང་ལོ་གཅིག་སོང་བ་དང་གྲོང་ཁྱེར་ན་མར་སྐྱོ་སངས་ལ་བྱོན་པས་གཉོས་དང་མཇལ། ཁོང་ན་རེ། ཁྱོད་ཀྱིས་སློབ་གཉེར་ཅི་ལ་བྱས་ཟེར་བ་ལ། ངས་དགྱེས་རྡོར་བསླབས་བྱས་པས། དེ་རིང་རང་རེ་གཉིས་བགྲོ་གླེང་བྱེད་ཟེར་བྱས་པས། དགྱེས་རྡོར་ལ་མར་པ་མཁས་པར་བྱུང་བས། གཉོས་ན་རེ། དགེས་པ་རྡོ་རྗེ་བོད་ན་ཡང་དར་ནས་ཡོད། དེ་བས་ཕ་རྒྱུད་གསང་བ་འདུས་པ་ཞེས་བྱ་བ་རླུང་ལག་སོར་ལ་ཁྲེམས་པ། སངས་རྒྱས་ལག་ཐོབ་ཏུ་བྱེད་པ་དེ་དགོས་པ་ལགས་ཟེར། གསང་འདུས་ཀྱི་ཆོས་སྐད་ལ་ལན་འདེབས་རྒྱུ་མ་བྱུང་བས། མར་པས། རྗེ་ནཱ་རོ་པའི་དྲུང་དུ་བྱོན་ནས། དེ་རིང་བདག་གྲོང་ཁྱེར་དུ་ཕྱིན་པས་གཉོས་དང་འཕྲད་ནས་དགྱེས་པ་རྡོ་རྗེ་ལ་བགྲོ་གླེང་བྱས་པས་བདག་རྒྱལ་ཏེ། གཉོས་ན་རེ། གསང་འདུས་པ་བྱ་བ་དགོས་ཟེར་བས་གནང་བར་ཞུ་ཞུས་པས། ཕ་རྒྱུད་ཀྱི་བདག་པོ་གཅིག་ནུབ་དུ་ལ་ཀྵེ་ཏྲའི་དགོན་པ་གཙུག་ལག་ཁང་ཟླ་བ་རྒྱས་པ་ན་པཎྜི་ཏ་ཡེ་ཤེས་སྙིང་པོ་བྱ་བ་དབུ་མ་རང་རྒྱུད་དུ་སྨྲ་བའི་སྐྱེས་བུ་དངོས་གྲུབ་བརྙེས་པ་གཅིག་ཡོད་པས་དེར་སོང་ལ་ཞུས་ཤིགབར་ཆད་མི་འབྱུང་གི་གསུངས་ནས།", "target": "སྣོད་ལྡན་ མར་པ་བློ་གྲོས་ ཀྱིས ། ། ཁ་བ་ཅན་ལྗོངས་ བྱང་ཕྱོགས་ ནས ། ། རྒྱལ་ཚབ་ འཛིན་ ཕྱི ར་ སླེབས་པ་ ལེགས ། ། ཞེས་ གསུངས་ ཤིང་ མཆོག་ ཏུ་ དགྱེས་པ ར་ གྱུར་ ཏོ ། ། དེ་ ནས་ མར་པ ས ། རྗེ་ ནཱ་རོ་པ་ ལ་ བདག་ ལ་ གྲོགས་པོ་ གསེར་ མང་པོ་ ཡོད་པ་ ཞིག་ བལ་པོ་ པེན་ཏ་ཐ འི་ གསུང་སྨྲ་ མ་ མཁས་པ་ ཙམ་ ཞིག་ ལ་ བརྟེན ། བླ་མ་ གཞན་ གྱི་ དྲུང་ དུ་ སོང་ ཞེས་ ཞུས་པ ས ། ཁོ་ དང་ ང་ ཆོས་ ཀྱི་ འབྲེལ་བ་ མེད་པ་ ཡིན་ གསུངས་ ནས ། རྗེ་ ནཱ་རོ་པ ས ། བླ་མ་ མར་པ་ ལ་ དང་པོ་ དཔལ་དགྱེས་པ་རྡོ་རྗོ འི་ དབང་ བསྐུར་ ནས་ རྒྱུད་ བརྟག་པ་ གཉིས་པ ། རྡོ་རྗེ་གུར་ དང་ སམ་བྷོ་ཊ་ རྣམས་ རྫོགས་པ ར་ གནང་ ། མར་པ ས་ ལོ་ གཅིག་ གི་ བར་ དེ་ རྣམས་ བསླབས་ ཤིང་ ལོ་ གཅིག་ སོང་བ་ དང་ གྲོང་ཁྱེར་ ན་མ ར་ སྐྱོ་ སངས་ ལ་ བྱོན་པ ས་ གཉོས་ དང་ མཇལ ། ཁོང་ ན་རེ ། ཁྱོད་ ཀྱིས་ སློབ་གཉེར་ ཅི་ ལ་ བྱས་ ཟེར་བ་ ལ ། ང ས་ དགྱེས་རྡོར་ བསླབས་ བྱས་པ ས ། དེ་རིང་ རང་རེ་ གཉིས་ བགྲོ་གླེང་ བྱེད་ ཟེར་ བྱས་པ ས ། དགྱེས་རྡོར་ ལ་ མར་པ་ མཁས་པ ར་ བྱུང་བ ས ། གཉོས་ ན་རེ ། དགེས་པ་རྡོ་རྗེ་ བོད་ ན་ ཡང་ དར་ ནས་ ཡོད ། དེ་ བས་ ཕ་རྒྱུད་ གསང་བ་འདུས་པ་ ཞེས་ བྱ་བ་ རླུང་ ལག་སོར་ ལ་ ཁྲེམས་པ ། སངས་རྒྱས་ ལག་ ཐོབ་ ཏུ་ བྱེད་པ་ དེ་ དགོས་པ་ ལགས་ ཟེར ། གསང་འདུས་ ཀྱི་ ཆོས་སྐད་ ལ་ ལན་ འདེབས་རྒྱུ་ མ་ བྱུང་བ ས ། མར་པ ས ། རྗེ་ ནཱ་རོ་པ འི་ དྲུང་ དུ་ བྱོན་ ནས ། དེ་རིང་ བདག་ གྲོང་ཁྱེར་ དུ་ ཕྱིན་པ ས་ གཉོས་ དང་ འཕྲད་ ནས་ དགྱེས་པ་རྡོ་རྗེ་ ལ་ བགྲོ་གླེང་ བྱས་པ ས་ བདག་ རྒྱལ་ ཏེ ། གཉོས་ ན་རེ ། གསང་འདུས་པ་ བྱ་བ་ དགོས་ ཟེར་བ ས་ གནང་བ ར་ ཞུ་ ཞུས་པ ས ། ཕ་རྒྱུད་ ཀྱི་ བདག་པོ་ གཅིག་ ནུབ་ དུ་ ལ་ཀྵེ་ཏྲ འི་ དགོན་པ་ གཙུག་ལག་ཁང་ ཟླ་བ་རྒྱས་པ་ ན་ པཎྜི་ཏ་ ཡེ་ཤེས་སྙིང་པོ་ བྱ་བ་ དབུ་མ་རང་རྒྱུད་ དུ་ སྨྲ་བ འི་ སྐྱེས་བུ་ དངོས་གྲུབ་ བརྙེས་པ་ གཅིག་ ཡོད་པ ས་ དེ ར་ སོང་ ལ་ ཞུས་ ཤིག བར་ཆད་ མི་ འབྱུང་ གི་ གསུངས་ ནས །" }, { "source": "མར་པས་དེར་བྱོན། དཔལ་ཡེ་ཤེས་སྙིང་པོའི་དྲུང་དུ་དཔལ་གསང་བ་འདུས་པའི་དབང་གདམས་ངག་དང་། གཞན་ཡང་ཀྲི་ཡ་དང་ཡོ་ག་ཕྱག་ལེན་ལས་ཚོགས་དང་བཅས་པ་ཞུས་པས་གསང་སྔགས་ཀྱི་དོན་ལ་རྟོགས་པ་ཡང་དག་པ་འཁྲུངས་ཏེ། ཡང་བསམས་པ་ངས་བོད་ནས་བལ་པོར་སླེབས། རྗེ་བལ་པོ་རྣམ་གཉིས་དང་མཇལ། ལུང་བསྟན་གདམས་ངག་དང་བཅས་པ་ཐོབ་པ་ཡང་བླ་མ་ནཱ་རོ་པ་ཆེན་པོས་བྱིན་གྱིས་བརླབས་པ་ཡིན་ངེས་པར་འདུག་པའི་ངེས་ཤེས་སྐྱེས། ཐོ་རངས་ཁ་དགའ་བའི་ཉམས་རྡོ་རྗེའི་གླུའི་མཎྜལ་འདི་བླ་མ་ལ་ཕུལ་བར་གདའོ་།། རྗེ་སངས་རྒྱས་ཀུན་དང་མཉམ་པའི་སྐུ།། བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཞིང་དག་པ་ནཱ་རོ་པཎ་ཆེན་དང་།། དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་འདུད།། ང་ལྷོ་བྲག་བོད་དུ་ལས་དབང་གིས།། ཕ་མ་གཉིས་ཀྱིས་ལུས་།། བསྐྱེད་མར་པ་བློ་གྲོས་བགྱི་བ་འདི།། ཆོས་ལ་བཀོད་པའི་བཀའ་དྲིན་ཅན།། ཡབ་ཡུམ་གཉིས་ལ་གུས་ཕྱག་འཚལ།། དྲིན་ཆོས་ཀྱིས་འཁོར་བར་བྱིན་གྱིས་རློབས།། རང་བཞིན་སྐྱེ་མེད་ཀི་མཎྜལ་ལ།། སྣང་བ་སྣ་ཚོགས་ཀྱི་མེ་ཏོག་བཀོད།། བླ་མའི་སྐུ་ལ་མཆོད་པར་འབུལ།། བདག་གི་ལུས་ལ་བྱིན་གྱིས་རློབས།། ནམ་མཁའ་རྣམ་དག་གི་མཎྜལ་ལ།། འགག་མེད་རྟེན་འབྲེལ་གྱི་མེ་ཏོག་བཀོད།། བླ་མའི་གསུང་ལ་མཆོད་པ་འབུལ།། བདག་གི་ངག་ལ་བྱིན་གྱིས་རློབས།། རང་སེམས་བདེ་ཆེན་གྱི་མཎྜལ་ལ།། རྣམ་རྟོག་ཕྲལ་འཇོམས་ཀྱི་མེ་ཏོག་བཀོད།།", "target": "མར་པ ས་ དེ ར་ བྱོན ། དཔལ་ཡེ་ཤེས་སྙིང་པོ འི་ དྲུང་ དུ་ དཔལ་གསང་བ་འདུས་པ འི་ དབང་གདམས་ངག་ དང་ ། གཞན་ ཡང་ ཀྲི་ཡ་ དང་ ཡོ་ག་ ཕྱག་ལེན་ལས་ཚོགས་ དང་ བཅས་པ་ ཞུས་པ ས་ གསང་སྔགས་ ཀྱི་ དོན་ ལ་ རྟོགས་པ་ ཡང་དག་པ་ འཁྲུངས་ ཏེ ། ཡང་ བསམས་པ་ ང ས་ བོད་ ནས་ བལ་པོ ར་ སླེབས ། རྗེ་ བལ་པོ་ རྣམ་ གཉིས་ དང་ མཇལ ། ལུང་བསྟན་ གདམས་ངག་ དང་ བཅས་པ་ ཐོབ་པ་ ཡང་ བླ་མ་ ནཱ་རོ་པ་ ཆེན་པོ ས་ བྱིན་ གྱིས་ བརླབས་པ་ ཡིན་ ངེས་པ ར་ འདུག་པ འི་ ངེས་ཤེས་ སྐྱེས ། ཐོ་རངས་ ཁ་ དགའ་བ འི་ ཉམས་ རྡོ་རྗེ འི་ གླུ འི་ མཎྜལ་ འདི་ བླ་མ་ ལ་ ཕུལ་བ ར་ གད འོ་ ། ། རྗེ་ སངས་རྒྱས་ ཀུན་ དང་ མཉམ་པ འི་ སྐུ ། ། བླ་མ་ རྣམས་ ལ་ ཕྱག་ འཚལ་ ལོ ། ། ཞིང་ དག་པ་ ནཱ་རོ་ པཎ་ཆེན་ དང་ ། ། དཔལ་ཡེ་ཤེས་སྙིང་པོ འི་ ཞབས་ ལ་ འདུད ། ། ང་ ལྷོ་བྲག་ བོད་ དུ་ ལས་དབང་ གིས ། ། ཕ་མ་ གཉིས་ ཀྱིས་ ལུས་ ། ། བསྐྱེད་ མར་པ་བློ་གྲོས་ བགྱི་བ་ འདི ། ། ཆོས་ ལ་ བཀོད་པ འི་ བཀའ་དྲིན་ཅན ། ། ཡབ་ཡུམ་ གཉིས་ ལ་ གུས་ ཕྱག་ འཚལ ། ། དྲིན་ཆོས་ ཀྱིས་ འཁོར་བ ར་ བྱིན་ གྱིས་ རློབས ། ། རང་བཞིན་ སྐྱེ་མེད་ ཀི་ མཎྜལ་ ལ ། ། སྣང་བ་ སྣ་ཚོགས་ ཀྱི་ མེ་ཏོག་ བཀོད ། ། བླ་མ འི་ སྐུ་ ལ་ མཆོད་པ ར་ འབུལ ། ། བདག་ གི་ ལུས་ ལ་ བྱིན་ གྱིས་ རློབས ། ། ནམ་མཁའ་ རྣམ་དག་ གི་ མཎྜལ་ ལ ། ། འགག་མེད་རྟེན་འབྲེལ་ གྱི་ མེ་ཏོག་ བཀོད ། ། བླ་མ འི་ གསུང་ ལ་ མཆོད་པ་ འབུལ ། ། བདག་ གི་ ངག་ ལ་ བྱིན་ གྱིས་ རློབས ། ། རང་སེམས་ བདེ་ཆེན་ གྱི་ མཎྜལ་ ལ ། ། རྣམ་རྟོག་ཕྲལ་འཇོམས་ ཀྱི་ མེ་ཏོག་ བཀོད ། །" }, { "source": "བླ་མའི་ཐུགས་ལ་མཆོད་པ་འབུལ།། བདག་གི་ཡིད་ལ་བྱིན་གྱིས་རློབས།། རིན་ཆེན་ས་གཞིའི་མཎྜལ་ལ།། རི་རབ་གླིང་བཞིའི་མེ་ཏོག་བཀོད།། བླ་མའི་སྐུ་གསུང་ཐུགས་ལ་མཆོད་པ་འབུལ།། བདག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས།། ཞིང་ཁམས་ས་གཞི་རབ་འབྱམས་ལ།། འབྱུང་བ་ལྔ་ལས་སྐྱེས་པ་ཡི།། མཆོད་ཡོན་མེ་ཏོག་བདུག་སྤོས་དང་།། སྣང་གསལ་དྲི་ཆབ་ཞལ་ཟས་དང་།། རོལ་མོ་ལ་སོགས་མཆོད་རྫས་རྣམས།། ལེགས་པར་གྲུབ་པ་ཇི་སྙེད་པ།། བླ་མ་རྗེ་ལ་མཆོད་པ་འབུལ།། བར་ཆད་མེད་པར་བྱིན་གྱིས་རློབས།། ནམ་མཁའ་འི་མཐའ་དང་མཉམ་པ་ཡི།། གདུགས་དང་རྒྱལ་མཚན་རོལ་མོ་དང་།། བླ་བྲེས་ཡོལ་བ་ལ་སོགས་པ།། བློ་ཡིས་སྤྲུལ་ནས་མཆོད་པར་འབུལ།། རྟོགས་པ་འཕེལ་བར་བྱིན་གྱིས་རློབས།། སངས་རྒྱས་ཡེ་ཤེས་སྙིང་པོ་ལ།། རྒྱུད་ཆེན་གསང་བ་འདུས་པ་ཉན།། ཐབས་ཤེས་ཟུང་དུ་འཇུག་པར་གོ། ཆོས་ཀྱི་ལྡེ་མིག་ཡིན་པར་གོ། རྒྱུད་ཀྱི་རྒྱ་མཚོ་ཡིན་པར་གོ། ཆོས་དང་ཟང་ཟིང་སྦྱིན་པ་བྱུང་།། སྙིང་གི་ལྗོན་ཤིང་རྒྱས་བྱེད་ཅིང་།། ཚིག་ཚོགས་དྲི་མེད་ལོ་འདབ་རྒྱས།། ཡེ་ཤེས་ལྔ་ཡི་བདག་ཉིད་ཅན།། འགྲོ་བའི་དོན་རྣམས་མཐའ་དག་བྱུང་།། རིམ་ལྔའི་ལམ་མཆོག་བགྲོད་པས་བདེ།། འོད་གསལ་སྒྱུ་ལུས་རྨི་ལམ་གྱི། གདམས་ངག་རིན་ཆེན་ཐུགས་ལ་བཏགས།། སྐུ་དྲིན་ཆེའོ་ཛྙཱ་ན་བ།། འདི་ནས་བཟུང་སྟེ་མཐར་ཐུག་གི། བླ་མེད་བྱང་ཆུབ་མ་ཐོབ་བར།། སྤྱི་གཙུག་བདེ་བ་ཆེན་པའི་གྱི་རྒྱན་དུ་བཞུགས།། སྙིང་གི་དཀྱིལ་དུ་འབྲལ་ཐབས་མེད།།", "target": "བླ་མ འི་ ཐུགས་ ལ་ མཆོད་པ་ འབུལ ། ། བདག་ གི་ ཡིད་ ལ་ བྱིན་ གྱིས་ རློབས ། ། རིན་ཆེན་ས་གཞི འི་ མཎྜལ་ ལ ། ། རི་རབ་ གླིང་ བཞི འི་ མེ་ཏོག་ བཀོད ། ། བླ་མ འི་ སྐུ་གསུང་ཐུགས་ ལ་ མཆོད་པ་ འབུལ ། ། བདག་ གི་ ལུས་ངག་ཡིད་ གསུམ་ ལ་ བྱིན་ གྱིས་ རློབས ། ། ཞིང་ཁམས་ས་གཞི་རབ་འབྱམས་ ལ ། ། འབྱུང་བ་ ལྔ་ ལས་ སྐྱེས་པ་ ཡི ། ། མཆོད་ཡོན་མེ་ཏོག་བདུག་སྤོས་ དང་ ། ། སྣང་གསལ་དྲི་ཆབ་ཞལ་ཟས་ དང་ ། ། རོལ་མོ་ ལ་ སོགས་ མཆོད་རྫས་ རྣམས ། ། ལེགས་པ ར་ གྲུབ་པ་ ཇི་ སྙེད་པ ། ། བླ་མ་ རྗེ་ ལ་ མཆོད་པ་ འབུལ ། ། བར་ཆད་ མེད་པ ར་ བྱིན་ གྱིས་ རློབས ། ། ནམ་མཁའ་ འི་ མཐའ་ དང་ མཉམ་པ་ ཡི ། ། གདུགས་ དང་ རྒྱལ་མཚན་རོལ་མོ་ དང་ ། ། བླ་བྲེས་ ཡོལ་བ་ ལ་ སོགས་པ ། ། བློ་ ཡིས་ སྤྲུལ་ ནས་ མཆོད་པ ར་ འབུལ ། ། རྟོགས་པ་ འཕེལ་བ ར་ བྱིན་ གྱིས་ རློབས ། ། སངས་རྒྱས་ ཡེ་ཤེས་སྙིང་པོ་ ལ ། ། རྒྱུད་ཆེན་ གསང་བ་འདུས་པ་ ཉན ། ། ཐབས་ཤེས་ ཟུང་ དུ་ འཇུག་པ ར་ གོ ། ཆོས་ ཀྱི་ ལྡེ་མིག་ ཡིན་པ ར་ གོ ། རྒྱུད་ ཀྱི་ རྒྱ་མཚོ་ ཡིན་པ ར་ གོ ། ཆོས་ དང་ ཟང་ཟིང་ སྦྱིན་པ་ བྱུང་ ། ། སྙིང་ གི་ ལྗོན་ཤིང་ རྒྱས་ བྱེད་ ཅིང་ ། ། ཚིག་ཚོགས་ དྲི་མེད་ ལོ་འདབ་ རྒྱས ། ། ཡེ་ཤེས་ ལྔ་ ཡི་ བདག་ཉིད་ཅན ། ། འགྲོ་བ འི་ དོན་ རྣམས་ མཐའ་དག་ བྱུང་ ། ། རིམ་ ལྔ འི་ ལམ་ མཆོག་ བགྲོད་པ ས་ བདེ ། ། འོད་གསལ་སྒྱུ་ལུས་རྨི་ལམ་ གྱི ། གདམས་ངག་རིན་ཆེན་ ཐུགས་ ལ་ བཏགས ། ། སྐུ་དྲིན་ ཆེ འོ་ ཛྙཱ་ན་བ ། ། འདི་ ནས་ བཟུང་ སྟེ་ མཐ ར་ ཐུག་ གི ། བླ་མེད་བྱང་ཆུབ་ མ་ ཐོབ་བ ར ། ། སྤྱི་གཙུག་ བདེ་བ་ ཆེན་པ འི་ གྱི་ རྒྱན་ དུ་ བཞུགས ། ། སྙིང་ གི་ དཀྱིལ་ དུ་ འབྲལ་ཐབས་ མེད ། །" }, { "source": "སྐྱོ་འཇིགས་མེད་པར་སྐྱབས་སུ་མཆི།། ཐུགས་རྗེའི་ལྕགས་ཀྱུ་འོད་ཟེར་ཅན།། མ་རིག་མུན་པ་བསལ་ནས་ཀྱང་།། ལུས་ངག་ཡིད་གསུམ་གཟུང་དུ་གསོལ།། ཞེས་གསོལ་བ་བཏབ་པ་ལགས་ཤིང་།། མར་པས་རྒྱུད་ཀྱི་སློབ་གཉེར་ཚར་ནས་བླ་མ་ལ་དྲིན་ལན་གྱི་མཆོད་པ་ཕུལ། ལུས་ངག་ཡིད་གསུམ་གྱི་སྒྲུབ་པས་མཉེས་པར་མཛད། དེ་ནས་མར་པ་པུ་ལ་ཧ་རིར་བྱོན་པས་ལམ་གྱི་ལྷ་ཁང་ཞིག་ཏུ་གཉོས་ལོཙྪ་བ་དང་འཕྲད་པས། ཁོང་ན་རེ། མར་པ་ཁྱེད་ཀྱིས་གནང་ནས་སློབ་གཉེར་ཅི་ལ་བྱས་ཟེར། ངས་ཕ་རྒྱུད་བསླབས་བྱས་པས། འོ་ན་བགྲོ་གླེང་བྱེད་ཟེར། མཛད་པས། མར་པས་ཏོག་ཐོན་པས་གཉོས་ན་རེ། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་གདམས་ངག་ཡོད་པ་མ་རྒྱུད་མ་ཧཱ་མཱ་ཡ་བྱ་བ་དགོས་པ་ཡིན། གསང་འདུས་ཡང་བོད་ན་དར་ཟེར། མ་ཧཱ་མ་ཡའི་ཆོས་སྐད་ལབ་ཏུ་བྱུང་བ་ལ། ལན་འདེབས་རྒྱུ་མ་བྱུང་བས། མར་པས། རྗེ་ནཱ་རོའི་དྲུང་དུ་བྱོན་ཏེ་ཕྱག་ཕུལ་བས། ནཱ་རོ་པའི་གསུང་ནས། གསང་འདུས་ཡིད་ཆེས་པར་ཐོབ་བམ་གསུངས་པ་ལ། གསང་འདུས་ཡིད་ཚིམ་པར་ཐོབ་ལགས་པས། ལམ་བར་དུ་གདག་རང་གི་གྲོགས་པོ་དང་འཕྲལ་ཆོས་སྐད་བྱས་པས་གསང་འདུས་ལ་བདག་རྒྱལ་ཏེ། བདག་ལ་མ་ཧཱ་མ་ཡའི་ཆོས་གཏམ་ལབ་རྒྱུ་མ་བྱུང་བས། མ་ཧཱ་མ་ཡ་ཐུགས་ལ་འདོགས་པ་ཞུ་ཞུས་པས། ཁྱོད་ལ་གསངན་བ་འདས་པ་ང་རང་གིས་བཤད་ཀྱང་ཆོག་སྟེ། ད་ལྟ་དུས་ལ་མ་བབ་པས་ཡེ་ཤེས་སྙིང་པོའི་དྲུང་དུ་བཏང་བ་ཡིན། ང་རང་གིས་སང་དུས་ལ་བབ་ཚེ་བཤད། མ་ཧཱ་མ་ཡ་ང་རང་གིས་ཤེས་ཏེ་དུག་མཚོའི་གླིང་ན་དཔལ་ཞི་བ་བཟང་པོ་ཞེས་བྱ་བ། མ་རྒྱུད་ཀྱི་བདག་པོ་གཅིག་བཞུགས་ཤིང་ཡོད་པས་ཁྱོད་ཁོང་ཅན་བཏང་དགོས་གསུངས།", "target": "སྐྱོ་འཇིགས་ མེད་པ ར་ སྐྱབས་ སུ་ མཆི ། ། ཐུགས་རྗེ འི་ ལྕགས་ཀྱུ་ འོད་ཟེར་ཅན ། ། མ་རིག་མུན་པ་ བསལ་ ནས་ ཀྱང་ ། ། ལུས་ངག་ཡིད་ གསུམ་ གཟུང་ དུ་ གསོལ ། ། ཞེས་ གསོལ་བ་ བཏབ་པ་ ལགས་ ཤིང་ ། ། མར་པ ས་ རྒྱུད་ ཀྱི་ སློབ་གཉེར་ ཚར་ ནས་ བླ་མ་ ལ་ དྲིན་ལན་ གྱི་ མཆོད་པ་ ཕུལ ། ལུས་ངག་ཡིད་ གསུམ་ གྱི་ སྒྲུབ་པ ས་ མཉེས་པ ར་ མཛད ། དེ་ ནས་ མར་པ་ པུ་ལ་ཧ་རི ར་ བྱོན་པ ས་ ལམ་ གྱི་ ལྷ་ཁང་ ཞིག་ ཏུ་ གཉོས་ ལོཙྪ་བ་ དང་ འཕྲད་པ ས ། ཁོང་ ན་རེ ། མར་པ་ ཁྱེད་ ཀྱིས་ གནང་ ནས་ སློབ་གཉེར་ ཅི་ ལ་ བྱས་ ཟེར ། ང ས་ ཕ་རྒྱུད་ བསླབས་ བྱས་པ ས ། འོ་ ན་ བགྲོ་གླེང་ བྱེད་ ཟེར ། མཛད་པ ས ། མར་པ ས་ ཏོག་ ཐོན་པ ས་ གཉོས་ ན་རེ ། གནས་པ་ རྩ ། གཡོ་བ་ རླུང་ ། བཀོད་པ་ བྱང་ཆུབ་སེམས་ ཀྱི་ གདམས་ངག་ ཡོད་པ་ མ་རྒྱུད་ མ་ཧཱ་མཱ་ཡ་ བྱ་བ་ དགོས་པ་ ཡིན ། གསང་འདུས་ ཡང་ བོད་ ན་ དར་ ཟེར ། མ་ཧཱ་མ་ཡ འི་ ཆོས་སྐད་ ལབ་ ཏུ་ བྱུང་བ་ ལ ། ལན་ འདེབས་རྒྱུ་ མ་ བྱུང་བ ས ། མར་པ ས ། རྗེ་ ནཱ་རོ འི་ དྲུང་ དུ་ བྱོན་ ཏེ་ ཕྱག་ ཕུལ་བ ས ། ནཱ་རོ་པ འི་ གསུང་ ནས ། གསང་འདུས་ ཡིད་ ཆེས་པ ར་ ཐོབ་ བམ་ གསུངས་པ་ ལ ། གསང་འདུས་ ཡིད་ ཚིམ་པ ར་ ཐོབ་ ལགས་པ ས ། ལམ་བར་ དུ་ གདག་ རང་ གི་ གྲོགས་པོ་ དང་ འཕྲལ་ ཆོས་སྐད་ བྱས་པ ས་ གསང་འདུས་ ལ་ བདག་ རྒྱལ་ ཏེ ། བདག་ ལ་ མ་ཧཱ་མ་ཡ འི་ ཆོས་གཏམ་ ལབ་རྒྱུ་ མ་ བྱུང་བ ས ། མ་ཧཱ་མ་ཡ་ ཐུགས་ ལ་ འདོགས་པ་ ཞུ་ ཞུས་པ ས ། ཁྱོད་ ལ་ གསངན་བ་འདས་པ་ ང་ རང་ གིས་ བཤད་ ཀྱང་ ཆོག་ སྟེ ། ད་ ལྟ་ དུས་ ལ་ མ་ བབ་པ ས་ ཡེ་ཤེས་སྙིང་པོ འི་ དྲུང་ དུ་ བཏང་བ་ ཡིན ། ང་ རང་ གིས་ སང་ དུས་ ལ་ བབ་ ཚེ་ བཤད ། མ་ཧཱ་མ་ཡ་ ང་ རང་ གིས་ ཤེས་ ཏེ་ དུག་མཚོ འི་ གླིང་ ན་ དཔལ་ཞི་བ་ བཟང་པོ་ ཞེས་ བྱ་བ ། མ་རྒྱུད་ ཀྱི་ བདག་པོ་ གཅིག་ བཞུགས་ ཤིང་ ཡོད་པ ས་ ཁྱོད་ ཁོང་ ཅན་ བཏང་ དགོས་ གསུངས །" }, { "source": "ཚོགས་ཞིག་བཤམས་པའི་གྲལ་དུ་ནཱ་རོས་དུར་ཁྲོད་ལ་ཕྱག་སྡིགས་མཛུབ་གཏད་པས། སྐད་ཅིག་ལ་དུར་ཁྲོད་སོ་སོའི་གླིང་ནས་རྣལ་འབྱོར་པ་དུར་ཁྲོད་འཛིན་པ་གསུམ་བྱོན་ནས། ངའི་བུ་མར་པ་འདི་ལྷོ་དུག་མཚོའི་གླིང་དུ་བཏང་བ་ལ་ཁྱེད་གསུམ་གྱིས་བར་ཆད་མེད་པར་བྱིན་གྱིས་རློབས་ཤིག་གསུང་པས། གཅིག་ན་རེ། བདག་གིས་དུག་སྦྲུལ་གྱི་འཇིགས་པ་ལས་སྐྱོབ་གསུངས། གཅིག་ན་རེ། བདག་གིས་གཅན་གཟན་གྱི་འཇིགས་པ་ལས་སྐྱོབ་གསུངས། གཅིག་ན་རེ། བདག་གིས་མི་མ་ཡིན་གྱི་འཇིགས་པ་ལས་སྐྱོབ་གསུངས། དེར་ནཱ་རོ་པའི་ཞལ་ནས། འདི་ནས་དུག་མཚོའི་གླིང་ལ་ཟླ་བ་ཕྱེད་ཀྱི་ལམ་ཡོད་པས། དུག་གི་ཆུ་ལ་དང་པོར་བོལ་ནུབ། དེ་ནས་རིམ་པ་བཞིན་པུས། བརླ་ཕྲ་སྦོམ་ནུབ། ཐ་མ་རྐྱལ་ཏེ་སོང་། ཤིང་རེ་རེ་ཡོད་པའི་རྩ་བ་ལ་འཁྲིས་ལ་སོང་། གཉིས་གཉིས་འདུག་པའི་བར་ལ་སོང་། ས་སྐྱ་ཐལ་ལེ་གང་འདུག་ཏུ་ཞག་སྡོད་གྱིས། ཀུ་ཀུ་རི་པ་དེ་ལུས་ལ་སྤུ་སྐྱེས་པ། ཁ་མཚུལ་སྤྲེའུ་འདྲ་བ། མདོག་མི་སྡུག་པ། ཅིར་ཡང་རྫུ་བ་ཞིག་ཡོད་པས། དེ་ལ་ཐེ་ཚོམ་མ་བྱེད་པར་ང་ནཱ་རོ་པས་བཏང་བ་ཡིན། མ་ཧཱ་མ་ཡ་གནང་བར་ཞུ་གྱིས་ལ་ཆོས་ཞུས་ཤིག་གསུངས། ལུང་བསྟན་ཕྱག་རྟགས་དང་བཅས་པ་མཛད་ནས་བརྫངས་ཏེ། བླ་མ་མར་པས་རྒྱ་གར་ལྷོ་ཕྱོགས་དུག་མཚོ་ཁོལ་མའི་དོ་རི་ལ་ཟླ་བ་ཕྱེད་ཀྱི་རྒྱགས་བཟུང་ནས་ལམ་བགྲོད་དཀའ་བའི་ཕྱིར་བླ་མའི་བཀའ་བཞིན་དུ་བྱོན་པས་ལམ་བར་ལ་བྱ་གཉིས་འཕུར་སོང་བ་མ་གཏོགས་སེམས་ཅན་གཞན་གྱི་རིགས་མ་མཐོང་བ་ལ།", "target": "ཚོགས་ ཞིག་ བཤམས་པ འི་ གྲལ་ དུ་ ནཱ་རོ ས་ དུར་ཁྲོད་ ལ་ ཕྱག་སྡིགས་མཛུབ་ གཏད་པ ས ། སྐད་ ཅིག་ ལ་ དུར་ཁྲོད་ སོ་སོ འི་ གླིང་ ནས་ རྣལ་འབྱོར་པ་ དུར་ཁྲོད་ འཛིན་པ་ གསུམ་ བྱོན་ ནས ། ང འི་ བུ་ མར་པ་ འདི་ ལྷོ་དུག་མཚོ འི་ གླིང་ དུ་ བཏང་བ་ ལ་ ཁྱེད་ གསུམ་ གྱིས་ བར་ཆད་ མེད་པ ར་ བྱིན་ གྱིས་ རློབས་ ཤིག་ གསུང་པ ས ། གཅིག་ ན་རེ ། བདག་ གིས་ དུག་སྦྲུལ་ གྱི་ འཇིགས་པ་ ལས་ སྐྱོབ་ གསུངས ། གཅིག་ ན་རེ ། བདག་ གིས་ གཅན་གཟན་ གྱི་ འཇིགས་པ་ ལས་ སྐྱོབ་ གསུངས ། གཅིག་ ན་རེ ། བདག་ གིས་ མི་ མ་ ཡིན་ གྱི་ འཇིགས་པ་ ལས་ སྐྱོབ་ གསུངས ། དེ ར་ ནཱ་རོ་པ འི་ ཞལ་ ནས ། འདི་ ནས་ དུག་མཚོ འི་ གླིང་ ལ་ ཟླ་བ་ ཕྱེད་ ཀྱི་ ལམ་ ཡོད་པ ས ། དུག་ གི་ ཆུ་ ལ་ དང་པོ ར་ བོལ་ནུབ ། དེ་ ནས་ རིམ་པ་ བཞིན་ པུས ། བརླ་ཕྲ་སྦོམ་ ནུབ ། ཐ་མ་ རྐྱལ་ ཏེ་ སོང་ ། ཤིང་ རེ་རེ་ ཡོད་པ འི་ རྩ་བ་ ལ་ འཁྲིས་ ལ་ སོང་ ། གཉིས་ གཉིས་ འདུག་པ འི་ བར་ ལ་ སོང་ ། ས་སྐྱ་ཐལ་ལེ་ གང་ འདུག་ ཏུ་ ཞག་སྡོད་ གྱིས ། ཀུ་ཀུ་རི་པ་ དེ་ ལུས་ ལ་ སྤུ་ སྐྱེས་པ ། ཁ་མཚུལ་ སྤྲེའུ་ འདྲ་བ ། མདོག་ མི་ སྡུག་པ ། ཅི ར་ ཡང་ རྫུ་བ་ ཞིག་ ཡོད་པ ས ། དེ་ ལ་ ཐེ་ཚོམ་ མ་ བྱེད་པ ར་ ང་ ནཱ་རོ་པ ས་ བཏང་བ་ ཡིན ། མ་ཧཱ་མ་ཡ་ གནང་བ ར་ ཞུ་ གྱིས་ ལ་ ཆོས་ ཞུས་ ཤིག་ གསུངས ། ལུང་བསྟན་ ཕྱག་རྟགས་ དང་ བཅས་པ་ མཛད་ ནས་ བརྫངས་ ཏེ ། བླ་མ་ མར་པ ས་ རྒྱ་གར་ ལྷོ་ཕྱོགས་དུག་མཚོ་ ཁོལ་མ འི་ དོ་རི་ ལ་ ཟླ་བ་ ཕྱེད་ ཀྱི་ རྒྱགས་ བཟུང་ ནས་ ལམ་ བགྲོད་ དཀའ་བ འི་ ཕྱི ར་ བླ་མ འི་ བཀའ་ བཞིན་ དུ་ བྱོན་པ ས་ ལམ་བར་ ལ་ བྱ་ གཉིས་ འཕུར་ སོང་བ་ མ་ གཏོགས་ སེམས་ཅན་ གཞན་ གྱི་ རིགས་ མ་ མཐོང་བ་ ལ །" }, { "source": "དུག་མཚོའི་དོ་རི་ལ་ཕེབས་པ་དང་གཞི་བདག་མི་མ་ཡིན་གྱི་ཆོ་འཕྲུལ་གྱིས་ནམ་མཁའ་ལ་སྤྲིན་འཐུག་པོ་འཁྲིགས། གློག་དམར་འཁྱུག་ཅིང་འབྲུག་སྒྲ་དྲག་པོ་སྒྲོགས་པ་དང་བཅས་ཐོག་མང་པོ་དང་། ཁ་ཆར་བུ་ཡུག་ཆེན་པོ་བབས། ཉིན་གུང་ལ་མུན་ནག་སྨག་རུམ་འཐབས་ཏེ་སྐྱེ་བ་སྔ་ཕྱི་དྲན་པ་ལྟ་བུའི་སྡུག་བསྔལ་མྱོང་བས། ནཱ་རོའི་དྲུང་དུ་རྣལ་འབྱོར་པ་གསུམ་གྱིས་ཁས་བླངས་པ་དྲན་ནས་པཎ་ཆེན་ནཱ་རོའི་མཚན་ནས་བོས་ཏེ་གསོལ་བ་བཏབ་པས་ནམ་མཁའ་དྭངས་པར་གྱུར་ཏོ།། དེ་ནས་བླ་མ་གང་ན་ཡོད་དམ་སྙམ་ཚོལ་དུ་བྱོན་པས། མི་ལུས་ལ་བྱའི་སྤུས་ཁེངས་པ་གཅིག་ཤིང་སྡོང་ཞིག་གི་དྲུང་ན་གདོང་པ་མཆན་དུ་བཅུག་ནས་འདུག་པས་ཡིན་ནམ། མིན་ནམ་སྙམ་པའི་ཐེ་ཚོམ་སྐྱེས་ཏེ་ཁྱེད་ཀྱིས་ཀུ་ཀུ་རི་པ་མཐོང་ངམ་དྲིས་པས་ཐུགས་དང་སྤྱན་ཧུར་མཛད་ཅིང་། ཨ་པ་བོད་སྣ་ལེབ་པ་ལམ་གྱི་དཀའ་ལས་འདི་ཙམ་གྱིས་ཀྱང་མི་ཐུབ་པར་ཁྱོད་གང་ནས་འོངས། གང་དུ་འགྲོཀུ་ཀུ་རི་པས་ཅི་བྱེད། ངས་འདིར་བསྡད་བས་ཀུ་ཀུ་རི་པ་འམ་དེ་མིག་གིས་ཀྱང་མ་མཐོང་སྟེ། རྣ་བས་ཀྱང་མ་ཐོས་གསུངས། ཡང་གདོང་པ་མཆན་དུ་བཅུག་ཐལ། གཞན་དུ་བཙལ་བས་ནི་མ་རྙེད་ཚེ། བླ་མའི་གསུང་དྲན་ནས་ད་ཅིའི་དེ་ཀ་ཡིན་ངེས་སྙམ་སླར་དེའི་དྲུང་དུ་འོངས་ནས་ཕྱག་བྱས་ཏེ། ང་པཎ་ཆེན་ནཱ་རོས་བཏང་བ་ཡིན། མ་ཧཱ་མ་ཡ་ཞུ་རུ་འོངས་པས་གནང་འཚལ་ཞུས་ནས་ཕྱག་རྟགས་ཕུལ་བས། གདོང་པ་མཆན་ནས་བཏོན་ཏེ།", "target": "དུག་མཚོ འི་ དོ་རི་ ལ་ ཕེབས་པ་ དང་ གཞི་བདག་ མི་ མ་ ཡིན་ གྱི་ ཆོ་འཕྲུལ་ གྱིས་ ནམ་མཁའ་ ལ་ སྤྲིན་ འཐུག་པོ་ འཁྲིགས ། གློག་དམར་ འཁྱུག་ ཅིང་ འབྲུག་སྒྲ་ དྲག་པོ་ སྒྲོགས་པ་ དང་ བཅས་ ཐོག་ མང་པོ་ དང་ ། ཁ་ཆར་བུ་ཡུག་ ཆེན་པོ་ བབས ། ཉིན་གུང་ ལ་ མུན་ནག་སྨག་རུམ་ འཐབས་ ཏེ་ སྐྱེ་བ་ སྔ་ཕྱི་ དྲན་པ་ ལྟ་བུ འི་ སྡུག་བསྔལ་ མྱོང་བ ས ། ནཱ་རོ འི་ དྲུང་ དུ་ རྣལ་འབྱོར་པ་ གསུམ་ གྱིས་ ཁ ས་ བླངས་པ་ དྲན་ ནས་ པཎ་ཆེན་ ནཱ་རོ འི་ མཚན་ ནས་ བོས་ ཏེ་ གསོལ་བ་ བཏབ་པ ས་ ནམ་མཁའ་ དྭངས་པ ར་ གྱུར་ ཏོ ། ། དེ་ ནས་ བླ་མ་ གང་ ན་ ཡོད་ དམ་ སྙམ་ ཚོལ་ དུ་ བྱོན་པ ས ། མི་ལུས་ ལ་ བྱ འི་ སྤུ ས་ ཁེངས་པ་ གཅིག་ ཤིང་སྡོང་ ཞིག་ གི་ དྲུང་ ན་ གདོང་པ་ མཆན་ དུ་ བཅུག་ ནས་ འདུག་པ ས་ ཡིན་ ནམ ། མིན་ ནམ་ སྙམ་པ འི་ ཐེ་ཚོམ་ སྐྱེས་ ཏེ་ ཁྱེད་ ཀྱིས་ ཀུ་ཀུ་རི་པ་ མཐོང་ ངམ་ དྲིས་པ ས་ ཐུགས་ དང་ སྤྱན་ཧུར་ མཛད་ ཅིང་ ། ཨ་པ་ བོད་ སྣ་ ལེབ་པ་ ལམ་ གྱི་ དཀའ་ལས་ འདི་ ཙམ་ གྱིས་ ཀྱང་ མི་ ཐུབ་པ ར་ ཁྱོད་ གང་ ནས་ འོངས ། གང་ དུ་ འགྲོ ཀུ་ཀུ་རི་པ ས་ ཅི་ བྱེད ། ང ས་ འདི ར་ བསྡད་བ ས་ ཀུ་ཀུ་རི་པ་ འམ་ དེ་ མིག་ གིས་ ཀྱང་ མ་ མཐོང་ སྟེ ། རྣ་བ ས་ ཀྱང་ མ་ ཐོས་ གསུངས ། ཡང་ གདོང་པ་ མཆན་ དུ་ བཅུག་ ཐལ ། གཞན་ དུ་ བཙལ་བ ས་ ནི་ མ་ རྙེད་ ཚེ ། བླ་མ འི་ གསུང་ དྲན་ ནས་ ད་ ཅི འི་ དེ་ ཀ་ ཡིན་ ངེས་ སྙམ་ སླ ར་ དེ འི་ དྲུང་ དུ་ འོངས་ ནས་ ཕྱག་ བྱས་ ཏེ ། ང་ པཎ་ཆེན་ ནཱ་རོ ས་ བཏང་བ་ ཡིན ། མ་ཧཱ་མ་ཡ་ ཞུ་ རུ་ འོངས་པ ས་ གནང་ འཚལ་ ཞུས་ ནས་ ཕྱག་རྟགས་ ཕུལ་བ ས ། གདོང་པ་ མཆན་ ནས་ བཏོན་ ཏེ །" }, { "source": "ཅི་ཟེར་ནཱ་རོ་པ་བྱ་བ་བསླབས་པའི་ཤེས་རྒྱ་མེད། བསྒོམས་པའི་ཉམས་མྱོང་མེད་པའི་པཎ་ཆེན་རྒོད་བྲོ། མ་ཧཱ་མ་ཡ་ཤེས་ནི་ཤེས། ཁོ་རང་གིས་བསླབས་པས་ཆོག་མོད། མི་སོས་དལ་དུ་མི་སྟེར་བ་ཞེས་སྐུར་འདེབས་ཀྱི་ཚུལ་དགྱེས་དགྱེས་འགའ་གསུངས་པའི་མཐར། ཨ་ཀྱ་བྲེ་མོ་ཡིན། ཁོང་པཎྜི་ཏ་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་ཡིན་ཕྱིར་ངས་དག་སྣང་བྱས་པས། ངེད་གཉིས་ཕར་སློབ་ཚུར་སློབ་ཏུ་སོང་། མ་ཧཱ་མ་ཡ་ཁོ་རང་གིས་མཁྱེན་རུང་། བཀའ་ང་ལ་བབས་པ་དང་། དག་སྣང་གིས་ཁྱོད་ང་ལ་ཞུ་རུ་བཏང་འདུག་པས་མཐིལ་ཕྱིན་པ་ཞིག་སློབ་པ་ཡིན། ཕྱིས་ནཱ་རོའི་དྲུང་དུ་ཞུས་ལ་ཁྱད་ཅི་འདུག་ལྟོས་ཤིགཁྱོད་ཚུར་ཡོང་བའི་ལམ་བར་དུ་མི་གཉིས་དང་འཕྲད་དམ་གསུངས། མ་ཕྲད་ཞུས་པས། མིར་མ་མཐོང་བྱར་མཐོང་བ་ཡིན་གསུངས་ནས་དབང་བསྐུར་ཏེ་ལྐུག་ཆེན་ལྐུག་ཆུང་བརྒྱན་པ་དང་གསུམ་གྱི་ངོས་ནས་རྣལ་འབྱོར་གསུམ་དུ་ངོ་སྤྲད་པ་ནི། དམན་པ་དབྱིབས་ཀྱི་རྣལ་འབྱོར་ལ་བརྟེན་ནས་ལམ་རྒྱས་བསྡུས་གསུམ་ལམ་དུ་སློང་བ་དང་། ཟབ་པ་སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས་རིག་པ་གསུམ་རྣལ་འབྱོར་དུ་ཁྱེར་བ་དང་། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ལ་བརྟེན་ནས་གནང་ཀྱི་ཆིངས་ལྔ་། རྩ་བའི་རྫོགས་རིམས་ཉི་ཤུ་རྩ་བཞི་ལ་སོགས་པའི་དོན་རྣམས་རྒྱས་པར་གནང་། བར་ཆད་མེད་པར་སློབ་གཉེར་ཚར་བ་དང་། བླ་མ་ལ་ཆོས་རྫོགས་པར་ཐོབ་པའི་གཏང་རག་གི་དགའ་སྟོན་བཤམས་པའི་ཚོགས་གྲལ་དུ། མར་པ་ཐུགས་སྤྲོ་བའི་ངང་ནས། བླ་མ་དང་མཆོད་ལྕམ་རྣམས་ཀྱི་དྲུང་དུ་གནང་བ་ཞུས་ནས་མགུར་འདི་ཕུལ་ལོ།།", "target": "ཅི་ ཟེར་ ནཱ་རོ་པ་ བྱ་བ་ བསླབས་པ འི་ ཤེས་རྒྱ་ མེད ། བསྒོམས་པ འི་ ཉམས་མྱོང་ མེད་པ འི་ པཎ་ཆེན་ རྒོད་ བྲོ ། མ་ཧཱ་མ་ཡ་ ཤེས་ ནི་ ཤེས ། ཁོ་ རང་ གིས་ བསླབས་པ ས་ ཆོག་ མོད ། མི་ སོས་དལ་ དུ་ མི་ སྟེར་བ་ ཞེས་ སྐུར་ འདེབས་ ཀྱི་ ཚུལ་ དགྱེས་ དགྱེས་ འགའ་ གསུངས་པ འི་ མཐ ར ། ཨ་ཀྱ་ བྲེ་མོ་ ཡིན ། ཁོང་ པཎྜི་ཏ་ མཁས་གྲུབ་ བསམ་ གྱིས་ མི་ ཁྱབ་པ་ ཡིན་ ཕྱི ར་ ང ས་ དག་སྣང་ བྱས་པ ས ། ངེད་ གཉིས་ ཕ ར་ སློབ་ ཚུ ར་ སློབ་ ཏུ་ སོང་ ། མ་ཧཱ་མ་ཡ་ ཁོ་ རང་ གིས་ མཁྱེན་ རུང་ ། བཀའ་ ང་ ལ་ བབས་པ་ དང་ ། དག་སྣང་ གིས་ ཁྱོད་ ང་ ལ་ ཞུ་ རུ་ བཏང་ འདུག་པ ས་ མཐིལ་ ཕྱིན་པ་ ཞིག་ སློབ་པ་ ཡིན ། ཕྱི ས་ ནཱ་རོ འི་ དྲུང་ དུ་ ཞུས་ ལ་ ཁྱད་ ཅི་ འདུག་ ལྟོས་ ཤིག ཁྱོད་ ཚུ ར་ ཡོང་བ འི་ ལམ་བར་ དུ་ མི་ གཉིས་ དང་ འཕྲད་ དམ་ གསུངས ། མ་ ཕྲད་ ཞུས་པ ས ། མི ར་ མ་ མཐོང་ བྱ ར་ མཐོང་བ་ ཡིན་ གསུངས་ ནས་ དབང་ བསྐུར་ ཏེ་ ལྐུག་ཆེན་ལྐུག་ཆུང་བརྒྱན་པ་ དང་ གསུམ་ གྱི་ ངོས་ ནས་ རྣལ་འབྱོར་ གསུམ་ དུ་ ངོ་ སྤྲད་པ་ ནི ། དམན་པ་ དབྱིབས་ ཀྱི་ རྣལ་འབྱོར་ ལ་ བརྟེན་ ནས་ ལམ་རྒྱས་བསྡུས་ གསུམ་ ལམ་ དུ་ སློང་བ་ དང་ ། ཟབ་པ་སྔགས་ ཀྱི་ རྣལ་འབྱོར་ ལ་ བརྟེན་ ནས་ རིག་པ་ གསུམ་ རྣལ་འབྱོར་ དུ་ ཁྱེར་བ་ དང་ ། མཐ ར་ ཐུག་ ཆོས་ ཀྱི་ རྣལ་འབྱོར་ ལ་ བརྟེན་ ནས་ གནང་ ཀྱི་ ཆིངས་ ལྔ་ ། རྩ་བ འི་ རྫོགས་རིམས་ ཉི་ཤུ་ རྩ་ བཞི་ ལ་ སོགས་པ འི་ དོན་ རྣམས་ རྒྱས་པ ར་ གནང་ ། བར་ཆད་ མེད་པ ར་ སློབ་གཉེར་ ཚར་བ་ དང་ ། བླ་མ་ ལ་ ཆོས་ རྫོགས་པ ར་ ཐོབ་པ འི་ གཏང་རག་ གི་ དགའ་སྟོན་ བཤམས་པ འི་ ཚོགས་གྲལ་ དུ ། མར་པ་ ཐུགས་ སྤྲོ་བ འི་ ངང་ ནས ། བླ་མ་ དང་ མཆོད་ལྕམ་ རྣམས་ ཀྱི་ དྲུང་ དུ་ གནང་བ་ ཞུས་ ནས་ མགུར་ འདི་ ཕུལ་ ལོ ། །" }, { "source": "རྗེ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས།། འགྲོ་བ་ཀུན་གྱི་རྡོ་རྗེ་འཆང་།། རྒྱུད་གཉེན་པོ་རྣམས་ཀྱི་གཏེར་བདག་པོ།། དཔལ་ཞི་བ་བཟང་པོའི་ཞབས་ལ་འདུད།། སྐུ་མཐོང་བས་ང་རྒྱལ་རི་བོ་བསྙིལ།། གསུང་ཐོས་པས་ཐ་མལ་སེམས་རྒྱུད་གྲོལ།། ཐུགས་དྲན་པས་ཕྱི་ནང་མུན་པ་བསལ།། དེང་སང་དུས་ཀྱི་སྐལ་ལ་ལྡན་བདག། བོད་ནས་རྒྱ་གར་ཡུལ་དུ་མཆིས།། བཤུལ་ཐག་རིང་པོའི་མི་ཞིག་ཡིན།། དམ་ཆོས་པཎྜི་ཏ་ལ་ཞུས།། བརྒྱུད་པ་ཉེ་བའི་དམ་ཆོས་ཐོབ།། རྗེ་དངོས་གྲུབ་ཅན་གྱི་ཞབས་ལ་གཏུགས།། མི་དང་མི་མིན་བར་ཆད་ཞི།། གསང་སྔགས་ཕ་རྒྱུད་མ་རྒྱུད་ཐོབ།། གདམས་ངག་ཆེ་བའི་སྟོན་པ་ཡིན།། དཔལ་ཞི་བ་བཟང་པོས་ཐུགས་ལ་བཏགས།། བླ་མ་བཟང་པོའི་བུ་གཅིག་ཡིན།། བར་ཆད་མེད་པར་ལྷོ་བལ་བགྲོད།། ལས་འཕྲོ་ཅན་གྱི་བན་དྷེ་ཡིན།། བདེ་མཆོག་རྒྱུད་རྒྱལ་བདེ་བླག་ཁུམས།། སྒྲུབ་ཐག་ཉེ་བའི་དམ་ཆོས་ཡིན།། བཀྲ་ཤིས་ལུང་བསྟན་ཞལ་ནས་ཐོས།། མི་ལུས་ཐོབ་པའི་དོན་གོ་ཡིན།། ལྷོ་བྲག་བོད་དུ་ལྟེ་བ་བཅད།། དཀར་པོའི་རྒྱུ་ལ་ལས་འཕྲོ་སད།། གྲུབ་ཐོབ་མཁས་པ་རྣམས་དང་མཇལ།། དབང་བསྐུར་རྒྱུད་བཤད་མན་ངག་ཐོབ།། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས།། མཁའ་འགྲོའི་དབང་ཕྱུག་ཞབས་དྲུང་དུ།། རྣལ་འབྱོར་གསུམ་གྱི་དོན་ལ་བསླབས།། སྒྱུ་མ་ཆེན་པོའི་མ་དང་མཇལ།། ཀུན་ཏུ་བཟང་པོའི་ཕ་རྒན་བསྟེན།། ཆགས་ལམ་ཏེང་འཛིན་ཉམས་སུ་བདར།། ཤེས་རབ་གསུམ་གྱི་སྒྲོན་མེ་རྒྱས།། གཏི་མུག་གསུམ་གྱི་མུན་པ་བསལ།།", "target": "རྗེ་ སངས་རྒྱས་ ཀུན་ གྱི་ ཐུགས་ ཀྱི་ སྲས ། ། འགྲོ་བ་ ཀུན་ གྱི་ རྡོ་རྗེ་འཆང་ ། ། རྒྱུད་ གཉེན་པོ་ རྣམས་ ཀྱི་ གཏེར་བདག་པོ ། ། དཔལ་ཞི་བ་ བཟང་པོ འི་ ཞབས་ ལ་ འདུད ། ། སྐུ་ མཐོང་བ ས་ ང་རྒྱལ་རི་བོ་ བསྙིལ ། ། གསུང་ ཐོས་པ ས་ ཐ་མལ་སེམས་རྒྱུད་ གྲོལ ། ། ཐུགས་ དྲན་པ ས་ ཕྱི་ནང་ མུན་པ་ བསལ ། ། དེང་སང་ དུས་ ཀྱི་ སྐལ་ ལ་ ལྡན་ བདག ། བོད་ ནས་ རྒྱ་གར་ ཡུལ་ དུ་ མཆིས ། ། བཤུལ་ ཐག་ རིང་པོ འི་ མི་ ཞིག་ ཡིན ། ། དམ་ཆོས་ པཎྜི་ཏ་ ལ་ ཞུས ། ། བརྒྱུད་པ་ ཉེ་བ འི་ དམ་ཆོས་ ཐོབ ། ། རྗེ་ དངོས་གྲུབ་ཅན་ གྱི་ ཞབས་ ལ་ གཏུགས ། ། མི་ དང་ མི་ མིན་བ ར་ ཆད་ ཞི ། ། གསང་སྔགས་ཕ་རྒྱུད་མ་རྒྱུད་ ཐོབ ། ། གདམས་ངག་ ཆེ་བ འི་ སྟོན་པ་ ཡིན ། ། དཔལ་ཞི་བ་ བཟང་པོ ས་ ཐུགས་ ལ་ བཏགས ། ། བླ་མ་ བཟང་པོ འི་ བུ་ གཅིག་ ཡིན ། ། བར་ཆད་ མེད་པ ར་ ལྷོ་བལ་ བགྲོད ། ། ལས་འཕྲོ་ཅན་ གྱི་ བན་དྷེ་ ཡིན ། ། བདེ་མཆོག་རྒྱུད་རྒྱལ་ བདེ་བླག་ ཁུམས ། ། སྒྲུབ་ ཐག་ ཉེ་བ འི་ དམ་ཆོས་ ཡིན ། ། བཀྲ་ཤིས་ལུང་བསྟན་ ཞལ་ ནས་ ཐོས ། ། མི་ལུས་ ཐོབ་པ འི་ དོན་ གོ་ ཡིན ། ། ལྷོ་བྲག་ བོད་ དུ་ ལྟེ་བ་ བཅད ། ། དཀར་པོ འི་ རྒྱུ་ ལ་ ལས་འཕྲོ་ སད ། ། གྲུབ་ཐོབ་ མཁས་པ་ རྣམས་ དང་ མཇལ ། ། དབང་བསྐུར་རྒྱུད་བཤད་མན་ངག་ ཐོབ ། ། ལུས་ངག་ཡིད་ གསུམ་ བྱིན་ གྱིས་ བརླབས ། ། མཁའ་འགྲོ འི་ དབང་ཕྱུག་ ཞབས་ དྲུང་ དུ ། ། རྣལ་འབྱོར་ གསུམ་ གྱི་ དོན་ ལ་ བསླབས ། ། སྒྱུ་མ་ ཆེན་པོ འི་ མ་ དང་ མཇལ ། ། ཀུན་ ཏུ་ བཟང་པོ འི་ ཕ་རྒན་ བསྟེན ། ། ཆགས་ལམ་ཏེང་འཛིན་ ཉམས་ སུ་ བདར ། ། ཤེས་རབ་ གསུམ་ གྱི་ སྒྲོན་མེ་ རྒྱས ། ། གཏི་མུག་ གསུམ་ གྱི་ མུན་པ་ བསལ ། །" }, { "source": "སྒྲིབ་པ་གསུམ་གྱི་བུད་ཤིང་བསྲེགས།། ངན་སོང་གསུམ་གྱི་དུར་ས་སྟོངས།། བཀའ་དྲིན་ཆེའོ་བླ་མ་རྗེ།། སྐྱིད་དོ་ཆོས་ཀྱི་བློ་གྲོས་བདག། དགའ་འོ་འདིར་བཞུགས་མཆེད་ལྕམ་ཀུན།། ཞེས་པའི་གླུ་བོད་སྐད་དུ་བླངས་པས་བོད་ཀྱི་གྲོགས་དང་བོད་སྐད་གོ་བ་མེད་པའི་ཕྱིར། དྷ་ར་ཤྲཱི་ལ་སོགས་པའི་མཆེད་གྲོགས་རྣམས་ན་རེ། བོད་སྨྱོ་བ་མིན་ནམ་གསུངས་བ་ལ་བདག་རིགས་དང་ལས་འཕྲོ་ཁྱད་པར་ཅན་ཡོད་ཀྱང་། སྐྱེ་བ་འདིའི་བག་ཆགས་ཤས་མཐུག་པའི་སྟོབས་ཀྱིས་གླུ་བོད་སྐད་དུ་བྱུང་བ་ཡིན་གསུངས་ནས། སླར་རྒྱ་གར་གྱི་སྐད་དུ་བསྒྱུར་བས་ཁོང་རྣམས་ངོ་མཚར་སྐྱེས་སོ།། ད་ནཱ་རོ་པའི་དྲུང་དུ་མྱུར་བར་འགྲོ་དགོས་དགོངས་པལ། སྤྱིར་རྗེ་མར་པ་མངའ་བདག་མཻ་ཏྲི་པའི་སྙན་པ་ལ་བརྟེན་མི་ཕྱེད་པའི་དད་པའི་ངང་ནས་ཆོས་ཐོབ་པ་ཞིག་ཅིས་ཀྱང་བྱེད་དགོངས་པ་རྒྱུན་ཆགས་སུ་ཡོད་པ་ལས། ཁྱད་པར་བླ་མས་རྫོང་དང་ཚོགས་འཁོར་གནང་བའི་སྔ་ནུབ་མངོན་སུམ་དུ་ཡང་ཡང་དྲན་ཞིང་མཆོག་ཏུ་དད་པ་ཞིག་བྱུང་བས། ཡིད་ཀྱིས་མཎྜལ་དང་ཡན་ལག་བདུན་པ་ཕུལ་གསོལ་བ་བཏབ་པས་རྨི་ལམ་དུ་མཻ་ཏྲི་པའི་ཕོ་ཉ་ཡིན་ཟེར་བའི་བུད་མེད་མཛེས་མ་ལག་ཏུ་བུམ་པ་ཐོགས་པ་ཞིག་བྱུང་ནས། དེའི་བུམ་པ་དང་ཕྱག་མར་པའི་དབུ་ཐོག་ཏུ་བཞག་པ་ཞིག་རྨིས་པ་ལས། མནལ་སད་པ་དང་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་ཐོབ་པར་གྱུར་ཏོ།། དེ་ནས་རྗེ་བཙུན་མར་པ་འབྱོན་པར་ཆས་པ་ལ། དཔལ་ཞི་བ་བཟང་པོས་མར་པའི་རྫོངས་སུ་ཚོགས་འཁོར་མཛད་ནས་གནང་བའི་ཆོས་རྣམས་ཀྱི་དཔེ་ཆ་རྣམས་གནང་ཞིང་ཕྱག་མར་བའི་དབུ་ཐོག་ཏུ་བཞག་སྟེ་ཞལ་ནས།", "target": "སྒྲིབ་པ་ གསུམ་ གྱི་ བུད་ཤིང་ བསྲེགས ། ། ངན་སོང་ གསུམ་ གྱི་ དུར་ས་ སྟོངས ། ། བཀའ་དྲིན་ ཆེ འོ་ བླ་མ་ རྗེ ། ། སྐྱིད་ དོ་ ཆོས་ ཀྱི་ བློ་གྲོས་ བདག ། དགའ་ འོ་ འདི ར་ བཞུགས་ མཆེད་ལྕམ་ ཀུན ། ། ཞེས་པ འི་ གླུ་ བོད་སྐད་ དུ་ བླངས་པ ས་ བོད་ ཀྱི་ གྲོགས་ དང་ བོད་སྐད་ གོ་བ་ མེད་པ འི་ ཕྱི ར ། དྷ་ར་ཤྲཱི་ ལ་ སོགས་པ འི་ མཆེད་གྲོགས་ རྣམས་ ན་རེ ། བོད་ སྨྱོ་བ་ མིན་ ནམ་ གསུངས་བ་ ལ་ བདག་ རིགས་ དང་ ལས་འཕྲོ་ ཁྱད་པར་ཅན་ ཡོད་ ཀྱང་ ། སྐྱེ་བ་ འདི འི་ བག་ཆགས་ ཤས་ མཐུག་པ འི་ སྟོབས་ ཀྱིས་ གླུ་ བོད་སྐད་ དུ་ བྱུང་བ་ ཡིན་ གསུངས་ ནས ། སླ ར་ རྒྱ་གར་ གྱི་ སྐད་ དུ་ བསྒྱུར་བ ས་ ཁོང་ རྣམས་ ངོ་མཚར་ སྐྱེས་ སོ ། ། ད་ ནཱ་རོ་པ འི་ དྲུང་ དུ་ མྱུར་བ ར་ འགྲོ་ དགོས་ དགོངས་པ ལ ། སྤྱི ར་ རྗེ་ མར་པ་ མངའ་བདག་ མཻ་ཏྲི་པ འི་ སྙན་པ་ ལ་ བརྟེན་ མི་ ཕྱེད་པ འི་ དད་པ འི་ ངང་ ནས་ ཆོས་ ཐོབ་པ་ ཞིག་ ཅི ས་ ཀྱང་ བྱེད་ དགོངས་པ་ རྒྱུན་ ཆགས་ སུ་ ཡོད་པ་ ལས ། ཁྱད་པ ར་ བླ་མ ས་ རྫོང་ དང་ ཚོགས་འཁོར་ གནང་བ འི་ སྔ་ནུབ་ མངོན་སུམ་ དུ་ ཡང་ ཡང་ དྲན་ ཞིང་ མཆོག་ ཏུ་ དད་པ་ ཞིག་ བྱུང་བ ས ། ཡིད་ ཀྱིས་ མཎྜལ་ དང་ ཡན་ལག་བདུན་པ་ ཕུལ་ གསོལ་བ་ བཏབ་པ ས་ རྨི་ལམ་ དུ་ མཻ་ཏྲི་པ འི་ ཕོ་ཉ་ ཡིན་ ཟེར་བ འི་ བུད་མེད་ མཛེས་མ་ ལག་ ཏུ་ བུམ་པ་ ཐོགས་པ་ ཞིག་ བྱུང་ ནས ། དེ འི་ བུམ་པ་ དང་ ཕྱག་ མར་པ འི་ དབུ་ ཐོག་ ཏུ་ བཞག་པ་ ཞིག་ རྨིས་པ་ ལས ། མནལ་ སད་པ་ དང་ དགའ་སྤྲོ་ དཔག་ ཏུ་ མེད་པ་ ཞིག་ ཐོབ་པ ར་ གྱུར་ ཏོ ། ། དེ་ ནས་ རྗེ་བཙུན་ མར་པ་ འབྱོན་པ ར་ ཆས་པ་ ལ ། དཔལ་ཞི་བ་ བཟང་པོ ས་ མར་པ འི་ རྫོངས་ སུ་ ཚོགས་འཁོར་ མཛད་ ནས་ གནང་བ འི་ ཆོས་ རྣམས་ ཀྱི་ དཔེ་ཆ་ རྣམས་ གནང་ ཞིང་ ཕྱག་ མར་བ འི་ དབུ་ ཐོག་ ཏུ་ བཞག་ སྟེ་ ཞལ་ ནས །" }, { "source": "ངེད་ཀྱི་འདུག་ས་འདི་ལམ་བགྲོད་དཀའ་བར་ཡོད་ཀྱང་ཁྱོད་འདིར་སླེབས་པས་དོན་ཆེན་ཐོབ།། ནཱ་རོ་པས་ཁྱོད་སྐལ་ལྡན་དུ་མཁྱེན་ནས་ངའི་སར་ཡང་བརྫངས། མཻ་ཏྲི་པའི་སར་ཡང་རྫོང་བ་འདུག་ཅིང་། ནཱ་རོ་པ་རང་གིས་ཀྱང་བརྩེ་བས་རྗེས་སུ་བཟུང་སྟེ་ཅི་འདོད་ཀྱི་གདམས་པ་གནང་ནས་ཁ་བ་ཅན་འདུལ་བའི་རྒྱལ་ཚབ་ཏུ་མངའ་གསོལ་བར་འདུག་ཅིང་། དེ་བཞིན་དུ་ངས་ཀྱང་ཁྱོད་དང་པོ་ཡོང་བ་ཤེས་ནས་བསུ་བ་ལ་སྲུང་མ་མིར་སྤྲུལ་ནས་བཏང་བ་ཡིན་ཏེ། མིར་མ་མཐོང་བྱར་མཐོང་འདུགད་གདམས་ངག་དཔེ་ཆ་དང་བཅས་པ་བྱིན་ནས་བཀྲིས་མངའ་གསོལ་བྱེད་པ་ཡིན་པས་དགའ་བར་གྱིས་ཤིག་གསུངས་མཉེས་མཉེས་མཛད་པས་རྨི་ལམ་དང་ལུང་བསྟན་མཐུན་པར་བྱུང་སྟེ། རྗེ་མར་པས། བླ་མ་ལ་ཕྱིར་མི་ལྡོག་པའི་དད་པ་དང་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་ཐོབ་ནས་མར་བས་ཕྱི་ཕྱག་གི་ཚུལ་དུ། བླ་མ་དང་མཆེད་ལྕམ་རྣམས་ལ་ཡང་རྟོགས་པ་འདི་མགུར་དུ་ཕུལ་ལོ།། འདི་ན་བཞུགས་པའི་རྗེ་བཙུན་རྣམས།། སྙིང་གྲོགས་སྤུན་རྣམས་སྙན་གསན་འཚལ།། མགོ་རྒོད་མར་པ་ལོཙྪ་ངས།། ལས་འབྲས་སད་པས་ལྷོ་བལ་ཕྱིན།། དངོས་གྲུབ་ཅན་གྱི་བལ་པོ་དང་།། ཡེ་ཤེས་སྙིང་པོ་ཞི་བཟང་ལ།། གདན་བཞི་གསང་འདུས་བདེ་མཆོག་སྐོར།། རྒྱུད་དང་མན་ངག་གཏེར་ཁ་ཕྱེད།། ད་ལྟ་སློབ་དཔོན་ཞལ་སྔ་ནས།། ཞུས་པ་གནང་བའི་དམ་ཆོས་ཚར།། ལུང་བསྟན་བཀྲ་ཤིས་དུས་གཅིག་ཐོབ།།", "target": "ངེད་ ཀྱི་ འདུག་ས་ འདི་ ལམ་ བགྲོད་ དཀའ་བ ར་ ཡོད་ ཀྱང་ ཁྱོད་ འདི ར་ སླེབས་པ ས་ དོན་ཆེན་ ཐོབ ། ། ནཱ་རོ་པ ས་ ཁྱོད་ སྐལ་ལྡན་ དུ་ མཁྱེན་ ནས་ ང འི་ ས ར་ ཡང་ བརྫངས ། མཻ་ཏྲི་པ འི་ ས ར་ ཡང་ རྫོང་བ་ འདུག་ ཅིང་ ། ནཱ་རོ་པ་ རང་ གིས་ ཀྱང་ བརྩེ་བ ས་ རྗེས་ སུ་ བཟུང་ སྟེ་ ཅི་ འདོད་ ཀྱི་ གདམས་པ་ གནང་ ནས་ ཁ་བ་ཅན་ འདུལ་བ འི་ རྒྱལ་ཚབ་ ཏུ་ མངའ་ གསོལ་བ ར་ འདུག་ ཅིང་ ། དེ་ བཞིན་ དུ་ ང ས་ ཀྱང་ ཁྱོད་ དང་པོ་ ཡོང་བ་ ཤེས་ ནས་ བསུ་བ་ ལ་ སྲུང་མ་ མི ར་ སྤྲུལ་ ནས་ བཏང་བ་ ཡིན་ ཏེ ། མི ར་ མ་ མཐོང་ བྱ ར་ མཐོང་ འདུག ད་ གདམས་ངག་ དཔེ་ཆ་ དང་ བཅས་པ་ བྱིན་ ནས་ བཀྲིས་མངའ་གསོལ་ བྱེད་པ་ ཡིན་པ ས་ དགའ་བ ར་ གྱིས་ ཤིག་ གསུངས་ མཉེས་ མཉེས་ མཛད་པ ས་ རྨི་ལམ་ དང་ ལུང་བསྟན་ མཐུན་པ ར་ བྱུང་ སྟེ ། རྗེ་ མར་པ ས ། བླ་མ་ ལ་ ཕྱི ར་ མི་ ལྡོག་པ འི་ དད་པ་ དང་ དགའ་སྤྲོ་ དཔག་ ཏུ་ མེད་པ་ ཞིག་ ཐོབ་ ནས་ མར་བ ས་ ཕྱི་ཕྱག་ གི་ ཚུལ་ དུ ། བླ་མ་ དང་ མཆེད་ལྕམ་ རྣམས་ ལ་ ཡང་ རྟོགས་པ་ འདི་ མགུར་ དུ་ ཕུལ་ ལོ ། ། འདི་ ན་ བཞུགས་པ འི་ རྗེ་བཙུན་ རྣམས ། ། སྙིང་གྲོགས་སྤུན་ རྣམས་ སྙན་ གསན་ འཚལ ། ། མགོ་རྒོད་ མར་པ་ ལོཙྪ་ ང ས ། ། ལས་འབྲས་ སད་པ ས་ ལྷོ་བལ་ ཕྱིན ། ། དངོས་གྲུབ་ཅན་ གྱི་ བལ་པོ་ དང་ ། ། ཡེ་ཤེས་སྙིང་པོ་ ཞི་བཟང་ ལ ། ། གདན་བཞི་གསང་འདུས་བདེ་མཆོག་སྐོར ། ། རྒྱུད་ དང་ མན་ངག་གཏེར་ཁ་ ཕྱེད ། ། ད་ ལྟ་ སློབ་དཔོན་ ཞལ་སྔ་ ནས ། ། ཞུས་པ་ གནང་བ འི་ དམ་ཆོས་ ཚར ། ། ལུང་བསྟན་བཀྲ་ཤིས་ དུས་ གཅིག་ ཐོབ ། །" }, { "source": "མདང་སང་ཐལ་བའི་ཁར་ནུབ་ཏུ། མཎྜལ་ཡིད་ཀྱིས་བཤམས་ནས་ཀྱང་།། མཻ་ཏྲི་པ་ལ་གསོལ་བཏབ་སྙམ།། མངའ་བདག་མེེ་ཏྲིའི་ཕོ་ཉ་མོ།། བུད་མེད་ལུས་ལ་བཞིན་རྒྱས་མ།། ལག་ན་བུམ་པ་ཐོགས་པ་ཡིས།། མི་ཁོ་བའི་མགོ་ལ་རིག་པ་རྨིས།། ཐུགས་རྗེས་བྱིན་གྱིས་རློབ་བ་འདྲ།། སྔོན་སྨོན་ལམ་ལས་ཀྱིས་འབྲེལ་ལམ་བསམ།། དེ་ཕྱིར་དད་འདུན་དྲུག་ངོ་ཡིས།། ཕ་རྒན་དེ་ཡི་སྤྱན་སྔར་མཆིས།། འདི་ན་བཞུགས་པའི་རྗེ་བཙུན་ལ།། མོས་གུས་ལྡེམས་ཀྱང་མོད་པར་བྱུང་།། སྐྱབས་སུ་འདུ་འབྲལ་མེད་པར་མཆི།། ངན་སོང་མེད་པར་བྱིན་གྱིས་རློབས།། ཚེ་འདི་དང་ཕྱི་མར་འགྲོགས་པ་ཡིས་།། རྡོ་རྗེ་སྤུན་གྱི་གྲོགས་པོ་ཀུན།། འཁོར་བའི་བསླུ་ཁྲིད་རྒྱབ་ཏུ་བསྐྱུར།། དམ་པའི་གདམས་ངག་ཉམས་སུ་ལོངས།། དམ་ཚིག་ངོ་ལྐོག་མེད་པར་བསྲུངས།། རྟག་ཏུ་བླ་མ་སྤྱི་བོར་བསྒོམས།། དགེ་བ་བཅུ་ལ་ལོངས་སྤྱོད་མཛོད།། མི་དགེ་བཅུ་པོ་དུག་བཞིན་སྤོངས།། སྒྲུབ་པ་རྒྱུན་ཆད་མེད་པར་མཛོད།། ཅེས་ཕུལ་བ་དང་། བླ་མ་ཞི་བ་བཟང་པོས་མར་པའི་དབུ་ཐོག་ཏུ་ཕྱག་བཞག་ནས་བར་ཆད་མེད་པར་བྱིན་གྱིས་བརླབས་སོ།། དེ་ནས་བླ་མ་མར་པས་སྒྱུ་མ་ཆེན་པོའི་སྐོར་རྣམས་མཁྱེན་ཏེ་ཚུར་བྱོན་པས་ཞག་གསུམ་ལ་པུ་ལ་ཧ་རིར་ཕེབས། རྗེ་ནཱ་རོ་པ་ཆེན་པོ་དགེ་ཚུལ་ཤེས་རབ་སེང་གེ་གཅིག་པུ་ལ་མན་ངག་ཞིག་གནང་གིན་འདུག་པས་མ་འོང་གསུང་བའི་ཕྱག་གིས་བརྡ་གཅིག་བྱུང་བས། དེ་མ་གྲོལ་བར་ཕྱག་འཚལ་ཞིང་བསྡད།", "target": "མདང་སང་ ཐལ་བ འི་ ཁ ར་ ནུབ་ ཏུ ། མཎྜལ་ ཡིད་ ཀྱིས་ བཤམས་ ནས་ ཀྱང་ ། ། མཻ་ཏྲི་པ་ ལ་ གསོལ་ བཏབ་ སྙམ ། ། མངའ་བདག་ མེེ་ཏྲི འི་ ཕོ་ཉ་མོ ། ། བུད་མེད་ ལུས་ ལ་ བཞིན་ རྒྱས་མ ། ། ལག་ ན་ བུམ་པ་ ཐོགས་པ་ ཡིས ། ། མི་ ཁོ་བ འི་ མགོ་ ལ་ རིག་པ་ རྨིས ། ། ཐུགས་རྗེ ས་ བྱིན་ གྱིས་ རློབ་བ་ འདྲ ། ། སྔོན་ སྨོན་ལམ་ ལས་ ཀྱིས་ འབྲེལ་ ལམ་ བསམ ། ། དེ་ ཕྱི ར་ དད་འདུན་ དྲུག་ ངོ་ ཡིས ། ། ཕ་རྒན་ དེ་ ཡི་ སྤྱན་སྔ ར་ མཆིས ། ། འདི་ ན་ བཞུགས་པ འི་ རྗེ་བཙུན་ ལ ། ། མོས་གུས་ ལྡེམས་ ཀྱང་ མོད་པ ར་ བྱུང་ ། ། སྐྱབས་ སུ་ འདུ་འབྲལ་ མེད་པ ར་ མཆི ། ། ངན་སོང་ མེད་པ ར་ བྱིན་ གྱིས་ རློབས ། ། ཚེ་ འདི་ དང་ ཕྱི་མ ར་ འགྲོགས་པ་ ཡིས་ ། ། རྡོ་རྗེ་སྤུན་ གྱི་ གྲོགས་པོ་ ཀུན ། ། འཁོར་བ འི་ བསླུ་ཁྲིད་ རྒྱབ་ ཏུ་ བསྐྱུར ། ། དམ་པ འི་ གདམས་ངག་ ཉམས་ སུ་ ལོངས ། ། དམ་ཚིག་ ངོ་ལྐོག་ མེད་པ ར་ བསྲུངས ། ། རྟག་ ཏུ་ བླ་མ་ སྤྱི་བོ ར་ བསྒོམས ། ། དགེ་བ་ བཅུ་ ལ་ ལོངས་སྤྱོད་ མཛོད ། ། མི་དགེ་ བཅུ་པོ་ དུག་ བཞིན་ སྤོངས ། ། སྒྲུབ་པ་ རྒྱུན་ཆད་ མེད་པ ར་ མཛོད ། ། ཅེས་ ཕུལ་བ་ དང་ ། བླ་མ་ ཞི་བ་ བཟང་པོ ས་ མར་པ འི་ དབུ་ ཐོག་ ཏུ་ ཕྱག་ བཞག་ ནས་ བར་ཆད་ མེད་པ ར་ བྱིན་ གྱིས་ བརླབས་ སོ ། ། དེ་ ནས་ བླ་མ་ མར་པ ས་ སྒྱུ་མ་ ཆེན་པོ འི་ སྐོར་ རྣམས་ མཁྱེན་ ཏེ་ ཚུ ར་ བྱོན་པ ས་ ཞག་ གསུམ་ ལ་ པུ་ལ་ཧ་རི ར་ ཕེབས ། རྗེ་ ནཱ་རོ་པ་ ཆེན་པོ་ དགེ་ཚུལ་ ཤེས་རབ་སེང་གེ་ གཅིག་པུ་ ལ་ མན་ངག་ ཞིག་ གནང་ གིན་ འདུག་པ ས་ མ་ འོང་ གསུང་བ འི་ ཕྱག་ གིས་ བརྡ་ གཅིག་ བྱུང་བ ས ། དེ་ མ་ གྲོལ་བ ར་ ཕྱག་ འཚལ་ ཞིང་ བསྡད །" }, { "source": "ཆོས་ཐོན་པ་དང་དྲུང་དུ་ཕྱིན་བྱིན་རླབས་ཞུས་པས། ཆོས་ཐོབ་བམ་གསུངས། ཐོབ་ལགས་ཞུས་པས། ཁོང་ང་ལ་གཤེ་ཞིང་མི་འདུག་གམ་གསུངས། བྲེ་མོ་གསུང་གིན་གདའ་ཞུས་པས།། ཇི་སྐད་གསུང་གིན་འདུག་གསུངས། གསུང་ཚུལ་ཞུས་པས། དེ་ཁོ་རང་ཡིན་མོད། ཡོན་ཏན་མེད་པར་དུག་མཚོའི་གླིང་མི་མེད་པར་སྡོད། མིའི་ལུས་ལ་སྤྲེའུའི་གདོང་པ་ཡོད་པས་ཕྱག་རྒྱ་མ་མི་འབྱོར་པར་ཁྱི་མོ་ལ་བྱེད་མཁན་ཀུ་ཀུ་རི་པ་མིན་པ་སུ་ཡོད་གསུངས་བཞད་ནས་ཨ་ཀྱང་དེ་ཀ་ཁོང་གི་ཆེ་བ་ཡིན། དེ་ཁོང་མིན་པ་གཞན་གྱིས་མི་ཡོང་ཞིང་། ཁོང་གི་ང་ལམ་དགེས་པ་རྡོ་རྗེ་གསན།། ཁོང་མ་ཧཱ་མ་ཡའི་གྲུབ་ཐོབ་ཡིན་པས་ངས་ཞུས་པ་ཡིན་གསུངས། མ་ཧཱ་མ་ཡ་ཚར་གཅིག་ནཱ་རོ་པས་ཀྱང་གནང་བྱུང་བ་དོན་ལ་ཁྱད་མེད་པ་ལ་ཚིག་ནཱ་རོ་པས་གསུངས་པ་རྣམས་ཅུང་ཟད་རྒྱས་པ་དང་དོད་པ་ཞིག་བྱུང་བས། བླ་མ་རང་གིས་འདི་ལྟ་བུ་མཁྱེན་བཞིན་དུ་བདག་དུག་མཚོའི་གླིང་དུ་དཀའ་ལས་དེ་ཙམ་བྱེད་དུ་འཇུག་པ་ཅི་ལགས་ཞུས་པས། ཁོང་མ་རྒྱུད་ཀྱི་བདག་པོ་ཡིན་ཞིང་གདམས་ངག་ལ་ངེས་ཤེས་བསྐྱེད་པ་དང་། ཁུངས་བཙུན་པའི་ཕྱིར་བཏང་བ་ཡིན་གསུངས། དེར་བླ་མ་མར་པས་ཤར་ཕྱོགས་བྷ་ག་ལ་ན་ཁར་སརྦ་ཎི་རང་བྱོན་གྱི་ལྷ་གང་ཡོད་པ་གཟིགས་སུ་བྱོན། དེའི་ཚེ་གཉོས་དང་མ་ཧཱ་མ་ཡའི་བགྲོད་གླེང་མཛད་པར་དགོངས་ཏེ་གཉོས་ན་ལེན་ན་བླ་མ་བི་ལཾ་ཏ་པ་ལ་ཆོས་ཞུ་ཞིང་ཡོད་པའི་སར་བྱོན་ཏེ། ཚོང་དུས་ནས་ཟས་ཆང་མང་པོ་ཉོས་ནས་གསོལ་བའི་ཚེ་མ་ཧཱ་མ་ཡའི་བགྲོད་གླེང་མཛད་པས་རྗེ་མར་པ་རྒྱལ་བ་དང་།", "target": "ཆོས་ ཐོན་པ་ དང་ དྲུང་ དུ་ ཕྱིན་ བྱིན་རླབས་ ཞུས་པ ས ། ཆོས་ ཐོབ་ བམ་ གསུངས ། ཐོབ་ ལགས་ ཞུས་པ ས ། ཁོང་ ང་ ལ་ གཤེ་ ཞིང་ མི་ འདུག་ གམ་ གསུངས ། བྲེ་མོ་ གསུང་ གིན་ གདའ་ ཞུས་པ ས ། ། ཇི་ སྐད་ གསུང་ གིན་ འདུག་ གསུངས ། གསུང་ཚུལ་ ཞུས་པ ས ། དེ་ ཁོ་ རང་ ཡིན་ མོད ། ཡོན་ཏན་ མེད་པ ར་ དུག་མཚོ འི་ གླིང་ མི་ མེད་པ ར་ སྡོད ། མི འི་ ལུས་ ལ་ སྤྲེའུ འི་ གདོང་པ་ ཡོད་པ ས་ ཕྱག་རྒྱ་མ་ མི་ འབྱོར་པ ར་ ཁྱི་མོ་ ལ་ བྱེད་མཁན་ ཀུ་ཀུ་རི་པ་ མིན་པ་ སུ་ ཡོད་ གསུངས་ བཞད་ ནས་ ཨ་ཀྱང་ དེ་ ཀ་ ཁོང་ གི་ ཆེ་བ་ ཡིན ། དེ་ ཁོང་ མིན་པ་ གཞན་ གྱིས་ མི་ ཡོང་ ཞིང་ ། ཁོང་ གི་ ང་ ལམ་ དགེས་པ་རྡོ་རྗེ་ གསན ། ། ཁོང་ མ་ཧཱ་མ་ཡ འི་ གྲུབ་ཐོབ་ ཡིན་པ ས་ ང ས་ ཞུས་པ་ ཡིན་ གསུངས ། མ་ཧཱ་མ་ཡ་ ཚར་ གཅིག་ ནཱ་རོ་པ ས་ ཀྱང་ གནང་ བྱུང་བ་ དོན་ ལ་ ཁྱད་ མེད་པ་ ལ་ ཚིག་ ནཱ་རོ་པ ས་ གསུངས་པ་ རྣམས་ ཅུང་ཟད་ རྒྱས་པ་ དང་ དོད་པ་ ཞིག་ བྱུང་བ ས ། བླ་མ་ རང་ གིས་ འདི་ ལྟ་བུ་ མཁྱེན་ བཞིན་ དུ་ བདག་ དུག་མཚོ འི་ གླིང་ དུ་ དཀའ་ལས་ དེ་ ཙམ་ བྱེད་ དུ་ འཇུག་པ་ ཅི་ ལགས་ ཞུས་པ ས ། ཁོང་ མ་རྒྱུད་ ཀྱི་ བདག་པོ་ ཡིན་ ཞིང་ གདམས་ངག་ ལ་ ངེས་ཤེས་ བསྐྱེད་པ་ དང་ ། ཁུངས་ བཙུན་པ འི་ ཕྱི ར་ བཏང་བ་ ཡིན་ གསུངས ། དེ ར་ བླ་མ་ མར་པ ས་ ཤར་ཕྱོགས་ བྷ་ག་ལ་ ན་ ཁར་སརྦ་ཎི་ རང་བྱོན་ གྱི་ ལྷ་ གང་ ཡོད་པ་ གཟིགས་ སུ་ བྱོན ། དེ འི་ ཚེ་ གཉོས་ དང་ མ་ཧཱ་མ་ཡ འི་ བགྲོད་གླེང་ མཛད་པ ར་ དགོངས་ ཏེ་ གཉོས་ ན་ལེན་ ན་ བླ་མ་ བི་ལཾ་ཏ་པ་ ལ་ ཆོས་ ཞུ་ ཞིང་ ཡོད་པ འི་ ས ར་ བྱོན་ ཏེ ། ཚོང་དུས་ ནས་ ཟས་ཆང་ མང་པོ་ ཉོས་ ནས་ གསོལ་བ འི་ ཚེ་ མ་ཧཱ་མ་ཡ འི་ བགྲོད་གླེང་ མཛད་པ ས་ རྗེ་ མར་པ་ རྒྱལ་བ་ དང་ །" }, { "source": "གཉོས་ན་རེ། ཁྱོད་ལ་མ་རྒྱུད་སློབ་པའི་སློབ་དཔོན་དེ་སུ་ཡིན་ཟེར་བས། མར་པས་བླ་མ་གསང་སྟེ། ང་ཡི་བླ་མ་རྣལ་འབྱོར་གསུམ་དང་ལྡན།། དམན་པ་དབྱིབས་ལ་ཟབ་པ་སྔགས།། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་པ།། བླ་མ་ཐར་པའི་ལམ་སྟོན་ཡིན།། ད་ལྟ་གྲོང་ཁྱེར་སེར་སྐྱ་ནའོ། ཞེས་གསུངས་པས། གཉོས་ཀྱིས་སེར་སྐྱར་ཕྱིན་ནས། བླ་མ་ཐར་པའི་ལམ་སྟོན་གང་ན་བཞུགས་ཞེས་འདྲི་ཞིང་བཙལ་བས། བླ་མ་ཐམས་ཅད་ཐར་པའི་ལམ་སྟོན་ཡིན་པ་ལ། ཁྱོད་ལ་སུ་དགོས་པ་ཡིན་ཟེར་བྱུང་བས། བདེན་སྙམ། བླ་མ་གསང་བར་ཤེས་རུང་རྩད་བཅད་པས་དང་པོ་མ་ཆོས། ཕྱིས་ཆོད་རུང་དུག་མཚོའི་ལམ་མ་བགྲོད་པར་གཉོས་ཀྱིས་དཔལ་ཀུ་ཀུ་རི་པ་དང་མ་མཇལ་སྐད། དེ་ནས་རྗེ་མར་པ་དཔལ་ནཱ་རོ་པའི་དྲུང་དུ་བྱོན་ཏེ་བདག་གྲོགས་པོ་དང་འཕྲད་ནས་མ་རྒྱུད་བགྲོ་གླེང་བྱས་པས་བདག་རྒྱལ། ཁོང་ན་རེ། རྒྱུད་སློབ་པའི་སློབ་དཔོན་སུ་ཡིན་ཞེས་འདྲི་བ་ལ། བདག་གིས་མ་བཤད་ལགས་ཞུས་པས། བླ་མ་གསང་མི་དགོས་པ་ཡིན་ཏེ། ཁོང་གསེར་མང་ཡང་དེས་ཆོག་པ་མིན། བསོད་ནམས་དང་ལས་འཕྲོ་དགོས་པ་ཡིན་གསུངས། དེ་ནས་མར་པས་ནཱ་རོ་པ་ལ་མཻ་ཏྲི་པའི་དྲུང་དུ་འགྲོ་བའི་གསོལ་བ་བཏབ་པས། དགེས་བཞིན་གནང་བ་ལས། བླ་མ་ནཱ་རོ་པ་ལ་མཉེས་པའི་མཆོད་པ་དང་། དཔའ་བོ་མཁའ་འགྲོ་རྡོ་རྗེ་སྤུན་རྣམས་ལ་ཚོགས་གཏོར་ཕུལ་ནས་བར་ཆད་མེད་པར་གསོལ་བ་བཏབ་པས་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ་།། དེ་ནས་ལམ་ལ་ཞུགས་ཏེ་མཻ་ཏྲི་པ་གང་ན་བཞུགས་ཞེས་འདྲི་ཞིང་བྱོན་བས།", "target": "གཉོས་ ན་རེ ། ཁྱོད་ ལ་ མ་རྒྱུད་ སློབ་པ འི་ སློབ་དཔོན་ དེ་ སུ་ ཡིན་ ཟེར་བ ས ། མར་པ ས་ བླ་མ་ གསང་ སྟེ ། ང་ ཡི་ བླ་མ་ རྣལ་འབྱོར་ གསུམ་ དང་ ལྡན ། ། དམན་པ་ དབྱིབས་ ལ་ ཟབ་པ་ སྔགས ། ། མཐ ར་ ཐུག་ ཆོས་ ཀྱི་ རྣལ་འབྱོར་པ ། ། བླ་མ་ ཐར་པ འི་ ལམ་སྟོན་ ཡིན ། ། ད་ ལྟ་ གྲོང་ཁྱེར་ སེར་སྐྱ་ ན འོ ། ཞེས་ གསུངས་པ ས ། གཉོས་ ཀྱིས་ སེར་སྐྱ ར་ ཕྱིན་ ནས ། བླ་མ་ ཐར་པ འི་ ལམ་སྟོན་ གང་ ན་ བཞུགས་ ཞེས་ འདྲི་ ཞིང་ བཙལ་བ ས ། བླ་མ་ ཐམས་ཅད་ ཐར་པ འི་ ལམ་སྟོན་ ཡིན་པ་ ལ ། ཁྱོད་ ལ་ སུ་ དགོས་པ་ ཡིན་ ཟེར་ བྱུང་བ ས ། བདེན་ སྙམ ། བླ་མ་ གསང་བ ར་ ཤེས་ རུང་ རྩད་ བཅད་པ ས་ དང་པོ་ མ་ ཆོས ། ཕྱི ས་ ཆོད་ རུང་ དུག་མཚོ འི་ ལམ་ མ་ བགྲོད་པ ར་ གཉོས་ ཀྱིས་ དཔལ་ཀུ་ཀུ་རི་པ་ དང་ མ་ མཇལ་ སྐད ། དེ་ ནས་ རྗེ་ མར་པ་ དཔལ་ནཱ་རོ་པ འི་ དྲུང་ དུ་ བྱོན་ ཏེ་ བདག་ གྲོགས་པོ་ དང་ འཕྲད་ ནས་ མ་རྒྱུད་བགྲོ་གླེང་ བྱས་པ ས་ བདག་ རྒྱལ ། ཁོང་ ན་རེ ། རྒྱུད་ སློབ་པ འི་ སློབ་དཔོན་ སུ་ ཡིན་ ཞེས་ འདྲི་བ་ ལ ། བདག་ གིས་ མ་ བཤད་ ལགས་ ཞུས་པ ས ། བླ་མ་ གསང་ མི་ དགོས་པ་ ཡིན་ ཏེ ། ཁོང་ གསེར་ མང་ ཡང་ དེ ས་ ཆོག་པ་ མིན ། བསོད་ནམས་ དང་ ལས་འཕྲོ་ དགོས་པ་ ཡིན་ གསུངས ། དེ་ ནས་ མར་པ ས་ ནཱ་རོ་པ་ ལ་ མཻ་ཏྲི་པ འི་ དྲུང་ དུ་ འགྲོ་བ འི་ གསོལ་བ་ བཏབ་པ ས ། དགེས་ བཞིན་ གནང་བ་ ལས ། བླ་མ་ ནཱ་རོ་པ་ ལ་ མཉེས་པ འི་ མཆོད་པ་ དང་ ། དཔའ་བོ་མཁའ་འགྲོ་རྡོ་རྗེ་སྤུན་ རྣམས་ ལ་ ཚོགས་གཏོར་ ཕུལ་ ནས་ བར་ཆད་ མེད་པ ར་ གསོལ་བ་ བཏབ་པ ས་ ངོ་ མཚར་བ འི་ ལྟས་ དུ་མ་ བྱུང་ ངོ་ ། ། དེ་ ནས་ ལམ་ ལ་ ཞུགས་ ཏེ་ མཻ་ཏྲི་པ་ གང་ ན་ བཞུགས་ ཞེས་ འདྲི་ ཞིང་ བྱོན་བ ས །" }, { "source": "མེ་རི་ལྟར་འབར་བའི་དགོན་པ་ན་བཞུགས་ཏེ་ལམ་བགྲོད་དཀའ་མོ་རང་ཡོད་པས་མ་ཕྱིན་བ་གྲགས་ཟེར་བ་འགའ་བྱུང་བས། ཚེ་འདིའི་ཕྱིར་ནོར་འཚོལ་བ་ནི་མིན། ཆོས་ཕྱིར་ཤི་ནའང་ཤི་འགྲོ་དགོས་དགོངས་པ་ཐུགས་ལ་ཤར་ནས་ཐེ་ཚོམ་མེད་པར་བྱོན་ཏེ། མཻ་ཏྲི་པའི་བཞུགས་སར་ཉི་མ་སྔ་ཕྱེད་ཙམ་ལ་ཕེབས་པས། ཤིང་ནྱ་གྲོ་ཏའི་གྲིབ་མ་ལ་བཞུགས་པ་དང་མཇལ་བས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ། བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་མཇལ་བ་ལྟ་བུའི་དགའ་བ་ཆེན་པོ་སྐྱེས་ནས་རྐྱོང་ཕྱག་ལན་བདུན་བཙལ། གསེར་ལ་སོགས་ཀྱི་འབུལ་བ་བགྱིས་ཏེ། བླ་མའི་སྐུ་གསུང་ཐུགས་ལ་བསྟོད་པའི་མགུར་འདི་ཕུལ་ལོ།།།། ཁྱེད་འགྲོ་བའི་དོན་དུ་འཛམ་གླིང་འདིར།། རྒྱལ་པོའི་རིགས་སུ་སྐྱེ་བ་བཞེས།། ཕྱི་ནང་སྒྲུབ་ཐབས་སྣ་ཚོགས་མཁྱེན།། མཻ་ཏྲི་པ་ལ་ཕྱག་འཚལ་ལོ།། རྗེ་བཙུན་སྒྲོལ་མས་ལུང་བསྟན་ནས།། བར་ཆད་མེད་པར་བྱིན་གྱིས་བརླབས།། རི་ཁྲོད་དབང་ཕྱུག་ཞབས་རྡུལ་རོག། ཨ་ཝ་དྷཱུ་ཏི་ཁྱོད་ལ་བསྟོད།། སྐུ་ནི་རིན་ཆེན་གསེར་གྱི་རི།། ཡེ་ཤེས་སྨོན་སོགས་རྣམ་དག་པ།། ཉོན་མོངས་ནད་རྣམས་འཇོམས་།། ཆོས་ཀྱི་མཛད་ཉི་མ་ཁྱོད་ལ་བསྟོད།། ཐུགས་ནི་སྟོང་ཉིད་རྡོ་རྗེ་ཡིས།། བདག་ལྟའི་རི་བོ་ཆེན་པོ་འཇོམས།། ཆོས་རྣམས་།། མཉམ་པ་ཉིད་གཟིགས་མཉམ་མེད་བླ་མ་རྗེ་ལ་བསྟོད།། སྤྲུལ་སྐུ་འཛམ་གླིང་ཀུན་གྱིས་རྒྱན།། རྡོ་རྗེ་སེམས་དཔའི་ངོ་པོ་ཉིད།། ཐུགས་རྗེའི་གཏེར་ལྡན་འགྲོ་བའི་མགོན།། གཙུག་གི་རྒྱན་གྱུར་ཁྱེད་ལ་བསྟོད།། མི་དང་མི་མིན་འབྱུང་པོའི་ཚོགས།། གང་ཞིག་དྲེགས་ཅན་མ་ལུས་པ།།", "target": "མེ་རི་ ལྟ ར་ འབར་བ འི་ དགོན་པ་ ན་ བཞུགས་ ཏེ་ ལམ་བགྲོད་ དཀའ་མོ་ རང་ ཡོད་པ ས་ མ་ ཕྱིན་བ་ གྲགས་ ཟེར་བ་ འགའ་ བྱུང་བ ས ། ཚེ་ འདི འི་ ཕྱི ར་ ནོར་ འཚོལ་བ་ ནི་ མིན ། ཆོས་ ཕྱི ར་ ཤི་ ན འང་ ཤི་ འགྲོ་ དགོས་ དགོངས་པ་ ཐུགས་ ལ་ ཤར་ ནས་ ཐེ་ཚོམ་ མེད་པ ར་ བྱོན་ ཏེ ། མཻ་ཏྲི་པ འི་ བཞུགས་ས ར་ ཉི་མ་སྔ་ཕྱེད་ ཙམ་ ལ་ ཕེབས་པ ས ། ཤིང་ ནྱ་གྲོ་ཏ འི་ གྲིབ་མ་ ལ་ བཞུགས་པ་ དང་ མཇལ་བ ས ། བྱང་ཆུབ་སེམས་དཔའ་ རྟག་ཏུ་ངུ ། བྱང་ཆུབ་སེམས་དཔའ་ ཆོས་འཕགས་ དང་ མཇལ་བ་ ལྟ་བུ འི་ དགའ་བ་ ཆེན་པོ་ སྐྱེས་ ནས་ རྐྱོང་ཕྱག་ ལན་ བདུན་ བཙལ ། གསེར་ ལ་ སོགས་ ཀྱི་ འབུལ་བ་ བགྱིས་ ཏེ ། བླ་མ འི་ སྐུ་གསུང་ཐུགས་ ལ་ བསྟོད་པ འི་ མགུར་ འདི་ ཕུལ་ ལོ ། ། ། ། ཁྱེད་ འགྲོ་བ འི་ དོན་ དུ་ འཛམ་གླིང་ འདི ར ། ། རྒྱལ་པོ འི་ རིགས་ སུ་ སྐྱེ་བ་ བཞེས ། ། ཕྱི་ནང་སྒྲུབ་ཐབས་ སྣ་ཚོགས་ མཁྱེན ། ། མཻ་ཏྲི་པ་ ལ་ ཕྱག་ འཚལ་ ལོ ། ། རྗེ་བཙུན་ སྒྲོལ་མ ས་ ལུང་ བསྟན་ ནས ། ། བར་ཆད་ མེད་པ ར་ བྱིན་ གྱིས་ བརླབས ། ། རི་ཁྲོད་དབང་ཕྱུག་ ཞབས་རྡུལ་ རོག ། ཨ་ཝ་དྷཱུ་ཏི་ ཁྱོད་ ལ་ བསྟོད ། ། སྐུ་ ནི་ རིན་ཆེན་གསེར་ གྱི་ རི ། ། ཡེ་ཤེས་སྨོན་ སོགས་ རྣམ་ དག་པ ། ། ཉོན་མོངས་ནད་ རྣམས་ འཇོམས་ ། ། ཆོས་ ཀྱི་ མཛད་ཉི་མ་ ཁྱོད་ ལ་ བསྟོད ། ། ཐུགས་ ནི་ སྟོང་ཉིད་རྡོ་རྗེ་ ཡིས ། ། བདག་ལྟ འི་ རི་བོ་ ཆེན་པོ་ འཇོམས ། ། ཆོས་ རྣམས་ ། ། མཉམ་པ་ཉིད་ གཟིགས་ མཉམ་མེད་བླ་མ་རྗེ་ ལ་ བསྟོད ། ། སྤྲུལ་སྐུ་ འཛམ་གླིང་ ཀུན་ གྱིས་ རྒྱན ། ། རྡོ་རྗེ་སེམས་དཔ འི་ ངོ་པོ་ཉིད ། ། ཐུགས་རྗེ འི་ གཏེར་ལྡན་ འགྲོ་བ འི་ མགོན ། ། གཙུག་ གི་ རྒྱན་ གྱུར་ ཁྱེད་ ལ་ བསྟོད ། ། མི་ དང་ མི་ མིན་ འབྱུང་པོ འི་ ཚོགས ། ། གང་ ཞིག་ དྲེགས་ཅན་ མ་ ལུས་པ ། །" }, { "source": "བརྟུལ་ཞུགས་ནུས་པས་བཀའ་ཉན་མཛད།། རྡོ་རྗེ་འཛིན་པ་ཁྱེད་ལ་བསྟོད།། བདེ་གཤེགས་བླ་མ་ཐུགས་རྗེ་ཅན།། མངའ་འབངས་བོར་ནས་དམ་ཆོས་མཛད།། པཎ་ཆེན་ནཱ་རོ་ལ་།། སོགས་བླ་མཀུན་ལས་གདམས་ངག་ཞུས།། རྒྱུད་སྡེའི་སློབ་གཉེར་འགའ་རེ་ཚར།། ལྷོ་དུག་མཚོ་ཁོལ་མའི་དོ་རི་ལ།། དཔལ་ཞི་བ་བཟང་པོའི་ཞབས་དྲུང་དུ།། དམ་པ་ཁྱེད་ཀྱིས་ཐུགས་རྗེས་བཟུང་།། སྲོག་ཕངས་པ་མེད་པར་དྲུང་དུ་འོངས།། རི་བོ་མེ་འབར་གྱི་དགོན་པ་ན།། ཤིང་ནྱ་གྲོ་ཧ་ཡི་བསིལ་གྲིབ་ལ།། མངའ་བདག་རྒྱལ་སྲས་མཻ་ཏྲི་པ།། ཕ་སངས་རྒྱས་ཁྱེད་དང་ད་ལྟ་མཇལ།། ཉི་མ་ཤར་འདྲི་འི་དད་པ་སྐྱེས།། ཤི་ཡང་ཕོད་པའི་དད་པ་ཡིས།། ཁ་གཏིང་མེད་པར་གསོལ་བ་བཏབ།། རྒྱུན་ཆད་མེད་པར་བྱིན་གྱིས་བརློབས།། བྲམ་ཟེ་ཆེན་པོའི་སྲོལ་འཛིན་ཅིང་།། སྤྲུལ་པའི་རི་ཁྲོད་དབང་ཕྱུག་དྲུང་།། ལེགས་པར་འོངས་པ་དམ་པའི་ཆོས།། ཐེག་པའི་ཡང་རྩེ་སྙིང་པོའི་དོན།། མཐའ་བྲལ་ཕྱག་རྒྱ་ཆེན་པོ་དེ།། ནམ་མཁའ་ལྟ་བུར་གནང་བར་ཞུ།། ཞེས་གསོལ་བ་བཏབ་པ་ལས། མངའ་བདག་གིས་རྗེས་སུ་བཟུང་སྟེ་དབང་བསྐུར་རྣམས་རྫོགས་པར་མཛད་ཅིང་།། གསང་མཚན་ཐུགས་ཀྱི་རྡོ་རྗེར་བཏགས།། དེའི་ཚེ་བླ་མ་མཉེས་པའི་མཆོད་པ།། མཁའ་འགྲོ་མཉེས་པའི་ཚོགས་གཏོར་རྣམས་བཤམས་པས་ཡ་མཚན་པའི་ལྟས་མང་པོ་བྱུང་ཞིང་། བླ་མས་ཕྱག་རྒྱ་ཆེན་པོའི་གདམས་ངག་ངོ་སྤྲོད་དང་བཅས་པ། རྒྱུད་བསྟོད་པ་གླུར་བླངས་འགྲེལ་པ་དང་བཅས་པ། དོ་ཧའི་བཤད་པ་དང་བཅས་པ་རྣམས་ཅིག་ཆར་དུ་སྒྲོ་འདོགས་ཆོད་པར་གནང་ཞིང་། ཉམས་སུ་བླངས་པས་ཉམས་རྟོགས་པ་བཟང་པོ་ཐུགས་ལ་འཁྲུངས་པས་ཐུགས་དགྱེས་པར་གྱུར་ཚེ།", "target": "བརྟུལ་ཞུགས་ ནུས་པ ས་ བཀའ་ ཉན་ མཛད ། ། རྡོ་རྗེ་ འཛིན་པ་ ཁྱེད་ ལ་ བསྟོད ། ། བདེ་གཤེགས་བླ་མ་ ཐུགས་རྗེ་ཅན ། ། མངའ་འབངས་ བོར་ ནས་ དམ་ཆོས་ མཛད ། ། པཎ་ཆེན་ ནཱ་རོ་ ལ་ ། ། སོགས་ བླ་མ ཀུན་ ལས་ གདམས་ངག་ ཞུས ། ། རྒྱུད་སྡེ འི་ སློབ་གཉེར་ འགའ་ རེ་ ཚར ། ། ལྷོ་དུག་མཚོ་ ཁོལ་མ འི་ དོ་རི་ ལ ། ། དཔལ་ཞི་བ་ བཟང་པོ འི་ ཞབས་ དྲུང་ དུ ། ། དམ་པ་ ཁྱེད་ ཀྱིས་ ཐུགས་རྗེ ས་ བཟུང་ ། ། སྲོག་ ཕངས་པ་ མེད་པ ར་ དྲུང་ དུ་ འོངས ། ། རི་བོ་ མེ་ འབར་ གྱི་ དགོན་པ་ ན ། ། ཤིང་ ནྱ་གྲོ་ཧ་ ཡི་ བསིལ་གྲིབ་ ལ ། ། མངའ་བདག་རྒྱལ་སྲས་ མཻ་ཏྲི་པ ། ། ཕ་ སངས་རྒྱས་ ཁྱེད་ དང་ ད་ ལྟ་ མཇལ ། ། ཉི་མ་ ཤར་ འདྲི་ འི་ དད་པ་ སྐྱེས ། ། ཤི་ ཡང་ ཕོད་པ འི་ དད་པ་ ཡིས ། ། ཁ་གཏིང་ མེད་པ ར་ གསོལ་བ་ བཏབ ། ། རྒྱུན་ཆད་ མེད་པ ར་ བྱིན་ གྱིས་ བརློབས ། ། བྲམ་ཟེ་ ཆེན་པོ འི་ སྲོལ་ འཛིན་ ཅིང་ ། ། སྤྲུལ་པ འི་ རི་ཁྲོད་དབང་ཕྱུག་ དྲུང་ ། ། ལེགས་པ ར་ འོངས་པ་ དམ་པ འི་ ཆོས ། ། ཐེག་པ འི་ ཡང་རྩེ་ སྙིང་པོ འི་ དོན ། ། མཐའ་བྲལ་ཕྱག་རྒྱ་ ཆེན་པོ་ དེ ། ། ནམ་མཁའ་ ལྟ་བུ ར་ གནང་བ ར་ ཞུ ། ། ཞེས་ གསོལ་བ་ བཏབ་པ་ ལས ། མངའ་བདག་ གིས་ རྗེས་ སུ་ བཟུང་ སྟེ་ དབང་ བསྐུར་ རྣམས་ རྫོགས་པ ར་ མཛད་ ཅིང་ ། ། གསང་མཚན་ ཐུགས་ ཀྱི་ རྡོ་རྗེ ར་ བཏགས ། ། དེ འི་ ཚེ་ བླ་མ་ མཉེས་པ འི་ མཆོད་པ ། ། མཁའ་འགྲོ་ མཉེས་པ འི་ ཚོགས་གཏོར་ རྣམས་ བཤམས་པ ས་ ཡ་ མཚན་པ འི་ ལྟས་ མང་པོ་ བྱུང་ ཞིང་ ། བླ་མ ས་ ཕྱག་རྒྱ་ ཆེན་པོ འི་ གདམས་ངག་ ངོ་སྤྲོད་ དང་ བཅས་པ ། རྒྱུད་ བསྟོད་པ་ གླུ ར་ བླངས་ འགྲེལ་པ་ དང་ བཅས་པ ། དོ་ཧ འི་ བཤད་པ་ དང་ བཅས་པ་ རྣམས་ ཅིག་ཆར་ དུ་ སྒྲོ་འདོགས་ ཆོད་པ ར་ གནང་ ཞིང་ ། ཉམས་ སུ་ བླངས་པ ས་ ཉམས་ རྟོགས་པ་ བཟང་པོ་ ཐུགས་ ལ་ འཁྲུངས་པ ས་ ཐུགས་ དགྱེས་པ ར་ གྱུར་ ཚེ །" }, { "source": "བླ་མ་ལ་གཏང་རག་གི་མཆོད་པ་ཞིག་ཕུལ་བའི་ཚོགས་གྲལ་དུ་ཉམས་མྱོང་གི་རྟོགས་པ་འདི་མགུར་དུ་ཕུལ་ལོ།།།། སྤྱི་བོ་བདེ་ཆེན་གཞལ་ཡས་སུ།། དྲི་མེད་པདྨ་ཉི་ཟླ་ལ།། བླ་མ་མངའ་བདག་བྱམས་མགོན་བཞུགས།། བདག་གི་སེམས་རྒྱུད་བྱིན་གྱིས་རློབས།། དུས་གསུམ་སངས་རྒྱས་ཐམས་ཅད་དང་།། ཡི་དམ་ལྷ་ཚོགས་ཇི་སྙེད་པ།། དབྱེར་མེད་དཔལ་ལྡན་དྷཱུ་ཏཱི་པ།། སྙིང་གི་པདྨར་བཞུགས་ནས་ཀྱང་།། ངག་གི་བདེན་པ་འགྲུབ་ཏུ་གསོལ།། རྒྱ་གར་ཞིང་ཁམས་རྣམ་དག་ཏུ།། པཎ་ཆེན་ནཱ་རོ་ལ་།། སོགས་གྲུབ་ཐོབ་རྣམས་ཀྱི་ཞབས་རྡུལ་དེ།། མི་བདག་གི་སྤྱི་བོའི་གཙུག་ཏུ་བླངས།། རྒྱུད་སྡེའི་ཚིག་རྣམས་མང་པོ་ཉན།། བདག་དེས་ཀྱང་ཆོག་ཤེས་མ་བྱུང་བས།། མངའ་བདག་རྗེ་བཙུན་དྲུང་དུ་འོངས།། བྱིན་རླབས་དམ་ཆོས་ཚུལ་བཞིན་ཞུས། ཁྱད་པར་ཕྱག་རྒྱ་ཆེན་པོ་ཞུས།། ཆོས་ཤེས་པ་རྣམས་ཀྱི་སྒྲོ་འདོགས་བཅད།། མི་ཤེས་པ་རྣམས་སློབ་གཉེར་བྱས།། རྗེ་ས་ར་ཧ་ཡི་བཀའ་སྲོལ་གྱི།། བྱིན་རླབས་དང་རྟོགས་པ་དུས་གཅིག་བྱུང་།། རྗེ་ལ་རྟོགས་འབུལ་གྱི་དབྱངས་ཞིག་ལེན།། ཕྱི་ནང་གྲུབ་མཐའ་སྣ་ཚོགས་ཀུན།། རྟོགས་ཤིང་ཕྱག་རྒྱ་ཆེན་པོར་འདུས།། སྣང་བ་བདེན་མེད་མཐའ་ཡས་ཀུན།། ཟུང་འཇུག་མཉམ་ཉིད་རོལ་པར་ཤར།། རྒྱུན་ཆད་མེད་པའི་ཆོས་ཉིད་འདི།། རང་གསལ་རིག་པ་འགག་པ་མེད།། ཟུང་འཇུག་རིག་པ་གཉུག་མའི་ངང་།། ཡེ་ཤེས་ལྷུན་གྲུབ་ལྟ་བ་ལགས།། སྤྱོད་ལམ་བཞི་ཡི་མཉམ་རྗེས་སུ།།", "target": "བླ་མ་ ལ་ གཏང་རག་ གི་ མཆོད་པ་ ཞིག་ ཕུལ་བ འི་ ཚོགས་གྲལ་ དུ་ ཉམས་མྱོང་ གི་ རྟོགས་པ་ འདི་ མགུར་ དུ་ ཕུལ་ ལོ ། ། ། ། སྤྱི་བོ་ བདེ་ཆེན་ གཞལ་ཡས་ སུ ། ། དྲི་མེད་པདྨ་ཉི་ཟླ་ ལ ། ། བླ་མ་ མངའ་བདག་ བྱམས་ མགོན་ བཞུགས ། ། བདག་ གི་ སེམས་རྒྱུད་ བྱིན་ གྱིས་ རློབས ། ། དུས་གསུམ་སངས་རྒྱས་ ཐམས་ཅད་ དང་ ། ། ཡི་དམ་ ལྷ་ཚོགས་ ཇི་ སྙེད་པ ། ། དབྱེར་མེད་ དཔལ་ལྡན་དྷཱུ་ཏཱི་པ ། ། སྙིང་ གི་ པདྨ ར་ བཞུགས་ ནས་ ཀྱང་ ། ། ངག་ གི་ བདེན་པ་ འགྲུབ་ ཏུ་ གསོལ ། ། རྒྱ་གར་ ཞིང་ཁམས་ རྣམ་དག་ ཏུ ། ། པཎ་ཆེན་ ནཱ་རོ་ ལ་ ། ། སོགས་ གྲུབ་ཐོབ་ རྣམས་ ཀྱི་ ཞབས་རྡུལ་ དེ ། ། མི་བདག་ གི་ སྤྱི་བོ འི་ གཙུག་ ཏུ་ བླངས ། ། རྒྱུད་སྡེ འི་ ཚིག་ རྣམས་ མང་པོ་ ཉན ། ། བདག་ དེ ས་ ཀྱང་ ཆོག་ ཤེས་ མ་ བྱུང་བ ས ། ། མངའ་བདག་རྗེ་བཙུན་ དྲུང་ དུ་ འོངས ། ། བྱིན་རླབས་དམ་ཆོས་ ཚུལ་ བཞིན་ ཞུས ། ཁྱད་པ ར་ ཕྱག་རྒྱ་ ཆེན་པོ་ ཞུས ། ། ཆོས་ ཤེས་པ་ རྣམས་ ཀྱི་ སྒྲོ་འདོགས་ བཅད ། ། མི་ ཤེས་པ་ རྣམས་ སློབ་གཉེར་ བྱས ། ། རྗེ་ ས་ར་ཧ་ ཡི་ བཀའ་སྲོལ་ གྱི ། ། བྱིན་རླབས་ དང་ རྟོགས་པ་ དུས་ གཅིག་ བྱུང་ ། ། རྗེ་ ལ་ རྟོགས་ འབུལ་ གྱི་ དབྱངས་ ཞིག་ ལེན ། ། ཕྱི་ནང་གྲུབ་མཐའ་ སྣ་ཚོགས་ ཀུན ། ། རྟོགས་ ཤིང་ ཕྱག་རྒྱ་ ཆེན་པོ ར་ འདུས ། ། སྣང་བ་ བདེན་མེད་ མཐའ་ཡས་ ཀུན ། ། ཟུང་འཇུག་མཉམ་ཉིད་རོལ་པ ར་ ཤར ། ། རྒྱུན་ཆད་ མེད་པ འི་ ཆོས་ཉིད་ འདི ། ། རང་གསལ་ རིག་པ་ འགག་པ་ མེད ། ། ཟུང་འཇུག་རིག་པ་ གཉུག་མ འི་ ངང་ ། ། ཡེ་ཤེས་ལྷུན་གྲུབ་ ལྟ་བ་ ལགས ། ། སྤྱོད་ལམ་ བཞི་ ཡི་ མཉམ་རྗེས་ སུ ། །" }, { "source": "དུས་གསུམ་འབྲལ་མེད་ཆུ་བོའི་རྒྱུན།། རྣལ་འབྱོར་མངོན་གསལ་འགྲིབ་ཏུ་མེད།། ཡེངས་སུ་མེད་པ་སྒོམ་པ་ལགས།། དུས་གསུམ་ལུས་ངག་ཡིད་ཀྱི་ཆོས།། སྣ་ཚོགས་ངེས་མེད་རྒྱུན་གཅིག་ཏུ།། མི་འགགས་འབད་མེད་ངོ་བོར་མཉམ།། སྤྲུལ་པ་ལྟ་བུའི་སྤྱོད་པ་ལགས།། རྟོགས་པའི་ངོ་བོ་སྐད་ཅིག་མ།། ཅིག་ཆར་བ་ལ་འཕྲིན་བསྣན་མེད།། རང་གྲོལ་གཉུག་མ་བདེ་བ་ཆེ།། རེ་དོགས་བྲལ་བ་འབྲས་བུ་ལགས།། ཚིག་ཚོགས་མ་ཉན་དགུ་ཉན་ཀྱང་།། གཞི་སེམས་ཉིད་ཆོས་སྐུར་ད་གཟོད་གོ། མི་ཁོ་བོའི་ཐེ་ཚོམ་ད་གཟོད་ཟད།། འཁྲུལ་པའི་གཞི་རྩ་ད་གཟོད་ཞིག། ཐ་སྙད་ལ་སངས་རྒྱས་མི་རེ་བས།། རྗེ་མངའ་བདག་ཆེན་པོའི་ཞབས་དྲུང་དུ།། དོན་ཉམས་སུ་བླངས་པའི་འབྲས་བུ་དང་།། བརྒྱུད་པ་རྣམས་ཀྱི་བྱིན་རླབས་ཀྱིས།། གོ་བ་ཉམས་མྱོང་རྟོགས་པ་འདི།། ཕུལ་བས་བླ་མ་རྗེ་བཙུན་དང་།། མཆེད་གྲོགས་འདིར་བཞུགས་དགྱེས་པར་མཛོད།། ཅེས་ཕུལ་བས། མངའ་བདག་མཻ་ཏྲི་པས་མར་པ་ལ་ཞལ་གདམས་བཅུ་གཉིས་རྡོ་རྗེའི་མགུར་འདི་གསུངས་སོ།།།། བུ་དད་པའི་རྩ་བ་མི་བརྟན་ན།། གཉིས་མེད་ཀྱི་རྩ་བ་བརྟན་མི་འགྱུར།། ཕྱོགས་མེད་ཀྱི་སྙིང་རྗེ་མ་སྐྱེས་ན།། གཟུགས་སྐུ་རྣམ་གཉིས་ཐོབ་མི་འགྱུར།། ཤེས་རབ་རྣམ་གསུམ་སྦྱངས་ན།། རྟོགས་པ་རྒྱུད་ལ་སྐྱེ་མི་འགྱུར།། བླ྄་མ་རྗེ་བཙུན་མ་བསྟེན་ན།། དངོས་གྲུབ་རྣམ་གཉིས་ཐོབ་མི་སྲིད།། སེམས་ཀྱི་རྩ་བ་མ་ཆོད་ན།། ཤེས་པ་གང་དགར་གཏང་མི་བྱ།། སྣང་བ་རྒྱ་ཡིས་མ་ཐེབས་ན།། བདེ་བ་ཆེན་པོར་དབེན་མི་གནས།། ཞེན་ཆགས་ཤེས་པ་སྐྱེས་གྱུར་ན།།", "target": "དུས་ གསུམ་ འབྲལ་མེད་ ཆུ་བོ འི་ རྒྱུན ། ། རྣལ་འབྱོར་ མངོན་གསལ་ འགྲིབ་ ཏུ་ མེད ། ། ཡེངས་ སུ་ མེད་པ་ སྒོམ་པ་ ལགས ། ། དུས་ གསུམ་ ལུས་ངག་ཡིད་ ཀྱི་ ཆོས ། ། སྣ་ཚོགས་ ངེས་མེད་ རྒྱུན་ གཅིག་ ཏུ ། ། མི་འགགས་ འབད་མེད་ ངོ་བོ ར་ མཉམ ། ། སྤྲུལ་པ་ ལྟ་བུ འི་ སྤྱོད་པ་ ལགས ། ། རྟོགས་པ འི་ ངོ་བོ་ སྐད་ཅིག་མ ། ། ཅིག་ཆར་བ་ ལ་ འཕྲིན་བསྣན་ མེད ། ། རང་གྲོལ་ གཉུག་མ་ བདེ་བ་ཆེ ། ། རེ་དོགས་ བྲལ་བ་ འབྲས་བུ་ ལགས ། ། ཚིག་ཚོགས་ མ་ ཉན་ དགུ་ ཉན་ ཀྱང་ ། ། གཞི་སེམས་ཉིད་ ཆོས་སྐུ ར་ ད་ གཟོད་ གོ ། མི་ ཁོ་བོ འི་ ཐེ་ཚོམ་ ད་ གཟོད་ ཟད ། ། འཁྲུལ་པ འི་ གཞི་རྩ་ ད་ གཟོད་ ཞིག ། ཐ་སྙད་ ལ་ སངས་རྒྱས་ མི་ རེ་བ ས ། ། རྗེ་ མངའ་བདག་ ཆེན་པོ འི་ ཞབས་ དྲུང་ དུ ། ། དོན་ ཉམས་ སུ་ བླངས་པ འི་ འབྲས་བུ་ དང་ ། ། བརྒྱུད་པ་ རྣམས་ ཀྱི་ བྱིན་རླབས་ ཀྱིས ། ། གོ་བ་ ཉམས་མྱོང་ རྟོགས་པ་ འདི ། ། ཕུལ་བ ས་ བླ་མ་ རྗེ་བཙུན་ དང་ ། ། མཆེད་གྲོགས་ འདི ར་ བཞུགས་ དགྱེས་པ ར་ མཛོད ། ། ཅེས་ ཕུལ་བ ས ། མངའ་བདག་ མཻ་ཏྲི་པ ས་ མར་པ་ ལ་ ཞལ་གདམས་ བཅུ་ གཉིས་ རྡོ་རྗེ འི་ མགུར་ འདི་ གསུངས་ སོ ། ། ། ། བུ་ དད་པ འི་ རྩ་བ་ མི་ བརྟན་ ན ། ། གཉིས་ མེད་ ཀྱི་ རྩ་བ་ བརྟན་ མི་ འགྱུར ། ། ཕྱོགས་མེད་ ཀྱི་ སྙིང་རྗེ་ མ་ སྐྱེས་ ན ། ། གཟུགས་སྐུ་ རྣམ་ གཉིས་ ཐོབ་ མི་ འགྱུར ། ། ཤེས་རབ་ རྣམ་ གསུམ་ སྦྱངས་ ན ། ། རྟོགས་པ་ རྒྱུད་ ལ་ སྐྱེ་ མི་ འགྱུར ། ། བླ྄་མ་ རྗེ་ བཙུན་མ་ བསྟེན་ ན ། ། དངོས་གྲུབ་ རྣམ་ གཉིས་ ཐོབ་ མི་ སྲིད ། ། སེམས་ ཀྱི་ རྩ་བ་ མ་ ཆོད་ ན ། ། ཤེས་པ་ གང་ དག ར་ གཏང་ མི་ བྱ ། ། སྣང་བ་ རྒྱ་ ཡིས་ མ་ ཐེབས་ ན ། ། བདེ་བ་ ཆེན་པོ ར་ དབེན་ མི་ གནས ། ། ཞེན་ཆགས་ ཤེས་པ་ སྐྱེས་ གྱུར་ ན ། །" }, { "source": "གླང་ཆེན་རབ་དགའའི་སྤྱོད་པ་བྱ།། སྐབས་སུ་ཉོན་མོངས་སྐྱེས་གྱུར་ན།། སེམས་ལ་ལྟོས་ལ་མ་ཡེངས་སྒོམས།། རྐྱེན་གྱིས་སེམས་ལ་གནོད་གྱུར་ན།། དབང་བཞིའི་ཉམས་ལེན་རྒྱུན་དུ་གྱིས།། ཉོན་མོངས་རང་རྒྱུད་ཤོར་གྱུར་ན།། བླ་མའི་གདམས་པ་དྲན་པར་གྱིས།། རྩེ་གཅིག་གསོལ་བ་མ་བཏབ་ན།། དམ་པའི་ཐུགས་དགོངས་ག་ལ་ལོངས།། བསྐྱེད་རྫོགས་ཟུང་འཇུག་མ་བསྒོམ་ན།། འཁོར་འདས་དབྱེར་མེད་ག་ལ་རྟོགས།། བཅུ་གཉིས་རྡོ་རྗེའི་མགུར་ལྡན་པ།། དྲན་པ་དང་བཅས་བཅུ་གསུམ་འདི།། རྣལ་འབྱོར་ཉམས་སུ་བླངས་པས་ན།། བཅུ་གསུམ་པ་ལ་གནས་པར་འགྱུར།། ཞེས་གསུངས་པས། མར་པའི་ཐུགས་ལ་ཤིན་ཏུ་འཐད་ཅིང་འཇགས་པར་གྱུར་ནས། མཻ་ཏྲི་པ་ལ་མི་ཕྱེད་པའི་དད་པའི་ངང་ནས་བྱོན་ཏེ་པུ་ལ་ཧ་རིར་ནཱ་རོ་པའི་དྲུང་དུ་ཕེབས་པས། ནཱ་རོ་པའི་ཞལ་ནས། ལྷོ་དུག་མཚོའི་འགྲམ་གྱི་དུར་ཁྲོད་སོ་ས་གླིང་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་འབྲེལ་ཚད་དོན་ལྡན་རུས་པའི་རྒྱན་དང་ལྡན་པ་ཞིག་བཞུགས་པ་དེའི་དྲུང་དུ་སོང་ལ་གདན་བཞི་ཞུས་ཤོག། གཞན་ཡང་རང་གང་མོས་ཀྱི་ཀུ་སུ་ལུ་རྣམས་ལ་ཆོས་ཅི་འདོད་ཞུས་ཤོག་གསུངས་པ་ལྟར། སོ་ས་གླིང་གི་དུར་ཁྲོད་དུ་ཕྱིན་རྣལ་འབྱོར་མ་བཙལ་བས་རྩྭའི་སྤྱིལ་པོ་གཅིག་གི་ནང་བཞུགས་པ་དང་མཇལ་ཏེ། གསེར་གྱི་མཎྜལ་ཕུལ་གསོལ་བ་བཏབ་བས། གདན་བཞིའི་དབང་གདམས་ངག་རྣམས་དགྱེས་བཞིན་རྫོགས་པར་གནང་། གཞན་ཡང་དཔལ་སང་ག་གླིང་པ་ལ་སོགས་ཏེ་དུར་ཁྲོད་དང་ཤིང་དྲུང་ན་བཞུགས་པའི་ཀུ་སུ་ལུའི་རྣལ་འབྱོར་པ་མཚན་ལྡན་འགའ་དང་འགའ་ལ་བསྐྱེད་རྫོགས་ཀྱི་དབང་གདམས་ངག་དང་།", "target": "གླང་ཆེན་ རབ་དགའ འི་ སྤྱོད་པ་ བྱ ། ། སྐབས་ སུ་ ཉོན་མོངས་ སྐྱེས་ གྱུར་ ན ། ། སེམས་ ལ་ ལྟོས་ ལ་ མ་ ཡེངས་ སྒོམས ། ། རྐྱེན་ གྱིས་ སེམས་ ལ་ གནོད་ གྱུར་ ན ། ། དབང་ བཞི འི་ ཉམས་ལེན་ རྒྱུན་ དུ་ གྱིས ། ། ཉོན་མོངས་ རང་རྒྱུད་ ཤོར་ གྱུར་ ན ། ། བླ་མ འི་ གདམས་པ་ དྲན་པ ར་ གྱིས ། ། རྩེ་ གཅིག་ གསོལ་བ་ མ་ བཏབ་ ན ། ། དམ་པ འི་ ཐུགས་དགོངས་ ག་ ལ་ ལོངས ། ། བསྐྱེད་རྫོགས་ཟུང་འཇུག་མ་ བསྒོམ་ ན ། ། འཁོར་འདས་ དབྱེར་མེད་ ག་ ལ་ རྟོགས ། ། བཅུ་ གཉིས་ རྡོ་རྗེ འི་ མགུར་ ལྡན་པ ། ། དྲན་པ་ དང་ བཅས་ བཅུ་ གསུམ་ འདི ། ། རྣལ་འབྱོར་ ཉམས་ སུ་ བླངས་པ ས་ ན ། ། བཅུ་ གསུམ་པ་ ལ་ གནས་པ ར་ འགྱུར ། ། ཞེས་ གསུངས་པ ས ། མར་པ འི་ ཐུགས་ ལ་ ཤིན་ ཏུ་ འཐད་ ཅིང་ འཇགས་པ ར་ གྱུར་ ནས ། མཻ་ཏྲི་པ་ ལ་ མི་ ཕྱེད་པ འི་ དད་པ འི་ ངང་ ནས་ བྱོན་ ཏེ་ པུ་ལ་ཧ་རི ར་ ནཱ་རོ་པ འི་ དྲུང་ དུ་ ཕེབས་པ ས ། ནཱ་རོ་པ འི་ ཞལ་ ནས ། ལྷོ་དུག་མཚོ འི་ འགྲམ་ གྱི་ དུར་ཁྲོད་ སོ་ས་གླིང་ ན་ ཡེ་ཤེས་ ཀྱི་ མཁའ་འགྲོ་མ་ འབྲེལ་ཚད་དོན་ལྡན་ རུས་པ འི་ རྒྱན་ དང་ ལྡན་པ་ ཞིག་ བཞུགས་པ་ དེ འི་ དྲུང་ དུ་ སོང་ ལ་ གདན་ བཞི་ ཞུས་ ཤོག ། གཞན་ ཡང་ རང་ གང་ མོས་ ཀྱི་ ཀུ་སུ་ལུ་ རྣམས་ ལ་ ཆོས་ ཅི་ འདོད་ ཞུས་ ཤོག་ གསུངས་པ་ ལྟ ར ། སོ་ས་གླིང་ གི་ དུར་ཁྲོད་ དུ་ ཕྱིན་ རྣལ་འབྱོར་མ་ བཙལ་བ ས་ རྩྭ འི་ སྤྱིལ་པོ་ གཅིག་ གི་ ནང་ བཞུགས་པ་ དང་ མཇལ་ ཏེ ། གསེར་ གྱི་ མཎྜལ་ ཕུལ་ གསོལ་བ་ བཏབ་བ ས ། གདན་བཞི འི་ དབང་གདམས་ངག་ རྣམས་ དགྱེས་ བཞིན་ རྫོགས་པ ར་ གནང་ ། གཞན་ ཡང་ དཔལ་སང་ག་གླིང་པ་ ལ་ སོགས་ ཏེ་ དུར་ཁྲོད་ དང་ ཤིང་ དྲུང་ ན་ བཞུགས་པ འི་ ཀུ་སུ་ལུ འི་ རྣལ་འབྱོར་པ་ མཚན་ལྡན་ འགའ་ དང་ འགའ་ ལ་ བསྐྱེད་རྫོགས་ ཀྱི་ དབང་གདམས་ངག་ དང་ །" }, { "source": "འཕྲལ་དགོས་ཀྱི་གདམས་ངག་ཕྲན་ཚེགས་མང་པོ་སྐབས་སྐབས་སུ་ཞུས་པས། གདམས་ངག་གི་གཏེར་མཛོད་དུ་གྱུར་པ་ལགས་སོ།། དེ་ནས་ནཱ་རོ་པའི་དྲུང་དུ་ཕེབས། ཕྱག་ཕུལ་ནས་སྙུན་དྲིས་པས། ཁྱོད་དབང་གདམས་ངག་རྣམས་ཡིད་ཆེས་པོ་བྱུང་ངམ་གསུངས། ལོ་རྒྱུས་རྣམས་ཞུས་པས་ཤིན་ཏུ་མཉེས་པར་གྱུར་ཏོ།། དེ་ནས་རྗེ་མར་པས། དཔལ་ནཱ་རོ་པ་ལ་བདེ་མཆོག་གི་དབང་གདམས་ངག་རྒྱུད་འགྲེལ་བཤད་པ་རྣམས་དགོས་ཞེས་གསོལ་བ་བཏབ་པས། དབང་རྒྱས་པར་གནང་རྒྱུད་འགྲེལ་བཤད་ལུང་དུ་གནང་ནས། གལ་ཉམས་ལེན་ཆེ་བ་ཡིན་གསུངས། བཀའ་བབས་བཞིའི་གདམས་པར་གྲགས་པ་ནཱ་རོ་ཆོས་དྲུག་དང་། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་སུ་ངོ་སྤྲོད་པ་ཕྱག་རྒྱ་ཆེན་པོ་རྣམས་གནང་ནས་བསྒོམས་པས། སྤྱིར་གྱི་གསང་སྔགས་བླ་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་མང་པོ་ཐུགས་ལ་འཁྲུངས་ཤིང་། ཁྱད་པར་དུ་གཏུམ་མོ་བསྒོམས་པས། བདེ་གསལ་མི་རྟོག་པའི་ཟུང་འཇུག་མངོན་དུ་གྱུར་པས། སྒོ་གསུམ་གཡོ་འགུལ་མི་ནུས་པའི་ངང་ལ་ཞག་བདུན་གྱི་བར་བརྟན་པ་ཐོབ་པ་དང་། རྟགས་བཅུ་རྣམས་བྱུང་བས། ཐུགས་སྤྲོ་བའི་ངང་ནས་ཉིན་མཚན་འདའ་བ་བྱུང་ངོ་།། དེ་ནས་མར་པའི་ཐུགས་ལ་ངས་བལ་པོ་དང་རྒྱ་གར་དུ་ལོ་བཅུ་གཉིས་ཙམ་སོང་འདུག་སྟེ། དབང་དང་གདམས་ངག་མང་པོ་ཡང་ཐོབ་པ་ཙམ་དུ་མ་བཞག་པར་ཚིག་དོན་གཉིས་ལ་སློབ་གཉེར་དང་ཉམས་ལེན་ལ་མི་འགྱོད་པ་བྱས་པས། སྨྲ་རྒྱུ་དང་བསྒོམ་རྒྱུ་ཡང་གཞན་ལ་སྨོན་མི་དགོས་པ་བྱུང་།", "target": "འཕྲལ་ དགོས་ ཀྱི་ གདམས་ངག་ ཕྲན་ཚེགས་ མང་པོ་ སྐབས་ སྐབས་ སུ་ ཞུས་པ ས ། གདམས་ངག་ གི་ གཏེར་མཛོད་ དུ་ གྱུར་པ་ ལགས་ སོ ། ། དེ་ ནས་ ནཱ་རོ་པ འི་ དྲུང་ དུ་ ཕེབས ། ཕྱག་ ཕུལ་ ནས་ སྙུན་ དྲིས་པ ས ། ཁྱོད་ དབང་གདམས་ངག་ རྣམས་ ཡིད་ ཆེས་པོ་ བྱུང་ ངམ་ གསུངས ། ལོ་རྒྱུས་ རྣམས་ ཞུས་པ ས་ ཤིན་ ཏུ་ མཉེས་པ ར་ གྱུར་ ཏོ ། ། དེ་ ནས་ རྗེ་ མར་པ ས ། དཔལ་ནཱ་རོ་པ་ ལ་ བདེ་མཆོག་ གི་ དབང་གདམས་ངག་རྒྱུད་འགྲེལ་བཤད་པ་ རྣམས་ དགོས་ ཞེས་ གསོལ་བ་ བཏབ་པ ས ། དབང་ རྒྱས་པ ར་ གནང་ རྒྱུད་འགྲེལ་བཤད་ལུང་ དུ་ གནང་ ནས ། གལ་ ཉམས་ལེན་ ཆེ་བ་ ཡིན་ གསུངས ། བཀའ་བབས་ བཞི འི་ གདམས་པ ར་ གྲགས་པ་ ནཱ་རོ་ཆོས་ དྲུག་ དང་ ། གཉུག་མ་ ལྷན་ ཅིག་ སྐྱེས་པ འི་ ཡེ་ཤེས་ སེམས་ སུ་ ངོ་ སྤྲོད་པ་ ཕྱག་རྒྱ་ ཆེན་པོ་ རྣམས་ གནང་ ནས་ བསྒོམས་པ ས ། སྤྱི ར་ གྱི་ གསང་སྔགས་ བླ་མེད་ ཀྱི་ ཉམས་རྟོགས་ ཁྱད་པར་ཅན་ མང་པོ་ ཐུགས་ ལ་ འཁྲུངས་ ཤིང་ ། ཁྱད་པ ར་ དུ་ གཏུམ་མོ་ བསྒོམས་པ ས ། བདེ་གསལ་ མི་ རྟོག་པ འི་ ཟུང་འཇུག་ མངོན་ དུ་ གྱུར་པ ས ། སྒོ་ གསུམ་ གཡོ་ འགུལ་ མི་ ནུས་པ འི་ ངང་ ལ་ ཞག་ བདུན་ གྱི་ བར་ བརྟན་པ་ ཐོབ་པ་ དང་ ། རྟགས་ བཅུ་ རྣམས་ བྱུང་བ ས ། ཐུགས་ སྤྲོ་བ འི་ ངང་ ནས་ ཉིན་མཚན་ འདའ་བ་ བྱུང་ ངོ་ ། ། དེ་ ནས་ མར་པ འི་ ཐུགས་ ལ་ ང ས་ བལ་པོ་ དང་ རྒྱ་གར་ དུ་ ལོ་ བཅུ་ གཉིས་ ཙམ་ སོང་ འདུག་ སྟེ ། དབང་ དང་ གདམས་ངག་ མང་པོ་ ཡང་ ཐོབ་པ་ ཙམ་ དུ་ མ་ བཞག་པ ར་ ཚིག་དོན་ གཉིས་ ལ་ སློབ་གཉེར་ དང་ ཉམས་ལེན་ ལ་ མི་ འགྱོད་པ་ བྱས་པ ས ། སྨྲ་རྒྱུ་ དང་ བསྒོམ་རྒྱུ་ ཡང་ གཞན་ ལ་ སྨོན་ མི་ དགོས་པ་ བྱུང་ །" }, { "source": "ད་གསེར་ཕལ་ཆེར་རྫོགས་འདུག་པས་རེ་ཞིག་བོད་ལ་ཕྱིན། གསེར་ཅི་མང་རང་ཅིག་བསྒྲུབས་ཏེ། སླར་ཡང་རྒྱ་གར་དུ་ཡོངས་ནས་བླ་མ་རྣམས་འབུལ་བས་མཉེས་པ་དང་། ཆོས་སྔར་ཐོབ་པ་རྣམས་ལ་དོགས་གཅོད་ནན་ཏན་བྱེད་པ་དང་། མ་ཐོབ་པ་རྣམས་ཅི་ཐོབ་བྱེད། བོད་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ། དང་སྒོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་ཞིག་ཅིས་ཀྱང་བྱེད་དགོངས་པ་ཤར་ནས། གསེར་ལྷག་མ་གང་ཡོད་ཀྱིས་ལམ་ཆས་ཙམ་ཞིག་མ་གཏོགས་ཀུན་གྱིས་ཡོ་བྱད་བསྒྲུབས་ཏེ། བྲམ་ཟེ་ཀུ་ས་ཀ་མུ་ཏི་དང་། རྣལ་འབྱོར་མ་སུ་ཀ་དྷ་རི་ལ་སོགས་པ་རྣམས་བཀྲག་ནས། པཎ་ཆེན་ནཱ་རོ་པ་ལ་གཏང་རག་དང་། དགའ་སྟོན་དུ་ཚོགས་མཆོད་ཕུལ་བའི་གྲལ་དུ། མར་པའི་ཐུགས་དགོངས་ལ། ཡང་བོད་ནས་རྒྱ་གར་དུ་འོངས་པའི་དོན་ལ་བླ་མ་མཁས་ཤིང་གྲུབ་པ་མཉས་པ་མང་པོ་དང་མཇལ། རྒྱུད་འགྲེལ་པ་དང་བཅས་པ་མང་པོ་ཐོབ་ཅིང་སློབ་གཉེར་བྱས། སྒྲ་སྐད་ལོཙྪ་ནི་མཁས་པའི་ཚད་དུ་ཤེས། ཉམས་དང་རྟོགས་པ་ཕྱིན་ཅི་མ་ལོག་པ་ནི་རྒྱུད་ལ་སྐྱེས། ད་བར་ཆད་མེད་པར་བོད་དུ་ལོག་འགྲོ་བ་ཡིན་པས། དུས་དེ་རིང་ལས་དགའ་བ་མི་ཡོང་དགོངས་ནས་མགུར་ཆེན་བརྒྱད་ཀྱི་ཐོག་མ། དཔལ་ནཱ་རོ་པའི་དྲུང་དུ་དབྱངས་རིང་ཏམ་བུ་རིའི་ཁོང་རྒྱུད་ཀྱི་སྐད་ལ་རྟ་དྲངས་ཏེ་རྟོགས་པ་འདི་མགུར་དུ་ཕུལ་བ་ལགས་སོ།།།། རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ།། ཁྱེད་སྔོན་སྦྱངས་བསོད་ནམས་བསགས་པའི་ཕྱིར།། སྤྲུལ་སྐུ་ཏི་ལོ་དངོས་དང་མཇལ།། སྤོང་དཀའ་སྲིད་པའི་སྡུག་བསྔལ་ལ། ཁྱད་དུ་གསོད་པ་བཅུ་གཉིས་མཛད།།", "target": "ད་ གསེར་ ཕལ་ཆེ ར་ རྫོགས་ འདུག་པ ས་ རེ་ ཞིག་ བོད་ ལ་ ཕྱིན ། གསེར་ ཅི་ མང་ རང་ ཅིག་ བསྒྲུབས་ ཏེ ། སླ ར་ ཡང་ རྒྱ་གར་ དུ་ ཡོངས་ ནས་ བླ་མ་ རྣམས་ འབུལ་བ ས་ མཉེས་པ་ དང་ ། ཆོས་ སྔ ར་ ཐོབ་པ་ རྣམས་ ལ་ དོགས་ གཅོད་ ནན་ཏན་ བྱེད་པ་ དང་ ། མ་ ཐོབ་པ་ རྣམས་ ཅི་ ཐོབ་ བྱེད ། བོད་ དུ་ སྤྱི ར་ སངས་རྒྱས་ ཀྱི་ བསྟན་པ ། དང་ སྒོས་ སྒྲུབ་བརྒྱུད་ ཀྱི་ བསྟན་པ་ དར་བ་ ཞིག་ ཅི ས་ ཀྱང་ བྱེད་ དགོངས་པ་ ཤར་ ནས ། གསེར་ ལྷག་མ་ གང་ ཡོད་ ཀྱིས་ ལམ་ཆས་ ཙམ་ ཞིག་ མ་ གཏོགས་ ཀུན་ གྱིས་ ཡོ་བྱད་ བསྒྲུབས་ ཏེ ། བྲམ་ཟེ་ ཀུ་ས་ཀ་མུ་ཏི་ དང་ ། རྣལ་འབྱོར་མ་ སུ་ཀ་དྷ་རི་ ལ་ སོགས་པ་ རྣམས་ བཀྲག་ ནས ། པཎ་ཆེན་ ནཱ་རོ་པ་ ལ་ གཏང་རག་ དང་ ། དགའ་སྟོན་ དུ་ ཚོགས་མཆོད་ ཕུལ་བ འི་ གྲལ་ དུ ། མར་པ འི་ ཐུགས་དགོངས་ ལ ། ཡང་ བོད་ ནས་ རྒྱ་གར་ དུ་ འོངས་པ འི་ དོན་ ལ་ བླ་མ་ མཁས་ ཤིང་ གྲུབ་པ་ མཉས་པ་ མང་པོ་ དང་ མཇལ ། རྒྱུད་ འགྲེལ་པ་ དང་ བཅས་པ་ མང་པོ་ ཐོབ་ ཅིང་ སློབ་གཉེར་ བྱས ། སྒྲ་སྐད་ལོཙྪ་ ནི་ མཁས་པ འི་ ཚད་ དུ་ ཤེས ། ཉམས་ དང་ རྟོགས་པ་ ཕྱིན་ ཅི་ མ་ ལོག་པ་ ནི་ རྒྱུད་ ལ་ སྐྱེས ། ད་ བར་ཆད་ མེད་པ ར་ བོད་ དུ་ ལོག་ འགྲོ་བ་ ཡིན་པ ས ། དུས་ དེ་རིང་ ལས་ དགའ་བ་ མི་ ཡོང་ དགོངས་ ནས་ མགུར་ཆེན་ བརྒྱད་ ཀྱི་ ཐོག་མ ། དཔལ་ནཱ་རོ་པ འི་ དྲུང་ དུ་ དབྱངས་རིང་ ཏམ་བུ་རི འི་ ཁོང་རྒྱུད་ ཀྱི་ སྐད་ ལ་ རྟ་ དྲངས་ ཏེ་ རྟོགས་པ་ འདི་ མགུར་ དུ་ ཕུལ་བ་ ལགས་ སོ ། ། ། ། རྗེ་ མཚན་ལྡན་ གྱི་ བླ་མ་ རིན་པོ་ཆེ ། ། ཁྱེད་ སྔོན་ སྦྱངས་ བསོད་ནམས་ བསགས་པ འི་ ཕྱི ར ། ། སྤྲུལ་སྐུ་ ཏི་ལོ་ དངོས་ དང་ མཇལ ། ། སྤོང་ དཀའ་ སྲིད་པ འི་ སྡུག་བསྔལ་ ལ ། ཁྱད་ དུ་ གསོད་པ་ བཅུ་ གཉིས་ མཛད ། །" }, { "source": "དཀའ་བ་སྤྱད་པའི་ཐུགས་དམ་དེས།། སྐད་ཅིག་ཉིད་ལ་བདེན་པ་གཟིགས།། ཤྲཱི་ཛྙ་ན་སིདྡྷིའི་ཞབས་ལ་འདུད།། སྒྲ་སྒྱུར་བོད་ཀྱི་བན་ཆུང་ང་།། སྦྱངས་པ་སྔ་མའི་ལས་འབྲེལ་གྱིས།། ནཱ་རོ་པཎ་ཆེན་ཁྱེད་དང་མཇལ།། རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་བསླབས།། སྙིང་པོ་མ་ཧཱ་མཱ་ཡ་གནང་།། ཡང་སྙིང་བདེ་མཆོག་འཁོར་ཞུས།། ལར་རྒྱུད་སྡེ་བཞི་ཡི་ཁོང་སྙིང་ཕྱུང་།། མ་སྐལ་བ་བཟང་མོས་རྗེས་།། གནང་བྱིན་རླབས་ཀྱི་ཆུ་རྒྱུན་མ་།། ཆད་དབང་བཞིའི་དོན་ལ་ངོ་སྦྲོད་མཛད།། ཟག་པ་མེད་པའི་ཏིང་འཛིན་སྐྱེས།། ཞག་བདུན་བར་དུ་བརྟན་པ་ཐོབ།། སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས།། གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད།། རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས།། བདེ་གསལ་མི་རྟོག་ཁོང་ནས་ཤར།། བག་ཆགས་གཉིད་ཀྱི་འཁྲུལ་པ་དེ།། འོད་གསལ་ལམ་གྱི་ངོ་བོར་རྟོགས།། ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས།། སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ།། ཕྱི་ནང་སྒྱུ་མའི་འཁྲུལ་འཁོར་འདི།། སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས།། ནང་འཛིན་པ་ཡིད་གྱི་རྣམ་ཤེས་འདི།། སྔོན་ཆད་མཛའ་བོ་འཕྲད་པ་བཞིན།། སེམས་ཉིད་རང་ངོ་རང་གིས་ཤེས།། ལྐུགས་པར་རྨི་ལམ་རྨིས་པ་བཞིན།། བརྗོད་དུ་མེད་པའི་ཉམས་གཅིག་ཤར།། གཞོན་ནུས་བདེ་བ་མྱོང་བ་བཞིན།། སྨྲ་རུ་མེད་པའི་དོན་གཅིག་རྟོགས།། རྗེ་སྐུ་དྲིན་ཆེའོ་ནཱ་རོ་པ།། སླར་ཡང་དབང་བསྐུར་བྱིན་གྱིས་བརླབས།། ད་དུང་བཀའ་དྲིན་བསྐྱང་དུ་གསོལ།། ཞེས་ཕུལ་བས། ནཱ་རོའི་ཕྱག་མར་པའི་དབུ་ཐོག་ཏུ་བཞག་ནས་ཞལ་གདམས་ཀྱི་མགུར་འདི་གསུངས་སོ།།", "target": "དཀའ་བ་ སྤྱད་པ འི་ ཐུགས་དམ་ དེ ས ། ། སྐད་ ཅིག་ ཉིད་ ལ་ བདེན་པ་ གཟིགས ། ། ཤྲཱི་ཛྙ་ན་སིདྡྷི འི་ ཞབས་ ལ་ འདུད ། ། སྒྲ་སྒྱུར་ བོད་ ཀྱི་ བན་ཆུང་ ང་ ། ། སྦྱངས་པ་ སྔ་མ འི་ ལས་འབྲེལ་ གྱིས ། ། ནཱ་རོ་ པཎ་ཆེན་ ཁྱེད་ དང་ མཇལ ། ། རྒྱུད་ ཟབ་མོ ར་ གྲགས་པ འི་ དགྱེས་རྡོར་ བསླབས ། ། སྙིང་པོ་ མ་ཧཱ་མཱ་ཡ་ གནང་ ། ། ཡང་སྙིང་ བདེ་མཆོག་ འཁོར་ ཞུས ། ། ལ ར་ རྒྱུད་སྡེ་ བཞི་ ཡི་ ཁོང་སྙིང་ ཕྱུང་ ། ། མ་ སྐལ་བ་བཟང་མོ ས་ རྗེས་ ། ། གནང་བྱིན་རླབས་ ཀྱི་ ཆུ་རྒྱུན་ མ་ ། ། ཆད་ དབང་ བཞི འི་ དོན་ ལ་ ངོ་ སྦྲོད་ མཛད ། ། ཟག་པ་ མེད་པ འི་ ཏིང་འཛིན་ སྐྱེས ། ། ཞག་ བདུན་ བར་ དུ་ བརྟན་པ་ ཐོབ ། ། སྲོག་རྩོལ་ འཕོ་བ་ ཉི་ཟླ་ གཉིས ། ། གཡོ་མེད་ནམ་མཁ འི་ ཁྱིམ་ དུ་ ཚུད ། ། རང་བྱུང་ ལྷན་ ཅིག་ སྐྱེས་པ འི་ ཉམས ། ། བདེ་གསལ་མི་རྟོག་ ཁོང་ ནས་ ཤར ། ། བག་ཆགས་ གཉིད་ ཀྱི་ འཁྲུལ་པ་ དེ ། ། འོད་གསལ་ལམ་ གྱི་ ངོ་བོ ར་ རྟོགས ། ། ཡིད་ ཀྱི་ གཡོ་བ་ གཟུང་འཛིན་ གཉིས ། ། སྤྲོས་བྲལ་ཆོས་ ཀྱི་ སྐུ་ རུ་ ཐིམ ། ། ཕྱི་ནང་སྒྱུ་མ འི་ འཁྲུལ་འཁོར་ འདི ། ། སྐྱེ་མེད་ཕྱག་རྒྱ་ ཆེན་པོ ར་ རྟོགས ། ། ནང་ འཛིན་པ་ ཡིད་ གྱི་ རྣམ་ཤེས་ འདི ། ། སྔོན་ཆད་ མཛའ་བོ་ འཕྲད་པ་ བཞིན ། ། སེམས་ཉིད་ རང་ ངོ་ རང་ གིས་ ཤེས ། ། ལྐུགས་པ ར་ རྨི་ལམ་ རྨིས་པ་ བཞིན ། ། བརྗོད་ དུ་ མེད་པ འི་ ཉམས་ གཅིག་ ཤར ། ། གཞོན་ནུ ས་ བདེ་བ་ མྱོང་བ་ བཞིན ། ། སྨྲ་ རུ་ མེད་པ འི་ དོན་ གཅིག་ རྟོགས ། ། རྗེ་ སྐུ་དྲིན་ ཆེ འོ་ ནཱ་རོ་པ ། ། སླ ར་ ཡང་ དབང་ བསྐུར་ བྱིན་ གྱིས་ བརླབས ། ། ད་དུང་ བཀའ་དྲིན་ བསྐྱང་ དུ་ གསོལ ། ། ཞེས་ ཕུལ་བ ས ། ནཱ་རོ འི་ ཕྱག་ མར་པ འི་ དབུ་ ཐོག་ ཏུ་ བཞག་ ནས་ ཞལ་གདམས་ ཀྱི་ མགུར་ འདི་ གསུངས་ སོ ། །" }, { "source": "བོད་ཡུལ་གྱི་མར་པ་ལོ་ཙྪ་ཁྱོད།། ཆོས་བརྒྱད་ཚེ་འདིའི་དོན་མ་བསྒྲུབས།། གཟུང་འཛིན་ང་ཁྱོད་རེས་མ་གཅོད།། ཉེ་དུ་དགྲ་ལ་སྐུར་མ་འདེབས།། གཞན་གྱི་ཆོས་ལ་སྒྲོ་མ་འདོགས།། ཐོས་བསམ་མུན་སེལ་སྒྲོན་མ་ཡིན།། ཐར་པའི་ལམ་མཆོག་འཕྲང་མ་བཅད།། སྔར་ཡང་བླ་རྗེ་ཡིན་པའི་ཕྱོགས།། ཕྱིས་ཡང་ཁུར་ཅིང་བློས་མ་སྤོང་།། རང་སེམས་ནོར་བུ་རིན་ཆེན་འདི།། དྲེད་པོ་ཆུ་ལ་མ་བསྐུར་བར།། བག་ཟོན་ཡེངས་མེད་སྲུངས་ཤིག་དང་།། དགོས་འདོད་བསམ་པ་ཐམས་ཅད་འགྱུར།། ཅེས་པ་དང་། གཞན་ཡང་ཐུགས་བརྩེ་བའི་གསུང་མང་པོ་གནང་བ་རྣམས་ལ་དགྱེས་པ་བཞིན། སླར་ཡང་སྐུ་དྲུང་དུ་ཡོང་བའི་དམ་བཅའ་ཕུལ་ནས་བོད་ལ་བྱོན་ནོ།།།། དེ་ནས་གསུམ་པ་དབང་དང་གདམས་ངག་སོགས་དམ་པའི་ཆོས་རྣམས་ཐོབ་ནས་སླར་བོད་དུ་བྱོན་ཚུལ་ནི། མར་པས་འཚོ་ཆས་རྣམས་རྫོགས་པ་དང་མཉམ་དུ་གཉོས་ཀྱི་ཆས་ཀྱང་ཟད་དེ། ཕན་ཚུན་དུས་བསྒྲིགས་ནས་ཚུར་ལམ་ཡང་གཉོས་དང་བསྡེབས་ནས་བྱོན་པ་ལས། གཉོས་ཀྱི་ཡིད་ལ། ངེད་གཉིས་གསེར་ང་མང་རུང་། ཆོས་ཁོ་མཁས་རིགས་སུ་འདུག་སྙམ་པའི་ཕྲག་དོག་གི་བསམ་ངན་ཤར་ཏེ། གཉོས་ལ་གྲོགས་པཎྜི་ཏ་གཉིས། ཨ་ཙ་ར་གཅིག་དང་། གཞན་ཡང་ལམ་གྲོགས་འགའ་ཟུང་འདུག་པ་ལ་གཉོས་ཀྱི་དཔེ་ཆ་སོགས་ཆས་རྣམས་བསྐུར་འདུགམར་པས་ཕྱག་དཔེའི་ཁྲེས་པོ་བྱས་བསྣམས་བྱོན་པས། གཉོས་ན་རེ། རང་རེ་ལོཙྪ་བ་ཆེན་པོ་ཁྲེས་པོ་ཁུར་བ་མི་ཡོང་བས། ཨ་ཙ་ར་འདི་ལ་བསྐུར་ཟེར་བ་སྟར་བསྐུར་བས། གཉོས་ཀྱིས་ཨ་ཙ་ར་ལ་ཕག་བརྔན་བྱིན།", "target": "བོད་ཡུལ་ གྱི་ མར་པ་ ལོ་ཙྪ་ ཁྱོད ། ། ཆོས་ བརྒྱད་ ཚེ་ འདི འི་ དོན་ མ་ བསྒྲུབས ། ། གཟུང་འཛིན་ ང་ ཁྱོད་ རེས་ མ་ གཅོད ། ། ཉེ་དུ་དགྲ་ ལ་ སྐུར་ མ་ འདེབས ། ། གཞན་ གྱི་ ཆོས་ ལ་ སྒྲོ་ མ་ འདོགས ། ། ཐོས་བསམ་ མུན་སེལ་ སྒྲོན་མ་ ཡིན ། ། ཐར་པ འི་ ལམ་ མཆོག་ འཕྲང་ མ་ བཅད ། ། སྔ ར་ ཡང་ བླ་རྗེ་ ཡིན་པ འི་ ཕྱོགས ། ། ཕྱི ས་ ཡང་ ཁུར་ ཅིང་ བློ ས་ མ་ སྤོང་ ། ། རང་སེམས་ ནོར་བུ་ རིན་ཆེན་ འདི ། ། དྲེད་པོ་ ཆུ་ ལ་ མ་ བསྐུར་བ ར ། ། བག་ཟོན་ ཡེངས་མེད་ སྲུངས་ ཤིག་ དང་ ། ། དགོས་འདོད་ བསམ་པ་ ཐམས་ཅད་ འགྱུར ། ། ཅེས་པ་ དང་ ། གཞན་ ཡང་ ཐུགས་ བརྩེ་བ འི་ གསུང་ མང་པོ་ གནང་བ་ རྣམས་ ལ་ དགྱེས་པ་ བཞིན ། སླ ར་ ཡང་ སྐུ་ དྲུང་ དུ་ ཡོང་བ འི་ དམ་བཅའ་ ཕུལ་ ནས་ བོད་ ལ་ བྱོན་ ནོ ། ། ། ། དེ་ ནས་ གསུམ་པ་ དབང་ དང་ གདམས་ངག་ སོགས་ དམ་པ འི་ ཆོས་ རྣམས་ ཐོབ་ ནས་ སླ ར་ བོད་ དུ་ བྱོན་ཚུལ་ ནི ། མར་པ ས་ འཚོ་ཆས་ རྣམས་ རྫོགས་པ་ དང་ མཉམ་ དུ་ གཉོས་ ཀྱི་ ཆས་ ཀྱང་ ཟད་ དེ ། ཕན་ཚུན་ དུས་ བསྒྲིགས་ ནས་ ཚུ ར་ ལམ་ ཡང་ གཉོས་ དང་ བསྡེབས་ ནས་ བྱོན་པ་ ལས ། གཉོས་ ཀྱི་ ཡིད་ ལ ། ངེད་ གཉིས་ གསེར་ ང་ མང་ རུང་ ། ཆོས་ ཁོ་ མཁས་ རིགས་ སུ་ འདུག་ སྙམ་པ འི་ ཕྲག་དོག་ གི་ བསམ་ངན་ ཤར་ ཏེ ། གཉོས་ ལ་ གྲོགས་ པཎྜི་ཏ་ གཉིས ། ཨ་ཙ་ར་ གཅིག་ དང་ ། གཞན་ ཡང་ ལམ་གྲོགས་ འགའ་ ཟུང་ འདུག་པ་ ལ་ གཉོས་ ཀྱི་ དཔེ་ཆ་ སོགས་ ཆས་ རྣམས་ བསྐུར་ འདུག མར་པ ས་ ཕྱག་དཔེ འི་ ཁྲེས་པོ་ བྱས་ བསྣམས་ བྱོན་པ ས ། གཉོས་ ན་རེ ། རང་རེ་ ལོཙྪ་བ་ ཆེན་པོ་ ཁྲེས་པོ་ ཁུར་བ་ མི་ ཡོང་བ ས ། ཨ་ཙ་ར་ འདི་ ལ་ བསྐུར་ ཟེར་བ་ སྟར་ བསྐུར་བ ས ། གཉོས་ ཀྱིས་ ཨ་ཙ་ར་ ལ་ ཕག་བརྔན་ བྱིན །" }, { "source": "མར་པའི་དཔེ་ཆ་ཆུ་ལ་ཤོར་བ་ལྟར་གྱིས་ལ་བསྐུར་བྱས་ཁ་ལོག་བསླབས་པ་བཞིན། ཨ་ཙ་རས་ཀྱང་གྲུ་ཆུ་བོ་གང་གཱའི་དབུས་སུ་སླེབ་ཚེ། མར་པའི་ཕྱག་དཔེ་ཆུ་ལ་བསྐུར་བ་ལས། གཉོས་ཀྱིས་བྱས་པ་མཁྱེན་ཅིང་། བོད་དུ་གསེར་ཚོལ་བའི་དཀའ་ལས། རྒྱ་གར་དུ་བླ་མ་ཚོལ་བའི་དཀའ་ལས། ཆོས་དང་གདམས་པ་དེ་འདྲ་གཞན་ལ་དཀོན་པ་མེད་པར་སོང་བས། ཆུ་ལ་ལྕེབ་བམ་ལྕེབ་བམ་སྙམ་པའི་ཐུགས་ལས་ཆེན་པོ་བྱུང་ཚེ། བླ་མའི་གདམས་ངག་དྲན་ནས་ཐུགས་ལས་ཅུང་ཟད་ཆུང་བར་གྱུར་ཅང་། གཉོས་ལ་ངན་ལན་བྱེད་པའི་ཐུགས་འདུན་མ་ཤར་རུང་། འདི་ཁྱོད་ཀྱིས་བྱས་པ་ཡིན་བྱས་པས། མ་བྱས་ཟེར། གྲུ་ཐོན་ཕྲལ་ཨ་ཙ་ར་བཟུང་ནས་རྒྱལ་པོ་ལ་ཞུ་བྱས་པས། ཨ་ཙ་རས་གཉོས་ཀྱིས་བསླབས་ཚུལ་རྣམས་རྒྱས་པར་བཤད་བྱུང་བས། ཐུགས་ལ་ཤར་བ་ལྟར་གཉོས་ལ་ཁྲེལ་འདེབས་ཀྱི་མགུར་འདི་གསུངས་སོ།།།། གསོན་དང་ལས་ཀྱིས་སྡེབས་པའི་གྲོགས།། མཐུན་ནས་མཉམ་དུ་འགྲོགས་པའི་མི།། སྤྱིར་ཡི་ཆོས་སྒོར་ཞུགས་པའ་དང་། ཁྱད་པར་ལོ་པཎ་བླ་མར་གྲགས།། བསམ་ལོག་གཅིག་ཏུ་གྲུར་ཞུགས་ལ།། ཕན་འདོགས་ནུས་པ་མ་ཐོན་རུང་།། སྤྱིར་གྱིས་གནོད་བྱེད་མི་རིགས་ཤིང་། ཁྱད་པར་སངས་རྒྱས་བསྟན་པ་དང་།། བདག་དང་སེམས་ཅན་ཐམས་ཅད་ལ།། གནོད་པ་འདི་འདྲ་ག་ལ་རིགས།། ཉོན་མོངས་དུག་ལྔའི་བསམ་སྦྱོར་གྱིས།། མི་བདག་གི་དཔེ་དང་ལྷན་ཅིག་ཏུ།། མི་ཁྱོད་ཀྱིས་བསྒྲུབས་པའི་སྙན་གྲགས་དང་།། གསེར་དང་དམ་ཆོས་ཆུ་ལ་འཕོ།།", "target": "མར་པ འི་ དཔེ་ཆ་ ཆུ་ ལ་ ཤོར་བ་ ལྟ ར་ གྱིས་ ལ་ བསྐུར་ བྱས་ ཁ་ལོག་ བསླབས་པ་ བཞིན ། ཨ་ཙ་ར ས་ ཀྱང་ གྲུ་ ཆུ་བོ་ གང་གཱ འི་ དབུས་ སུ་ སླེབ་ ཚེ ། མར་པ འི་ ཕྱག་དཔེ་ ཆུ་ ལ་ བསྐུར་བ་ ལས ། གཉོས་ ཀྱིས་ བྱས་པ་ མཁྱེན་ ཅིང་ ། བོད་ དུ་ གསེར་ ཚོལ་བ འི་ དཀའ་ལས ། རྒྱ་གར་ དུ་ བླ་མ་ ཚོལ་བ འི་ དཀའ་ལས ། ཆོས་ དང་ གདམས་པ་ དེ་ འདྲ་ གཞན་ ལ་ དཀོན་པ་ མེད་པ ར་ སོང་བ ས ། ཆུ་ ལ་ ལྕེབ་ བམ་ ལྕེབ་ བམ་ སྙམ་པ འི་ ཐུགས་ལས་ ཆེན་པོ་ བྱུང་ ཚེ ། བླ་མ འི་ གདམས་ངག་ དྲན་ ནས་ ཐུགས་ལས་ ཅུང་ཟད་ ཆུང་བ ར་ གྱུར་ ཅང་ ། གཉོས་ ལ་ ངན་ལན་ བྱེད་པ འི་ ཐུགས་འདུན་ མ་ ཤར་ རུང་ ། འདི་ ཁྱོད་ ཀྱིས་ བྱས་པ་ ཡིན་ བྱས་པ ས ། མ་ བྱས་ ཟེར ། གྲུ་ ཐོན་ ཕྲལ་ ཨ་ཙ་ར་ བཟུང་ ནས་ རྒྱལ་པོ་ ལ་ ཞུ་ བྱས་པ ས ། ཨ་ཙ་ར ས་ གཉོས་ ཀྱིས་ བསླབས་ཚུལ་ རྣམས་ རྒྱས་པ ར་ བཤད་ བྱུང་བ ས ། ཐུགས་ ལ་ ཤར་བ་ ལྟ ར་ གཉོས་ ལ་ ཁྲེལ་ འདེབས་ ཀྱི་ མགུར་ འདི་ གསུངས་ སོ ། ། ། ། གསོན་ དང་ ལས་ ཀྱིས་ སྡེབས་པ འི་ གྲོགས ། ། མཐུན་ ནས་ མཉམ་ དུ་ འགྲོགས་པ འི་ མི ། ། སྤྱི ར་ ཡི་ ཆོས་སྒོ ར་ ཞུགས་ པའ་ དང་ ། ཁྱད་པ ར་ ལོ་པཎ་བླ་མ ར་ གྲགས ། ། བསམ་ལོག་ གཅིག་ ཏུ་ གྲུ ར་ ཞུགས་ ལ ། ། ཕན་ འདོགས་ ནུས་པ་ མ་ ཐོན་ རུང་ ། ། སྤྱི ར་ གྱིས་ གནོད་བྱེད་ མི་ རིགས་ ཤིང་ ། ཁྱད་པ ར་ སངས་རྒྱས་བསྟན་པ་ དང་ ། ། བདག་ དང་ སེམས་ཅན་ ཐམས་ཅད་ ལ ། ། གནོད་པ་ འདི་ འདྲ་ ག་ ལ་ རིགས ། ། ཉོན་མོངས་ དུག་ ལྔ འི་ བསམ་སྦྱོར་ གྱིས ། ། མི་བདག་ གི་ དཔེ་ དང་ ལྷན་ ཅིག་ ཏུ ། ། མི་ ཁྱོད་ ཀྱིས་ བསྒྲུབས་པ འི་ སྙན་གྲགས་ དང་ ། ། གསེར་ དང་ དམ་ཆོས་ ཆུ་ ལ་ འཕོ ། །" }, { "source": "ང་རང་མཐོང་ཆེ་མ་ཡིན་ཏེ།། གཞན་ལ་དཀོན་པའི་ཁྱད་ཆོས་འགའ།། གཞན་ཕན་མེད་པས་བློ་མ་བདེ།། འོན་ཀྱང་ནན་ཏན་ཞུས་དག་གིས།། ཆོས་དང་རང་གི་སེམས་རྒྱུད་འདྲེས།། ཚིག་དོན་མ་བརྗེད་ཝལ་ལེ་བདོག། སླར་ཡང་རྒྱ་གར་ཡུལ་དུ་ཡོང།། པཎ་ཆེན་ནཱ་རོ་ལ་།། སོགས་གྲུབ་ཐོབ་རྣམས་ལས་ཞུས་པས་ཆོག། མི་ཁྱེད་རང་དེང་ནས་བླ་མ་དང་།། ཆོས་བཤད་ལོཙྪའི་ཁུར་བོར་ལ།། གནོང་འགྱོད་དང་བཅས་ཡུལ་ལ་བྱོན།། སྡིག་ལ་མཐོལ་བཤགས་དྲུག་པོ་གྱིས།། བསམ་སྦྱོར་འདི་འདྲ་བྱེད་བཞིན་དུ། བླ་མའི་རློམ་སེམས་བྱས་ལགས་ཀྱང་། བླུན་པོ་འགའ་ཡི་མགོ་སྐོར་ལས།། སྐལ་ལྡན་སྨིན་གྲོལ་ག་ལ་འབྱུང་། མི་ལུས་རིན་ཆེན་རྙེད་དཀའ་འདིས།། ངན་སོང་གསུམ་པོ་བསྒྲུབ་མི་འཚལ།། ཅེས་དེ་སྐད་གསུངས་པས།། གཉོས་ན་རེ།། ད་སེམས་ལས་མ་བྱེད་པར།། ངའི་དཔེ་ཆ་མ་ཕྱིར་གཡར་ནས་བྲིས་ཆོག་ཟེར་བས།། ཁྱོད་ཀྱིས་མ་ཕྱིཨེ་གཡོར་ཡང་མི་ཤེས། གཡར་རུང་ཁྱོད་དང་ང་བླ་མ་དང་གདམས་ངག་མི་གཅིག་པས་ཕན་ཡང་མི་ཐོགས།། ཁྱོད་ཀྱི་དཔེ་ཆ་བས་ང་རང་གི་བློ་ལ་ཡོད་པ་རྣམས་དགའ་སྟེ། འོན་ཀྱང་རྒྱ་གར་དུ་མྱུར་དུ་སླེབས་པ་ཞིག་བྱེད་དགོངས་པ་ཐུགས་ལ་ཤར་ཞིང་། ཞལ་ནས། ངེ་ཀ་བྱེད་པས་མ་ཕྱི་གཡོར་ཅིག་གསུངས་སོ།། དེ་ནས་བལ་པོར་ཕེབས་པ་དང་། གཉོས་དང་སྡེབས་རུང་སྡིག་གསོག་པ་འདུག་དགོངས་ནས་མི་འགྲོ་བའི་ལོ་རྒྱུས་བྱས་པས། གྱེས་འགྲོ་ཁར། གཉོས་ན་རེ། འོ་ན་དཔེ་ཆ་ཆུ་ལ་ཤོར་བའི་གཏམ་གང་དུ་སུ་ལའང་མ་གཏོང་བར་ངའི་སར་དཔེ་ཆ་འབྲི་བ་ལ་ཤོག་ཟེར་བ་ལྟར་གྱི་ཆད་མདོ་བྱས་ནས།", "target": "ང་ རང་ མཐོང་ཆེ་ མ་ ཡིན་ ཏེ ། ། གཞན་ ལ་ དཀོན་པ འི་ ཁྱད་ཆོས་ འགའ ། ། གཞན་ ཕན་ མེད་པ ས་ བློ་མ་ བདེ ། ། འོན་ ཀྱང་ ནན་ཏན་ཞུས་ དག་ གིས ། ། ཆོས་ དང་ རང་ གི་ སེམས་རྒྱུད་ འདྲེས ། ། ཚིག་དོན་ མ་ བརྗེད་ ཝལ་ལེ་ བདོག ། སླ ར་ ཡང་ རྒྱ་གར་ ཡུལ་ དུ་ ཡོང ། ། པཎ་ཆེན་ ནཱ་རོ་ ལ་ ། ། སོགས་ གྲུབ་ཐོབ་ རྣམས་ ལས་ ཞུས་པ ས་ ཆོག ། མི་ ཁྱེད་ རང་ དེང་ ནས་ བླ་མ་ དང་ ། ། ཆོས་བཤད་ལོཙྪ འི་ ཁུར་ བོར་ ལ ། ། གནོང་འགྱོད་ དང་ བཅས་ ཡུལ་ ལ་ བྱོན ། ། སྡིག་ ལ་ མཐོལ་བཤགས་ དྲུག་པོ་ གྱིས ། ། བསམ་སྦྱོར་ འདི་ འདྲ་ བྱེད་ བཞིན་ དུ ། བླ་མ འི་ རློམ་སེམས་ བྱས་ ལགས་ ཀྱང་ ། བླུན་པོ་ འགའ་ ཡི་ མགོ་སྐོར་ ལས ། ། སྐལ་ལྡན་ སྨིན་གྲོལ་ ག་ ལ་ འབྱུང་ ། མི་ལུས་ རིན་ཆེན་ རྙེད་དཀའ་ འདི ས ། ། ངན་སོང་ གསུམ་པོ་ བསྒྲུབ་ མི་ འཚལ ། ། ཅེས་ དེ་ སྐད་ གསུངས་པ ས ། ། གཉོས་ ན་རེ ། ། ད་ སེམས་ལས་ མ་ བྱེད་པ ར ། ། ང འི་ དཔེ་ཆ་ མ་ཕྱི ར་ གཡར་ ནས་ བྲི ས་ ཆོག་ ཟེར་བ ས ། ། ཁྱོད་ ཀྱིས་ མ་ཕྱི ཨེ་ གཡོར་ ཡང་ མི་ ཤེས ། གཡར་ རུང་ ཁྱོད་ དང་ ང་ བླ་མ་ དང་ གདམས་ངག་ མི་ གཅིག་པ ས་ ཕན་ ཡང་ མི་ ཐོགས ། ། ཁྱོད་ ཀྱི་ དཔེ་ཆ་ བས་ ང་ རང་ གི་ བློ་ ལ་ ཡོད་པ་ རྣམས་ དགའ་ སྟེ ། འོན་ ཀྱང་ རྒྱ་གར་ དུ་ མྱུར་ དུ་ སླེབས་པ་ ཞིག་ བྱེད་ དགོངས་པ་ ཐུགས་ ལ་ ཤར་ ཞིང་ ། ཞལ་ ནས ། ངེ་ཀ་ བྱེད་པ ས་ མ་ཕྱི་ གཡོར་ ཅིག་ གསུངས་ སོ ། ། དེ་ ནས་ བལ་པོ ར་ ཕེབས་པ་ དང་ ། གཉོས་ དང་ སྡེབས་ རུང་ སྡིག་ གསོག་པ་ འདུག་ དགོངས་ ནས་ མི་ འགྲོ་བ འི་ ལོ་རྒྱུས་ བྱས་པ ས ། གྱེས་ འགྲོ་ ཁར ། གཉོས་ ན་རེ ། འོ་ ན་ དཔེ་ཆ་ ཆུ་ ལ་ ཤོར་བ འི་ གཏམ་ གང་ དུ་ སུ་ ལ འང་ མ་ གཏོང་བ ར་ ང འི་ ས ར་ དཔེ་ཆ་ འབྲི་བ་ ལ་ ཤོག་ ཟེར་བ་ ལྟ ར་ གྱི་ ཆད་མདོ་ བྱས་ ནས །" }, { "source": "གཉོས་རང་བལ་པོ་ནས་སྔོན་ལ་སོང་བ་ལ་བལ་བོད་མཚམས་སུ་སླེབ་པ་དང་། བསུ་མི་ཤོག་བྱས་ལན་བསྐུར་བས་འཕྲོད་དེ། བསུ་མི་དང་བཅས་ཁ་རག་ཏུ་སླེབ་པར་གདའ། མར་པས་བླ་མ་སྤྱི་ཐེར་བ་དང་མཇལ་བས་གྲོགས་ཧ་དུ་དཀར་པོས་དབུ་མཛད་པའི་མཆེད་གྲོགས་རྣམས་ཀྱིས་མར་པ་ལ་སྣ་ལེན་བཟང་པོ་ཡང་དག་པ་བྱས་ཏེ། ད་རེས་གཉོས་ཀྱིས་ཁྱེད་ལ་ཕྲག་དོག་བྱས་དཔེ་ཆ་ཆུ་ལ་འཕོ་དུས། ཐུགས་སྤྲོ་མ་ལངས་པར་ཁོང་ལ་དབྱངས་གསུངས་པ་ཐོས་པས་ངོ་མཆར་ཆེ། དེ་ལྟ་བུའི་ཐུགས་དམ་གྱི་ཐོག་ཏུ་ཁེལ་བ་དེ་ལྟ་བ་བཟང་པོ་ཕྱིན་ཅི་མ་ལོག་པ་འཁྲུངས་པའི་རྟགས་ཡིན་པས། ལྟ་བ་མཐར་ཕྱིན་པ་གཞུང་གི་ཚིག་ལ་མ་བརྟེན་པར། ཁྱེད་རང་གི་ཐུགས་ལ་འཁྲུངས་པའི་མགུར་ཅིག་གསུང་འཚལ་ཞུས་པ་ལ་འདི་གསུངས་སོ།།།། འདྲེན་པའི་བླ་མ་དམ་པ་དང་།། ཧ་དུ་དཀར་པོས་དབུ་། ཁྱོད་མཛད་མདོ་སྔགས་ཀྱི་སློབ་གཉེར་ཚར་བ་རྣམས།། ཡུད་ཙམ་ཞིག་བོད་ཀྱི་གླུ་ལ་ཉོན།། མཐར་ཐུག་ལྟ་བ་ཁྱད་པར་ཅན།། ཟུང་འཇུག་རབ་ཏུ་མི་གནས་པ།། དུས་གསུམ་རྒྱལ་བའི་དགངས་པ་ཡིན།། ཐབས་ཤེས་ཡ་བྲལ་འདོད་པ་གང་།། མཐའ་རུ་ལྷུང་བས་དགག་བྱའི་ཕྱིར།། ཁྱེད་མཁྱེན་པའི་དྲང་དུ་བརྗོད་དཀའ་ཡང་།། དབྱངས་སྔོན་ཆད་མ་བླངས་སྡུག་པར་འགྲོ། བསྟན་བཅོས་དབྱངས་སུ་བླང་གིས་གསན།། དངོས་པོར་འཛིན་པ་དགག་བྱའི་ཕྱིར།། བདུད་སྡེ་བཅོམ་པས་མེད་ཅེས་གསུང།། དོན་དེ་འདྲ་བཞིན་གཟུང་བས་བསྒྲིབས།། འཁོར་མང་ཡོན་ཏན་འབྱུང་བའི་དཔལ།།", "target": "གཉོས་ རང་ བལ་པོ་ ནས་ སྔོན་ ལ་ སོང་བ་ ལ་ བལ་བོད་ མཚམས་ སུ་ སླེབ་པ་ དང་ ། བསུ་མི་ ཤོག་ བྱས་ ལན་ བསྐུར་བ ས་ འཕྲོད་ དེ ། བསུ་མི་ དང་ བཅས་ ཁ་རག་ ཏུ་ སླེབ་པ ར་ གདའ ། མར་པ ས་ བླ་མ་ སྤྱི་ཐེར་བ་ དང་ མཇལ་བ ས་ གྲོགས་ ཧ་དུ་ དཀར་པོ ས་ དབུ་ མཛད་པ འི་ མཆེད་གྲོགས་ རྣམས་ ཀྱིས་ མར་པ་ ལ་ སྣ་ལེན་ བཟང་པོ་ ཡང་དག་པ་ བྱས་ ཏེ ། ད་ རེ ས་ གཉོས་ ཀྱིས་ ཁྱེད་ ལ་ ཕྲག་དོག་ བྱས་ དཔེ་ཆ་ ཆུ་ ལ་ འཕོ་ དུས ། ཐུགས་སྤྲོ་ མ་ ལངས་པ ར་ ཁོང་ ལ་ དབྱངས་ གསུངས་པ་ ཐོས་པ ས་ ངོ་ མཆར་ཆེ ། དེ་ ལྟ་བུ འི་ ཐུགས་དམ་ གྱི་ ཐོག་ ཏུ་ ཁེལ་བ་ དེ་ ལྟ་བ་ བཟང་པོ་ ཕྱིན་ ཅི་ མ་ ལོག་པ་ འཁྲུངས་པ འི་ རྟགས་ ཡིན་པ ས ། ལྟ་བ་ མཐ ར་ ཕྱིན་པ་ གཞུང་ གི་ ཚིག་ ལ་ མ་ བརྟེན་པ ར ། ཁྱེད་ རང་ གི་ ཐུགས་ ལ་ འཁྲུངས་པ འི་ མགུར་ ཅིག་ གསུང་ འཚལ་ ཞུས་པ་ ལ་ འདི་ གསུངས་ སོ ། ། ། ། འདྲེན་པ འི་ བླ་མ་ དམ་པ་ དང་ ། ། ཧ་དུ་ དཀར་པོ ས་ དབུ་ ། ཁྱོད་ མཛད་ མདོ་སྔགས་ ཀྱི་ སློབ་གཉེར་ ཚར་བ་ རྣམས ། ། ཡུད་ ཙམ་ ཞིག་ བོད་ ཀྱི་ གླུ་ ལ་ ཉོན ། ། མཐ ར་ ཐུག་ ལྟ་བ་ ཁྱད་པར་ཅན ། ། ཟུང་འཇུག་ རབ་ ཏུ་ མི་ གནས་པ ། ། དུས་ གསུམ་ རྒྱལ་བ འི་ དགངས་པ་ ཡིན ། ། ཐབས་ཤེས་ ཡ་བྲལ་ འདོད་པ་ གང་ ། ། མཐའ་ རུ་ ལྷུང་བ ས་ དགག་བྱ འི་ ཕྱི ར ། ། ཁྱེད་ མཁྱེན་པ འི་ དྲང་ དུ་ བརྗོད་ དཀའ་ ཡང་ ། ། དབྱངས་ སྔོན་ཆད་ མ་ བླངས་ སྡུག་པ ར་ འགྲོ ། བསྟན་བཅོས་ དབྱངས་ སུ་ བླང་ གིས་ གསན ། ། དངོས་པོ ར་ འཛིན་པ་ དགག་བྱ འི་ ཕྱི ར ། ། བདུད་སྡེ་ བཅོམ་པ ས་ མེད་ ཅེས་ གསུང ། ། དོན་ དེ་ འདྲ་ བཞིན་ གཟུང་བ ས་ བསྒྲིབས ། ། འཁོར་མང་ ཡོན་ཏན་ འབྱུང་བ འི་ དཔལ ། །" }, { "source": "ཁྱད་པར་ཐབས་ན་གྱུར་པ་སྤངས།། རྨོངས་པ་སྟིང་པ་ཆད་པར་འདོད།། དགེ་ཚོགས་སུན་འབྱིན་ཆད་པའི་མཐའ།། ནམ་མཁའི་མེ་ཏོག་ཞེན་པ་རྣམས།། དཀར་པོའི་ལོ་ཏོག་འཇོམས་པ་ཡི།། སེར་བ་ལོག་པའི་ལྟ་བ་ཡིན།། ནམ་མཁའི་མཚན་ཉིད་ཤེས་པར་གྱིས།། སྟོང་པ་མི་ཤེས་སྐྱེས་བུ་ཀུན།། མེད་ལ་ཡོད་པར་སྒྲོ་ཡིས་བཏགས།། ལོག་པས་མོག་རྒྱུ་ཆུ་འཛིན་ཅིང་།། དོན་ལ་རྨོངས་པས་འཁོར་བའི་རྒྱུ།། སེམས་ཙམ་མུ་སྟེགས་གྲངས་ཅན་སོགས།། ཐབས་དང་ཤེས་རབ་ཡ་བྲལ་འདོད།། སོ་སོ་རང་རང་གྲུབ་མཐའ་ཡང་།། ཤིང་སྐམ་མེ་ཏོག་འདོད་དང་མཚུངས། ཁས་ལེན་ཐམས་ཅད་བྲལ་བ་ཡི།། དོན་དེ་རབ་ཏུ་མི་།། རབ་ཏུ་གནས་ཤེས་པ་ཤེས་ཕྱིན་ཏེ།། མི་གནས་སྲིད་དང་ཞི་བའི་མཐའ།། སྙིང་རྗེ་སྟོང་པའི་སྙིང་པོ་ཅན།། ཐབས་དང་ཤེས་རབ་ཟུང་དུ་འཇུག། དེ་ནི་རང་འབྱུང་ལྷན་ཅིག་སྐྱེས།། དེ་ལྟར་བདེ་དང་སྟོང་པ་དང་།། རིག་པ་དང་ནི་སྟོང་པ་ཉིད།། ཐ་དད་མེད་པར་བདག་གིས་གོ།། དམིགས་པ་མེད་པའི་སྙིང་རྗེ་དང་།། གདོད་ནས་རང་བཞིན་སྟོང་པ་དང་།། དབྱེར་མེད་རང་བཞིན་སྤྲོས་བྲལ་དུ།། ཆོས་རྣམས་དེ་ལྟར་གོ་བར་མཛོད།། ལྟ་བས་མཚོན་པའི་ཚིག་ཙམ་དུ།། ཞེན་བའི་ཕུལ་དུ་བདག་གིས་མཛོད།། འཇིག་རྟེན་པ་ཡི་ལྟ་བ་དེ།། རྒྱུ་འབྲས་ལས་ལ་ཡིད་ཆེས་བྱས།། བསྐལ་པ་བརྒྱར་ཡང་ཆུད་མི་ཟ།། མཁྱེན་པ་མཆོག་གིས་དེ་སྐད་གསུངས།། མི་གང་སྙིང་རྗེ་མེད་པ་རྣམས།། ཏིལ་འབྲས་མེ་ཡིས་ཚིག་པ་ལ།། དེ་ལ་འབྲས་བུ་ག་ལ་འབྱུང་།། གཞི་མེད་ཁྱད་པར་ག་ལ་ཡོད།། དེ་ལ་ཐེག་ཆེན་ཡོད་མ་ཡིན།། མཁྱེན་རབ་ནཱ་ག་ཇུ་ན་གསུངས།།", "target": "ཁྱད་པ ར་ ཐབས་ ན་ གྱུར་པ་ སྤངས ། ། རྨོངས་པ་ སྟིང་པ་ ཆད་པ ར་ འདོད ། ། དགེ་ཚོགས་ སུན་ འབྱིན་ ཆད་པ འི་ མཐའ ། ། ནམ་མཁ འི་ མེ་ཏོག་ ཞེན་པ་ རྣམས ། ། དཀར་པོ འི་ ལོ་ཏོག་ འཇོམས་པ་ ཡི ། ། སེར་བ་ ལོག་པ འི་ ལྟ་བ་ ཡིན ། ། ནམ་མཁ འི་ མཚན་ཉིད་ ཤེས་པ ར་ གྱིས ། ། སྟོང་པ་ མི་ ཤེས་ སྐྱེས་བུ་ ཀུན ། ། མེད་ ལ་ ཡོད་པ ར་ སྒྲོ་ ཡིས་ བཏགས ། ། ལོག་པ ས་ མོག་རྒྱུ་ ཆུ་ འཛིན་ ཅིང་ ། ། དོན་ ལ་ རྨོངས་པ ས་ འཁོར་བ འི་ རྒྱུ ། ། སེམས་ཙམ་མུ་སྟེགས་གྲངས་ཅན་ སོགས ། ། ཐབས་ དང་ ཤེས་རབ་ ཡ་བྲལ་ འདོད ། ། སོ་སོ་ རང་ རང་ གྲུབ་མཐའ་ ཡང་ ། ། ཤིང་སྐམ་ མེ་ཏོག་ འདོད་ དང་ མཚུངས ། ཁས་ལེན་ ཐམས་ཅད་ བྲལ་བ་ ཡི ། ། དོན་ དེ་ རབ་ ཏུ་ མི་ ། ། རབ་ ཏུ་ གནས་ ཤེས་པ་ ཤེས་ཕྱིན་ ཏེ ། ། མི་གནས་སྲིད་ དང་ ཞི་བ འི་ མཐའ ། ། སྙིང་རྗེ་ སྟོང་པ འི་ སྙིང་པོ་ཅན ། ། ཐབས་ དང་ ཤེས་རབ་ ཟུང་ དུ་ འཇུག ། དེ་ ནི་ རང་འབྱུང་ ལྷན་ ཅིག་ སྐྱེས ། ། དེ་ ལྟ ར་ བདེ་ དང་ སྟོང་པ་ དང་ ། ། རིག་པ་ དང་ ནི་ སྟོང་པ་ཉིད ། ། ཐ་དད་ མེད་པ ར་ བདག་ གིས་ གོ ། ། དམིགས་པ་ མེད་པ འི་ སྙིང་རྗེ་ དང་ ། ། གདོད་ ནས་ རང་བཞིན་ སྟོང་པ་ དང་ ། ། དབྱེར་མེད་རང་བཞིན་ སྤྲོས་བྲལ་ དུ ། ། ཆོས་ རྣམས་ དེ་ ལྟ ར་ གོ་བ ར་ མཛོད ། ། ལྟ་བ ས་ མཚོན་པ འི་ ཚིག་ ཙམ་ དུ ། ། ཞེན་བ འི་ ཕུལ་ དུ་ བདག་ གིས་ མཛོད ། ། འཇིག་རྟེན་པ་ ཡི་ ལྟ་བ་ དེ ། ། རྒྱུ་འབྲས་ ལས་ ལ་ ཡིད་ ཆེས་ བྱས ། ། བསྐལ་པ་ བརྒྱ ར་ ཡང་ ཆུད་ མི་ ཟ ། ། མཁྱེན་པ་ མཆོག་ གིས་ དེ་ སྐད་ གསུངས ། ། མི་ གང་ སྙིང་རྗེ་ མེད་པ་ རྣམས ། ། ཏིལ་འབྲས་ མེ་ ཡིས་ ཚིག་པ་ ལ ། ། དེ་ ལ་ འབྲས་བུ་ ག་ ལ་ འབྱུང་ ། ། གཞི་མེད་ ཁྱད་པ ར་ ག་ ལ་ ཡོད ། ། དེ་ ལ་ ཐེག་ཆེན་ ཡོད་ མ་ ཡིན ། ། མཁྱེན་རབ་ ནཱ་ག་ཇུ་ན་ གསུངས ། །" }, { "source": "དམིགས་ཡུལ་ལྟ་བ་མ་མཆིས་ན།། དམ་ཆོས་གནང་བ་དོན་མེད་ཡིན།། སྦུན་པ་འབྲས་བུ་མེད་དང་མཚུངས།། དེ་སྐད་མར་པ་ལོཙྪ་ཟེར། ཁྱེད་མཁྱེན་པའི་དོན་ལ་ཐུགས་རྒྱས་རྣམས།། དོན་གོལ་བར་གདའ་ན་བཟོད་པར་གསོལ།། ཞེས་པ་དེ་གསུངས་པས། བླ་མའ་བལ་པོ་བ་དང་། གྲོགས་ཧ་དུ་དཀར་པོ་ལ་སོགས་པ་རྣམས་དགྱེས་པར་གདའོ།། དེ་ནས་མར་པ་བོད་ལ་ཆས་བྱོན་པ་ལས། ལི་ཤོ་ཀ་ར་ཞེས་བྱ་བ་བལ་བོད་མཚམས་ཀྱི་གྲོང་ཁྱེར་ཤོ་གམ་མང་པོ་ལེན་པ་ཞིག་ཡོད་པ་དེར་ཞག་ཤས་བཞུགས་དགོས་བྱུང་བ་ལས་ཐུབ་ཐ་མའི་རྨི་ལམ་དུ་མཁའ་འགྲོས་འདོ་ལི་ལ་བཏེག་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་པས། བྲམ་ཟེ་ཆེན་པོས་ར་ཧ་དང་མཇལ་ཏེ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པས། སྙིང་པོ་དོན་གྱི་ཆོས་ཕྱག་རྒྱ་ཆེན་པོའི་བརྡ་དོན་རྣམས་གནང་བས་སྐུ་ལ་ཟག་མེད་ཀྱི་བདེ་བ་དང་ཐུགས་ལ་ཕྱིན་ཅི་མ་ལོག་པའི་རྟོགས་པ་ཤར་བས་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་རྨིས་པ་ལས། མནལ་སད་ནས་ཀྱང་གསུང་རྣམས་མ་བརྗེད་པར་འདུག་སྟེ། གླང་པོ་མཁར་དུ་ཟླ་བ་གཉིས་ཙམ་ཆོས་གསུངས་ཞིང་བཞུགས་པས། གཙང་གྱེར་ཕུ་འི་ཀློག་སྐྱ་ཇོ་སྲས་སྐུ་གཤེགས་ནས་གདན་ས་འཛིན་པའི་སྲས་པོ་ཆེ་བས་གསན་ཏེ་སྐྱིད་གྲོངས་དུ་སྤྱན་འདྲེན་མི་བཏབ་པར་འབྱོན་པར་ཞལ་གྱིས་བཞེས། དུས་བཏབ་ནས་བཏང་བས་དཔལ་ཁུད་ཀྱི་ལྷ་མཚོ་སྲིན་མཚོ་ནས་བསུ་དང་བཅས། རྒྱེར་ཕུར་གདན་ཕེབས་པས་སྣ་ལེན་བཟང་པོ་བྱས། ཟླ་བ་གཅིག་གི་བར་དུ་ཆོས་གྲྭ་ཆེན་པོ་བཙུགས།", "target": "དམིགས་ཡུལ་ ལྟ་བ་ མ་ མཆིས་ ན ། ། དམ་ཆོས་ གནང་བ་ དོན་མེད་ ཡིན ། ། སྦུན་པ་ འབྲས་བུ་མེད་ དང་ མཚུངས ། ། དེ་ སྐད་ མར་པ་ ལོཙྪ་ ཟེར ། ཁྱེད་ མཁྱེན་པ འི་ དོན་ ལ་ ཐུགས་རྒྱས་ རྣམས ། ། དོན་ གོལ་བ ར་ གདའ་ ན་ བཟོད་པ ར་ གསོལ ། ། ཞེས་པ་ དེ་ གསུངས་པ ས ། བླ་མའ་ བལ་པོ་བ་ དང་ ། གྲོགས་ ཧ་དུ་ དཀར་པོ་ ལ་ སོགས་པ་ རྣམས་ དགྱེས་པ ར་ གད འོ ། ། དེ་ ནས་ མར་པ་ བོད་ ལ་ ཆས་ བྱོན་པ་ ལས ། ལི་ཤོ་ཀ་ར་ ཞེས་ བྱ་བ་ བལ་བོད་ མཚམས་ ཀྱི་ གྲོང་ཁྱེར་ ཤོ་གམ་ མང་པོ་ ལེན་པ་ ཞིག་ ཡོད་པ་ དེ ར་ ཞག་ ཤས་ བཞུགས་ དགོས་ བྱུང་བ་ ལས་ ཐུབ་ ཐ་མ འི་ རྨི་ལམ་ དུ་ མཁའ་འགྲོ ས་ འདོ་ལི་ ལ་ བཏེག་ ནས་ ལྷོ་ཕྱོགས་ དཔལ་ གྱི་ རི་ ལ་ བྱོན་པ ས ། བྲམ་ཟེ་ ཆེན་པོ ས་ར་ཧ་ དང་ མཇལ་ ཏེ་ ལུས་ངག་ཡིད་ གསུམ་ བྱིན་ གྱིས་ བརླབས་པ ས ། སྙིང་པོ་ དོན་ གྱི་ ཆོས་ ཕྱག་རྒྱ་ ཆེན་པོ འི་ བརྡ་དོན་ རྣམས་ གནང་བ ས་ སྐུ་ ལ་ ཟག་མེད་ ཀྱི་ བདེ་བ་ དང་ ཐུགས་ ལ་ ཕྱིན་ ཅི་ མ་ ལོག་པ འི་ རྟོགས་པ་ ཤར་བ ས་ དགའ་སྤྲོ་ དཔག་ ཏུ་ མེད་པ་ ཞིག་ རྨིས་པ་ ལས ། མནལ་ སད་ ནས་ ཀྱང་ གསུང་ རྣམས་ མ་ བརྗེད་པ ར་ འདུག་ སྟེ ། གླང་པོ་མཁར་ དུ་ ཟླ་བ་ གཉིས་ ཙམ་ ཆོས་ གསུངས་ ཞིང་ བཞུགས་པ ས ། གཙང་གྱེར་ཕུ་ འི་ ཀློག་སྐྱ་ ཇོ་སྲས་ སྐུ་ གཤེགས་ ནས་ གདན་ས་ འཛིན་པ འི་ སྲས་པོ་ ཆེ་བ ས་ གསན་ ཏེ་ སྐྱིད་གྲོངས་ དུ་ སྤྱན་ འདྲེན་མི་ བཏབ་པ ར་ འབྱོན་པ ར་ ཞལ་ གྱིས་ བཞེས ། དུས་ བཏབ་ ནས་ བཏང་བ ས་ དཔལ་ཁུད་ ཀྱི་ ལྷ་མཚོ་སྲིན་མཚོ་ ནས་ བསུ་ དང་ བཅས ། རྒྱེར་ཕུ ར་ གདན་ ཕེབས་པ ས་ སྣ་ལེན་ བཟང་པོ་ བྱས ། ཟླ་བ་ གཅིག་ གི་ བར་ དུ་ ཆོས་གྲྭ་ ཆེན་པོ་ བཙུགས །" }, { "source": "ཟླ་བ་ཡར་གྱི་ངོའི་ཚེས་བཅུའི་ཉིན་དཔའ་བོ་དགའ་སྟོན་གྱི་ཚོགས་འཁོར་བསྐོར་བའི་གྲལ་དུ་ཇོ་སྲས་ཀྱིས་བླ་མ་མར་པ་ལ། བླ་མ་ཁྱེད་ལ་ངེད་ཡབ་སྲས་ཀྱིས་སྔར་ཡང་སྣ་ལེན་བཟང་པོ་བྱས་པ་ལགས། ད་ཡང་བགྱིད་པ་ལགས་པས། དེ་རིང་ཚོགས་གྲལ་འདིར་སྔོན་ཆད་ཚིག་ཏུ་མ་བརྗོད་ཅིང་། ཚིག་དང་དོན་དུ་འདྲིལ་བའི་དབྱངས་ཤིག་གསུང་འཚལ་ཞུས་པས། ཁོ་བོས་ཁ་སེང་དཔྱིད་ཁ་བལ་པོ་མཐིལ་ནས་ཡར་གྲོ་ལམ་ཅིག་ཡོངས་པའི་ས་ན་ལི་ཤོ་ཀ་ར་བྱ་བ་མཐའ་འཁོབ་ཀྱི་གྲིང་ཁྱེར་ཤོ་གམ་ལེན་པ་ཞིག་འདུག་པ་དེར་ཁོ་བོས་ཞག་འགའ་བསྡད་པས། ནུབ་གཅིག་རྨི་ལམ་ན་རིགས་ཀྱི་མཚན་ལྡན་མ་བྲམ་ཟེའི་བུ་མོ་འི་ཆ་བྱད་དུ་བྱས་ནས་ཁོ་བོ་ལ་ལྷོ་ཕྱོགས་དཔལ་གྱི་རི་ལ་འདེང་ཟེར་ནས་ཁྲིད་དེ། རྗེ་བྲམ་ཟེ་ཆེན་པོ་དང་དངོས་སུ་མཇལ་བ་ལྟ་བུའི་རྨི་ལམ་བྱུང་། དེའི་དུས་ཡིད་ལ་མི་བྱེད་པ་སྙིང་པོའི་དོན་བྲམ་ཟེ་ཆེན་པོའི་ཞལ་ནས་འདི་ལྟ་བུ་ཐོས་གསུངས་ཏེ། ལྟ་བ་ཁྱུང་ཆེན་གྱི་གཤོག་རྒྱངས་ལྡིང་བའི་སྐད་ལ་རྟ་དྲངས་ཏེ་སེམས་གནད་དུ་བསྣུན་པ་དོ་ཧ་རྡོ་རྗེའི་མགུར་ཆེན་འདི་གསུངས་པ་ལགས་སོ།།།། དཔལ་དེ་རིང་བཀྲིས་ཡར་གྱི་ངོ།། དུས་ཁྱད་པར་ཅན་གྱི་ཚེས་བཅུ་ལ།། དཔའ་བོ་དགའ་སྟོན་གྱི་ཚོགས་གྲལ་དུ།། བུ་འགྱུར་བ་མེད་པའི་དམ་ཚིག་ཅན།། ཁྱེད་ཀློག་སྐྱ་ཇོ་སམ་ཞུ་འབུལ་བ།། སྔར་མ་ཐོས་པ་ཡི་གླུ་ལོང་སྐད།། ང་བཤུལ་རིངས་ལམ་ལ་གཤར་བ་དེས།། ལུས་ངལ་དུབ་དབང་དུ་སོང་བའི་ཕྱིར།། གླུ་ཡིད་འཕྲོག་སྙན་པོ་མ་མཆིས་ཤིང་།། ཚིག་སྡེབ་སྦྱོར་མཁས་པོ་མི་ཤེས་ཀྱང་།།", "target": "ཟླ་བ་ཡར་ གྱི་ ངོ འི་ ཚེས་ བཅུ འི་ ཉིན་ དཔའ་བོ་དགའ་སྟོན་ གྱི་ ཚོགས་འཁོར་ བསྐོར་བ འི་ གྲལ་ དུ་ ཇོ་སྲས་ ཀྱིས་ བླ་མ་ མར་པ་ ལ ། བླ་མ་ ཁྱེད་ ལ་ ངེད་ ཡབ་སྲས་ ཀྱིས་ སྔ ར་ ཡང་ སྣ་ལེན་ བཟང་པོ་ བྱས་པ་ ལགས ། ད་ ཡང་ བགྱིད་པ་ ལགས་པ ས ། དེ་རིང་ ཚོགས་གྲལ་ འདི ར་ སྔོན་ཆད་ ཚིག་ ཏུ་ མ་ བརྗོད་ ཅིང་ ། ཚིག་ དང་ དོན་ དུ་ འདྲིལ་བ འི་ དབྱངས་ ཤིག་ གསུང་ འཚལ་ ཞུས་པ ས ། ཁོ་བོ ས་ ཁ་སེང་ དཔྱིད་ཁ་ བལ་པོ་ མཐིལ་ ནས་ ཡ ར་ གྲོ་ལམ་ ཅིག་ ཡོངས་པ འི་ ས་ ན་ ལི་ཤོ་ཀ་ར་ བྱ་བ་ མཐའ་འཁོབ་ ཀྱི་ གྲིང་ཁྱེར་ ཤོ་གམ་ ལེན་པ་ ཞིག་ འདུག་པ་ དེ ར་ ཁོ་བོ ས་ ཞག་ འགའ་ བསྡད་པ ས ། ནུབ་ གཅིག་ རྨི་ལམ་ ན་ རིགས་ ཀྱི་ མཚན་ལྡན་མ་ བྲམ་ཟེ འི་ བུ་མོ་ འི་ ཆ་བྱད་ དུ་ བྱས་ ནས་ ཁོ་བོ་ ལ་ ལྷོ་ཕྱོགས་ དཔལ་ གྱི་ རི་ ལ་ འདེང་ ཟེར་ ནས་ ཁྲིད་ དེ ། རྗེ་ བྲམ་ཟེ་ ཆེན་པོ་ དང་ དངོས་ སུ་ མཇལ་བ་ ལྟ་བུ འི་ རྨི་ལམ་ བྱུང་ ། དེ འི་ དུས་ ཡིད་ ལ་ མི་ བྱེད་པ་ སྙིང་པོ འི་ དོན་ བྲམ་ཟེ་ ཆེན་པོ འི་ ཞལ་ ནས་ འདི་ ལྟ་བུ་ ཐོས་ གསུངས་ ཏེ ། ལྟ་བ་ ཁྱུང་ཆེན་ གྱི་ གཤོག་རྒྱངས་ ལྡིང་བ འི་ སྐད་ ལ་ རྟ་ དྲངས་ ཏེ་ སེམས་གནད་ དུ་ བསྣུན་པ་ དོ་ཧ་རྡོ་རྗེ འི་ མགུར་ཆེན་ འདི་ གསུངས་པ་ ལགས་ སོ ། ། ། ། དཔལ་ དེ་རིང་ བཀྲིས་ ཡ ར་ གྱི་ ངོ ། ། དུས་ ཁྱད་པར་ཅན་ གྱི་ ཚེས་ བཅུ་ ལ ། ། དཔའ་བོ་དགའ་སྟོན་ གྱི་ ཚོགས་གྲལ་ དུ ། ། བུ་ འགྱུར་བ་ མེད་པ འི་ དམ་ཚིག་ཅན ། ། ཁྱེད་ ཀློག་སྐྱ་ ཇོ་སམ་ ཞུ་ འབུལ་བ ། ། སྔ ར་ མ་ ཐོས་པ་ ཡི་ གླུ་ ལོང་ སྐད ། ། ང་ བཤུལ་རིངས་ལམ་ ལ་ གཤར་བ་ དེ ས ། ། ལུས་ ངལ་དུབ་ དབང་ དུ་ སོང་བ འི་ ཕྱི ར ། ། གླུ་ ཡིད་འཕྲོག་ སྙན་པོ་ མ་ མཆིས་ ཤིང་ ། ། ཚིག་ སྡེབ་སྦྱོར་ མཁས་པོ་ མི་ ཤེས་ ཀྱང་ ། །" }, { "source": "གྲོགས་ཁྱེད་བས་ངོ་ཆེ་མེད་པའི་ཕྱིར།། ངོ་ཆེའི་དཔྲལ་བ་མི་ལྡོག་པས།། དོན་སྔར་མ་མཐོང་བའི་ཡ་མཚན་ཅན།། བྲམ་ཟེའི་བཞེད་དགོངས་གླུར་ལེན་པས།། ཁྱེད་གདན་གང་བཞུགས་པའི་མདོ་སྔགས་རྣམས།། སྙན་ལྷན་ནེར་གསན་ལ་ཐུགས་དགོངས་འཚལ།། དུས་ཁ་སང་དཔྱིད་ཟླ་ཐ་ཆུང་ལ།། གཞི་བལ་པོའི་མཐིལ་ནས་།། འཕགས་གདུགས་གྲོ་ལམ་མཆིས་ཀྱི་ཤུལ་ཁ་ན།། བལ་པོ་ལིང་གི་ཤོ་གམ་རི།། གདོལ་པ་ཅན་གྱི་གྲོང་ཁྱེར་དུ།། མི་བརྡ་མི་མཇལ་གྱི་ཤོ་གམ་པས།། མགྲོང་ཁ་ཞན་པོ་ཡི་བོད་རྣམས་བསྐྱིལ།། མི་ངས་ཀྱང་དབང་མེད་ཞག་འགའ་བསྡད།། དགུང་ནུབ་གཅིག་ཐམ་ཐུམ་རྨི་ལམ་ན།། རིགས་ཀྱི་མཚན་ལྡན་ཚངས་སྐུད་ཅན།། བྲམ་ཟེའི་བུ་མོ་མཛེས་མ་གཉིས།། ཅུང་ཟེད་འཛུམ་ཞིང་ཟུར་མིག་ལྟ།། མི་ཁོ་བོའི་དྲུང་དུ་འོངས་ནས་ཀྱང་།། ལྷོ་དཔལ་གྱི་རི་ལ་འགྲོ་དགོས་སྐད།། ཁོ་བོས་སྔོན་ཆད་ཕྱིན་མ་མྱོང་།། རྒྱུས་མེད་ལམ་ཡང་མི་ཤེས་སྨྲས།། བུ་མོ་གཉིས་ཀྱི་ཞལ་ན་རེ།། ཁྱེད་མིང་པོས་དཀའ་བ་སྦྱད་མི་དགོས།། ངེད་ཀྱི་ཕྲག་ལ་ཁུར་གྱིས་ཟེར།། འདོ་ལི་དར་གྱི་ལིང་ཁྲིར་བཅུག། གདུགས་བཞིན་མཁའ་ལ་བཏེགས་ནས་ཀྱང་།། གློག་འགྱུ་སྐད་ཅིག་ཡུད་ཙམ་ལ།། ལྷོ་དཔལ་གྱི་རི་ལ་ཕྱིན་པ་རྨིས།། ཤིང་ཀླག་ཤ་ལྗོན་པའི་བསིལ་གྲུབ་ལ།། ཏི་ར་རོ་ཡི་གདན་སྟེང་ན།། རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ།། ཞལ་སྔར་མ་མཐོང་བའི་གཟི་མདངས་ཅན།། བཙུན་མོ་གཉིས་ཀྱིས་མཐའ་བརྟེན་ནས།། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན།།", "target": "གྲོགས་ ཁྱེད་ བས་ ངོ་ ཆེ་ མེད་པ འི་ ཕྱི ར ། ། ངོ་ཆེ འི་ དཔྲལ་བ་ མི་ ལྡོག་པ ས ། ། དོན་ སྔ ར་ མ་ མཐོང་བ འི་ ཡ་མཚན་ཅན ། ། བྲམ་ཟེ འི་ བཞེད་དགོངས་ གླུ ར་ ལེན་པ ས ། ། ཁྱེད་ གདན་ གང་ བཞུགས་པ འི་ མདོ་སྔགས་ རྣམས ། ། སྙན་ ལྷན་ནེ ར་ གསན་ ལ་ ཐུགས་དགོངས་ འཚལ ། ། དུས་ ཁ་སང་ དཔྱིད་ཟླ་ ཐ་ཆུང་ ལ ། ། གཞི་ བལ་པོ འི་ མཐིལ་ ནས་ ། ། འཕགས་ གདུགས་ གྲོ་ལམ་ མཆིས་ ཀྱི་ ཤུལ་ཁ་ ན ། ། བལ་པོ་ ལིང་ གི་ ཤོ་གམ་རི ། ། གདོལ་པ་ཅན་ གྱི་ གྲོང་ཁྱེར་ དུ ། ། མི་བརྡ་ མི་ མཇལ་ གྱི་ ཤོ་གམ་པ ས ། ། མགྲོང་ཁ་ ཞན་པོ་ ཡི་ བོད་ རྣམས་ བསྐྱིལ ། ། མི་ ང ས་ ཀྱང་ དབང་ མེད་ ཞག་ འགའ་ བསྡད ། ། དགུང་ནུབ་ གཅིག་ ཐམ་ཐུམ་རྨི་ལམ་ ན ། ། རིགས་ ཀྱི་ མཚན་ལྡན་ ཚངས་སྐུད་ཅན ། ། བྲམ་ཟེ འི་ བུ་མོ་ མཛེས་མ་ གཉིས ། ། ཅུང་ཟེད་ འཛུམ་ ཞིང་ ཟུར་མིག་ ལྟ ། ། མི་ ཁོ་བོ འི་ དྲུང་ དུ་ འོངས་ ནས་ ཀྱང་ ། ། ལྷོ་ དཔལ་ གྱི་ རི་ ལ་ འགྲོ་ དགོས་ སྐད ། ། ཁོ་བོ ས་ སྔོན་ཆད་ ཕྱིན་ མ་ མྱོང་ ། ། རྒྱུས་མེད་ལམ་ ཡང་ མི་ ཤེས་ སྨྲས ། ། བུ་མོ་ གཉིས་ ཀྱི་ ཞལ་ ན་རེ ། ། ཁྱེད་ མིང་པོ ས་ དཀའ་བ་ སྦྱད་ མི་ དགོས ། ། ངེད་ ཀྱི་ ཕྲག་ ལ་ ཁུར་ གྱིས་ ཟེར ། ། འདོ་ལི་ དར་ གྱི་ ལིང་ཁྲི ར་ བཅུག ། གདུགས་ བཞིན་ མཁའ་ ལ་ བཏེགས་ ནས་ ཀྱང་ ། ། གློག་འགྱུ་ སྐད་ ཅིག་ ཡུད་ ཙམ་ ལ ། ། ལྷོ་ དཔལ་ གྱི་ རི་ ལ་ ཕྱིན་པ་ རྨིས ། ། ཤིང་ ཀླག་ཤ་ ལྗོན་པ འི་ བསིལ་གྲུབ་ ལ ། ། ཏི་ར་ རོ་ ཡི་ གདན་ སྟེང་ ན ། ། རྗེ་ བྲམ་ཟེ་ ཆེན་པོ་ ས་ར་ཧ ། ། ཞལ་སྔ ར་ མ་ མཐོང་བ འི་ གཟི་མདངས་ཅན ། ། བཙུན་མོ་ གཉིས་ ཀྱིས་ མཐའ་ བརྟེན་ ནས ། ། སྐུ་ ལ་ དུར་ཁྲོད་ཆས་ ཀྱིས་ བརྒྱན ། །" }, { "source": "དགྱེས་བའི་ཞལ་རས་འཛུམ་མདངས་ཅན།། བུ་བདེ་བར་འོངས་སམ་ཞེས་ཀྱང་གསུངས།། རྗེ་མཐོང་བ་དགའ་བས་ན་བཟོད་པར།། ལུས་ཀྱི་སྤུ་གཡོས་མཆི་མ་འཁྲུགས།། ལན་བདུན་བསྐོར་ཞིང་བརྐྱང་ཕྱག་བཙལ།། ཞབས་མཐིལ་སྤྱི་བོར་བླངས་ནས་ཀྱང་།། ཕ་ཐུགས་རྗེས་བཟུང་ཞེས་གསོལ་བཏབ་པས།། ལུས་ལ་སྐུ་ཡིས་བྱིན་བརླབས་བ།། ཕྱག་དབང་སྤྱི་བོར་རེག་ཙམ་གྱིས།། ལུས་ཟག་མེད་བདེ་བས་ར་རོ་བ།། གླང་ཆེན་ཆང་གིས་མྱོས་པ་བཞིན།། གཡོ་འགུལ་མེད་པའི་ཉམས་ཤིག་ཤར།། ངག་ལ་གསུང་གིས་བྱིན་བརླབས་པ།། སྟོང་ཉིད་སེང་གེའི་ང་རོ་ཡིས།། ཡི་གེ་མེད་པའི་དོན་གསུངས་པ།། ལྐུགས་པས་རྨི་ལམ་རྨིས་པ་བཞིན།། བརྗོད་དུ་མེད་པའི་ཉམས་ཅིག་ཤར།། ཡིད་ལ་ཐུགས་ཀྱིས་བྱིན་བརླབས་པ།། ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ།། འགྲོ་འོང་མེད་པའི་དོན་རྟོགས་པས།། དུར་ཁྲོད་གནས་པའི་མི་རོ་བཞིན།། བསམ་དུ་མེད་པའི་ཉམས་ཤིག་ཤར།། དེ་རྗེས་བདེ་ཆེན་དག་པའི་གསུང་། རིན་ཆེན་མགུར་གྱི་བུམ་པ་ནས།། ཚངས་པའི་དབྱངས་ཀྱི་བརྡ་སྐད་ཀྱིས།། སྤྲིན་བྲལ་ནམ་མཁའ་སྟོང་པའི་དོན།། གནས་ལུགས་མཚོན་པ་རྡོ་རྗེའི་མགུར།། སྐྱེ་མེད་རང་སྒྲ་འདི་སྐད་ཐོས།། ན་མོ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། རྒྱུན་ཆད་མེད་པ་གཉུག་མའི་སེམས།། གདོད་ནས་དག་པ་དེ་བཞིན་ཉིད།། ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་།། རྩ་བ་ཁྱིམ་ན་གནས་པའི་ཕྱིར།། ཡིད་ཀྱི་རྣམ་ཤས་བཙོན་དུ་བཟུང་།། སྒོམ་པ་ཤེས་པ་ཕྱི་མ་ཡིས།།", "target": "དགྱེས་བ འི་ ཞལ་རས་ འཛུམ་མདངས་ཅན ། ། བུ་ བདེ་བ ར་ འོངས་ སམ་ ཞེས་ ཀྱང་ གསུངས ། ། རྗེ་ མཐོང་བ་ དགའ་བ ས་ ན་ བཟོད་པ ར ། ། ལུས་ ཀྱི་ སྤུ་ གཡོས་ མཆི་མ་ འཁྲུགས ། ། ལན་ བདུན་ བསྐོར་ ཞིང་ བརྐྱང་ཕྱག་ བཙལ ། ། ཞབས་མཐིལ་ སྤྱི་བོ ར་ བླངས་ ནས་ ཀྱང་ ། ། ཕ་ ཐུགས་རྗེ ས་ བཟུང་ ཞེས་ གསོལ་ བཏབ་པ ས ། ། ལུས་ ལ་ སྐུ་ ཡིས་ བྱིན་ བརླབས་བ ། ། ཕྱག་དབང་ སྤྱི་བོ ར་ རེག་ ཙམ་ གྱིས ། ། ལུས་ ཟག་མེད་བདེ་བ ས་ ར་རོ་བ ། ། གླང་ཆེན་ ཆང་ གིས་ མྱོས་པ་ བཞིན ། ། གཡོ་འགུལ་ མེད་པ འི་ ཉམས་ ཤིག་ ཤར ། ། ངག་ ལ་ གསུང་ གིས་ བྱིན་ བརླབས་པ ། ། སྟོང་ཉིད་ སེང་གེ འི་ ང་རོ་ ཡིས ། ། ཡི་གེ་ མེད་པ འི་ དོན་ གསུངས་པ ། ། ལྐུགས་པ ས་ རྨི་ལམ་ རྨིས་པ་ བཞིན ། ། བརྗོད་ དུ་ མེད་པ འི་ ཉམས་ ཅིག་ ཤར ། ། ཡིད་ ལ་ ཐུགས་ ཀྱིས་ བྱིན་ བརླབས་པ ། ། ལྷན་ ཅིག་ སྐྱེས་པ་ ཆོས་ ཀྱི་ སྐུ ། ། འགྲོ་འོང་ མེད་པ འི་ དོན་ རྟོགས་པ ས ། ། དུར་ཁྲོད་ གནས་པ འི་ མི་རོ་ བཞིན ། ། བསམ་ དུ་ མེད་པ འི་ ཉམས་ ཤིག་ ཤར ། ། དེ་ རྗེས་ བདེ་ཆེན་ དག་པ འི་ གསུང་ ། རིན་ཆེན་མགུར་ གྱི་ བུམ་པ་ ནས ། ། ཚངས་པ འི་ དབྱངས་ ཀྱི་ བརྡ་སྐད་ ཀྱིས ། ། སྤྲིན་བྲལ་ནམ་མཁའ་ སྟོང་པ འི་ དོན ། ། གནས་ལུགས་ མཚོན་པ་ རྡོ་རྗེ འི་ མགུར ། ། སྐྱེ་མེད་རང་སྒྲ་ འདི་ སྐད་ ཐོས ། ། ན་མོ་ སྟོང་ཉིད་སྙིང་རྗེ་ དབྱེ ར་ མེད་པ ། ། རྒྱུན་ཆད་ མེད་པ་ གཉུག་མ འི་ སེམས ། ། གདོད་ ནས་ དག་པ་ དེ་བཞིན་ཉིད ། ། ནམ་མཁ ས་ ནམ་མཁའ་ སྦྱོར་བ་ མཐོང་ ། ། རྩ་བ་ ཁྱིམ་ ན་ གནས་པ འི་ ཕྱི ར ། ། ཡིད་ ཀྱི་ རྣམ་ཤས་ བཙོན་ དུ་ བཟུང་ ། ། སྒོམ་པ་ ཤེས་པ་ ཕྱི་མ་ ཡིས ། །" }, { "source": "སེམས་ལ་ལྷན་པ་གདབ་ཏུ་མེད།། སྣང་སྲོད་སེམས་ཀྱི་རང་བཞིན་ཤེས།། གཉེན་པོས་བཅོས་ཏེ་སྒོམ་དུ་མེད།། སེམས་ཀྱི་གནས་ལུགས་དྲན་དུ་མེད།། དེའང་མ་བཅོས་ངང་ལ་བཞགདེ་དོན་མཐོང་ན་གྲོལ་བའི་ཕྱིར།། བུ་ཆུང་གདོལ་པའི་སྤྱོད་པ་ལྟོས།། ཤ་ཟ་སྨྱོན་པ་གང་དགའར་ཐེངས།། སྙེམས་དང་བྲལ་བའི་སེང་གེ་བཞིན།། སེམས་ཀྱི་གླང་པོ་ཡན་དུ་ཆུག། བུང་བ་མེ་ཏོག་རྒྱུ་བར་ལྟོས།། འཁོར་བར་སྐྱོན་དུ་མ་ལྟ་བས།། མྱ་ངན་འདས་པ་ཐོབ་བྱར་མེད།། ཐ་མལ་ཤེས་པ་རང་ལུགས་དེ།། མ་བཅོས་སོ་མ་ཉིད་དུ་ཞོག། བྱ་བ་རྣམས་ལ་དཔྱོད་མ་རྟོགས།། ཕྱོགས་དང་ཆ་ལ་མི་གནས་ཤིང་།། སྤྲོས་བྲལ་ནམ་མཁའི་དཀྱིལ་དུ་ལྟོས།། ཆོས་ཟད་པར་འཁྱོལ་བ་སྙིང་པོའི་དོན།། ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ།། སེམས་གནད་དུ་བསྣུན་པའི་བརྡ་དོན་ཞིག། བྲམ་ཟེ་ཆེན་པོའི་ཞལ་ནས་ཐོས།། སྐད་ཅིག་དེ་ལ་གཉིད་ཀྱང་སད།། དེ་མ་བརྗེད་དྲན་པའི་ལྕགས་ཀྱུས་ཟིན།། མ་རིག་གཉིད་ཀྱི་མུན་ཁུང་དུ།། རིག་པ་ཡེ་ཤེས་མཐོངས་ཕྱེ་ནས།། སྤྲིན་མེད་མཁའ་ལ་ཉི་ཤར་ལྟར།། འཁྲུལ་པའི་མུན་ནག་སངས་ནས་ཐལ།། དུས་གསུམ་སངས་རྒྱས་ཞལ་མཇལ་ཀྱང་།། ཕྱིན་ཆད་དྲི་རྒྱུ་མེད་དོ་སྙམ།། སེམས་ཁོ་ཐོག་ཆོད་པའི་ཉམས་ཤིག་ཤར།། ཡིད་འགྱུ་བ་ཟད་པ་ངོ་མཚར་ཆེ།། ཨེ་མ་ཡི་དམ་མཁའ་འགྲོའི་ལུང་བསྟན་དང་།། བླ་མས་གསུངས་པ་ཟབ་པོའི་དོན།། ངག་སྨྲ་རུ་མི་བཏུབ་གསུངས་ན་ཡང་།།", "target": "སེམས་ ལ་ ལྷན་པ་ གདབ་ ཏུ་ མེད ། ། སྣང་སྲོད་སེམས་ ཀྱི་ རང་བཞིན་ ཤེས ། ། གཉེན་པོ ས་ བཅོས་ ཏེ་ སྒོམ་ དུ་ མེད ། ། སེམས་ ཀྱི་ གནས་ལུགས་ དྲན་ དུ་ མེད ། ། དེ འང་ མ་ བཅོས་ ངང་ ལ་ བཞག དེ་ དོན་ མཐོང་ ན་ གྲོལ་བ འི་ ཕྱི ར ། ། བུ་ཆུང་ གདོལ་པ འི་ སྤྱོད་པ་ ལྟོས ། ། ཤ་ཟ་ སྨྱོན་པ་ གང་ དགའ ར་ ཐེངས ། ། སྙེམས་ དང་ བྲལ་བ འི་ སེང་གེ་ བཞིན ། ། སེམས་ ཀྱི་ གླང་པོ་ ཡན་ དུ་ ཆུག ། བུང་བ་ མེ་ཏོག་ རྒྱུ་བ ར་ ལྟོས ། ། འཁོར་བ ར་ སྐྱོན་ དུ་ མ་ ལྟ་བ ས ། ། མྱ་ངན་ འདས་པ་ ཐོབ་ བྱ ར་ མེད ། ། ཐ་མལ་ ཤེས་པ་ རང་ལུགས་ དེ ། ། མ་ བཅོས་ སོ་མ་ ཉིད་ དུ་ ཞོག ། བྱ་བ་ རྣམས་ ལ་ དཔྱོད་ མ་ རྟོགས ། ། ཕྱོགས་ དང་ ཆ་ ལ་ མི་ གནས་ ཤིང་ ། ། སྤྲོས་བྲལ་ནམ་མཁ འི་ དཀྱིལ་ དུ་ ལྟོས ། ། ཆོས་ ཟད་པ ར་ འཁྱོལ་བ་ སྙིང་པོ འི་ དོན ། ། ལྟ་བ འི་ ཡང་རྩེ་ ཕྱག་རྒྱ་ཆེ ། ། སེམས་གནད་ དུ་ བསྣུན་པ འི་ བརྡ་དོན་ ཞིག ། བྲམ་ཟེ་ ཆེན་པོ འི་ ཞལ་ ནས་ ཐོས ། ། སྐད་ ཅིག་ དེ་ ལ་ གཉིད་ ཀྱང་ སད ། ། དེ་ མ་ བརྗེད་ དྲན་པ འི་ ལྕགས་ཀྱུ ས་ ཟིན ། ། མ་རིག་གཉིད་ ཀྱི་ མུན་ཁུང་ དུ ། ། རིག་པ་ཡེ་ཤེས་མཐོངས་ ཕྱེ་ ནས ། ། སྤྲིན་མེད་མཁའ་ ལ་ ཉི་ ཤར་ ལྟ ར ། ། འཁྲུལ་པ འི་ མུན་ནག་ སངས་ ནས་ ཐལ ། ། དུས་གསུམ་སངས་རྒྱས་ ཞལ་ མཇལ་ ཀྱང་ ། ། ཕྱིན་ཆད་ དྲི་རྒྱུ་ མེད་ དོ་ སྙམ ། ། སེམས་ཁོ་ཐོག་ ཆོད་པ འི་ ཉམས་ ཤིག་ ཤར ། ། ཡིད་ འགྱུ་བ་ ཟད་པ་ ངོ་མཚར་ ཆེ ། ། ཨེ་མ་ ཡི་དམ་མཁའ་འགྲོ འི་ ལུང་བསྟན་ དང་ ། ། བླ་མ ས་ གསུངས་པ་ ཟབ་པོ འི་ དོན ། ། ངག་ སྨྲ་ རུ་ མི་ བཏུབ་ གསུངས་ ན་ ཡང་ ། །" }, { "source": "དགུང་དོ་ནུབ་མི་སྨྲའི་ཐབས་མ་བྱུང་།། དུས་ད་རེས་ཙམ་ཞིག་མ་གཏོགས་པ།། སྔོན་ཆད་ངག་ཏུ་བརྗོད་མ་མྱོང་།། ད་ཕྱིན་ཆད་བཟླས་སམ་རྣ་བས་ཉོན།། ད་སྔོན་ཆད་ཤུལ་རིང་རྒྱང་གི་མི།། མཛའ་བཤེས་གཉེན་མེད་གྲོགས་ཀྱང་མེད།། ལུས་ངལ་དུབ་བཀྲེས་པར་གྱུར་པའི་ཚེ།། བུ་ཁྱེད་ཀྱིས་གང་བྱས་སེམས་ལ་ཡོད།། དེ་མ་བརྗེད་སེམས་ལ་ཤིན་ཏུ་གཅགས།། དྲིན་འཁོར་བར་ཐལ་ལོ་སྙིང་གི་གྲོགས།། རྗེ་གོང་ན་བཞུགས་པའི་བླ་མ་དང་།། དངོས་གྲུབ་སྟེར་བའི་ཡི་དམ་ལྷ།། བར་ཆད་སེལ་བའི་ཆོས་སྐྱོང་རྣམས།། མི་བདག་ལ་བཀའ་བཀྱོན་མི་གནང་འཚལ།། དོན་འཁྲུལ་པར་གདའ་ན་བཟོད་པར་གསོལ།། ཞེས་པའི་མགུར་གསུངས་པ་དང་། ཀློག་སྐྱ་ཇོ་སྲས་ཀྱིས། བླ་མ་སངས་རྒྱས་དངོས་སུ་མཐོང་ངོ་།། དེ་ནས་རྗེ་མར་པས་ལྷོ་བྲག་ཏུ་འབྱོན་བའི་ཞོལ་ལ་ཕྱི་མོ་ཡོང་རིགས་སུ་མི་འདུག་ནའང། ཚོད་ལྟར་རུང་དགོངས་ནས་ཁ་རག་ཏུ་གཉོས་ཀྱི་སར་བྱོན། དཔེ་ཆའི་ཕྱི་མོ་རྣམས་དགོས་གསུངས་པས། རྗེ་མར་པ་ལ་གཉོས་ཀྱིས་གསེར་སྲང་གང་དང་མཎྚལ་ཅིག་ཕུལ་ནས། མ་ཧཱ་མཱ་ཡ་ལ་ཁྱེད་རང་འདྲིས་པ་འདུག་པས་དཔེ་མི་དགོས་པ་འདུགཁྱོད་ཀྱིས་མ་ཧཱ་མཱ་ཏ་སོགས་མ་རྒྱུད་གྱི་བདག་གྱིས་ལ་ཤོད། ངས་གསང་འདུས་སོགས་ཕ་རྒྱུད་ཀྱི་བདག་བྱས་བཤད་ཀྱིས་ཟེར་ཕྱི་མོ་མ་བྱུང་བས། རྒྱ་གར་ལ་མྱུར་དུ་འབྱོན་པའི་ཐུགས་འདུན་དྲག་པོ་དང་བཅས་ལྷོ་བྲག་ཏུ་ཕེབས་པ་ལས་ཡབ་ཡུམ་གཉིས་ནི་སྐུ་གཤེགས་འདུགསློབ་དཔོན་དང་ཇོ་བོ་ཆེན་པོ་རྣམས་ཀྱིས་སྣ་ལན་བཟང་པོ་བྱས། སྔར་སློབ་འབངས་སུ་སིང་བས་ཆོས་ནི་མ་ཞུས་ཏེ།", "target": "དགུང་ དོ་ནུབ་ མི་ སྨྲ འི་ ཐབས་ མ་ བྱུང་ ། ། དུས་ ད་ རེས་ ཙམ་ ཞིག་ མ་ གཏོགས་པ ། ། སྔོན་ཆད་ ངག་ ཏུ་ བརྗོད་ མ་ མྱོང་ ། ། ད་ ཕྱིན་ཆད་ བཟླས་ སམ་ རྣ་བ ས་ ཉོན ། ། ད་ སྔོན་ཆད་ ཤུལ་རིང་རྒྱང་ གི་ མི ། ། མཛའ་བཤེས་གཉེན་ མེད་ གྲོགས་ ཀྱང་ མེད ། ། ལུས་ ངལ་དུབ་ བཀྲེས་པ ར་ གྱུར་པ འི་ ཚེ ། ། བུ་ ཁྱེད་ ཀྱིས་ གང་ བྱས་ སེམས་ ལ་ ཡོད ། ། དེ་ མ་ བརྗེད་ སེམས་ ལ་ ཤིན་ ཏུ་ གཅགས ། ། དྲིན་ འཁོར་བ ར་ ཐལ་ ལོ་ སྙིང་ གི་ གྲོགས ། ། རྗེ་ གོང་ ན་ བཞུགས་པ འི་ བླ་མ་ དང་ ། ། དངོས་གྲུབ་ སྟེར་བ འི་ ཡི་དམ་ ལྷ ། ། བར་ཆད་ སེལ་བ འི་ ཆོས་སྐྱོང་ རྣམས ། ། མི་ བདག་ ལ་ བཀའ་བཀྱོན་ མི་ གནང་ འཚལ ། ། དོན་ འཁྲུལ་པ ར་ གདའ་ ན་ བཟོད་པ ར་ གསོལ ། ། ཞེས་པ འི་ མགུར་ གསུངས་པ་ དང་ ། ཀློག་སྐྱ་ ཇོ་སྲས་ ཀྱིས ། བླ་མ་ སངས་རྒྱས་ དངོས་ སུ་ མཐོང་ ངོ་ ། ། དེ་ ནས་ རྗེ་ མར་པ ས་ ལྷོ་བྲག་ ཏུ་ འབྱོན་བ འི་ ཞོལ་ ལ་ ཕྱི་མོ་ ཡོང་ རིགས་ སུ་ མི་ འདུག་ ན འང ། ཚོད་ ལྟ ར་ རུང་ དགོངས་ ནས་ ཁ་རག་ ཏུ་ གཉོས་ ཀྱི་ ས ར་ བྱོན ། དཔེ་ཆ འི་ ཕྱི་མོ་ རྣམས་ དགོས་ གསུངས་པ ས ། རྗེ་ མར་པ་ ལ་ གཉོས་ ཀྱིས་ གསེར་ སྲང་ གང་ དང་ མཎྚལ་ ཅིག་ ཕུལ་ ནས ། མ་ཧཱ་མཱ་ཡ་ ལ་ ཁྱེད་ རང་ འདྲིས་པ་ འདུག་པ ས་ དཔེ་ མི་ དགོས་པ་ འདུག ཁྱོད་ ཀྱིས་ མ་ཧཱ་མཱ་ཏ་ སོགས་ མ་རྒྱུད་ གྱི་ བདག་ གྱིས་ ལ་ ཤོད ། ང ས་ གསང་འདུས་ སོགས་ ཕ་རྒྱུད་ ཀྱི་ བདག་ བྱས་ བཤད་ ཀྱིས་ ཟེར་ ཕྱི་མོ་ མ་ བྱུང་བ ས ། རྒྱ་གར་ ལ་ མྱུར་ དུ་ འབྱོན་པ འི་ ཐུགས་འདུན་ དྲག་པོ་ དང་ བཅས་ ལྷོ་བྲག་ ཏུ་ ཕེབས་པ་ ལས་ ཡབ་ཡུམ་ གཉིས་ ནི་ སྐུ་ གཤེགས་ འདུག སློབ་དཔོན་ དང་ ཇོ་བོ་ ཆེན་པོ་ རྣམས་ ཀྱིས་ སྣ་ལན་ བཟང་པོ་ བྱས ། སྔ ར་ སློབ་འབངས་ སུ་ སིང་བ ས་ ཆོས་ ནི་ མ་ ཞུས་ ཏེ །" }, { "source": "ཆོས་མཐོང་ཆེན་པོ་བྱས། དེའི་སྟོབས་ཀྱིས་ཉེ་འཁོར་གྱི་ཡུལ་པས་ཀྱང་ཆོས་ཞུ་བ་དང་ཕྱག་འཚལ་མཁན་ནི་མེད། ཞེས་མཐོང་ཆ་འཇོགས་ནི་དགའ་རབ་བྱས། ལྷོ་བྲག་གི་ཐག་རིང་ས་ནས་ཆོས་དབང་ཞུ་བ་ཡང་འགའ་རེ་བྱུང་ཞིང་། ཕྱག་དང་འབུལ་བ་ཕྲན་ཚེགས་བྱེད་པ་མང་དག་བྱུང་བར་གྱུར་ཏོ།། རྒྱ་གར་ལ་འབྱོན་ཐེངས་དང་པོའོ།།།། རྒྱ་གར་ལ་འབྱོན་ཐེངས་གཉིས་པ། བར་པ་ལ་ཡང་སྔ་མ་ལྟར་དོན་གསུམ་ལས། དང་པོ་གསེར་ཚོལ་དུ་བྱོན་ཞིང་བུ་སློབ་རྣམས་དང་མཇལ་ཚུལ་ནི། གསེར་ཚོལ་བའི་ཕྱག་ཕྱི་ལ་འཁྲིད་དགོངས་ནས་ལྷོ་བྲག་གི་བན་བཙུན་ཆོས་ཞུས་པ་འགའ་ལ་ཆོ་ག་ཚིག་དོན་ལག་ལེན་དང་བཅས་པ་བསླབས་པ་རྣམས་ཞབས་ཏོག་ལ་ཁྲིད། དབང་རྫས་དང་མཆོད་ཆ་བཟང་པོ་བསྣམས། ཆིབས་པ་གཅིག་ལ་ཆིབས་ནས་བྱོན་ཏེ། དབུས་ཀྱི་གཙང་པོ་ལྷོར་ཕེབས་ནས་ཆུ་ཁ་ཞིག་ཏུ་གསོལ་མཛད་ཅིང་བཞུགས་པར་སྔགས་བཙུན་དཔོན་སློབ་ཀྱི་རྣམ་པ་ཅན་གཉིས་བྱུང་བའི་དྲག་པ་ན་རེ། དྲུང་པ་རྣམས་གང་ནས་ཕེབས། གང་དུ་འབྱོན་ཟེར་བས། གྲྭ་པ་རྣམས་ཀྱི་ནང་ནས་སྨྲ་མཁས་པ་ཞིག་ཡོད་པ་དེས། དྲུང་པས་གསན་ལས་ཆེ་རྗེའི་ཞལ་སྔ་ནས། རྒྱ་གར་གྱི་མཁས་གྲུབ་ནཱ་རོ་པཎ་ཆེན་གྱི་དངོས་སློབ་སྒྲ་སྒྱུར་མར་པ་ལོ་ཙྪ་ཞེས་བྱ་བའི་བླ་མ་དེ་ཡིན། ངེད་དཔོན་སློབ་སྐལ་ལྡན་ལས་འཕྲོ་ཅན་རྣམས་སྨིན་གྲོལ་ལ་འགོད་པ་དང་། སྐལ་མེད་རྣམས་ལ་ཡང་རྣམ་དཀར་གྱི་ལས་འབྲེལ་འཇོག་པའི་ཕྱིར་དང་།", "target": "ཆོས་མཐོང་ ཆེན་པོ་ བྱས ། དེ འི་ སྟོབས་ ཀྱིས་ ཉེ་འཁོར་ གྱི་ ཡུལ་པ ས་ ཀྱང་ ཆོས་ ཞུ་བ་ དང་ ཕྱག་ འཚལ་མཁན་ ནི་ མེད ། ཞེས་ མཐོང་ཆ་འཇོགས་ ནི་ དགའ་རབ་ བྱས ། ལྷོ་བྲག་ གི་ ཐག་རིང་ས་ ནས་ ཆོས་དབང་ ཞུ་བ་ ཡང་ འགའ་ རེ་ བྱུང་ ཞིང་ ། ཕྱག་ དང་ འབུལ་བ་ ཕྲན་ཚེགས་ བྱེད་པ་ མང་ དག་ བྱུང་བ ར་ གྱུར་ ཏོ ། ། རྒྱ་གར་ ལ་ འབྱོན་ཐེངས་ དང་པོ འོ ། ། ། ། རྒྱ་གར་ ལ་ འབྱོན་ཐེངས་ གཉིས་པ ། བར་པ་ ལ་ ཡང་ སྔ་མ་ ལྟ ར་ དོན་ གསུམ་ ལས ། དང་པོ་ གསེར་ ཚོལ་ དུ་ བྱོན་ ཞིང་ བུ་སློབ་ རྣམས་ དང་ མཇལ་ཚུལ་ ནི ། གསེར་ ཚོལ་བ འི་ ཕྱག་ཕྱི་ ལ་ འཁྲིད་ དགོངས་ ནས་ ལྷོ་བྲག་ གི་ བན་བཙུན་ ཆོས་ ཞུས་པ་ འགའ་ ལ་ ཆོ་ག་ ཚིག་དོན་ལག་ལེན་ དང་ བཅས་པ་ བསླབས་པ་ རྣམས་ ཞབས་ཏོག་ ལ་ ཁྲིད ། དབང་རྫས་ དང་ མཆོད་ཆ་ བཟང་པོ་ བསྣམས ། ཆིབས་པ་ གཅིག་ ལ་ ཆིབས་ ནས་ བྱོན་ ཏེ ། དབུས་ ཀྱི་ གཙང་པོ་ ལྷོ ར་ ཕེབས་ ནས་ ཆུ་ཁ་ ཞིག་ ཏུ་ གསོལ་ མཛད་ ཅིང་ བཞུགས་པ ར་ སྔགས་བཙུན་ དཔོན་སློབ་ ཀྱི་ རྣམ་པ་ཅན་ གཉིས་ བྱུང་བ འི་ དྲག་པ་ ན་རེ ། དྲུང་པ་ རྣམས་ གང་ ནས་ ཕེབས ། གང་ དུ་ འབྱོན་ ཟེར་བ ས ། གྲྭ་པ་ རྣམས་ ཀྱི་ ནང་ ནས་ སྨྲ་ མཁས་པ་ ཞིག་ ཡོད་པ་ དེ ས ། དྲུང་པ ས་ གསན་ ལས་ཆེ་ རྗེ འི་ ཞལ་སྔ་ ནས ། རྒྱ་གར་ གྱི་ མཁས་གྲུབ་ ནཱ་རོ་ པཎ་ཆེན་ གྱི་ དངོས་སློབ་ སྒྲ་སྒྱུར་ མར་པ་ ལོ་ཙྪ་ ཞེས་ བྱ་བ འི་ བླ་མ་ དེ་ ཡིན ། ངེད་ དཔོན་སློབ་ སྐལ་ལྡན་ ལས་འཕྲོ་ཅན་ རྣམས་ སྨིན་གྲོལ་ ལ་ འགོད་པ་ དང་ ། སྐལ་མེད་ རྣམས་ ལ་ ཡང་ རྣམ་དཀར་ གྱི་ ལས་འབྲེལ་ འཇོག་པ འི་ ཕྱི ར་ དང་ །" }, { "source": "སླར་ཡང་བསྟན་པ་དང་སེམས་ཅན་གྱི་དོན་དུ་རྒྱ་གར་ལ་འབྱོན་པའི་ཡོ་བྱད་གསེར་གྱི་འབུལ་སྡུད་ལ་འབྱོན་པ་ཡིན། ཞེས་ལོ་རྒྱུས་ཞིབ་པར་བྱས་པས།། དེ་ན་རེ། འོ་ན་བླ་མའི་སྙན་པ་སྔར་ནས་ཐོས་ཤིང་མཇལ་ན་སྙམ་པ་ཡོད་པས་དོ་ནུབ་ངའི་སར་འབྱོན་པར་ཞུ་ཞེས་གདན་དྲངས་ནས། གཞུང་རི་བོ་ཁྱུང་ལྡིང་གི་དགོན་པར་ཕེབས་ཏེ། སྔགས་བཙུན་དེ། བུ་སློབ་རྣམས་ཀྱི་ནང་ནས་ཐོག་མར་ཆེ་ཞིང་མཇལ་བ་གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན་ནོ།། དེར་གཞུང་དུ་སྣ་ལེན་དང་ཞབས་ཏོག་བཟང་པོ་བྱས། ཆོས་ཞུ་བའི་གསོལ་བ་འདེབས་སུ་བྱུང་བ་ལ། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་མཚོ་སྐྱེས་རྡོ་རྗེའི་ལུགས་སུ་དབང་བསྐུར་སྒྲུབ་ཐབས་གནང་བ་ལ། ན་བཟའ་བཟང་པོ་ལ་སོགས་པའི་འབུལ་བ་མང་པོ་བྱས། གཞན་ཡང་ཁོང་རང་གི་སློབ་མ་དང་ཡོན་བདག་མང་པོ་ལ་ཆོས་ཞུས་བྱས་ཤིང་བསྐུལ། བླ་མ་ལ་གསོལ་བ་བཏབ་ནས་དབང་བསྐུར། ཟླ་བ་གཉིས་ཆོས་བཤད་པས་འབལ་བ་མང་པོ་བྱུང་ཞིང་སྙན་གྲགས་འཕེལ་བར་གྱུར། དེ་ནས་འཕན་ཡུལ་གྱི་སྲས་ས་དམར་བྱ་བར་བཞུགས། ཀྲི་ཡའི་སྒོ་ནས་སྲིའུ་དགུ་ཙམ་བསོས་ཤིང་།། སྲིའུ་རེ་ལ་གསེར་ཞོ་བཅུ་གཅིག་རེ་བླངས། ལྷ་མོ་རེ་མ་ཏིའི་རྗེས་གནང་དང་ལས་ཚོགས་རེ་ཙམ་ཡང་བྱས་ཤིང་བསླབས། ཆོས་ཐུན་རེ་ཙམ་ཡང་བཤད་པས་ཐམས་ཅད་ཤིན་ཏུ་མོས་པར་བྱུང་ངོ་།། དེར་མི་མང་པོ་ལ་དགེས་པ་རྡོ་རྗེའི་དབང་བསྐུར་ཚེ་བྱུང་འདམ་ཤོད་སྙིང་དྲུང་གི་མར་པ་མགོ་ལེགས་བོད་དུ་ཚོང་ལ་ཡོང་པ་དུས་མཚུངས་ནས། སྒང་རྒྱུད་ན་མི་མང་པོ་ལོང་ལོང་འདུག་པ་ལ་སུ་ཅི་བྱེད་པ་ཡིན་དྲིས་པས།", "target": "སླ ར་ ཡང་ བསྟན་པ་ དང་ སེམས་ཅན་ གྱི་ དོན་ དུ་ རྒྱ་གར་ ལ་ འབྱོན་པ འི་ ཡོ་བྱད་ གསེར་ གྱི་ འབུལ་སྡུད་ ལ་ འབྱོན་པ་ ཡིན ། ཞེས་ ལོ་རྒྱུས་ ཞིབ་པ ར་ བྱས་པ ས ། ། དེ་ ན་རེ ། འོ་ ན་ བླ་མ འི་ སྙན་པ་ སྔ ར་ ནས་ ཐོས་ ཤིང་ མཇལ་ ན་ སྙམ་པ་ ཡོད་པ ས་ དོ་ནུབ་ ང འི་ ས ར་ འབྱོན་པ ར་ ཞུ་ ཞེས་ གདན་ དྲངས་ ནས ། གཞུང་ རི་བོ་ཁྱུང་ལྡིང་ གི་ དགོན་པ ར་ ཕེབས་ ཏེ ། སྔགས་བཙུན་ དེ ། བུ་སློབ་ རྣམས་ ཀྱི་ ནང་ ནས་ ཐོག་མ ར་ ཆེ་ ཞིང་ མཇལ་བ་ གཞུང་ གི་ རྔོག་སྟོན་ཆོས་རྡོར་ ཡིན་ ནོ ། ། དེ ར་ གཞུང་ དུ་ སྣ་ལེན་ དང་ ཞབས་ཏོག་ བཟང་པོ་ བྱས ། ཆོས་ ཞུ་བ འི་ གསོལ་བ་ འདེབས་ སུ་ བྱུང་བ་ ལ ། བཅོམ་ལྡན་འདས་ དགྱེས་པ་རྡོ་རྗེ་ མཚོ་སྐྱེས་རྡོ་རྗེ འི་ ལུགས་ སུ་ དབང་བསྐུར་སྒྲུབ་ཐབས་ གནང་བ་ ལ ། ན་བཟའ་ བཟང་པོ་ ལ་ སོགས་པ འི་ འབུལ་བ་ མང་པོ་ བྱས ། གཞན་ ཡང་ ཁོང་ རང་ གི་ སློབ་མ་ དང་ ཡོན་བདག་ མང་པོ་ ལ་ ཆོས་ ཞུས་ བྱས་ ཤིང་ བསྐུལ ། བླ་མ་ ལ་ གསོལ་བ་ བཏབ་ ནས་ དབང་ བསྐུར ། ཟླ་བ་ གཉིས་ ཆོས་ བཤད་པ ས་ འབལ་བ་ མང་པོ་ བྱུང་ ཞིང་ སྙན་གྲགས་ འཕེལ་བ ར་ གྱུར ། དེ་ ནས་ འཕན་ཡུལ་ གྱི་ སྲས་ས་དམར་ བྱ་བ ར་ བཞུགས ། ཀྲི་ཡ འི་ སྒོ་ ནས་ སྲིའུ་ དགུ་ ཙམ་ བསོས་ ཤིང་ ། ། སྲིའུ་ རེ་ ལ་ གསེར་ ཞོ་ བཅུ་ གཅིག་ རེ་ བླངས ། ལྷ་མོ་ རེ་མ་ཏི འི་ རྗེས་གནང་ དང་ ལས་ཚོགས་ རེ་ ཙམ་ ཡང་ བྱས་ ཤིང་ བསླབས ། ཆོས་ཐུན་ རེ་ ཙམ་ ཡང་ བཤད་པ ས་ ཐམས་ཅད་ ཤིན་ ཏུ་ མོས་པ ར་ བྱུང་ ངོ་ ། ། དེ ར་ མི་ མང་པོ་ ལ་ དགེས་པ་རྡོ་རྗེ འི་ དབང་ བསྐུར་ ཚེ་ བྱུང་ འདམ་ཤོད་སྙིང་དྲུང་ གི་ མར་པ་མགོ་ལེགས་ བོད་ དུ་ ཚོང་ ལ་ ཡོང་པ་ དུས་ མཚུངས་ ནས ། སྒང་རྒྱུད་ ན་ མི་ མང་པོ་ ལོང་ ལོང་ འདུག་པ་ ལ་ སུ་ ཅི་ བྱེད་པ་ ཡིན་ དྲིས་པ ས །" }, { "source": "རྗེ་བཙུན་ནཱ་རོ་པའི་སློབ་མ་མར་པ་ལོ་ཙྪ་བྱ་བས་མི་རྣམས་ལ་དབང་བསྐུར་བའི་ཚོགས་འཁོར་བྱེད་པར་འདུག་ཟེར་བས། མར་པ་མགོ་ལེགས་ཀྱིས་བསམ་པ་ལ། ང་དང་རུས་ཀྱི་ཕ་ཚན་དུ་ཡང་འགྲོ་བ་འདུག་ཅིང་། བླ་མ་བཟང་པོ་ཞིག་འདུག་ན། ང་རང་ཡང་ཆོས་ཤིག་ཞུ་དགོས་སྙམ་ནས་ཤ་ཁོག་གཉིས་དང་། ཚ་ཡ་གཅིག་ཕུལ་ནས་གླེང་མོ་འདྲ་བྱས་པས་མགོ་ལེགས་དད་པ་སྐྱེས་ཏེ་ཡིད་ལ་བླ་མ་འདི་ང་རང་གི་སར་སྤྱན་དྲང་དགོས་པ་འདུག་སྙམ་ནས། ཁྱེད་རྒྱ་གར་དུ་བླ་མ་རྣམས་ལ་འབུལ་བའི་གསེར་ཚོལ་ན། འཕན་ཡུལ་ནས་གསེར་མི་རྙེད།། ཁ་གཏམ་ལ་ཡང་། འཕན་ཡུལ་སྐྱ་མོ་ན། བྱེའུ་ལ་ལྷུ་ཐང་བརྩི། བྱང་ཁ་སྣ་བརྒྱད་ན་འབྲོང་བུ་ལ་གཟུགས་ཐང་བརྩི་བྱ་བ་ཡིན། འཕན་ཡུལ་བ་ནི་མི་ངན། དད་པ་ཆུང་། ས་རྩྭ། མགོ་མཁྲེགས། བྱང་ལ་ང་ཅན་དུ་གཤེགས་དང་།། འགྲོ་ན་རྟ་ཞོན། བེར་གྱོན། སྡོད་ན་འབོལ་བཏིང་། ཤ་མར་ཐུད་གསུམ་ཟོས་པས་ཆོག་ཟེར་བ་ལ། འོ་ན་ཁྱེད་ཅན་དུ་འགྲོ་དགོས་གསུངས་པས། མགོ་ལེགས་ཀྱིས་ངེད་ཀྱི་གདན་འདྲེན་ཞིག་བྱུང་བ་དང་བྱོན་ཟེར། ཚོང་རྣམས་ཟིན་པ་དང་བྱང་ལ་སོང་ནས་ངེད་ཀྱི་བླ་མའི་ཆིབས་པའི་རྟ། ཆས་འགེལ་བའི་མཛོ།། ན་བཟའ་ལམ་རྒྱགས་དང་བཅས་པ་བསྐུར་ནས་སྔོན་ལ་བསུ་རུ་བཏང་བས་འབྱོན་པའི་སྐད་ཐོས་ཏེ། མགོ་ལེགས་རང་གིས་ཀྱང་རྟ་ཞོན་ནས་བསུ་རུ་ཕྱིན་པས་འདམ་གྱི་མཚུལ་པ་སྣ་རུ་བླ་མ་དང་མཇལ་བའི་ཚེ།", "target": "རྗེ་བཙུན་ ནཱ་རོ་པ འི་ སློབ་མ་ མར་པ་ ལོ་ཙྪ་ བྱ་བ ས་ མི་ རྣམས་ ལ་ དབང་ བསྐུར་བ འི་ ཚོགས་འཁོར་ བྱེད་པ ར་ འདུག་ ཟེར་བ ས ། མར་པ་མགོ་ལེགས་ ཀྱིས་ བསམ་པ་ ལ ། ང་ དང་ རུས་ ཀྱི་ ཕ་ཚན་ དུ་ ཡང་ འགྲོ་བ་ འདུག་ ཅིང་ ། བླ་མ་ བཟང་པོ་ ཞིག་ འདུག་ ན ། ང་ རང་ ཡང་ ཆོས་ ཤིག་ ཞུ་ དགོས་ སྙམ་ ནས་ ཤ་ཁོག་ གཉིས་ དང་ ། ཚ་ཡ་ གཅིག་ ཕུལ་ ནས་ གླེང་མོ་ འདྲ་ བྱས་པ ས་ མགོ་ལེགས་ དད་པ་ སྐྱེས་ ཏེ་ ཡིད་ ལ་ བླ་མ་ འདི་ ང་ རང་ གི་ ས ར་ སྤྱན་ དྲང་ དགོས་པ་ འདུག་ སྙམ་ ནས ། ཁྱེད་ རྒྱ་གར་ དུ་ བླ་མ་ རྣམས་ ལ་ འབུལ་བ འི་ གསེར་ ཚོལ་ ན ། འཕན་ཡུལ་ ནས་ གསེར་ མི་ རྙེད ། ། ཁ་གཏམ་ ལ་ ཡང་ ། འཕན་ཡུལ་ སྐྱ་མོ་ ན ། བྱེའུ་ ལ་ ལྷུ་ཐང་ བརྩི ། བྱང་ཁ་སྣ་ བརྒྱད་ ན་ འབྲོང་བུ་ ལ་ གཟུགས་ཐང་ བརྩི་ བྱ་བ་ ཡིན ། འཕན་ཡུལ་བ་ ནི་ མི་ངན ། དད་པ་ ཆུང་ ། ས་རྩྭ ། མགོ་མཁྲེགས ། བྱང་ ལ་ ང་ཅན་ དུ་ གཤེགས་ དང་ ། ། འགྲོ་ ན་ རྟ་ ཞོན ། བེར་ གྱོན ། སྡོད་ ན་ འབོལ་ བཏིང་ ། ཤ་མར་ཐུད་ གསུམ་ ཟོས་པ ས་ ཆོག་ ཟེར་བ་ ལ ། འོ་ ན་ ཁྱེད་ཅན་ དུ་ འགྲོ་ དགོས་ གསུངས་པ ས ། མགོ་ལེགས་ ཀྱིས་ ངེད་ ཀྱི་ གདན་འདྲེན་ ཞིག་ བྱུང་བ་ དང་ བྱོན་ ཟེར ། ཚོང་ རྣམས་ ཟིན་པ་ དང་ བྱང་ ལ་ སོང་ ནས་ ངེད་ ཀྱི་ བླ་མ འི་ ཆིབས་པ འི་ རྟ ། ཆས་ འགེལ་བ འི་ མཛོ ། ། ན་བཟའ་ལམ་རྒྱགས་ དང་ བཅས་པ་ བསྐུར་ ནས་ སྔོན་ ལ་ བསུ་ རུ་ བཏང་བ ས་ འབྱོན་པ འི་ སྐད་ ཐོས་ ཏེ ། མགོ་ལེགས་ རང་ གིས་ ཀྱང་ རྟ་ ཞོན་ ནས་ བསུ་ རུ་ ཕྱིན་པ ས་ འདམ་ གྱི་ མཚུལ་པ་ སྣ་ རུ་ བླ་མ་ དང་ མཇལ་བ འི་ ཚེ །" }, { "source": "མགོ་ལེགས་རང་གིས་ཕུལ་བའི་ན་བཟ་སོ་མ་འགའ་རེ་བཞག་ནས། རྙིང་པ་འགའ་ཞིག་ཀྱང་གསོལ་འདུག་པ་ལ། ངེད་བྱང་སྦྲ་ཁྱིམ་པ་བྱ་བ་ཕྱི་འཆར་ཆེ་བ་ཡིན་པས་ན་བཟའ་ཧྲུལ་པོ་དེ་རྣམས་བོར་ལ་སོ་མ་རྣམས་བཞེས་ཞུས་པས། སྤྱིར་གྱིས་རང་ནོར་ལ་འདྲེ་མི་གནོད་བྱ་བ་ཡིན་ཅིང་། ཁྱད་པར་ངའི་གོས་འདི་རྣམས་ལ་དཔལ་ནཱ་རོ་པ་ཆེན་པོས་བྱིན་བརླབས་མཛད་པས་བོར་ན་ཕོངས་ཤིང་ལྷོ་བྲག་ཏུ་སླེབས་པ་བྱེད་གསུངས། སྣོད་དུ་བཅུག་ནས་བསྣམས་བྱོན། ཁྱོད་དགའ་བ་ཡང་བྱེད་གསུངས་ནས། རྔོག་གིས་ཕུལ་བ་དང་། མགོ་ལེགས་རང་གིས་ཕུལ་བའི་ན་བཟའ་སོ་མ་རྣམས་བཞེས། མགོ་ལེགས་རང་གི་འོག་རྟ་ཆིབས་སུ་ཕུལ་ནས་འབྱོན་པའི་ལམ་བར་ལ། མགོ་ལེགས་ཀྱི་ཡིད་ལ་ངས་ཕུལ་བར་མ་ཟད། ན་བཟའ་སོ་མ་གཞན་ཡང་འགའ་འདུག་པ་ལ་མི་བཞེས་པ་འདི་ཕྱག་རྫས་ལ་སྲེད་པོ་རང་ཡོད་རིགས་སུ་འདུག་པས། སྤྱིར་གྱི་སྐྱེས་བུ་དམ་པའི་མཛད་སྤྱོད་ཀྱི་ཕུགས་མི་རྟགས་རུང་། ཕྲལ་རྫས་ལ་སྲེད་པ་རང་ཡིན་ན་སྐྱོན་ཆེ་ཕྱིར། དེའི་ལུགས་ཤིག་བྱེད་པས་བླ་མ་བརྟག་དགོས་པར་འདུག་སྙམ། ན་བཟའ་སོ་མ་བདག་གིས་ཕུལ་བ་མ་གཏོགས་གཞན་ཡང་གདའ་བ་ལ། དང་པོ་ནས་མི་གསོལ་བ་ཅི་ལགས་ཞུས་པས། གོས་རྒྱ་གར་ལ་ཁྱེར་མི་བདེ་བས་རྙིང་ནས་གསེར་དུ་མི་འགྱུར། སོ་མ་གསེར་དུ་བསྒྱུར་ནས་དཔལ་ནཱ་རོ་པ་ལ་འབུལ་སྙམ་པ་ཡིན་ཏེ། ད་ཁྱོད་དགའ་བ་འདུག་པས་གྱོན་པ་ཡིན། རྒྱ་གར་དུ་གསེར་མེད་ན་ཆོས་མི་ཐོབ་གསུངས་པ་ལས། ཕྱག་རྫས་ལ་སྲེད་པ་ལྟ་བུ་དེ་སྐྱོན་དུ་མི་འདུགཡོན་ཏན་དུ་འདུག་སྙམ་ནས་མར་པ་མགོ་ལེགས་ལས་འབྲེལ་སད་པའི་ཕྱིར་མཆི་མ་འཁྲུགས་ཤིང་བ་སྤུ་གཡོ་བའི་དད་པ་ཐུན་མོང་མ་ཡིན་པ་ཞིག་སྐྱེས་ཏེ།", "target": "མགོ་ལེགས་ རང་ གིས་ ཕུལ་བ འི་ ན་བཟ་ སོ་མ་ འགའ་ རེ་ བཞག་ ནས ། རྙིང་པ་ འགའ་ ཞིག་ ཀྱང་ གསོལ་ འདུག་པ་ ལ ། ངེད་ བྱང་སྦྲ་ཁྱིམ་པ་ བྱ་བ་ ཕྱི་འཆར་ ཆེ་བ་ ཡིན་པ ས་ ན་བཟའ་ ཧྲུལ་པོ་ དེ་ རྣམས་ བོར་ ལ་ སོ་མ་ རྣམས་ བཞེས་ ཞུས་པ ས ། སྤྱི ར་ གྱིས་ རང་ནོར་ ལ་ འདྲེ་ མི་ གནོད་ བྱ་བ་ ཡིན་ ཅིང་ ། ཁྱད་པ ར་ ང འི་ གོས་ འདི་ རྣམས་ ལ་ དཔལ་ནཱ་རོ་པ་ ཆེན་པོ ས་ བྱིན་བརླབས་ མཛད་པ ས་ བོར་ ན་ ཕོངས་ ཤིང་ ལྷོ་བྲག་ ཏུ་ སླེབས་པ་ བྱེད་ གསུངས ། སྣོད་ དུ་ བཅུག་ ནས་ བསྣམས་ བྱོན ། ཁྱོད་ དགའ་བ་ ཡང་ བྱེད་ གསུངས་ ནས ། རྔོག་ གིས་ ཕུལ་བ་ དང་ ། མགོ་ལེགས་ རང་ གིས་ ཕུལ་བ འི་ ན་བཟའ་ སོ་མ་ རྣམས་ བཞེས ། མགོ་ལེགས་ རང་ གི་ འོག་རྟ་ ཆིབས་ སུ་ ཕུལ་ ནས་ འབྱོན་པ འི་ ལམ་བར་ ལ ། མགོ་ལེགས་ ཀྱི་ ཡིད་ ལ་ ང ས་ ཕུལ་བ ར་ མ་ ཟད ། ན་བཟའ་ སོ་མ་ གཞན་ ཡང་ འགའ་ འདུག་པ་ ལ་ མི་ བཞེས་པ་ འདི་ ཕྱག་རྫས་ ལ་ སྲེད་པོ་ རང་ ཡོད་ རིགས་ སུ་ འདུག་པ ས ། སྤྱི ར་ གྱི་ སྐྱེས་བུ་ དམ་པ འི་ མཛད་སྤྱོད་ ཀྱི་ ཕུགས་ མི་ རྟགས་ རུང་ ། ཕྲལ་རྫས་ ལ་ སྲེད་པ་ རང་ ཡིན་ ན་ སྐྱོན་ ཆེ་ ཕྱི ར ། དེ འི་ ལུགས་ ཤིག་ བྱེད་པ ས་ བླ་མ་ བརྟག་ དགོས་པ ར་ འདུག་ སྙམ ། ན་བཟའ་ སོ་མ་ བདག་ གིས་ ཕུལ་བ་ མ་ གཏོགས་ གཞན་ ཡང་ གདའ་བ་ ལ ། དང་པོ་ ནས་ མི་ གསོལ་བ་ ཅི་ ལགས་ ཞུས་པ ས ། གོས་ རྒྱ་གར་ ལ་ ཁྱེར་ མི་ བདེ་བ ས་ རྙིང་ ནས་ གསེར་ དུ་ མི་ འགྱུར ། སོ་མ་ གསེར་ དུ་ བསྒྱུར་ ནས་ དཔལ་ནཱ་རོ་པ་ ལ་ འབུལ་ སྙམ་པ་ ཡིན་ ཏེ ། ད་ ཁྱོད་ དགའ་བ་ འདུག་པ ས་ གྱོན་པ་ ཡིན ། རྒྱ་གར་ དུ་ གསེར་ མེད་ ན་ ཆོས་ མི་ ཐོབ་ གསུངས་པ་ ལས ། ཕྱག་རྫས་ ལ་ སྲེད་པ་ ལྟ་བུ་ དེ་ སྐྱོན་ དུ་ མི་ འདུག ཡོན་ཏན་ དུ་ འདུག་ སྙམ་ ནས་ མར་པ་མགོ་ལེགས་ ལས་འབྲེལ་ སད་པ འི་ ཕྱི ར་ མཆི་མ་ འཁྲུགས་ ཤིང་ བ་སྤུ་ གཡོ་བ འི་ དད་པ་ ཐུན་མོང་ མ་ ཡིན་པ་ ཞིག་ སྐྱེས་ ཏེ །" }, { "source": "བླ་མ་འདིའི་དྲུང་དུ་སྙིང་ནས་ཆོས་ཅིག་བྱས་ནས་ཕྱག་ཕྱིར་རྒྱུན་དུ་འབྲེང་བའི་ཡི་དམ་བཅས་སོ།། དེ་ནས་འདམ་ཤོད་སྙིང་དྲུང་དུ་ཕེབས་ཚེ་མགོ་ལེགས་འབྲོག་སྡེ་དེའི་དཔོན་དུ་འདུག་པས་གཡོག་རིགས་རྣམས་ལ་ཡང་བསྐུལ་ནས་སྣ་ལེན་བཟང་པོ་བྱས། མར་པ་མགོ་ལེགས་རང་དམ་བཅའ་ལྟར་ཆོས་སྒོར་ཞུགས་ནས་དབང་གདམས་ངག་རྣམས་ཞུས་ཏེ། གཡོག་རིགས་དང་ཉེ་རིགས་དགའ་བཤེས་རྣམས་ལའང་དགེ་བསྐུལ་བྱས་ཆོས་ཞུ་རུ་བཅུགདེར་ཡང་སྲིའུ་མང་པོ་གསོས་པ་ལ་གསེར་མང་པོ་བླངས། མི་དགུ་བཅུ་ཙམ་གྱིས་ཆོས་ཞུས་ནས་གསེར་དང་ནོར་མང་པོ་ཕུལ་བའི་གསེར་མ་ཡིན་པའི་དངོས་པོ་གཞན་རྣམས་ཀྱང་གསེར་དུ་བསྒྲིལ་ནས། སྤྱིར་གྱིས་བྱང་སྨད་རའི་གསེར་རྡོལ་བ་དང་ཐུག་པས་གསེར་མང་པོ་བྱུང་བ་དང་། ཁྱད་པར་མགོ་ལེགས་རང་གིས་གསེར་སྲང་བཅོ་བརྒྱད། རྟ་གཡུ་འབྲུག་མགོ་དཀར་གྱིས་ཐོག་དྲངས་པའི་མཛོ་རྟ། གནག་ལུག་དང་གོ་ཁྲབ་མང་པོ་ཕུལ་བ་སོགས་གསེར་དང་འབུལ་བས་ཐུགས་ཚིམ་པའི་ཚེ། ད་རྒྱ་གར་ལ་འབྱོན་དགོས་སགོངས་ནས། མགོ་ལེགས་རང་དང་། ཆོས་བྱེད་མི་འགའ་བླ་མའི་ཕྱག་ཕྱིར་འབྲངས་ཏེ་ལྷོ་བྲག་ལ་ཆས་བྱོན་པ་ལས། གཙང་པོ་བྱང་དུ་དོལ་གྱི་མཚུལ་སྟོན་དབང་ངེས་གདན་འདྲེན་བྱུང་བ་ལྟར་དཔོན་སློབ་རྣམས་ཀྱིས་དོལ་དུ་ཕེབས་ནས་སྣ་ལན་བྱས། གསང་འདུས་ཀྱི་དབང་གདམས་ངག་གསོལ་བ་བཏབ་པ་ལས།", "target": "བླ་མ་ འདི འི་ དྲུང་ དུ་ སྙིང་ ནས་ ཆོས་ ཅིག་ བྱས་ ནས་ ཕྱག་ཕྱི ར་ རྒྱུན་ དུ་ འབྲེང་བ འི་ ཡི་དམ་ བཅས་ སོ ། ། དེ་ ནས་ འདམ་ཤོད་སྙིང་དྲུང་ དུ་ ཕེབས་ ཚེ་ མགོ་ལེགས་ འབྲོག་སྡེ་ དེ འི་ དཔོན་ དུ་ འདུག་པ ས་ གཡོག་རིགས་ རྣམས་ ལ་ ཡང་ བསྐུལ་ ནས་ སྣ་ལེན་ བཟང་པོ་ བྱས ། མར་པ་མགོ་ལེགས་ རང་ དམ་བཅའ་ ལྟ ར་ ཆོས་སྒོ ར་ ཞུགས་ ནས་ དབང་གདམས་ངག་ རྣམས་ ཞུས་ ཏེ ། གཡོག་རིགས་ དང་ ཉེ་རིགས་དགའ་བཤེས་ རྣམས་ ལ འང་ དགེ་བསྐུལ་ བྱས་ ཆོས་ ཞུ་ རུ་ བཅུག དེ ར་ ཡང་ སྲིའུ་ མང་པོ་ གསོས་པ་ ལ་ གསེར་ མང་པོ་ བླངས ། མི་ དགུ་ བཅུ་ ཙམ་ གྱིས་ ཆོས་ ཞུས་ ནས་ གསེར་ དང་ ནོར་ མང་པོ་ ཕུལ་བ འི་ གསེར་ མ་ ཡིན་པ འི་ དངོས་པོ་ གཞན་ རྣམས་ ཀྱང་ གསེར་ དུ་ བསྒྲིལ་ ནས ། སྤྱི ར་ གྱིས་ བྱང་ སྨད་ར འི་ གསེར་ རྡོལ་བ་ དང་ ཐུག་པ ས་ གསེར་ མང་པོ་ བྱུང་བ་ དང་ ། ཁྱད་པ ར་ མགོ་ལེགས་ རང་ གིས་ གསེར་ སྲང་ བཅོ་ བརྒྱད ། རྟ་ གཡུ་འབྲུག་མགོ་དཀར་ གྱིས་ ཐོག་ དྲངས་པ འི་ མཛོ་རྟ ། གནག་ལུག་ དང་ གོ་ཁྲབ་ མང་པོ་ ཕུལ་བ་ སོགས་ གསེར་ དང་ འབུལ་བ ས་ ཐུགས་ ཚིམ་པ འི་ ཚེ ། ད་ རྒྱ་གར་ ལ་ འབྱོན་ དགོས་ སགོངས་ ནས ། མགོ་ལེགས་ རང་ དང་ ། ཆོས་ བྱེད་ མི་ འགའ་ བླ་མ འི་ ཕྱག་ཕྱི ར་ འབྲངས་ ཏེ་ ལྷོ་བྲག་ ལ་ ཆས་ བྱོན་པ་ ལས ། གཙང་པོ་ བྱང་ དུ་ དོལ་ གྱི་ མཚུལ་སྟོན་དབང་ངེ ས་ གདན་ འདྲེན་ བྱུང་བ་ ལྟ ར་ དཔོན་སློབ་ རྣམས་ ཀྱིས་ དོལ་ དུ་ ཕེབས་ ནས་ སྣ་ལན་ བྱས ། གསང་འདུས་ ཀྱི་ དབང་གདམས་ངག་ གསོལ་བ་ བཏབ་པ་ ལས །" }, { "source": "དེ་དུས་དབང་གནང་ནས། གདམས་ངག་ཕྱིས་ནས་བྱེད། ད་ལན་ང་རིངས་པར་ཡོད་གསུངས་པས། ཚུར་སྟོན་གྱིས་འབུལ་བ་མང་པོ་ཕུལ་ཏེ། གདམས་ངག་ཞུ་ཕྱིར་བླ་མའི་ཕྱག་ཕྱིར་འབྲངས། དེ་དུས་ཀྱང་རྔོག་པས་གཞུང་དུ་སྤྱོན་དྲངས། གསེར་སོགས་འབུལ་བ་མང་དག་ཕུལ་ཞིང་ཕྱག་ཕྱི་བགྱིས་ཏེ་བྱོན་པས། དཔོན་སློབ་ཀུན་གྲོ་བོ་ལུང་དུ་ཕྱག་ཕེབས་འཕྲལ་ལྷོ་ལ་ཡག་ཏུ་བ་རང་ཝ་བ་ཅན་གྱིས་སྤྱན་དྲངས་ནས་མ་ཧཱ་མཱ་ཡའི་དབང་ཞུས་ནས་འབུལ་བ་མང་པོ་ཕུལ། འབུལ་བ་རྣམས་སྐྱེལ་བ་དང་། ཆོས་ཞུ་བ་ལ་ཕྱག་ཕྱིར་ཕྱིན་པས། གྲོ་བོ་ལུང་དུ་བླ་མས་བུ་ཆེན་རྣམས་ལ་གདབས་ལན་གྱི་ཚུལ་དུ་དགྱེས་པ་རྡོ་རྗེའི་དབང་བསྐུར་ནས་རྔོག་པ་ལ་དགྱེས་རྡོར། ཚུར་སྟོན་དང་། མར་པ་མགོ་ལེགས་ལ་གསང་འདུས་རྒྱུད་རྐྱང་གི་ལུགས་དང་། རིམ་ལྔའི་དམར་ཁྲིད། བ་རང་ཝ་བ་ཅན་ཡ་མ་ཧཱ་མཱ་ཡའི་བཤད་པ་རྣམས་མཛད་ནས་ཐོན་སྟོན་ལ་ཇོ་བོ་ཡང་བོས་ནས་ཚོགས་འཁོར་བཟང་པོ་ཞིག་གནང་བའི་གྲལ་དུ། གྲྭ་བ་རྣམས་ཀྱིས་བླ་མ་རིན་པོ་ཆེ་ལ་རྒྱ་གར་ན་བླ་མ་དུ་བཞུགས་དེ་རྣམས་ཀྱི་ནང་ནས་སྒྲུབ་རྟགས་ཀྱི་ཡོན་ཏན་ངོ་མཚར་ཅན་དང་ལྡན་པ་ཅི་འདྲ་མཆིས། དེ་རྣམས་ལ་དབང་དང་གདམས་ངག་ཆོས་ཅི་འདྲ་ཞུས། ཕར་ཚུར་འབྱོན་པའི་ལམ་ལ་གྲོགས་ཇི་ལྟ་བུ་དང་གདམས་ངག་ཆོས་ཅི་འདྲ་ཞུས། ཕར་ཚུར་བྱོན་པའི་ལམ་ལ་གྲོགས་ཇི་ལྟ་བུ་དང་སྡེབས་ནས་བྱོན། ཞེས་ཞུས་པ་ལས། རྗེ་མར་པས་དེ་དག་གི་ལན་ཚིག་ལྷུག་པས་རྒྱས་པར་བཀྲོལ་རྗེས། མདོར་བསྡུས་ཚིགས་སུ་བཅད་པའི་མགུར་འདི་གསུངས་སོ།། རྗེ་རྩོད་ལྡན་དུས་ཀྱི་རྡོ་རྗེ་འཆང་། དཀའ་བ་སྤྱད་པའི་སྐྱེས་བུ་མཆོག། ཀུན་གྱི་སྤྱི་བོར་ཐོད་བཞིན་ཁུར།།", "target": "དེ་ དུས་ དབང་ གནང་ ནས ། གདམས་ངག་ ཕྱི ས་ ནས་ བྱེད ། ད་ ལན་ ང་ རིངས་པ ར་ ཡོད་ གསུངས་པ ས ། ཚུར་སྟོན་ གྱིས་ འབུལ་བ་ མང་པོ་ ཕུལ་ ཏེ ། གདམས་ངག་ ཞུ་ ཕྱི ར་ བླ་མ འི་ ཕྱག་ཕྱི ར་ འབྲངས ། དེ་ དུས་ ཀྱང་ རྔོག་པ ས་ གཞུང་ དུ་ སྤྱོན་ དྲངས ། གསེར་ སོགས་ འབུལ་བ་ མང་ དག་ ཕུལ་ ཞིང་ ཕྱག་ཕྱི་ བགྱིས་ ཏེ་ བྱོན་པ ས ། དཔོན་སློབ་ ཀུན་ གྲོ་བོ་ལུང་ དུ་ ཕྱག་ ཕེབས་ འཕྲལ་ ལྷོ་ ལ་ཡག་ ཏུ་ བ་རང་ཝ་བ་ཅན་ གྱིས་ སྤྱན་ དྲངས་ ནས་ མ་ཧཱ་མཱ་ཡ འི་ དབང་ ཞུས་ ནས་ འབུལ་བ་ མང་པོ་ ཕུལ ། འབུལ་བ་ རྣམས་ སྐྱེལ་བ་ དང་ ། ཆོས་ ཞུ་བ་ ལ་ ཕྱག་ཕྱི ར་ ཕྱིན་པ ས ། གྲོ་བོ་ལུང་ དུ་ བླ་མ ས་ བུ་ཆེན་ རྣམས་ ལ་ གདབས་ ལན་ གྱི་ ཚུལ་ དུ་ དགྱེས་པ་རྡོ་རྗེ འི་ དབང་ བསྐུར་ ནས་ རྔོག་པ་ ལ་ དགྱེས་རྡོར ། ཚུར་སྟོན་ དང་ ། མར་པ་མགོ་ལེགས་ ལ་ གསང་འདུས་རྒྱུད་རྐྱང་ གི་ ལུགས་ དང་ ། རིམ་ ལྔ འི་ དམར་ཁྲིད ། བ་རང་ཝ་བ་ཅན་ ཡ་ མ་ཧཱ་མཱ་ཡ འི་ བཤད་པ་ རྣམས་ མཛད་ ནས་ ཐོན་སྟོན་ ལ་ ཇོ་བོ་ ཡང་ བོས་ ནས་ ཚོགས་འཁོར་ བཟང་པོ་ ཞིག་ གནང་བ འི་ གྲལ་ དུ ། གྲྭ་བ་ རྣམས་ ཀྱིས་ བླ་མ་ རིན་པོ་ཆེ་ ལ་ རྒྱ་གར་ ན་ བླ་མ་ དུ་ བཞུགས་ དེ་ རྣམས་ ཀྱི་ ནང་ ནས་ སྒྲུབ་རྟགས་ ཀྱི་ ཡོན་ཏན་ ངོ་མཚར་ཅན་ དང་ ལྡན་པ་ ཅི་ འདྲ་ མཆིས ། དེ་ རྣམས་ ལ་ དབང་ དང་ གདམས་ངག་ ཆོས་ ཅི་ འདྲ་ ཞུས ། ཕ ར་ ཚུ ར་ འབྱོན་པ འི་ ལམ་ ལ་ གྲོགས་ ཇི་ ལྟ་བུ་ དང་ གདམས་ངག་ཆོས་ ཅི་ འདྲ་ ཞུས ། ཕ ར་ ཚུ ར་ བྱོན་པ འི་ ལམ་ ལ་ གྲོགས་ ཇི་ ལྟ་བུ་ དང་ སྡེབས་ ནས་ བྱོན ། ཞེས་ ཞུས་པ་ ལས ། རྗེ་ མར་པ ས་ དེ་ དག་ གི་ ལན་ ཚིག་ ལྷུག་པ ས་ རྒྱས་པ ར་ བཀྲོལ་ རྗེས ། མདོ ར་ བསྡུས་ ཚིགས་ སུ་ བཅད་པ འི་ མགུར་ འདི་ གསུངས་ སོ ། ། རྗེ་ རྩོད་ལྡན་དུས་ ཀྱི་ རྡོ་རྗེ་འཆང་ ། དཀའ་བ་ སྤྱད་པ འི་ སྐྱེས་བུ་ མཆོག ། ཀུན་ གྱི་ སྤྱི་བོ ར་ ཐོད་ བཞིན་ ཁུར ། །" }, { "source": "དཔལ་ནཱ་རོའི་ཞབས་ལ་གུས་པས་འདུད།། ང་ལྷོ་བྲག་མར་པ་ལོ་ཙྪ་འདི།། ལོ་བཅུ་གཉིས་ལོན་ནས་ཆོས་དང་མཇལ།། དེ་སྔོན་སྦྱོངས་ཀྱི་བག་ཆགས་སད་པར་ངེས།། དང་པོ་ཡིག་ཚང་ཀ་ཁ་བསླབས།། བར་དུ་སྒྲ་བསྒྱུར་ལོ་ཙྪ་བསླབས།། ཐ་མ་ལྷོ་བལ་རྒྱ་ལ་ཕྱིན། ལོ་གསུམ་བལ་པོའི་མཐིལ་དུ་བསྡད། བྱིན་རླབས་ཅན་གྱི་བལ་པོ་ལ། རྒྱུད་གཉེན་པོར་གྲགས་པའི་གདན་བཞི་ཉན། ཆོས་སྐྱོང་དུད་སོལ་ལྷ་མོ་ཞུས། དེས་ཀྱང་འདོད་པ་མ་ཚིམ་པར།། རྒྱ་གར་ཡུལ་དུ་ཆོས་ལ་ཕྱིན།། ཆུ་མི་ཟན་དུག་གི་ཆུ་ལ་བརྒལ།། ལུས་དུག་སྦྲུལ་བཞིན་དུ་ཤུན་པ་བརྗེས། སྲོག་ཆོས་ཕྱིར་འདོར་ཕོད་བསམ་པ་ཡིས།། གནས་ངོ་མཚར་མཁའ་འགྲོའི་། ལུང་བསྟན་བྱང་ཕྱོགས་ཕུ་ལ་ཧ་རིར་ཕྱིན། དངོས་གྲུབ་ཅན་གྱི་དགོན་པ་རུ།། སྒོ་སྲུངས་ནཱ་རོ་པཎ་ཆེན་ལ། རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡིར་དང་། བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་ཐོབ། ཁྱད་པར་གཏུམ་མོའི་ལས་རྒྱ་ཞུས།། སྙན་བརྒྱུད་ཀྱི་དན་ལ་ངོ་སྤྲོད་བྱས།། ནཱབ་དུ་ལ་ཀྵེ་ཊའི་དགོན་པ་རུ།། དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་གཏུགས།། ཕ་རྒྱུད་གསང་བ་འདུས་པ་ཉན།། སྒྱུ་ལུས་འོད་གསལ་གྱི་གདམས་པ་ཐོབ།། ལམ་རིམ་པ་ལྔ་ཡི་དོན་ལ་བསླབས།། ལྷོ་དུག་མཚོ་ཁོལ་མའི་གླིང་དུ་ཕྱིན།། གདུགས་ཉི་མའི་གུང་ལ་སྨག་ཏུ་སྲོས།། ལམ་ད་ལྟ་གསལ་བ་ད་ལྟ་སྟོར། སྲོག་ཡལ་བར་དོར་རྗེ་བཙུན་བཙལ།། དཔལ་ཞི་བ་བཟང་པོ་དངོས་དང་མཇལ།། མ་རྒྱུད་མ་ཧཱ་མཱ་ཡ་གནང་།། དབྱིབས་རྣལ་འབྱོར་གསུམ་གྱི་དོན་ལ་བསླབས།", "target": "དཔལ་ནཱ་རོ འི་ ཞབས་ ལ་ གུས་པ ས་ འདུད ། ། ང་ ལྷོ་བྲག་ མར་པ་ ལོ་ཙྪ་ འདི ། ། ལོ་ བཅུ་ གཉིས་ ལོན་ ནས་ ཆོས་ དང་ མཇལ ། ། དེ་ སྔོན་ སྦྱོངས་ ཀྱི་ བག་ཆགས་ སད་པ ར་ ངེས ། ། དང་པོ་ ཡིག་ཚང་ ཀ་ཁ་ བསླབས ། ། བར་ དུ་ སྒྲ་བསྒྱུར་ ལོ་ཙྪ་ བསླབས ། ། ཐ་མ་ལྷོ་ བལ་རྒྱ་ ལ་ ཕྱིན ། ལོ་ གསུམ་ བལ་པོ འི་ མཐིལ་ དུ་ བསྡད ། བྱིན་རླབས་ཅན་ གྱི་ བལ་པོ་ ལ ། རྒྱུད་ གཉེན་པོ ར་ གྲགས་པ འི་ གདན་བཞི་ ཉན ། ཆོས་སྐྱོང་ དུད་སོལ་ ལྷ་མོ་ ཞུས ། དེ ས་ ཀྱང་ འདོད་པ་ མ་ ཚིམ་པ ར ། ། རྒྱ་གར་ ཡུལ་ དུ་ ཆོས་ ལ་ ཕྱིན ། ། ཆུ་མི་ཟན་དུག་ གི་ ཆུ་ ལ་ བརྒལ ། ། ལུས་ དུག་སྦྲུལ་ བཞིན་ དུ་ ཤུན་པ་ བརྗེས ། སྲོག་ ཆོས་ ཕྱི ར་ འདོར་ ཕོད་ བསམ་པ་ ཡིས ། ། གནས་ ངོ་མཚར་ མཁའ་འགྲོ འི་ ། ལུང་བསྟན་བྱང་ཕྱོགས་ ཕུ་ལ་ཧ་རི ར་ ཕྱིན ། དངོས་གྲུབ་ཅན་ གྱི་ དགོན་པ་ རུ ། ། སྒོ་སྲུངས་ ནཱ་རོ་ པཎ་ཆེན་ ལ ། རྒྱུད་ ཟབ་མོ ར་ གྲགས་པ འི་ དགྱེས་རྡིར་ དང་ ། བསྲེ་འཕོ་མཚམས་སྦྱོར་ གྱི་ གདམས་ངག་ ཐོབ ། ཁྱད་པ ར་ གཏུམ་མོ འི་ ལས་རྒྱ་ ཞུས ། ། སྙན་བརྒྱུད་ ཀྱི་ དན་ ལ་ ངོ་སྤྲོད་ བྱས ། ། ནཱབ་ དུ་ ལ་ཀྵེ་ཊ འི་ དགོན་པ་ རུ ། ། དཔལ་ཡེ་ཤེས་སྙིང་པོ འི་ ཞབས་ ལ་ གཏུགས ། ། ཕ་རྒྱུད་ གསང་བ་འདུས་པ་ ཉན ། ། སྒྱུ་ལུས་འོད་གསལ་ གྱི་ གདམས་པ་ ཐོབ ། ། ལམ་རིམ་པ་ ལྔ་ ཡི་ དོན་ ལ་ བསླབས ། ། ལྷོ་དུག་མཚོ་ ཁོལ་མ འི་ གླིང་ དུ་ ཕྱིན ། ། གདུགས་ ཉི་མ འི་ གུང་ ལ་ སྨག་ ཏུ་ སྲོས ། ། ལམ་ ད་ ལྟ་ གསལ་བ་ ད་ ལྟ་ སྟོར ། སྲོག་ ཡལ་བ ར་ དོར་ རྗེ་བཙུན་ བཙལ ། ། དཔལ་ཞི་བ་ བཟང་པོ་ དངོས་ དང་ མཇལ ། ། མ་རྒྱུད་ མ་ཧཱ་མཱ་ཡ་ གནང་ ། ། དབྱིབས་རྣལ་འབྱོར་ གསུམ་ གྱི་ དོན་ ལ་ བསླབས །" }, { "source": "སྒྱུ་མ་གསུམ་རྒྱུད་ཀྱུ་གདམས་པ་ཐོབ། ཤར་དངོས་གྲུབ་ཀྱི་ཆུ་བོ་གང་ག་བརྒལ།། རི་རབ་ཏུ་འཁྲུག་པའི་དགོན་པ་རུ། རྗེ་མངའ་བདག་མཻཏྲིའི་ཞབས་ལ་གཏུགས།། རྒྱུད་ཟབ་མོ་བསྟོད་པ་གྲུར་བླངས་ཐོབ།། ཆོས་ཕྱག་རྒྱ་ཆེ་ལ་རྟོགས་པ་བསྐྱངས།། སེམས་དངོས་པོའི་བཞུགས་ཚུལ་གཏན་ལ་ཕབ།། གཞི་ཆོས་ཉིད་དོན་གྱི་ངོ་བོ་མཐོང་།། དེ་འཛམ་གླིང་ཡོངས་ལ་གྲགས་པ་ཡི།། ཕྱོགས་བཞི་བླ་མའི་བརྒྱུད་ཚུལ་ཡིན།། གཞན་དུར་ཁྲོད་ཉུལ་བའི་རྣལ་འབྱོར་དང་།། ཤིང་དྲུང་གནས་པའི་ཀུ་སུ་ལུ།། ཡོངས་སུ་མ་གྲགས་འགའ་ཡོད་དེ།། རྫོགས་རིམ་ཁ་འཐོར་མང་དུ་ཞུས།། ངོ་མཚར་ཅན་གྱི་སྒྲུབ་ཐབས་དང་།། ཕྲན་ཚེགས་ཀྱི་གདམས་ངག་རྩིས་ལས་འདས།། ལམ་ལ་ཁ་རག་གཉོས་དང་འགྲོགས།། ངེད་བལ་པོའི་མཐིལ་དུ་སླེབ་པའི་ཚེ།། ང་ལྷོ་བྲག་གི་མར་པ་ལོ་ཙྪ་དང།། ཁ་རག་གཉོས་ཀྱི་ལོ་ཙྪ་གཉིས།། ལོ་ཙྪ་གང་མཁས་གང་མཁས་ཟེར།། གདམས་ངག་གང་ཆེ་གང་ཆེ་ཟེར།། ཡར་བལ་བོད་མཚམས་སུ་ཐོན་ཙ་ན།། ནོར་ཟང་ཟིང་གི་སྐུ་བསོད་ཁོང་ལ་སྐྱེས།། ཡུལ་ལ་སྟོད་ཆོ་བཞིར་ཕྱིན་ཙ་ན།། སྒྲ་སྒྱུར་གྱི་གྲགས་པ་མཉམ་པོར་ཐོབ།། བོད་དབུས་གཙང་གི་མཐིལ་དུ་ཐོན་ཙ་ན།། གདམས་ངག་གི་སྙན་པ་ཁོ་བོས་ཐོབ།། བླ་མ་གྲུབ་ཐོབ་དང་མཇལ་ལགས་པས།། གདམས་ངག་མི་ཆེའི་དོགས་མ་མཆིས།། ཐ་སྙད་ལ་བྱང་ཆུབ་མི་རི་བས།། གཞུང་བཤད་པ་ཀུན་ཇི་ལྟར་དགེས་མཛོད།། ཅེས་གསུངས་པས། ཇོ་བོ་ཡང་མོས་གུས་ཆེན་པོ་སྐྱེས་ནས་བླ་མ་རབ་ཐུགས་བཞེད་པའི་ས་ཆ་དང་ལུང་བ་ཕུལ་ཞིང་།", "target": "སྒྱུ་མ་ གསུམ་ རྒྱུད་ ཀྱུ་ གདམས་པ་ ཐོབ ། ཤར་ དངོས་གྲུབ་ ཀྱི་ ཆུ་བོ་ གང་ག་ བརྒལ ། ། རི་རབ་ ཏུ་ འཁྲུག་པ འི་ དགོན་པ་ རུ ། རྗེ་མངའ་བདག་ མཻཏྲི འི་ ཞབས་ ལ་ གཏུགས ། ། རྒྱུད་ ཟབ་མོ་ བསྟོད་པ་ གྲུ ར་ བླངས་ ཐོབ ། ། ཆོས་ཕྱག་ རྒྱ་ཆེ་ ལ་ རྟོགས་པ་ བསྐྱངས ། ། སེམས་དངོས་པོ འི་ བཞུགས་ཚུལ་ གཏན་ ལ་ ཕབ ། ། གཞི་ཆོས་ཉིད་དོན་ གྱི་ ངོ་བོ་ མཐོང་ ། ། དེ་ འཛམ་གླིང་ ཡོངས་ ལ་ གྲགས་པ་ ཡི ། ། ཕྱོགས་ བཞི་ བླ་མ འི་ བརྒྱུད་ཚུལ་ ཡིན ། ། གཞན་ དུར་ཁྲོད་ ཉུལ་བ འི་ རྣལ་འབྱོར་ དང་ ། ། ཤིང་ དྲུང་ གནས་པ འི་ ཀུ་སུ་ལུ ། ། ཡོངས་སུ་མ་གྲགས་ འགའ་ ཡོད་ དེ ། ། རྫོགས་རིམ་ ཁ་འཐོར་ མང་ དུ་ ཞུས ། ། ངོ་མཚར་ཅན་ གྱི་ སྒྲུབ་ཐབས་ དང་ ། ། ཕྲན་ཚེགས་ ཀྱི་ གདམས་ངག་ རྩིས་ ལས་ འདས ། ། ལམ་ ལ་ ཁ་རག་གཉོས་ དང་ འགྲོགས ། ། ངེད་ བལ་པོ འི་ མཐིལ་ དུ་ སླེབ་པ འི་ ཚེ ། ། ང་ ལྷོ་བྲག་ གི་ མར་པ་ ལོ་ཙྪ་ དང ། ། ཁ་རག་གཉོས་ ཀྱི་ ལོ་ཙྪ་ གཉིས ། ། ལོ་ཙྪ་ གང་ མཁས་ གང་ མཁས་ ཟེར ། ། གདམས་ངག་ གང་ ཆེ་ གང་ ཆེ་ ཟེར ། ། ཡ ར་ བལ་བོད་ མཚམས་ སུ་ ཐོན་ ཙ་ ན ། ། ནོར་ཟང་ཟིང་ གི་ སྐུ་བསོད་ ཁོང་ ལ་ སྐྱེས ། ། ཡུལ་ ལ་སྟོད་ ཆོ་ བཞི ར་ ཕྱིན་ ཙ་ ན ། ། སྒྲ་སྒྱུར་ གྱི་ གྲགས་པ་ མཉམ་པོ ར་ ཐོབ ། ། བོད་དབུས་གཙང་ གི་ མཐིལ་ དུ་ ཐོན་ ཙ་ ན ། ། གདམས་ངག་ གི་ སྙན་པ་ ཁོ་བོ ས་ ཐོབ ། ། བླ་མ་གྲུབ་ཐོབ་ དང་ མཇལ་ ལགས་པ ས ། ། གདམས་ངག་ མི་ ཆེ འི་ དོགས་ མ་ མཆིས ། ། ཐ་སྙད་ ལ་ བྱང་ཆུབ་ མི་ རི་བ ས ། ། གཞུང་ བཤད་པ་ ཀུན་ ཇི་ ལྟ ར་ དགེས་ མཛོད ། ། ཅེས་ གསུངས་པ ས ། ཇོ་བོ་ ཡང་མོ ས་ གུས་ ཆེན་པོ་ སྐྱེས་ ནས་ བླ་མ་ རབ་ཐུགས་ བཞེད་པ འི་ ས་ཆ་ དང་ ལུང་བ་ ཕུལ་ ཞིང་ །" }, { "source": "གཞན་ཡང་སྙན་གྲགས་དང་སྐུ་བསོད་ཤིན་ཏུ་རྒྱས་ཏེ་འཁོར་དང་ལོངས་སྤྱོད་མང་པོ་འདུས་པའི་ཚ། བདག་མེད་མ་ལ་སོགས་པའི་མཚན་ལྡན་གྱི་རིག་མ་འགའ་ཡང་བཞེས་པས་དར་མ་མདོ་སྡེ་སྲས་ལ་སོགས་པ་སྐུ་འཁྲུངས་པར་གྱུར་ཏོ།།།། དེ་ནས་གཉིས་པ་རྒྱ་གར་ལ་བྱོན་ནས་བླ་མ་རྣམས་དང་མཇལ་ཏེ་ཆོས་ཞུས་ཚུལ་ནི། བླ་མ་དང་ཡི་དམ་ཆོས་སྐྱོང་སྲུང་མ་ལ། སྔར་བཅོལ་ལེགས་པའི་གཏང་རག་དང་། ད་བཅོལ་ལས་ཀྱི་གསལ་འདེབས་དང་བྱ་དགའ་ལ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས། ཆོགས་ཀྱི་འཁོར་ལོ་བཟང་པོ་བསྐོར་ནས་གསེར་སྲང་ལྔ་བཅུ་ཙམ་བསྣམས་ཏེ་རྒྱ་གར་ལ་འབྱོན་པར་ཆས་པ་ལ། གྲྭ་པ་འགས་ཕྱག་ཕྱིར་འགྲོ་བར་གསོལ་བ་བཏབ་པ་ལས་མ་གནང་བར་གཅིག་པུར་འགྲོ་གསུངས་བྱོན་པས་བལ་པོར་ཕེབས་ནས་སྤྱི་ཐེར་བ་དང་། སེན་ཏ་པ་གཉིས་ལ་མཇལ་ནས་གསེར་གྱི་འབུལ་བས་མཉེས་པར་བྱས། བལ་པོ་སྐུ་མཆེད་ཀྱིས་ཀྱང་བློ་ཐུབ་ཀྱི་གྲོགས་བཟང་པོ་དང་བསྡེབས་ནས་རྒྱ་གར་དུ་བཛངས་པ་ལས་བར་ཆད་མེད་པར་རྒྱ་གར་དུ་ཕེབས་ཏེ། ནཱ་རོ་པས་དབུ་མཛད་བླ་མ་རྣམས་ལ་བཀའ་དྲིན་གྱི་སྒོ་ནས་གསེར་གྱི་འབུལ་བས་གཉེས་པར་བྱས། སླར་ཡང་ཆོས་ཞུས་ཚུལ་ནི་དཔལ་ནཱ་རོ་པའི་དྲུང་དུ་དགེས་པ་རྡོ་རྗེའི་དབང་རྒྱས་འབྲིང་བསྡུས་གསུམ། རྩ་རྒྱུད་བརྟག་པ་གཉིས་པ། ཐུན་མོང་མ་ཡིན་པའི་བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུ་དང་། ཐུན་མོང་གི་བཤད་རྒྱུད་སཾ་བྷུ་ཊིའི་འགྲེལ་པ་མན་ངག་དང་བཅས་པ་རྣམས་ཞུས་སོ།།", "target": "གཞན་ ཡང་ སྙན་གྲགས་ དང་ སྐུ་བསོད་ ཤིན་ ཏུ་ རྒྱས་ ཏེ་ འཁོར་ དང་ ལོངས་སྤྱོད་ མང་པོ་ འདུས་པ འི་ ཚ ། བདག་མེད་མ་ ལ་ སོགས་པ འི་ མཚན་ལྡན་ གྱི་ རིག་མ་ འགའ་ ཡང་ བཞེས་པ ས་ དར་མ་མདོ་སྡེ་ སྲས་ ལ་ སོགས་པ་ སྐུ་ འཁྲུངས་པ ར་ གྱུར་ ཏོ ། ། ། ། དེ་ ནས་ གཉིས་པ་ རྒྱ་གར་ ལ་ བྱོན་ ནས་ བླ་མ་ རྣམས་ དང་ མཇལ་ ཏེ་ ཆོས་ ཞུས་ཚུལ་ ནི ། བླ་མ་ དང་ ཡི་དམ་ཆོས་སྐྱོང་སྲུང་མ་ ལ ། སྔ ར་ བཅོལ་ ལེགས་པ འི་ གཏང་རག་ དང་ ། ད་ བཅོལ་ལས་ ཀྱི་ གསལ་འདེབས་ དང་ བྱ་དགའ་ ལ་ མཆོད་པ་ དང་ གཏོར་མ་ རྒྱ་ཆེན་པོ་ བཤམས ། ཆོགས་ ཀྱི་ འཁོར་ལོ་ བཟང་པོ་ བསྐོར་ ནས་ གསེར་ སྲང་ ལྔ་ བཅུ་ ཙམ་ བསྣམས་ ཏེ་ རྒྱ་གར་ ལ་ འབྱོན་པ ར་ ཆས་པ་ ལ ། གྲྭ་པ་ འག ས་ ཕྱག་ཕྱི ར་ འགྲོ་བ ར་ གསོལ་བ་ བཏབ་པ་ ལས་ མ་ གནང་བ ར་ གཅིག་པུ ར་ འགྲོ་ གསུངས་ བྱོན་པ ས་ བལ་པོ ར་ ཕེབས་ ནས་ སྤྱི་ཐེར་བ་ དང་ ། སེན་ཏ་པ་ གཉིས་ ལ་ མཇལ་ ནས་ གསེར་ གྱི་ འབུལ་བ ས་ མཉེས་པ ར་ བྱས ། བལ་པོ་ སྐུ་མཆེད་ ཀྱིས་ ཀྱང་ བློ་ཐུབ་ ཀྱི་ གྲོགས་ བཟང་པོ་ དང་ བསྡེབས་ ནས་ རྒྱ་གར་ དུ་ བཛངས་པ་ ལས་ བར་ཆད་ མེད་པ ར་ རྒྱ་གར་ དུ་ ཕེབས་ ཏེ ། ནཱ་རོ་པ ས་ དབུ་མཛད་བླ་མ་ རྣམས་ ལ་ བཀའ་དྲིན་ གྱི་ སྒོ་ ནས་ གསེར་ གྱི་ འབུལ་བ ས་ གཉེས་པ ར་ བྱས ། སླ ར་ ཡང་ ཆོས་ ཞུས་ཚུལ་ ནི་ དཔལ་ནཱ་རོ་པ འི་ དྲུང་ དུ་ དགེས་པ་ རྡོ་རྗེ འི་ དབང་རྒྱས་འབྲིང་བསྡུས་ གསུམ ། རྩ་རྒྱུད་ བརྟག་པ་ གཉིས་པ ། ཐུན་མོང་ མ་ ཡིན་པ འི་ བཤད་རྒྱུད་ མཁའ་འགྲོ་མ་རྡོ་རྗེ་གུ་ དང་ ། ཐུན་མོང་ གི་ བཤད་རྒྱུད་ སཾ་བྷུ་ཊི འི་ འགྲེལ་པ་ མན་ངག་ དང་ བཅས་པ་ རྣམས་ ཞུས་ སོ ། །" }, { "source": "དེ་རྗེས་ནཱ་རོ་པའི་ཞལ་ནས་སྔར་གྱི་བླ་མ་གཞན་རྣམས་དང་མཇལ། སྔར་ཐོབ་པའི་ཆོས་རྣམས་ལ་ནན་ཏན་ཞུས་དགཕྱིས་ཐེ་ཚོམ་མི་ཟ་བ་དང་། སྔར་མཐོང་པ་རྣམས་ཞུར་ཕྱིན་པ་གྲག་པས་ཐོག་མར་གང་དུ་འགྲོ་གསུངས་པ་ལས། ཐོག་མར་མཻ་ཏྲི་བའི་དྲུང་དུ་འགྲོ་ཞུས་ནས་མཻ་ཏྲི་བའི་དྲུང་དུ་བྱོན་ཏེ་གསེར་གྱི་འབུལ་བས་མཉེས་པར་བྱས་ནས། སྔར་ཐོབ་པའི་ཆོས་རྣམས་ལ་ནན་ཏན། མ་ཐོབ་པ་གསང་འདུས་ཀྱི་དབང་དང་འགྲེལ་པ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་རྣམས་ཞུས་ཤིང་། དེ་དག་གི་དཔེ་ཆ་བཞེངས་ཏེ། ཕུ་ལ་ཧ་རིར་ནཱ་རོ་པའི་དྲུང་དུ་ཆས་ནས་ན་ལེན་ཏྲར་བྱོན་པས། ཁ་ཆེའི་པཎྚི་ཏ་ཤྲཱི་བྷ་དྲ་དང་མཇལ་བས། སྣ་ལེན་གྱི་ཚོགས་འཁོོར་ཞིག་བྱས་པའི་གྲལ་དུ་ཁོང་ན་རེ། ཁྱེད་ཀྱིས་མངའ་བདག་མཻ་ཏྲི་པ་ལས་སྙིང་པོ་དོན་གྱི་ཆོས་སྐོར་གསན་ཟེར་བས། རྗ་བྲམ་ཟེ་ཆེན་པོའི་སློབ་མ་རི་ཁྲོད་དབང་ཕྱུག་གི་བརྒྱུད་པ་དེ་དང་། ཏི་ལོ་པའི་སློབ་མ། འོ་སྐོལ་རང་གི་བླ་མ་ནཱ་རོ་པའི་དགོངས་པ་གཉིས་གང་ཟབ་པ་འདུག་གསུངས་པས། མར་པའི་དགོངས་པ་ལ་ཚོགས་ཀྱི་འཁོར་ལོ་གླུ་གར་གྱིས་གླུ་གར་གྱིས་གྲུབ་པ་ཡིན་པས། མཻ་ཏྲི་པའི་དགོངས་བཞེད་ཟུར་ཙམ་ཞིག་དབྱངས་སུ་བླངས་པ་ལ་འགལ་བ་མེད་དགོངས་ནས་མགུར་འདི་གསུངས་སོ།།།། གསན་དང་སྙིང་གྲོགས་དཔལ་བཟང་པོ།། ང་མར་པ་བྱ་བའི་བན་དྷེ་ལ།། ནཱ་རོ་མཻ་ཏྲི་དགོངས་པ་གཉིས།། གང་ཟབ་གསུངས་པས་དབྱངས་འདི་ལེན།། སེང་གེ་ལྟ་བུའི་ན་རོ་པ།", "target": "དེ་ རྗེས་ ནཱ་རོ་པ འི་ ཞལ་ ནས་ སྔ ར་ གྱི་ བླ་མ་ གཞན་ རྣམས་ དང་ མཇལ ། སྔ ར་ ཐོབ་པ འི་ ཆོས་ རྣམས་ ལ་ ནན་ཏན་ ཞུས་དག ཕྱི ས་ ཐེ་ཚོམ་ མི་ ཟ་བ་ དང་ ། སྔ ར་ མཐོང་པ་ རྣམས་ ཞུ ར་ ཕྱིན་པ་ གྲག་པ ས་ ཐོག་མ ར་ གང་ དུ་ འགྲོ་ གསུངས་པ་ ལས ། ཐོག་མ ར་ མཻ་ཏྲི་བ འི་ དྲུང་ དུ་ འགྲོ་ ཞུས་ ནས་ མཻ་ཏྲི་བ འི་ དྲུང་ དུ་ བྱོན་ ཏེ་ གསེར་ གྱི་ འབུལ་བ ས་ མཉེས་པ ར་ བྱས་ ནས ། སྔ ར་ ཐོབ་པ འི་ ཆོས་ རྣམས་ ལ་ ནན་ཏན ། མ་ ཐོབ་པ་ གསང་འདུས་ ཀྱི་ དབང་ དང་ འགྲེལ་པ ། ཕྱག་རྒྱ་ ཆེན་པོ་ ཐིག་ལེ འི་ རྒྱུད་ རྣམས་ ཞུས་ ཤིང་ ། དེ་ དག་ གི་ དཔེ་ཆ་ བཞེངས་ ཏེ ། ཕུ་ལ་ཧ་རི ར་ ནཱ་རོ་པ འི་ དྲུང་ དུ་ ཆས་ ནས་ ན་ལེན་ཏྲ ར་ བྱོན་པ ས ། ཁ་ཆེ འི་ པཎྚི་ཏ་ ཤྲཱི་བྷ་དྲ་ དང་ མཇལ་བ ས ། སྣ་ལེན་ གྱི་ ཚོགས་འཁོོར་ ཞིག་ བྱས་པ འི་ གྲལ་ དུ་ ཁོང་ ན་རེ ། ཁྱེད་ ཀྱིས་ མངའ་བདག་ མཻ་ཏྲི་པ་ ལས་ སྙིང་པོ་ དོན་ གྱི་ ཆོས་སྐོར་ གསན་ ཟེར་བ ས ། རྗ་ བྲམ་ཟེ་ ཆེན་པོ འི་ སློབ་མ་ རི་ཁྲོད་དབང་ཕྱུག་ གི་ བརྒྱུད་པ་ དེ་ དང་ ། ཏི་ལོ་པ འི་ སློབ་མ ། འོ་སྐོལ་ རང་ གི་ བླ་མ་ ནཱ་རོ་པ འི་ དགོངས་པ་ གཉིས་ གང་ ཟབ་པ་ འདུག་ གསུངས་པ ས ། མར་པ འི་ དགོངས་པ་ ལ་ ཚོགས་ ཀྱི་ འཁོར་ལོ་ གླུ་གར་ གྱིས་ གླུ་གར་ གྱིས་ གྲུབ་པ་ ཡིན་པ ས ། མཻ་ཏྲི་པ འི་ དགོངས་བཞེད་ ཟུར་ ཙམ་ ཞིག་ དབྱངས་ སུ་ བླངས་པ་ ལ་ འགལ་བ་ མེད་ དགོངས་ ནས་ མགུར་ འདི་ གསུངས་ སོ ། ། ། ། གསན་ དང་ སྙིང་གྲོགས་ དཔལ་བཟང་པོ ། ། ང་ མར་པ་ བྱ་བ འི་ བན་དྷེ་ ལ ། ། ནཱ་རོ་མཻ་ཏྲི་ དགོངས་པ་ གཉིས ། ། གང་ ཟབ་ གསུངས་པ ས་ དབྱངས་ འདི་ ལེན ། ། སེང་གེ་ ལྟ་བུ འི་ ན་རོ་པ །" }, { "source": "ཀུན་གྱི་ནང་ནས་རིན་པོ་ཆེ།། དགོས་འདོད་ཐམས་ཅད་སྐོང་།། མཛད་དགོངས་པ་ཉིད་ཀྱི་ཐུཊ་ལ་མངའ།། རྗེ་དྷརྨ་དྷ་རས་ཐུགས་རྗེས་བཟུང་། པཎ་ཆེན་དེ་ཡི་ཞབས་པད་ནི།། དེང་སང་བདག་གི་གཙུག་གི་རྒྱན།། ཁོང་གི་དགོངས་པ་འདི་ལྟར་གདའ།། སྙན་ལྷན་ནེ་གསོན་ལ་ཐུགས་གཏད་འཚལ།། ཆོས་སྐུའི་མཁའ་ལ་ཡེ་ཤེས་སྤྲིན་ཕུང་འཁྲིགས།། ཆར་རྒྱུན་སྤྲུལ་པས་འགྲོ་བ་ཡོངས་ལ་ཁྱབ།། བརྒྱུད་པ་མ་ཆད་སྐྱེས་བུ་བླ་མ་མཆོག། དེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།། ཆོས་སྐུ་ནམ་མཁའ་ལྟ་བུ་དེ།། སངས་རྒྱས་རྡོ་རྗེ་འཆང་ཆེན་ཡིན།། ཡེ་ཤེས་སྤྲིན་ཕུང་འཁྲུགས་པ་དེ།། བྱང་ཆུབ་སེམས་དཔའ་རྣམ་གཉིས་ཡིན།། ཕྲིན་ལས་བདུད་རྩིའི་ཆར་འབབ་པ།། རྗེ་བཅུན་བྲམ་ཟེ་ས་ར་ཧ།། སྤྲུལ་པས་འགྲོ་དོན་མཛད་པ་དེ།། རི་ཁྲོད་དབང་ཕྱུག་ཤ་བ་རི།། དེ་ཡི་བརྒྱུད་པ་མ་ཆད་པ།། མངའ་བདག་རྒྱལ་སྲས་མཻ་ཏྲི་ལགས།། དམ་པ་དེ་ལ་དྲིན་ཐོབ་པ།། གོ་ལུགས་དགོངས་པ་འདི་ལྟར་གདའ།། འགྱུར་མེད་རིག་པ་རང་གསལ་དེ།། ཆོས་སྐུ་སྐྱེ་བ་མེད་པར་བཞེད།། རང་བྱུང་ཡེ་ཤེས་འགག་མེད་ནི།། སྣ་ཚོགས་གསལ་བའི་སྐུ་རུ་བཞེད།། དེ་གཉིས་ཟུང་འཇུག་ལྷན་སྐྱེས་དེ།། ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞེད།། དེ་གསུམ་གཞི་རྩ་མ་གྲུབ་པ།། ངོ་བོ་ཉིད་ཀྱི་སྐུ་རུ་བཞེད།། དེ་དག་ཟག་པ་མེད་པ་དེ།། བདེ་བ་ཆེན་པོའི་སྐུ་རུ་བཞེད།། དོན་གྱི་སྐུ་ལྔ་དེ་ལྟར་ལགས།། དེ་ཐུགས་ལ་བདེ་འམ་སྙིང་གི་གྲོགས།། ཞེས་པ་དེ་གསུངས་པ་དང་།", "target": "ཀུན་ གྱི་ ནང་ ནས་ རིན་པོ་ཆེ ། ། དགོས་འདོད་ ཐམས་ཅད་ སྐོང་ ། ། མཛད་ དགོངས་པ་ ཉིད་ ཀྱི་ ཐུཊ་ ལ་ མངའ ། ། རྗེ་ དྷརྨ་དྷ་ར ས་ ཐུགས་རྗེ ས་ བཟུང་ ། པཎ་ཆེན་ དེ་ ཡི་ ཞབས་པད་ ནི ། ། དེང་སང་ བདག་ གི་ གཙུག་ གི་ རྒྱན ། ། ཁོང་ གི་ དགོངས་པ་ འདི་ ལྟ ར་ གདའ ། ། སྙན་ ལྷན་ནེ་ གསོན་ ལ་ ཐུགས་ གཏད་ འཚལ ། ། ཆོས་སྐུ འི་ མཁའ་ ལ་ ཡེ་ཤེས་སྤྲིན་ཕུང་ འཁྲིགས ། ། ཆར་རྒྱུན་སྤྲུལ་པ ས་ འགྲོ་བ་ ཡོངས་ ལ་ ཁྱབ ། ། བརྒྱུད་པ་ མ་ ཆད་ སྐྱེས་བུ་ བླ་མ་ མཆོག ། དེ་ ལ་ སྒོ་ གསུམ་ གུས་པ ས་ ཕྱག་ འཚལ་ ལོ ། ། ཆོས་སྐུ་ ནམ་མཁའ་ ལྟ་བུ་ དེ ། ། སངས་རྒྱས་ རྡོ་རྗེ་འཆང་ཆེན་ ཡིན ། ། ཡེ་ཤེས་སྤྲིན་ཕུང་ འཁྲུགས་པ་ དེ ། ། བྱང་ཆུབ་སེམས་དཔའ་ རྣམ་ གཉིས་ ཡིན ། ། ཕྲིན་ལས་ བདུད་རྩི འི་ ཆར་ འབབ་པ ། ། རྗེ་བཅུན་ བྲམ་ཟེ་ ས་ར་ཧ ། ། སྤྲུལ་པ ས་ འགྲོ་དོན་ མཛད་པ་ དེ ། ། རི་ཁྲོད་དབང་ཕྱུག་ ཤ་བ་རི ། ། དེ་ ཡི་ བརྒྱུད་པ་ མ་ ཆད་པ ། ། མངའ་བདག་ རྒྱལ་སྲས་ མཻ་ཏྲི་ ལགས ། ། དམ་པ་ དེ་ ལ་ དྲིན་ ཐོབ་པ ། ། གོ་ལུགས་ དགོངས་པ་ འདི་ ལྟ ར་ གདའ ། ། འགྱུར་མེད་རིག་པ་ རང་གསལ་ དེ ། ། ཆོས་སྐུ་ སྐྱེ་བ་ མེད་པ ར་ བཞེད ། ། རང་བྱུང་ཡེ་ཤེས་ འགག་མེད་ ནི ། ། སྣ་ཚོགས་ གསལ་བ འི་ སྐུ་ རུ་ བཞེད ། ། དེ་ གཉིས་ ཟུང་འཇུག་ ལྷན་སྐྱེས་ དེ ། ། ལོངས་སྤྱོད་ རྫོགས་པ འི་ སྐུ་ རུ་ བཞེད ། ། དེ་ གསུམ་ གཞི་རྩ་ མ་ གྲུབ་པ ། ། ངོ་བོ་ཉིད་ ཀྱི་ སྐུ་ རུ་ བཞེད ། ། དེ་ དག་ ཟག་པ་ མེད་པ་ དེ ། ། བདེ་བ་ ཆེན་པོ འི་ སྐུ་ རུ་ བཞེད ། ། དོན་ གྱི་ སྐུ་ ལྔ་ དེ་ ལྟ ར་ ལགས ། ། དེ་ ཐུགས་ ལ་ བདེ་ འམ་ སྙིང་ གི་ གྲོགས ། ། ཞེས་པ་ དེ་ གསུངས་པ་ དང་ །" }, { "source": "སྐུ་ལྔའི་དགོངས་བཞེད་དེ་ལེགས། དོན་ལ་ལྟ་སྒོམ་སྤྱོད་འབྲས་ཇི་ལྟར་བཞེད་པ་འདུག་གསུངས་པ་ལ། ཡང་མགུར་འདི་གསུངས་སོ།།།། ཐུགས་གཞན་དུ་མ་གོལ་གསན་པར་ཞུ།། ཚིག་གི་སྡེབ་སྦྱོར་མི་མཁས་ཀྱང་།། དོན་གྱི་གདམས་ངག་གོ་ལུགས་འདི།། སྙན་ཚུད་བགྱིད་པས་མཇལ་བར་མཛོད།། སྲིད་གསུམ་ཡེ་ནས་རྣམ་པར་དགདོན་དམ་ཡེ་ནས་གོ་རྒྱུ་མེད།། མེད་པ་མ་ཡིན་རྒྱུན་ཆད་མེད།། འཕོ་འགྱུར་མེད་པ་ལྟ་བར་བཞེད།། གཉུག་མའི་ངོ་བོ་ངང་གིས་གསལ། ཟག་མེད་བསམ་གཏན་རྒྱུན་ཆད་མེད།། མེད་པ་མ་ཡིན་འདུ་འབྲལ་མེད།། ཞེན་ཆགས་མེད་པ་སྒོམ་པར་བཞེད།། སྣ་ཚོགས་རྟེན་འབྲེལ་ཤུགས་འབྱུང་ལ། སྒྱུ་མའི་རོལ་པ་འགག་པ་མེད།། མེད་པ་མ་ཡིན་དངོས་པོ་ལ།། གློ་བུར་ངེས་མེད་སྤྱོད་པར་བཞེད།། སེམས་རྒྱུད་བྱང་ཆུབ་སྙིང་པོར་གསལ། སྐུ་གསུམ་སངས་རྒྱས་ཐོབ་པར་མེད།། མེད་པ་ཡིན་རེ་དོགས་བྲལ།། གཞི་མེད་རྩ་བྲལ་འབྲས་བུར་བཞེད།། ཅེས་གསུངས་པས། ཡང་དྲིས་པ། བསྒོམ་ཉམས་སུ་ལེན་པའི་གང་ཟག་ལ་གདམས་ངག་ཅིག་ཅར་དུ་འདེབས་སམ། ཐབས་ལམ་ལ་བརྟེན་ནས་འཁྲིད་མཛད་པ་འདུག་གསུང་པ་ལ། ཡང་མགུར་འདི་གསུངས་སོ།།།། ཁྱེད་ཅག་མཆེད་གྲོགས་གོང་མ་རྣམས།། ངེད་གྱི་རྗེ་བཙུན་པི་ཏྲི་བ།། སྤྱན་རས་གཟིགས་ཀྱིས་ལུང་།། བསྟན་འགྲོ་མགོན་ཀླུ་སྒྲུབ་ཐུགས་ཀྱི་སྲས།། ཤ་ཝ་རི་པའི་ཞབས་ལ་གཏུགས།། སུམ་ལྡན་ཚང་བར་རྗེས་གནང་མཛད།། གསང་མཚན་གཉིས་མེད་རྡོ་རྗེར་བཏགས།།", "target": "སྐུ་ ལྔ འི་ དགོངས་བཞེད་ དེ་ ལེགས ། དོན་ ལ་ ལྟ་སྒོམ་སྤྱོད་འབྲས་ ཇི་ ལྟ ར་ བཞེད་པ་ འདུག་ གསུངས་པ་ ལ ། ཡང་ མགུར་ འདི་ གསུངས་ སོ ། ། ། ། ཐུགས་ གཞན་ དུ་ མ་ གོལ་ གསན་པ ར་ ཞུ ། ། ཚིག་ གི་ སྡེབ་སྦྱོར་ མི་ མཁས་ ཀྱང་ ། ། དོན་ གྱི་ གདམས་ངག་ གོ་ལུགས་ འདི ། ། སྙན་ ཚུད་ བགྱིད་པ ས་ མཇལ་བ ར་ མཛོད ། ། སྲིད་ གསུམ་ ཡེ་ ནས་ རྣམ་པ ར་ དག དོན་དམ་ ཡེ་ ནས་ གོ་རྒྱུ་ མེད ། ། མེད་པ་ མ་ ཡིན་ རྒྱུན་ ཆད་མེད ། ། འཕོ་འགྱུར་ མེད་པ་ ལྟ་བ ར་ བཞེད ། ། གཉུག་མ འི་ ངོ་བོ་ ངང་ གིས་ གསལ ། ཟག་མེད་བསམ་གཏན་ རྒྱུན་ ཆད་མེད ། ། མེད་པ་ མ་ ཡིན་ འདུ་འབྲལ་ མེད ། ། ཞེན་ཆགས་ མེད་པ་ སྒོམ་པ ར་ བཞེད ། ། སྣ་ཚོགས་ རྟེན་འབྲེལ་ཤུགས་ འབྱུང་ ལ ། སྒྱུ་མ འི་ རོལ་པ་ འགག་པ་ མེད ། ། མེད་པ་ མ་ ཡིན་ དངོས་པོ་ ལ ། ། གློ་བུ ར་ ངེས་མེད་ སྤྱོད་པ ར་ བཞེད ། ། སེམས་རྒྱུད་ བྱང་ཆུབ་སྙིང་པོ ར་ གསལ ། སྐུ་ གསུམ་ སངས་རྒྱས་ ཐོབ་པ ར་ མེད ། ། མེད་པ་ ཡིན་ རེ་དོགས་ བྲལ ། ། གཞི་མེད་རྩ་བྲལ་འབྲས་བུ ར་ བཞེད ། ། ཅེས་ གསུངས་པ ས ། ཡང་ དྲིས་པ ། བསྒོམ་ ཉམས་ སུ་ ལེན་པ འི་ གང་ཟག་ ལ་ གདམས་ངག་ ཅིག་ཅར་ དུ་ འདེབས་ སམ ། ཐབས་ལམ་ ལ་ བརྟེན་ ནས་ འཁྲིད་ མཛད་པ་ འདུག་ གསུང་པ་ ལ ། ཡང་ མགུར་ འདི་ གསུངས་ སོ ། ། ། ། ཁྱེད་ཅག་ མཆེད་གྲོགས་ གོང་མ་ རྣམས ། ། ངེད་ གྱི་ རྗེ་བཙུན་ པི་ཏྲི་བ ། ། སྤྱན་རས་གཟིགས་ ཀྱིས་ ལུང་ ། ། བསྟན་ འགྲོ་མགོན་ ཀླུ་སྒྲུབ་ ཐུགས་ ཀྱི་ སྲས ། ། ཤ་ཝ་རི་པ འི་ ཞབས་ ལ་ གཏུགས ། ། སུམ་ལྡན་ ཚང་བ ར་ རྗེས་གནང་ མཛད ། ། གསང་མཚན་ གཉིས་མེད་རྡོ་རྗེ ར་ བཏགས ། །" }, { "source": "ཁོང་རྒྱུད་སྡེ་ཀུན་གྱི་ལྡེ་མིག་འཛིན།། གསང་སྔགས་ཐབས་ལམ་མངོན་དུ་གྱུར།། ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་མཛོད།། ཆོས་ཀྱི་སེང་གེ་ཆོས་ཀྱི་རྒྱལ།། སྒྲ་དང་དབུ་ཚད་མཐའ་དག་མཁྱེན།། པཎྚི་ཏ་ཡི་དངོས་གྲུབ་བརྙེས།། དངོས་པོའི་གནས་ལུགས་དྲི་མེད་མཁྱེན།། རྒྱལ་སྲིད་རྩྭ་བཞིན་དོར་བྱས་ནས།། ཚེ་གཅིག་མཆོག་གི་གོ་འཕང་ཐོབ།། རྗེ་བཙུན་མཁའ་འགྲོས་ཞལ་བསྟན་ཅིང་། ཐུན་མོང་བསྒྲུབས་པས་ཐམས་ཅད་ཐོབ།། དེ་ལྟར་ཡོན་ཏན་དཔག་མེད་བརྙེས།། ཕ་ཁོང་གི་དགོངས་པ་འདི་ལྟར་གདའ།། རིམ་པར་སྲེས་པའི་གང་ཟག་ལ།། སྲོག་རྩོལ་གཏུམ་མོའི་གདམས་ངག་དང་།། ཞེན་མེད་སྒྱུ་ལུས་ཀྱི་གདམས་ངག་དང་།། མུན་སེལ་འོད་གསལ་གྱི་ངོ་སྤྲོད་དང་།། སྲིད་པ་ལོངས་སྐུའི་ངོ་སྤྲོད་དང་།། སྐྱེ་བ་སྤྲུལ་སྐུའི་ངོ་སྤྲོད་སོགས།། ཐབས་མཆོག་གཞི་ལམ་འབྲས་བུར་ཁྲིད།། ཅིག་ཅར་བ་ཡི་གང་ཟག་ལ།། ཕྱག་ཆེན་གཅེར་མཐོང་ངོ་སྤྲོད་མཛད།། ཕ་ཁོང་མཐོང་སྒོ་གསུམ་དང་བ་སྐྱེས།། ཐོས་ན་ལས་ཀྱི་སྒྲིབ་པ་འདགམཇལ་ན་ངན་སོང་འཇིགས་ལས་གྲོལ།། ཞུས་ན་སངས་རྒྱས་ལག་བཅངས་གནང་།། དཔལ་རི་ཁྲོད་དབང་ཕྱུག་གི་བརྒྱུད་པ་འཛིན།། པཎ་ཆེན་ནཱ་རོའི་ཐུགས་ཀྱི་སྲས།། སངས་རྒྱས་གཉིས་པ་རིན་པོ་ཆེ།། རྗེ་མཻ་ཏྲི་པ་ཡི་ཡོན་ཏན་ལགས།། དེང་སང་སྐྱེ་བོ་ཕྲག་དོག་ཆེ།། སྤུན་ཁྱེད་ཉིད་མ་གཏོགས་བཟླས་པ་ན།། ཡོན་ཏན་མི་འཕེལ་ཟག་པ་འཕེལ།། དེ་ཕྱིར་ཕལ་ལ་གསང་བ་ལགས།།", "target": "ཁོང་ རྒྱུད་སྡེ་ ཀུན་ གྱི་ ལྡེ་མིག་ འཛིན ། ། གསང་སྔགས་ཐབས་ལམ་ མངོན་ དུ་ གྱུར ། ། ཆོས་ ཀྱི་ རྒྱལ་མཚན་ ཆོས་ ཀྱི་ མཛོད ། ། ཆོས་ ཀྱི་ སེང་གེ་ ཆོས་ ཀྱི་ རྒྱལ ། ། སྒྲ་ དང་ དབུ་ཚད་ མཐའ་དག་ མཁྱེན ། ། པཎྚི་ཏ་ ཡི་ དངོས་གྲུབ་ བརྙེས ། ། དངོས་པོ འི་ གནས་ལུགས་ དྲི་མེད་ མཁྱེན ། ། རྒྱལ་སྲིད་ རྩྭ་ བཞིན་ དོར་ བྱས་ ནས ། ། ཚེ་ གཅིག་ མཆོག་ གི་ གོ་འཕང་ ཐོབ ། ། རྗེ་བཙུན་ མཁའ་འགྲོ ས་ ཞལ་ བསྟན་ ཅིང་ ། ཐུན་མོང་ བསྒྲུབས་པ ས་ ཐམས་ཅད་ ཐོབ ། ། དེ་ ལྟ ར་ ཡོན་ཏན་ དཔག་མེད་ བརྙེས ། ། ཕ་ ཁོང་ གི་ དགོངས་པ་ འདི་ ལྟ ར་ གདའ ། ། རིམ་པ ར་ སྲེས་པ འི་ གང་ཟག་ ལ ། ། སྲོག་རྩོལ་ གཏུམ་མོ འི་ གདམས་ངག་ དང་ ། ། ཞེན་མེད་སྒྱུ་ལུས་ ཀྱི་ གདམས་ངག་ དང་ ། ། མུན་སེལ་འོད་གསལ་ གྱི་ ངོ་སྤྲོད་ དང་ ། ། སྲིད་པ་ ལོངས་སྐུ འི་ ངོ་སྤྲོད་ དང་ ། ། སྐྱེ་བ་ སྤྲུལ་སྐུ འི་ ངོ་སྤྲོད་ སོགས ། ། ཐབས་མཆོག་ གཞི་ལམ་འབྲས་བུ ར་ ཁྲིད ། ། ཅིག་ཅར་བ་ ཡི་ གང་ཟག་ ལ ། ། ཕྱག་ཆེན་གཅེར་མཐོང་ངོ་སྤྲོད་ མཛད ། ། ཕ་ ཁོང་ མཐོང་སྒོ་ གསུམ་ དང་བ་ སྐྱེས ། ། ཐོས་ ན་ ལས་ ཀྱི་ སྒྲིབ་པ་ འདག མཇལ་ ན་ ངན་སོང་ འཇིགས་ ལས་ གྲོལ ། ། ཞུས་ ན་ སངས་རྒྱས་ ལག་བཅངས་ གནང་ ། ། དཔལ་རི་ཁྲོད་དབང་ཕྱུག་ གི་ བརྒྱུད་པ་ འཛིན ། ། པཎ་ཆེན་ ནཱ་རོ འི་ ཐུགས་ ཀྱི་ སྲས ། ། སངས་རྒྱས་ གཉིས་པ་ རིན་པོ་ཆེ ། ། རྗེ་ མཻ་ཏྲི་པ་ ཡི་ ཡོན་ཏན་ ལགས ། ། དེང་སང་ སྐྱེ་བོ་ ཕྲག་དོག་ ཆེ ། ། སྤུན་ ཁྱེད་ ཉིད་ མ་ གཏོགས་ བཟླས་པ་ ན ། ། ཡོན་ཏན་ མི་ འཕེལ་ ཟག་པ་ འཕེལ ། ། དེ་ ཕྱི ར་ ཕལ་ ལ་ གསང་བ་ ལགས ། །" }, { "source": "བླ་མའི་མཛད་སྤྱོད་དེ་ལྟར་གདའ།། ལེགས་སམ་སྐལ་ལྡན་རྡོ་རྗེ་སྤུན།། ཅེས་པ་དེ་སྐད་གསུངས་པས། པཎྜི་ཏ་ཤྲཱི་བྷ་དྲས་དབུ་མཛད་པ་རྣམས་དགྱེས་ནས་ལོ་ཙྪ་བ་ཁྱེད་ཀྱི་འདུན་མ་གཤའ་མར་གྲུབ་གདའ་གསུངས་སོ།། དེ་ནས་རྗེ་མར་པས་དཔལ་ནཱ་རོ་པའི་དྲུང་དུ་ཕེབས་ཏེ་ཡང་བཀའ་ལུང་ལྟར་བླ་མ་རྣམས་ལ་གསེར་གྱི་འབུལ་བ་དང་བཅས་ཐོག་མར་དུག་མཚའི་དོ་ལ་བྱོན་ཏེ། ཀུ་ཀུ་རོ་པ་དང་། རྣལ་འབྱོར་མ་རུས་པའི་རྒྱན་ཅན་དང་མཇལ། དེ་ནས་ནུབ་དུ་ལ་ཀྵེ་ཏྲར་ཕེབས་ཏེ་དཔལ་ཡེ་ཤེས་སྙིང་པོ་དང་། སིང་གྷ་གླིང་པ་དང་མཇལ་ནས་བླ་མ་ཀུན་ལ་གསེར་གྱི་འབུལ་བས་ཤིན་ཏུ་མཉེས་པར་གྱུར་པ་ལ། སླར་ཡང་སྔར་ཐོབ་པ་དང་མ་ཐོབ་པའི་དབང་ལུང་གདམས་ངག་རྣམས་ཐུགས་ཚིམ་པར་ཞུས་པ་ཀུན་ལ་ཞུས་དག་ནན་ཏན་དང་བཅས་པའི་སྒོ་ནས་ཆོས་གང་ཐོབ་པའི་དཔེ་བསྒྱུར་ཞིང་བྲིས་ཏེ་བསྣམས་ནས་ཕུ་ལ་ཧ་རིར་ཕེབས་པ་དང་། དཔལ་ནཱ་རོ་པ་ལ་བདེ་མཆོག་རྒྱལ་པོ་ཨིནྡྲ་བོ་དྷི་ནས་བརྒྱུད་པ་དང་། སངས་རྒྱས་ཐོས་པའི་རྒྱུད་བཤད་སྲོལ་བྲམ་ཟེ་ཆེན་པོ་ས་ར་ཧའི་ལུགས་ཤོག་དྲིལ་གདམས་ངག་དང་བཅས་པ་ཐོབ་པ་དང་། སྔར་ཐོབ་པའི་ཆོས་རྣམས་ཀྱི་དཔེ་ཆ་བསྒྱུར་ནས་འདྲི་ཞིང་ཡོད་པ་ལས། ལན་ཅིག་ནཱ་རོ་པ་གསོལ་མཛད་པའི་དྲུང་ན་མར་པ་བཞུགས་དུས་ཤིགཁ་ཆེ་ལ་བར་ནས་ཡིན་ཟེར་བའི་པཎྜི་ཏ་མཁས་པ་ཨ་ཀ་ར་སིདྡྷི་བྱ་བའི་དགེ་སློང་ཞི་དུལ་ཅན། ནཱ་རོ་པས་ཀྱང་ཞེ་ས་རྩེ་སྤྲོད་དུ་མཛད་པ་ཞིག་བྱུང་བ་དེ། གསང་འདུས་ཀྱི་དབང་ལུང་འགྲེལ་བཤད་མན་ངག་དང་བཅས་པ་གནང་དགོས་ཞེས་གསོལ་བ་འདེབས་ཤིང་འདུག་པ་ལ།", "target": "བླ་མ འི་ མཛད་སྤྱོད་ དེ་ ལྟ ར་ གདའ ། ། ལེགས་ སམ་ སྐལ་ལྡན་རྡོ་རྗེ་སྤུན ། ། ཅེས་པ་ དེ་ སྐད་ གསུངས་པ ས ། པཎྜི་ཏ་ ཤྲཱི་བྷ་དྲས་ དབུ་ མཛད་པ་ རྣམས་ དགྱེས་ ནས་ ལོ་ཙྪ་བ་ ཁྱེད་ ཀྱི་ འདུན་མ་ གཤའ་མ ར་ གྲུབ་ གདའ་ གསུངས་ སོ ། ། དེ་ ནས་ རྗེ་ མར་པ ས་ དཔལ་ནཱ་རོ་པ འི་ དྲུང་ དུ་ ཕེབས་ ཏེ་ ཡང་ བཀའ་ལུང་ ལྟ ར་ བླ་མ་ རྣམས་ ལ་ གསེར་ གྱི་ འབུལ་བ་ དང་ བཅས་ ཐོག་མ ར་ དུག་མཚ འི་ དོ་ ལ་ བྱོན་ ཏེ ། ཀུ་ཀུ་རོ་པ་ དང་ ། རྣལ་འབྱོར་མ་ རུས་པ འི་ རྒྱན་ཅན་ དང་ མཇལ ། དེ་ ནས་ ནུབ་ དུ་ ལ་ཀྵེ་ཏྲ ར་ ཕེབས་ ཏེ་ དཔལ་ཡེ་ཤེས་སྙིང་པོ་ དང་ ། སིང་གྷ་གླིང་པ་ དང་ མཇལ་ ནས་ བླ་མ་ ཀུན་ ལ་ གསེར་ གྱི་ འབུལ་བ ས་ ཤིན་ ཏུ་ མཉེས་པ ར་ གྱུར་པ་ ལ ། སླ ར་ ཡང་ སྔ ར་ ཐོབ་པ་ དང་ མ་ ཐོབ་པ འི་ དབང་ལུང་གདམས་ངག་ རྣམས་ ཐུགས་ ཚིམ་པ ར་ ཞུས་པ་ ཀུན་ ལ་ ཞུས་དག་ ནན་ཏན་ དང་ བཅས་པ འི་ སྒོ་ ནས་ ཆོས་ གང་ ཐོབ་པ འི་ དཔེ་ བསྒྱུར་ ཞིང་ བྲིས་ ཏེ་ བསྣམས་ ནས་ ཕུ་ལ་ཧ་རི ར་ ཕེབས་པ་ དང་ ། དཔལ་ནཱ་རོ་པ་ ལ་ བདེ་མཆོག་ རྒྱལ་པོ་ ཨིནྡྲ་བོ་དྷི་ ནས་ བརྒྱུད་པ་ དང་ ། སངས་རྒྱས་ཐོས་པ འི་ རྒྱུད་བཤད་སྲོལ་ བྲམ་ཟེ་ ཆེན་པོ་ ས་ར་ཧ འི་ ལུགས་ ཤོག་དྲིལ་ གདམས་ངག་ དང་ བཅས་པ་ ཐོབ་པ་ དང་ ། སྔ ར་ ཐོབ་པ འི་ ཆོས་ རྣམས་ ཀྱི་ དཔེ་ཆ་ བསྒྱུར་ ནས་ འདྲི་ ཞིང་ ཡོད་པ་ ལས ། ལན་ ཅིག་ ནཱ་རོ་པ་ གསོལ་ མཛད་པ འི་ དྲུང་ ན་ མར་པ་ བཞུགས་ དུས་ ཤིག ཁ་ཆེ་ལ་བར་ ནས་ ཡིན་ ཟེར་བ འི་ པཎྜི་ཏ་ མཁས་པ་ ཨ་ཀ་ར་སིདྡྷི་ བྱ་བ འི་ དགེ་སློང་ ཞི་དུལ་ཅན ། ནཱ་རོ་པ ས་ ཀྱང་ ཞེ་ས་ རྩེ་ སྤྲོད་ དུ་ མཛད་པ་ ཞིག་ བྱུང་བ་ དེ ། གསང་འདུས་ ཀྱི་ དབང་ལུང་འགྲེལ་བཤད་ མན་ངག་ དང་ བཅས་པ་ གནང་ དགོས་ ཞེས་ གསོལ་བ་ འདེབས་ ཤིང་ འདུག་པ་ ལ །" }, { "source": "རྗེ་མར་པས་ཀྱང་གསོལ་བ་བཏབ་པས། ད་དུས་ལ་བབ་ཕྱིར་ཅིས་ཀྱང་བྱེད་གསུང་། ཁོང་དང་མཉམ་དུ་གསང་འདུས་རིགས་རྒྱས་བསྡུས་གཉིས་ཀའི་དབང་དང་། རྒྱུད་བཤད་པ་ཆེན་མོ་དོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་པ་ཤོ་ལོ་ཀ་སུམ་སྟོང་ལྔ་བརྒྱ་པ་དང་། འགྲེལ་བ་སྒྲོན་གསལ་རྣམས་གནང་ཞིང་། ཆོས་གྲོལ་བ་དང་། ཁོང་འབྱོན་ཞིང་འདུག་པ་ལ་གཤེགས་སྐྱེལ་བྱས། ད་གང་དུ་འབྱོན་ཞུས་པས། ད་བོད་ལ་ལམ་བྱས་རྒྱ་ནག་རི་བོ་རྩེ་ལྔ་ལ་གནས་འབྲེལ་ལ་འགྲོ་གསུངས་པ་ལ། མར་པའི་ཐུགས་ལ་པཎྜི་ཏ་མཁས་པ་འདི་བོད་ལ་བྱོན་རྗེས། ངལ་གསང་འདུས་སོགས་ཆོས་ཞུ་མི་ཅུང་ཟད་ཉུང་བ་ཙམ་ཡོང་ངམ་དགོངས་པ་ཡུན་ཙམ་ཞིག་ཐུགས་ལ་ཤར་བས། དེ་པཎྜི་ཏའི་མངོན་མཁྱེན་གྱིས་རིག་བཞིན་བོད་ལ་བྱོན་པས། ཁབ་གུང་ཐང་གི་ཡང་ཐོག་ན་ནག་ཚོ་ལོ་ཙྪ་བས་སྒྲོན་གསལ་འཆད་ཅིང་འདུག་པའི་སར་ཕེབས་པ་ལས། ཁོང་ན་རེ། ཛོ་ཀི་ཁྱོད་གང་ནས་ཡིན། གང་དུ་འགྲོ་གསུངས་པ་ལ། ང་པཎྜི་ཏ་ཡིན། རྒྱ་ནག་རི་བོ་རྩེ་ལྔ་ལ་འགྲོ་བྱས་པས། ནག་ཚོ་ཁྲེལ་ནས། རྒྱ་གར་གྱི་པཎྜི་ཏ་འདི་རྣམས་གསེར་འཚོལ་བའི་ཕྱིར་དུ་རྐང་པ་སྔོ་རྗེན་རྗེན་འོང་ནུས་པ་རྒོད་བྲོ། ཁྱོད་ཀྱིས་པཎྜི་ཏ་ཨ་ཀ་ར་སིང་དྷི་ངོ་ཤེས་སམ་ཟེར་བ་ལ། ང་རང་ཡིན་བྱས་པས། དེ་ཡིན་ན་གསེར་ཚོལ་པ་མ་ཡིན་ངོ་མཚར་ཅན་ཡིན་ཟེར་ནང་དུ་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། སྤྱིར་གྱིས་མདོ་སྔགས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་མང་པོ་དང་། ཁྱད་པར་གསང་འདུས་ཞུས་ཤིང་གནང་བའི་བར་ལ། པཎྜི་ཏས་མངོན་མཁྱེན་གྱིས་དགོངས་པ་ལ། བོད་ལ་ཕྱིན་ཆོས་བཤད་རུང་། ང་རང་གི་འདུལ་སྐལ་ནི་འདི་བས་གཞན་མི་འདུགབོད་ཀྱི་ད་ལྡའི་སྔགས་ལ་དད་པ་ཀུན་ནི་ཊཾ་བྷི་ཧེ་རུ་ཀའི་རྣམ་འཕྲུལ་མར་པ་ལོ་ཙྪའི་གདུལ་བྱར་འདུག་པས་ཁོང་རང་གིས་ཐུལ་བར་འདུག་པས། རྒྱ་ནག་ལ་ཕྱིན་རུང་ཚེའི་བར་ཆད་དུ་འགྲོ་བ་དང་། གདུལ་བྱའི་ཕྲིན་ལས་ཀྱི་སྐལ་བ་ཨུ་རྒྱན་ན་ཡོད་པར་དགོངས་པའི་ཕྱིར། སླར་རྒྱ་གར་ལ་འབྱོན་པར་ཐུགས་ཐག་ཆོད་པ་ལ་ཆོས་གྲོལ་ཚེ། ནག་ཚོས་གསེར་གྱི་འབུལ་བ་མང་དག་ཕུལ་བའི་ཁར། བོད་དུ་མཁོ་བའི་ཡོ་བྱད་འགའ་ཕུལ་ནས། རྒྱ་ནག་ལ་འབྱོན་པའི་ཐོག་མར་བོད་ལ་འབྱོན་དགོས་པ་གདའ་བས། ལྷ་ས་བར་གྱི་ས་སྣ་དང་ཞགས་ཏོག་པ་མི་དུ་དགོས་གཏོང་ཞུས་པས། ཐུགས་ཞེན་ལོག་ཆེ་བ་དང་། སྔར་པཎྜི་ཏ་གསེར་ཚོལ་བ་ལ་རྐང་བཙུགས་འབྱོན་པའི་གཏམ་དེས་ཐུགས་མཛངས་པས། ང་རྒྱ་གར་ལ་འགྲོ་སྟེ་གསེར་དང་ཟླ་གྲོགས་ཡེ་མི་དགོས་གསུང་མ་བཞེས་ཚེ། རྒྱུ་མཚན་ཅི་ལགས་ཞུས་པས། མངོན་མཁྱེན་གྱིས་དགོངས་ཚུལ་རྣམས་གསུངས་པ་ལས། རྒྱ་གར་ལ་འབྱོན་ན་བདག་ཚོགས་རྫོགས་ཕྱིར་གསེར་ཅིས་ཀྱང་བཞེས་དགོས་ཞེས་སྤྱན་ཆབ་བསིལ་ནས་ཞུ་བ་ནན་གྱིས་ཕུལ་བས། འོ་ན་ཁྱེད་ཚོགས་རྫོགས་ཕྱིར་ཅུང་ཟད་ཅིག་ཁྱེར་དགོས་གསུངས་ཏེ་སྲང་གང་བསྣམས་ནས་གཤེགས་པས། ནག་ཚོ་ལོ་ཙྪ་བ་རྗེ་བཙུན་མར་པ་ལ་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོར་ཐུགས་ཐག་ཆོད་པའི་དག་སྣང་ཤར་རོ།།", "target": "རྗེ་ མར་པ ས་ ཀྱང་ གསོལ་བ་ བཏབ་པ ས ། ད་ དུས་ ལ་ བབ་ ཕྱི ར་ ཅི ས་ ཀྱང་ བྱེད་ གསུང་ ། ཁོང་ དང་ མཉམ་ དུ་ གསང་འདུས་ རིགས་རྒྱས་བསྡུས་ གཉིས་ ཀ འི་ དབང་ དང་ ། རྒྱུད་བཤད་པ་ ཆེན་མོ་ དོ་ གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་པ་ ཤོ་ལོ་ཀ་ སུམ་ སྟོང་ ལྔ་ བརྒྱ་པ་ དང་ ། འགྲེལ་བ་ སྒྲོན་གསལ་ རྣམས་ གནང་ ཞིང་ ། ཆོས་ གྲོལ་བ་ དང་ ། ཁོང་ འབྱོན་ ཞིང་ འདུག་པ་ ལ་ གཤེགས་ སྐྱེལ་ བྱས ། ད་ གང་ དུ་ འབྱོན་ ཞུས་པ ས ། ད་ བོད་ ལ་ ལམ་ བྱས་ རྒྱ་ནག་རི་བོ་རྩེ་ལྔ་ ལ་ གནས་འབྲེལ་ ལ་ འགྲོ་ གསུངས་པ་ ལ ། མར་པ འི་ ཐུགས་ ལ་ པཎྜི་ཏ་ མཁས་པ་ འདི་ བོད་ ལ་ བྱོན་ རྗེས ། ང ལ་ གསང་འདུས་ སོགས་ ཆོས་ ཞུ་ མི་ ཅུང་ཟད་ ཉུང་བ་ ཙམ་ ཡོང་ ངམ་ དགོངས་པ་ ཡུན་ ཙམ་ ཞིག་ ཐུགས་ ལ་ ཤར་བ ས ། དེ་ པཎྜི་ཏ འི་ མངོན་མཁྱེན་ གྱིས་ རིག་ བཞིན་ བོད་ ལ་ བྱོན་པ ས ། ཁབ་གུང་ཐང་ གི་ ཡང་ཐོག་ ན་ ནག་ཚོ་ ལོ་ཙྪ་བ ས་ སྒྲོན་གསལ་ འཆད་ ཅིང་ འདུག་པ འི་ ས ར་ ཕེབས་པ་ ལས ། ཁོང་ ན་རེ ། ཛོ་ཀི་ ཁྱོད་ གང་ ནས་ ཡིན ། གང་ དུ་ འགྲོ་ གསུངས་པ་ ལ ། ང་ པཎྜི་ཏ་ ཡིན ། རྒྱ་ནག་རི་བོ་རྩེ་ལྔ་ ལ་ འགྲོ་ བྱས་པ ས ། ནག་ཚོ་ ཁྲེལ་ ནས ། རྒྱ་གར་ གྱི་ པཎྜི་ཏ་ འདི་ རྣམས་ གསེར་ འཚོལ་བ འི་ ཕྱི ར་ དུ་ རྐང་པ་ སྔོ་རྗེན་རྗེན་ འོང་ ནུས་པ་ རྒོད་ བྲོ ། ཁྱོད་ ཀྱིས་ པཎྜི་ཏ་ ཨ་ཀ་ར་སིང་དྷི་ ངོ་ ཤེས་ སམ་ ཟེར་བ་ ལ ། ང་ རང་ ཡིན་ བྱས་པ ས ། དེ་ ཡིན་ ན་ གསེར་ ཚོལ་པ་ མ་ ཡིན་ ངོ་ མཚར་ཅན་ ཡིན་ ཟེར་ ནང་ དུ་ གདན་ དྲངས ། བསྙེན་བཀུར་ ཕུན་སུམ་ཚོགས་པ་ བྱས ། སྤྱི ར་ གྱིས་ མདོ་སྔགས་ ཀྱི་ ཆོས་ ཟབ་ ཅིང་ རྒྱ་ ཆེ་བ་ མང་པོ་ དང་ ། ཁྱད་པ ར་ གསང་འདུས་ ཞུས་ ཤིང་ གནང་བ འི་ བར་ ལ ། པཎྜི་ཏ ས་ མངོན་མཁྱེན་ གྱིས་ དགོངས་པ་ ལ ། བོད་ ལ་ ཕྱིན་ ཆོས་ བཤད་ རུང་ ། ང་ རང་ གི་ འདུལ་སྐལ་ ནི་ འདི་ བས་ གཞན་ མི་ འདུག བོད་ ཀྱི་ ད་ ལྡ འི་ སྔགས་ ལ་ དད་པ་ ཀུན་ ནི་ ཊཾ་བྷི་ཧེ་རུ་ཀ འི་ རྣམ་འཕྲུལ་ མར་པ་ ལོ་ཙྪ འི་ གདུལ་བྱ ར་ འདུག་པ ས་ ཁོང་ རང་ གིས་ ཐུལ་བ ར་ འདུག་པ ས ། རྒྱ་ནག་ ལ་ ཕྱིན་ རུང་ ཚེ འི་ བར་ཆད་ དུ་ འགྲོ་བ་ དང་ ། གདུལ་བྱ འི་ ཕྲིན་ལས་ ཀྱི་ སྐལ་བ་ ཨུ་རྒྱན་ ན་ ཡོད་པ ར་ དགོངས་པ འི་ ཕྱི ར ། སླ ར་ རྒྱ་གར་ ལ་ འབྱོན་པ ར་ ཐུགས་ ཐག་ ཆོད་པ་ ལ་ ཆོས་ གྲོལ་ ཚེ ། ནག་ཚོ ས་ གསེར་ གྱི་ འབུལ་བ་ མང་ དག་ ཕུལ་བ འི་ ཁ ར ། བོད་ དུ་ མཁོ་བ འི་ ཡོ་བྱད་ འགའ་ ཕུལ་ ནས ། རྒྱ་ནག་ ལ་ འབྱོན་པ འི་ ཐོག་མ ར་ བོད་ ལ་ འབྱོན་ དགོས་པ་ གདའ་བ ས ། ལྷ་ས་ བར་ གྱི་ ས་སྣ་ དང་ ཞགས་ཏོག་པ་ མི་ དུ་ དགོས་ གཏོང་ ཞུས་པ ས ། ཐུགས་ཞེན་ལོག་ ཆེ་བ་ དང་ ། སྔ ར་ པཎྜི་ཏ་ གསེར་ ཚོལ་བ་ ལ་ རྐང་བཙུགས་ འབྱོན་པ འི་ གཏམ་ དེ ས་ ཐུགས་ མཛངས་པ ས ། ང་ རྒྱ་གར་ ལ་ འགྲོ་ སྟེ་ གསེར་ དང་ ཟླ་གྲོགས་ ཡེ་ མི་ དགོས་ གསུང་ མ་ བཞེས་ ཚེ ། རྒྱུ་མཚན་ ཅི་ ལགས་ ཞུས་པ ས ། མངོན་མཁྱེན་ གྱིས་ དགོངས་ཚུལ་ རྣམས་ གསུངས་པ་ ལས ། རྒྱ་གར་ ལ་ འབྱོན་ ན་ བདག་ ཚོགས་ རྫོགས་ ཕྱི ར་ གསེར་ ཅི ས་ ཀྱང་ བཞེས་ དགོས་ ཞེས་ སྤྱན་ཆབ་ བསིལ་ ནས་ ཞུ་བ་ ནན་ གྱིས་ ཕུལ་བ ས ། འོ་ ན་ ཁྱེད་ ཚོགས་ རྫོགས་ ཕྱི ར་ ཅུང་ཟད་ ཅིག་ ཁྱེར་ དགོས་ གསུངས་ ཏེ་ སྲང་ གང་ བསྣམས་ ནས་ གཤེགས་པ ས ། ནག་ཚོ་ ལོ་ཙྪ་བ་ རྗེ་བཙུན་ མར་པ་ ལ་ ས ར་ གནས་ ཀྱི་ བྱང་ཆུབ་སེམས་དཔའ་ ཆེན་པོ ར་ ཐུགས་ཐག་ ཆོད་པ འི་ དག་སྣང་ ཤར་ རོ ། །" }, { "source": "དེ་ནས་པཎྜི་ཏས་རྒྱ་གར་དུ་ཕེབས་ཏེ་རྗེ་མར་པ་ལ། ངས་གྲོགས་པོ་དོགས་པ་བཞིན་མ་བྱས་པས། རེ་བ་བཞིན་གྱི་གདུལ་བྱ་ཕྲིན་ལས་ཡོད་བ་ཡོད་དོ་གསུངས་པས། རྗེ་མར་པའི་ཐུགས་ལ། པཎྜི་ཏ་བཟང་པོ་འདིས་ངའི་ངན་རྟོག་ཅུང་ཟད་དེ་མངོན་མཁྱེན་གྱིས་དགོངས་འདུག་སྟེ། ཞེ་ནས་རྒྱུན་ཆགས་སུ་མེད་པས། ཐུགས་གཏིང་ནས་ཁྲེལ་དོན་མེད། ལར་རང་རིག་པ་བསྒྲིམས། བསམ་རྟོག་ངན་པ་མ་བྱུང་བ་བྱེད་དགོས་དགོངས་པ་ཤར་ཅིང་ཤར་བ་ལྟར་པཎྜི་ཏ་ལ་ཞུས་པས། ཨ་ཀྱང་བྲེ་མོ་ཡིན། ཁྱེད་སྐྱེ་བ་སྔོན་ནས་ལྷག་བསམ་དང་ལྡན་པའི་ཕྱིར། ད་ལྡ་བླ་མའི་ཐུགས་སུ་བྱོན་ཅིང་། མ་འོངས་པ་ན་བསྟན་པ་དང་སེམས་ཅན་གྱི་དཔལ་དུ་འགྱུར་བ་འདུག་གི་གསུང་ནས་ཨུ་རྒྱན་ལ་གཤེགས་སོ།། དེ་ནས་རྗེ་མར་པས་བླ་མ་རྣམས་ཀྱི་དྲུང་དུ་དབང་ལུང་གདམས་ངག་རྫོགས་པར་ཞུས་པ་རྣམས་ཀྱི་ཕྱག་དཔེ་རྣམས་བསྒྱུར་ཞིང་བཞེངས་པ་རྣམས་བརྩོན་འགྲུས་བསྐྱེད་ནས་མཛད་པས་མྱུར་དུ་གྲུབ་པར་གྱུར་ཏོ།།།། གསུམ་པ་བོད་ལ་བྱོན་ཚུལ་ནི། བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་པའི་མཛད་ཕྲིན་རྣམས་བཞེད་པ་ལྟར་གྲུབ་པས་ཐུགས་ཚིམ་ནས་བོད་ལ་བྱོན་ཁར། ནཱ་རོ་པའི་དྲུང་དུ་གཏང་རག་གི་ཚོགས་འཁོར་ཞིག་ཕུལ་བའི་ཚེ། པཎ་ཆེན་ནཱ་རོའི་ཕྱག་རྗེ་བཙུན་མར་པའི་དབུ་ཐོག་ཏུ་བཞག་ནས་མགུར་འདི་གསུངས་སོ།།།།", "target": "དེ་ ནས་ པཎྜི་ཏ ས་ རྒྱ་གར་ དུ་ ཕེབས་ ཏེ་ རྗེ་ མར་པ་ ལ ། ང ས་ གྲོགས་པོ་ དོགས་པ་ བཞིན་ མ་ བྱས་པ ས ། རེ་བ་ བཞིན་ གྱི་ གདུལ་བྱ་ ཕྲིན་ལས་ ཡོད་བ་ ཡོད་ དོ་ གསུངས་པ ས ། རྗེ་ མར་པ འི་ ཐུགས་ ལ ། པཎྜི་ཏ་ བཟང་པོ་ འདི ས་ ང འི་ ངན་རྟོག་ ཅུང་ཟད་ དེ་ མངོན་མཁྱེན་ གྱིས་ དགོངས་ འདུག་ སྟེ ། ཞེ་ ནས་ རྒྱུན་ཆགས་ སུ་ མེད་པ ས ། ཐུགས་ གཏིང་ ནས་ ཁྲེལ་ དོན་མེད ། ལ ར་ རང་ རིག་པ་ བསྒྲིམས ། བསམ་རྟོག་ ངན་པ་ མ་ བྱུང་བ་ བྱེད་ དགོས་ དགོངས་པ་ ཤར་ ཅིང་ ཤར་བ་ ལྟ ར་ པཎྜི་ཏ་ ལ་ ཞུས་པ ས ། ཨ་ཀྱང་ བྲེ་མོ་ ཡིན ། ཁྱེད་ སྐྱེ་བ་ སྔོན་ ནས་ ལྷག་བསམ་ དང་ ལྡན་པ འི་ ཕྱི ར ། ད་ ལྡ་ བླ་མ འི་ ཐུགས་ སུ་ བྱོན་ ཅིང་ ། མ་ འོངས་པ་ ན་ བསྟན་པ་ དང་ སེམས་ཅན་ གྱི་ དཔལ་ དུ་ འགྱུར་བ་ འདུག་ གི་ གསུང་ ནས་ ཨུ་རྒྱན་ ལ་ གཤེགས་ སོ ། ། དེ་ ནས་ རྗེ་ མར་པ ས་ བླ་མ་ རྣམས་ ཀྱི་ དྲུང་ དུ་ དབང་ལུང་གདམས་ངག་ རྫོགས་པ ར་ ཞུས་པ་ རྣམས་ ཀྱི་ ཕྱག་དཔེ་ རྣམས་ བསྒྱུར་ ཞིང་ བཞེངས་པ་ རྣམས་ བརྩོན་འགྲུས་ བསྐྱེད་ ནས་ མཛད་པ ས་ མྱུར་ དུ་ གྲུབ་པ ར་ གྱུར་ ཏོ ། ། ། ། གསུམ་པ་ བོད་ ལ་ བྱོན་ཚུལ་ ནི ། བསྟན་པ་ དང་ སེམས་ཅན་ གྱི་ དོན་ ལ་ དགོངས་པ འི་ མཛད་ཕྲིན་ རྣམས་ བཞེད་པ་ ལྟ ར་ གྲུབ་པ ས་ ཐུགས་ ཚིམ་ ནས་ བོད་ ལ་ བྱོན་ ཁ ར ། ནཱ་རོ་པ འི་ དྲུང་ དུ་ གཏང་རག་ གི་ ཚོགས་འཁོར་ ཞིག་ ཕུལ་བ འི་ ཚེ ། པཎ་ཆེན་ ནཱ་རོ འི་ ཕྱག་ རྗེ་བཙུན་ མར་པ འི་ དབུ་ ཐོག་ ཏུ་ བཞག་ ནས་ མགུར་ འདི་ གསུངས་ སོ ། ། ། །" }, { "source": "ནམ་མཁའི་མེ་ཏོག་སྐྱེས་བུ་ཡིས།། མོ་གཤམ་བུ་ཡི་རྟ་ཞོན་ནས།། རུས་སྦལ་སྤུ་ཡི་ཐུན་བྲབས་ཏེ།། རི་བོང་རྭ་ཡི་ཕུར་པ་ཡིས།། དགྲ་བོ་ཆོས་ཉིད་ཀློང་དུ་བསད།། ལྐུགས་པ་སྨྲ་ཞིང་དམུ་ལོང་བལྟ།། འོན་པ་ཉན་ཞིང་ཞ་བོ་རྒྱུགཉི་ཟླ་གར་མཁན་དུང་འབུད་ཅིང་།། འཁོར་ལོ་བུ་ཆུང་སྐོར་བར་བྱེད།། ཅེས་དང་། གཞན་ཡང་། གྲོང་འཇུག་དང་། སྙན་བརྒྱུད་སོགས་གདམས་ངག་ཟབ་མོ་འགའ་ཡོད་པས་ལན་གཅིག་ཅེས་ཀྱང་ཤོག་ཅིག་ཅེས་ནན་ཆེར་གསུངས་བ་མ་གཏོགས་ནཱ་རོའི་ཞལ་ནས་འདི་ལྟར་ཡིན་གསུངས་པ་ནི་མི་འདུགམར་པས་གོ་བ་དང་ཇི་ལྟར་ལགས་ཞུ་བ་ནི་མ་བྱུང་། ཚིག་རྣམས་ནི་ཐུགས་ལ་སལ་ལེར་འཇགས་བཞིན་པའི་ངང་ནས་ད་དུང་ལན་ཅིག་ཅེས་ཀྱང་མཇལ་བའི་དམ་བཅའ་ཕུལ་ཞིང་སྨོན་ལམ་བཏབ་ཅིང་བྱོན་པ་ལས། བལ་པོར་ཕེབས་ཏེ་ཡུན་རིང་མ་བཞུགས་པར་བོད་ལ་བྱོན་ནས་གཙང་དུ་ཕེབས་པས། གཙང་རོང་གི་མེ་སྟོན་ཚོན་པོས་བདེ་མཆོག་གི་དབང་གདམས་ངག་རྣམས་ཞུས་ཏེ་གནང་ཞིང་། བླ་མ་བཞུགས་པའི་ཚེ། སྐུ་ཁམས་བཟང་ཞིང་སྙན་གྲགས་དང་བཅས་བོད་ན་ཕེབས་པ་གྲོ་བོ་ལུང་དུ་ཐོས་པ་ལས། མར་པ་མགོ་ལེགས་སོགས་བུ་སློབ་འགས་བསུ་བ་ལ་བྱོན་པ་དང་བླ་མ་གཙང་རོང་ནས་བྱོན་པ་གཉིས་ཉང་སྟོད་རི་ནང་དུ་མཇལ་ཏེ་ལྷོ་བྲག་ཏུ་ཕེབས་ནས་བཞུགས་པའི་དྲུང་དུ་རྗེ་བཙུན་མི་ལ་ལ་སོགས་པ་སྐལ་ལྡན་གྱི་གདུལ་བྱ་མང་པོ་འདུས་ཤིང་། སྐུ་བསོད་སྙན་གྲགས་གདུལ་བྱ་ཕྲིན་ལས་རྣམས་ཤིན་ཏུ་རྒྱས་པར་གྱུར་ཏོ།།", "target": "ནམ་མཁ འི་ མེ་ཏོག་ སྐྱེས་བུ་ ཡིས ། ། མོ་གཤམ་ བུ་ ཡི་ རྟ་ ཞོན་ ནས ། ། རུས་སྦལ་སྤུ་ ཡི་ ཐུན་ བྲབས་ ཏེ ། ། རི་བོང་ རྭ་ ཡི་ ཕུར་པ་ ཡིས ། ། དགྲ་བོ་ ཆོས་ཉིད་ ཀློང་ དུ་ བསད ། ། ལྐུགས་པ་ སྨྲ་ ཞིང་ དམུ་ལོང་ བལྟ ། ། འོན་པ་ ཉན་ ཞིང་ ཞ་བོ་ རྒྱུག ཉི་ཟླ་ གར་མཁན་ དུང་ འབུད་ ཅིང་ ། ། འཁོར་ལོ་ བུ་ཆུང་ སྐོར་བ ར་ བྱེད ། ། ཅེས་ དང་ ། གཞན་ ཡང་ ། གྲོང་འཇུག་ དང་ ། སྙན་བརྒྱུད་ སོགས་ གདམས་ངག་ ཟབ་མོ་ འགའ་ ཡོད་པ ས་ ལན་ གཅིག་ ཅེས་ ཀྱང་ ཤོག་ ཅིག་ ཅེས་ ནན་ཆེ ར་ གསུངས་བ་ མ་ གཏོགས་ ནཱ་རོ འི་ ཞལ་ ནས་ འདི་ ལྟ ར་ ཡིན་ གསུངས་པ་ ནི་ མི་ འདུག མར་པ ས་ གོ་བ་ དང་ ཇི་ ལྟ ར་ ལགས་ ཞུ་བ་ ནི་ མ་ བྱུང་ ། ཚིག་ རྣམས་ ནི་ ཐུགས་ ལ་ སལ་ལེ ར་ འཇགས་ བཞིན་པ འི་ ངང་ ནས་ ད་དུང་ ལན་ ཅིག་ ཅེས་ ཀྱང་ མཇལ་བ འི་ དམ་བཅའ་ ཕུལ་ ཞིང་ སྨོན་ལམ་ བཏབ་ ཅིང་ བྱོན་པ་ ལས ། བལ་པོ ར་ ཕེབས་ ཏེ་ ཡུན་རིང་ མ་ བཞུགས་པ ར་ བོད་ ལ་ བྱོན་ ནས་ གཙང་ དུ་ ཕེབས་པ ས ། གཙང་རོང་ གི་ མེ་སྟོན་ཚོན་པོ ས་ བདེ་མཆོག་ གི་ དབང་གདམས་ངག་ རྣམས་ ཞུས་ ཏེ་ གནང་ ཞིང་ ། བླ་མ་ བཞུགས་པ འི་ ཚེ ། སྐུ་ཁམས་ བཟང་ ཞིང་ སྙན་གྲགས་ དང་ བཅས་ བོད་ ན་ ཕེབས་པ་ གྲོ་བོ་ལུང་ དུ་ ཐོས་པ་ ལས ། མར་པ་མགོ་ལེགས་ སོགས་ བུ་སློབ་ འག ས་ བསུ་བ་ ལ་ བྱོན་པ་ དང་ བླ་མ་ གཙང་རོང་ ནས་ བྱོན་པ་ གཉིས་ ཉང་སྟོད་ རི་ ནང་ དུ་ མཇལ་ ཏེ་ ལྷོ་བྲག་ ཏུ་ ཕེབས་ ནས་ བཞུགས་པ འི་ དྲུང་ དུ་ རྗེ་བཙུན་ མི་ལ་ ལ་ སོགས་པ་ སྐལ་ལྡན་ གྱི་ གདུལ་བྱ་ མང་པོ་ འདུས་ ཤིང་ ། སྐུ་བསོད་སྙན་གྲགས་གདུལ་བྱ་ཕྲིན་ལས་ རྣམས་ ཤིན་ ཏུ་ རྒྱས་པ ར་ གྱུར་ ཏོ ། །" }, { "source": "དེ་ནས་རྗེ་བཙུན་མི་ལ་ཚར་གཅོད་ཀྱི་སྲས་མཁར་གྲུབ་ནས། སྲས་ཀྱི་ཆེ་འདོན་དང་རབ་གནས་མཛད་པའི་ཚོགས་གྲལ་དུ་རྗེ་མར་པ་དང་སྲས་དར་མ་མདོ་སྡེ་བགྲོ་གླེང་མཛད་པས་སྲས་རྒྱལ་ཏེ། སྲས་ཀྱི་ཞལ་ནས། དཀའ་ལས་སྐྱ་བས་བྱས་རུང་། དངོས་གྲུབ་གཟར་བུས་ལེན་པ་ལྟར། དཀའ་ལས་ཕ་ཇོས་མཛད་རུང་།། ཉམས་ལེན་བདག་གིས་བྱེད་དགོས་པ་གདའ། ཕ་ཇོ་རང་ཞལ་སྐྱོ་མ་ཁ་ལེར་བཞུགས་མཛོད། ཞེས་དགྱེས་ནས་བཞད་པས། ཡབ་ཀྱི་ཞལ་ནས། བུ་ང་རྒྱལ་གྱི་གང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་བྱ་བ་ཡིན་པས་བུ་མཁས་པ་དང་ཆེ་བ་དེ་ཕ་ཇོའི་བཀའ་དྲིན་ཡིན་ཞིང་།། ད་ཡང་དེ་ཀ་འདོད་རུང་།། ང་རྒྱལ་མ་ཆེ་བར་གླུ་འདི་ཉོན་ཅིག་གསུང་། སྲས་ལ་བཀའ་ནོན་གྱི་མགུར་འདི་གསུངས་སོ།།།། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། ང་ཆེ་དང་ང་མཁས་ཟེར་ལགས་ཀྱང་།། དེ་ཀུན་ཕ་ཇོའི་བཀའ་དྲིན་ཡིན།། ངས་ཚེ་སྔོན་ཡང་ཡང་ཚོགས་བསགས་པས།། ལོངས་སྤྱོད་སེར་པོའི་གསེར་ལ་བྱས། བླ་མ་མཉེས་པ་དེ་ལྟར་ལགས།། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། ནཱ་རོ་དང་མཻཏྲི་ཐར་ལམ་གསུམ།། རྩ་བའི་བླ་མ་དམ་པ་ཡིན།། གདམས་ངག་ཟབ་པ་དེ་ལྟར་ལགས། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། ངས་སྔོན་བླ་མ་ཐུགས་སུན་མ་བྱུང་བས།། མཁའ་འགྲོ་མཉེས་ཕྱིར་བུ་བཞིན་སྐྱོང་།། རྐྱེན་ངན་བར་ཆད་མེད་པ་དེ་ལྟར་ལགས།། ངས་ཆོས་ཐེག་པ་ཆེ་ལ་བློ་སྦྱངས་པས།། སེམས་བསྐྱེད་ཀྱིས་འགྲོ་བ་ཡོངས་ལ་ཁྱབ།།", "target": "དེ་ ནས་ རྗེ་བཙུན་ མི་ལ་ ཚར་གཅོད་ ཀྱི་ སྲས་མཁར་ གྲུབ་ ནས ། སྲས་ ཀྱི་ ཆེ་འདོན་ དང་ རབ་གནས་ མཛད་པ འི་ ཚོགས་གྲལ་ དུ་ རྗེ་ མར་པ་ དང་ སྲས་ དར་མ་མདོ་སྡེ་ བགྲོ་གླེང་ མཛད་པ ས་ སྲས་ རྒྱལ་ ཏེ ། སྲས་ ཀྱི་ ཞལ་ ནས ། དཀའ་ལས་ སྐྱ་བ ས་ བྱས་ རུང་ ། དངོས་གྲུབ་ གཟར་བུ ས་ ལེན་པ་ ལྟ ར ། དཀའ་ལས་ ཕ་ཇོ ས་ མཛད་ རུང་ ། ། ཉམས་ལེན་ བདག་ གིས་ བྱེད་ དགོས་པ་ གདའ ། ཕ་ཇོ་ རང་ ཞལ་ སྐྱོ་མ་ ཁ་ལེ ར་ བཞུགས་ མཛོད ། ཞེས་ དགྱེས་ ནས་ བཞད་པ ས ། ཡབ་ ཀྱི་ ཞལ་ ནས ། བུ་ ང་རྒྱལ་ གྱི་ གང་བུ་ ལ་ ཡོན་ཏན་ གྱི་ ཆུ་ མི་ ཆགས་ བྱ་བ་ ཡིན་པ ས་ བུ་ མཁས་པ་ དང་ ཆེ་བ་ དེ་ ཕ་ཇོ འི་ བཀའ་དྲིན་ ཡིན་ ཞིང་ ། ། ད་ ཡང་ དེ་ ཀ་ འདོད་ རུང་ ། ། ང་རྒྱལ་ མ་ ཆེ་བ ར་ གླུ་ འདི་ ཉོན་ ཅིག་ གསུང་ ། སྲས་ ལ་ བཀའ་ནོན་ གྱི་ མགུར་ འདི་ གསུངས་ སོ ། ། ། ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། ང་ ཆེ་ དང་ ང་ མཁས་ ཟེར་ ལགས་ ཀྱང་ ། ། དེ་ ཀུན་ ཕ་ཇོ འི་ བཀའ་དྲིན་ ཡིན ། ། ང ས་ ཚེ་ སྔོན་ ཡང་ ཡང་ ཚོགས་ བསགས་པ ས ། ། ལོངས་སྤྱོད་ སེར་པོ འི་ གསེར་ ལ་ བྱས ། བླ་མ་ མཉེས་པ་ དེ་ ལྟ ར་ ལགས ། ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། ནཱ་རོ་ དང་ མཻཏྲི་ཐར་ལམ་ གསུམ ། ། རྩ་བ འི་ བླ་མ་ དམ་པ་ ཡིན ། ། གདམས་ངག་ ཟབ་པ་ དེ་ ལྟ ར་ ལགས ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། ང ས་ སྔོན་ བླ་མ་ ཐུགས་སུན་ མ་ བྱུང་བ ས ། ། མཁའ་འགྲོ་ མཉེས་ ཕྱི ར་ བུ་ བཞིན་ སྐྱོང་ ། ། རྐྱེན་ངན་བར་ཆད་ མེད་པ་ དེ་ ལྟ ར་ ལགས ། ། ང ས་ ཆོས་ ཐེག་པ་ ཆེ་ ལ་ བློ་ སྦྱངས་པ ས ། ། སེམས་ བསྐྱེད་ ཀྱིས་ འགྲོ་བ་ ཡོངས་ ལ་ ཁྱབ ། །" }, { "source": "དམ་ཆོས་བོད་དུ་དར་བ་དེ་ལྟར་ལགས། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། ངས་སྔོན་བླ་མ་བསུ་སྐྱེལ་བྱས་པ་ཡིས།། རྐང་པ་འཁོར་ལོའི་མཚན་དང་ལྡན།། ཡུལ་རྒྱ་གར་འཁོར་བ་དེ་ལྟར་ལགས།། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། ངས་རྒྱུད་དང་རྒྱུད་འགྲེལ་མན་ངག་གསུམ།། ཚིག་དོན་མ་ནོར་མཁས་པར་བསླབས།། བསྟན་པ་དར་བ་དེ་ལྟར་ལགས།། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། མེས་རྔོག་ཚུར་སྟོན་མགོ་ལེགས་བཞི།། སྙིང་དང་འདྲ་བའི་བུ་བཞི་ཡིན།། རྒྱུད་འགྲེལ་འཆད་པ་དེ་ལྟར་ལགས།། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། བླ་མས་ཅི་གསུང་སྒྲུབ་པ་དེ།། མི་ལ་རྡོ་རྗེ་རྒྱལ་མཚན་ཡིན།། གདམས་ངག་སྟེར་བ་དེ་ལྟར་ལགས།། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། ཕ་ཇོ་ང་ན་སོ་རྒས་ནས་གདའ།། ཆོས་ཉིད་ཀྱང་ཟད་སར་འཁྱོལ་ནས་གདའ།། མདོ་སྡེའི་དུས་ལ་བབ་གདའ་བས།། ཆེ་མཁས་ཀྱིས་བསྟན་པ་སྤེལ་མཛོད་ཅིག། མི་རྒན་གྱི་བསམ་པ་གྲུབ་པ་ལགས།། ཞེས་གསུངས་པས། ཀུན་རྗེ་མར་པ་ལ་མི་ཕྱེད་པའི་དད་པ་སྐྱེས་སོ།། དེ་ནས་རབ་གནས་དང་བཀྲ་ཤིས་མཛད་ཚེ། ཡང་རྗེ་བཙུན་མར་པས་བཀྲ་ཤིས་མངའ་གསོལ་གྱི་མགུར་འདི་གསུངས་སོ།།།། བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས།། ངའི་བརྒྱུད་པ་རིན་ཆེན་འདི་ཉིད་ལ།། ཉེས་ལྟུང་མེད་པའི་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། གདམས་ངག་ཟབ་མོའི་ཉེ་ལམ་ལ།། ནོར་འཁྲུལ་མེད་པའི་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། ང་རང་མར་པ་ལོ་ཙྪ་ལ།།", "target": "དམ་ཆོས་ བོད་ དུ་ དར་བ་ དེ་ ལྟ ར་ ལགས ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། ང ས་ སྔོན་ བླ་མ་ བསུ་སྐྱེལ་ བྱས་པ་ ཡིས ། ། རྐང་པ་ འཁོར་ལོ འི་ མཚན་ དང་ ལྡན ། ། ཡུལ་ རྒྱ་གར་ འཁོར་བ་ དེ་ ལྟ ར་ ལགས ། ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། ང ས་ རྒྱུད་ དང་ རྒྱུད་འགྲེལ་མན་ངག་ གསུམ ། ། ཚིག་དོན་ མ་ ནོར་ མཁས་པ ར་ བསླབས ། ། བསྟན་པ་ དར་བ་ དེ་ ལྟ ར་ ལགས ། ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། མེས་རྔོག་ཚུར་སྟོན་མགོ་ལེགས་ བཞི ། ། སྙིང་ དང་ འདྲ་བ འི་ བུ་ བཞི་ ཡིན ། ། རྒྱུད་འགྲེལ་ འཆད་པ་ དེ་ ལྟ ར་ ལགས ། ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། བླ་མ ས་ ཅི་ གསུང་ སྒྲུབ་པ་ དེ ། ། མི་ལ་རྡོ་རྗེ་རྒྱལ་མཚན་ ཡིན ། ། གདམས་ངག་ སྟེར་བ་ དེ་ ལྟ ར་ ལགས ། ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། ཕ་ཇོ་ ང་ ན་སོ་ རྒས་ ནས་ གདའ ། ། ཆོས་ཉིད་ ཀྱང་ ཟད་ས ར་ འཁྱོལ་ ནས་ གདའ ། ། མདོ་སྡེ འི་ དུས་ ལ་ བབ་ གདའ་བ ས ། ། ཆེ་མཁས་ ཀྱིས་ བསྟན་པ་ སྤེལ་ མཛོད་ ཅིག ། མི་རྒན་ གྱི་ བསམ་པ་ གྲུབ་པ་ ལགས ། ། ཞེས་ གསུངས་པ ས ། ཀུན་ རྗེ་ མར་པ་ ལ་ མི་ ཕྱེད་པ འི་ དད་པ་ སྐྱེས་ སོ ། ། དེ་ ནས་ རབ་གནས་ དང་ བཀྲ་ཤིས་ མཛད་ ཚེ ། ཡང་ རྗེ་བཙུན་ མར་པ ས་ བཀྲ་ཤིས་མངའ་གསོལ་ གྱི་ མགུར་ འདི་ གསུངས་ སོ ། ། ། ། བླ་མ་ བཀའ་དྲིན་ཅན་ ལ་ གསོལ་བ་ འདེབས ། ། ང འི་ བརྒྱུད་པ་ རིན་ཆེན་ འདི་ ཉིད་ ལ ། ། ཉེས་ལྟུང་ མེད་པ འི་ བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། གདམས་ངག་ ཟབ་མོ འི་ ཉེ་ལམ་ ལ ། ། ནོར་འཁྲུལ་ མེད་པ འི་ བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། ང་ རང་ མར་པ་ ལོ་ཙྪ་ ལ ། །" }, { "source": "ཟབ་མོ་གནད་ཀྱི་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། བླ་མ་ཡི་དམ་མཁའ་འགྲོ་ལ།། བྱིན་རླབས་དངོས་གྲུབ་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། བུ་ཆེན་སློབ་མའི་འཁོར་ཚོགས་ལ། དད་པ་དམ་ཚིག་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། ཡོན་བདག་ཡུལ་མི་ཉེ་རིང་ལ།། མཐུན་རྐྱེན་ཚོགས་བསོག་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། ལས་དང་བྱ་བ་ཐམས་ཅད་ལ།། འགྲོ་དོན་བྱང་ཆུབ་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། ཆད་མདོ་བཙན་པའི་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། འདིར་ཚོགས་ཁྲོམ་གྱི་ལྷ་མི་ལ།། བདེ་སྐྱིད་སྨོན་ལམ་བཀྲ་ཤིས་ཡོད།། བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག། ཅེས་གསུངས་པའི་རྗེས་སུ་བླ་མ་རྔོག་པ་ལ་སོགས་པའི་བུ་སློབ་དང་ཡོན་བདག་རྣམས་ཀྱི་འབུལ་བ་བཞེས་ནས་དགེ་བ་བྱུང་ཆུབ་ཏུ་བསྔོ་བ་རྣམས་མཛད་པ་ལགས་སོ།། རྒྱ་གར་ལ་འབྱོན་ཐེངས་བར་པའོ།།།། ཕྱི་མ་ལ་ཡང་སྔར་དང་འདྲ་བ་གསུམ་གྱི་དང་པོ། གསེར་ལ་སོགས་པའི་ཡོ་བྱད་རྣམས་བསྒྲུབ་ཏུ་བྱོན་ཚུལ་ནི།། དེ་ནས་རྗེ་བཙུན་མི་ལ་ལ་རྗེས་འཛིན་ཀྱི་དབང་གདམས་པ་རྣམས་གནང་ནས་ལྷོ་བྲག་སྟག་ཉ་ལ་སྒྲུབ་པ་ལ་བཞུགས་སུ་བཅུགརྗེ་བཙུན་མར་པ་དཔལ་ནཱ་རོ་པའི་དྲུང་དུ་དམ་བཅའ་ཕུལ་བ་ལྟར་བྱོན་པར་བཞེད་པས་མར་པ་མགོ་ལེགས་སོགས་བུ་སློབ་མང་པོ་དང་བཅས་སླར་ཡང་དབུ་རུ་བྱང་ཕྱོགས་ལ་གསེར་གྱི་འབུལ་སྡུད་ལ་བྱོན་པས།", "target": "ཟབ་མོ་གནད་ ཀྱི་ བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། བླ་མ་ཡི་དམ་མཁའ་འགྲོ་ ལ ། ། བྱིན་རླབས་དངོས་གྲུབ་བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། བུ་ཆེན་སློབ་མ འི་ འཁོར་ཚོགས་ ལ ། དད་པ་ དམ་ཚིག་ བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། ཡོན་བདག་ཡུལ་མི་ ཉེ་རིང་ ལ ། ། མཐུན་རྐྱེན་ཚོགས་བསོག་བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། ལས་ དང་ བྱ་བ་ ཐམས་ཅད་ ལ ། ། འགྲོ་དོན་ བྱང་ཆུབ་བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། སྣང་ ཞིང་ སྲིད་པ འི་ ལྷ་འདྲེ་ ལ ། ཆད་མདོ་ བཙན་པ འི་ བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། འདི ར་ ཚོགས་ཁྲོམ་ གྱི་ ལྷ་མི་ ལ ། ། བདེ་སྐྱིད་སྨོན་ལམ་བཀྲ་ཤིས་ ཡོད ། ། བཀྲ་ཤིས་ དེ ས་ ཀྱང་ བཀྲ་ཤིས་ ཤོག ། ཅེས་ གསུངས་པ འི་ རྗེས་ སུ་ བླ་མ་ རྔོག་པ་ ལ་ སོགས་པ འི་ བུ་སློབ་ དང་ ཡོན་བདག་ རྣམས་ ཀྱི་ འབུལ་བ་ བཞེས་ ནས་ དགེ་བ་ བྱུང་ཆུབ་ ཏུ་ བསྔོ་བ་ རྣམས་ མཛད་པ་ ལགས་ སོ ། ། རྒྱ་གར་ ལ་ འབྱོན་ཐེངས་ བར་པ འོ ། ། ། ། ཕྱི་མ་ ལ་ ཡང་ སྔ ར་ དང་ འདྲ་བ་ གསུམ་ གྱི་ དང་པོ ། གསེར་ ལ་ སོགས་པ འི་ ཡོ་བྱད་ རྣམས་ བསྒྲུབ་ ཏུ་ བྱོན་ཚུལ་ ནི ། ། དེ་ ནས་ རྗེ་བཙུན་ མི་ལ་ ལ་ རྗེས་འཛིན་ ཀྱི་ དབང་གདམས་པ་ རྣམས་ གནང་ ནས་ ལྷོ་བྲག་སྟག་ཉ་ ལ་ སྒྲུབ་པ་ ལ་ བཞུགས་ སུ་ བཅུག རྗེ་བཙུན་ མར་པ་ དཔལ་ནཱ་རོ་པ འི་ དྲུང་ དུ་ དམ་བཅའ་ ཕུལ་བ་ ལྟ ར་ བྱོན་པ ར་ བཞེད་པ ས་ མར་པ་མགོ་ལེགས་ སོགས་ བུ་སློབ་ མང་པོ་ དང་ བཅས་ སླ ར་ ཡང་ དབུ་རུ་ བྱང་ཕྱོགས་ ལ་ གསེར་ གྱི་ འབུལ་སྡུད་ ལ་ བྱོན་པ ས །" }, { "source": "སྙན་གྲགས་ཀྱི་སྒོ་ནས་ཆོས་ཞུ་མཁན་མང་བའི་སྟོབས་ཀྱིས་གསེར་གྱི་འབུལ་བ་མང་པོ་བྱུང་བའི་མཐར། མར་པ་མགོ་ལེགས་ཀྱི་སར་དབང་བསྐུར་ཅིག་མཛད་པའི་ཚེ། དབང་གི་དངོས་གཞི་ཟིན་ནས་རེས་ཆོག་རྣམས་མཛད་དགོས་དགོངས་པའི་བར་དོ་ལ། རྗེ་མར་པ་མནལ་དང་འོད་གསལ་འདྲེས་པའི་ངང་ལ་སོང་བའི་གཟིགས་སྣང་ལ། སྐུ་མདུན་ན་ཚུར་དར་གྱི་གོས་དང་རུས་པའི་རྒྱན་གསོལ་བའི་བུད་མེད་མཛེས་མ་གསུམ་བསྒྲིགས་ནས། སྔར་པཎ་ཆེན་ནཱ་རོས་གསུངས་པའི་བརྡ་ཚིག་མ་གོ་བ་དེ་རྣམས་འགྲོལ་བའི་ཕྱིར། དབུས་མའི་ལམ་གཡས་གཡོན་གཉིས་ཀྱིས་བཏེགས་ནས་དབྱངས་འདི་སྐད་དོ།།།། མཁའ་འགྲོ་ནམ་མཁའི་མེ་ཏོག་གིས།། སྙན་རྒྱུད་མོ་གཤམ་རྟ་ཞོན་ནས།། བརྗོད་མེད་རུས་སྦལ་སྤུས་བྲབས་ཏེ།། སྐྱེ་མེད་རི་བོང་ཕུར་པ་ཡིས།། ཏེ་ལོ་ཆོས་ཉིད་ཀློང་དུ་བསད།། ཏེ་ལོ་ལྐུགས་པའི་སྨྲ་བསམ་བརྗོང་མེད་ཀྱིས།། ནཱ་རོ་དམུས་ལོང་མཐོང་མེད་བདེན་མཐོང་གྲོལ། ནཱ་རོ་འོན་པ་ཆོས་ཉིད་ཆོས་སྐུའི་རི་བོ་ལ།། བློ་གྲོས་ཞ་བོ་འོད་གསལ་འགྲོ་འོང་མེད་པར་རྒྱུག། ཉི་ཟླ་དགེས་པ་རྡོ་རྗེ་སྟེ།། གར་མཁན་དུ་མ་རོ་གཅིག་ཡིན།། དུང་ནི་སྙན་པ་ཕྱོགས་བཅུར་གྲགས།། འབུད་པ་སྣོད་ལྡན་དག་ལ་འབུད། འཁོར་ལོ་བདེ་མཆོག་འཁོར་ལོ་སྟེ།། བསྐོར་བ་སྙན་བརྒྱུད་འཁོར་ལོ་ཉིད།། བུ་ཆུང་ཞེན་པ་མེད་པར་བསྐོར།། ཅེས་ཕྲལ་ཐུགས་དམ་སད་པ་དང་། ཐལ་མོ་སྦྱར་ནས་སྤྱན་ཆབ་བསིལ་ཞིང་འདུག་པས།", "target": "སྙན་གྲགས་ ཀྱི་ སྒོ་ ནས་ ཆོས་ ཞུ་མཁན་ མང་བ འི་ སྟོབས་ ཀྱིས་ གསེར་ གྱི་ འབུལ་བ་ མང་པོ་ བྱུང་བ འི་ མཐ ར ། མར་པ་མགོ་ལེགས་ ཀྱི་ ས ར་ དབང་བསྐུར་ ཅིག་ མཛད་པ འི་ ཚེ ། དབང་ གི་ དངོས་གཞི་ ཟིན་ ནས་ རེས་ཆོག་ རྣམས་ མཛད་ དགོས་ དགོངས་པ འི་ བར་དོ་ ལ ། རྗེ་ མར་པ་ མནལ་ དང་ འོད་གསལ་ འདྲེས་པ འི་ ངང་ ལ་ སོང་བ འི་ གཟིགས་སྣང་ ལ ། སྐུ་ མདུན་ ན་ ཚུ ར་ དར་ གྱི་ གོས་ དང་ རུས་པ འི་ རྒྱན་ གསོལ་བ འི་ བུད་མེད་ མཛེས་མ་ གསུམ་ བསྒྲིགས་ ནས ། སྔ ར་ པཎ་ཆེན་ ནཱ་རོ ས་ གསུངས་པ འི་ བརྡ་ཚིག་ མ་ གོ་བ་ དེ་ རྣམས་ འགྲོལ་བ འི་ ཕྱི ར ། དབུས་མ འི་ ལམ་ གཡས་གཡོན་ གཉིས་ ཀྱིས་ བཏེགས་ ནས་ དབྱངས་ འདི་ སྐད་ དོ ། ། ། ། མཁའ་འགྲོ་ ནམ་མཁ འི་ མེ་ཏོག་ གིས ། ། སྙན་རྒྱུད་ མོ་གཤམ་ རྟ་ ཞོན་ ནས ། ། བརྗོད་མེད་ རུས་སྦལ་སྤུ ས་ བྲབས་ ཏེ ། ། སྐྱེ་མེད་ རི་བོང་ ཕུར་པ་ ཡིས ། ། ཏེ་ལོ་ ཆོས་ཉིད་ ཀློང་ དུ་ བསད ། ། ཏེ་ལོ་ ལྐུགས་པ འི་ སྨྲ་བསམ་ བརྗོང་མེད་ ཀྱིས ། ། ནཱ་རོ་ དམུས་ལོང་ མཐོང་མེད་བདེན་ མཐོང་ གྲོལ ། ནཱ་རོ་ འོན་པ་ ཆོས་ཉིད་ཆོས་སྐུ འི་ རི་བོ་ ལ ། ། བློ་གྲོས་ ཞ་བོ་ འོད་གསལ་ འགྲོ་འོང་ མེད་པ ར་ རྒྱུག ། ཉི་ཟླ་ དགེས་པ་རྡོ་རྗེ་ སྟེ ། ། གར་མཁན་ དུ་མ་ རོ་ གཅིག་ ཡིན ། ། དུང་ ནི་ སྙན་པ་ ཕྱོགས་ བཅུ ར་ གྲགས ། ། འབུད་པ་ སྣོད་ལྡན་ དག་ ལ་ འབུད ། འཁོར་ལོ་བདེ་མཆོག་ འཁོར་ལོ་ སྟེ ། ། བསྐོར་བ་ སྙན་བརྒྱུད་ འཁོར་ལོ་ ཉིད ། ། བུ་ཆུང་ ཞེན་པ་ མེད་པ ར་ བསྐོར ། ། ཅེས་ ཕྲལ་ ཐུགས་དམ་ སད་པ་ དང་ ། ཐལ་མོ་ སྦྱར་ ནས་ སྤྱན་ཆབ་ བསིལ་ ཞིང་ འདུག་པ ས །" }, { "source": "ཅི་ལགས་ཞུས་པས། ང་དཔལ་ནཱ་རོའི་དྲུང་དུ་མྱུར་བར་འགྲོ་དགོས་པ་འདུག་པས་སང་རང་འགྲོ་གསུངས་རྗེས་ཆོ་ག་རྣམས་མཛད་དོ།། དེ་ནས་མར་པ་མགོ་ལེགས་ཀྱིས་རྒྱུ་མཚན་རྣམས་ཞིབ་ཏུ་གསུང་དགོས་ཞེས་གསོལ་བ་བཏབ་པས། རྒྱས་པར་གསུངས་པ་ལས། མར་པ་མགོ་ལེགས་ཀྱིས་འོ་ན་ད་ངེད་སློབ་མ་རྣམས་ཀྱིས་འབུལ་བ་ཡང་གསེར་དུ་འབུལ། ཕྱག་རྫས་གཞན་རྣམས་ཀྱང་གསེར་དུ་སྒྲིལ་བར་ཞུ་ཞུས་པ་ལྟར་གསེར་དུ་བསྒྲིལ་ནས། སླར་ཡང་མར་པ་མགོ་ལེགས་དང་བཅས་ལྷོ་བྲག་ཏུ་ཕེབས་ཏེ། རྒྱ་གར་ལ་འབྱོན་དགོས་དགོངས་བཞིན་པའི་ངང་ལ་ཞག་ཤས་ལུས་པའི་ཚེ། རྗེ་བཙུན་མི་ལ་ལྷོ་བྲག་སྟག་ཉ་ལ་སྒྲུབ་པའི་སྐུ་མཚམས་དམ་པོ་ལ་ཡོད་པའི་མནལ་ལམ་དུ་བུད་མེད་སྔོ་བསངས་མ་དར་གྱི་ན་བཟའ་དང་རུས་པའི་རྒྱན་གྱིས་མཛེས་པ་སྨིན་མ་དང་སྨ་ར་སེར་ཁྱུག་གེ་བ་ཡོད་པ་ཞིག་བྱུང་ནས་ཁྱོད་ལ་ཡུན་དུ་བསྒོམས་པས་སངས་རྒྱ་བ་ཕྱག་ཆེན་དང་ཆོས་དྲུག་འདུག་སྟེ། ཚེགས་ཆུང་ངུ་བསྒོམས་པས་སངས་རྒྱ་བ་ཁྱད་པར་གྱི་འཕོ་བ་གྲོང་འཇུག་གི་གདམས་པ་དེ་མི་འདུག་པ་ཟེར་བྱུང་བས། དེ་ལུང་བསྟན་དང་བར་ཆད་གང་ཡིན་མི་ཤེས། ལུང་བསྟན་ཡིན་ན་ངའི་བླ་མ་དུས་གསུམ་སངས་རྒྱས་ལ་མེད་མི་སྲིད་སྙམ་བྱོན་ནས་ལོ་རྒྱུས་དང་བཅས་ཞུས་པས། དེ་མཁའ་འགྲོའི་ལུང་བསྟན་ཡིན་པར་འདུག་སྟེ། ང་རྒྱ་གར་ནས་ཚུར་ཡོང་དུས་པཎ་ཆེན་ནཱ་རོའི་ཞལ་ནས། གྲོང་འཇུག་དང་སྙན་བརྒྱུད་ཀྱི་གསུང་བགྲོས་ཤིག་བྱུང་སྟེ།", "target": "ཅི་ ལགས་ ཞུས་པ ས ། ང་ དཔལ་ ནཱ་རོ འི་ དྲུང་ དུ་ མྱུར་བ ར་ འགྲོ་ དགོས་པ་ འདུག་པ ས་ སང་ རང་ འགྲོ་ གསུངས་ རྗེས་ ཆོ་ག་ རྣམས་ མཛད་ དོ ། ། དེ་ ནས་ མར་པ་མགོ་ལེགས་ ཀྱིས་ རྒྱུ་མཚན་ རྣམས་ ཞིབ་ ཏུ་ གསུང་ དགོས་ ཞེས་ གསོལ་བ་ བཏབ་པ ས ། རྒྱས་པ ར་ གསུངས་པ་ ལས ། མར་པ་མགོ་ལེགས་ ཀྱིས་ འོ་ ན་ ད་ ངེད་ སློབ་མ་ རྣམས་ ཀྱིས་ འབུལ་བ་ ཡང་ གསེར་ དུ་ འབུལ ། ཕྱག་རྫས་ གཞན་ རྣམས་ ཀྱང་ གསེར་ དུ་ སྒྲིལ་བ ར་ ཞུ་ ཞུས་པ་ ལྟ ར་ གསེར་ དུ་ བསྒྲིལ་ ནས ། སླ ར་ ཡང་ མར་པ་མགོ་ལེགས་ དང་ བཅས་ ལྷོ་བྲག་ ཏུ་ ཕེབས་ ཏེ ། རྒྱ་གར་ ལ་ འབྱོན་ དགོས་ དགོངས་ བཞིན་པ འི་ ངང་ ལ་ ཞག་ ཤས་ ལུས་པ འི་ ཚེ ། རྗེ་བཙུན་ མི་ལ་ ལྷོ་བྲག་སྟག་ཉ་ ལ་ སྒྲུབ་པ འི་ སྐུ་མཚམས་ དམ་པོ་ ལ་ ཡོད་པ འི་ མནལ་ལམ་ དུ་ བུད་མེད་ སྔོ་བསངས་མ་ དར་ གྱི་ ན་བཟའ་ དང་ རུས་པ འི་ རྒྱན་ གྱིས་ མཛེས་པ་ སྨིན་མ་ དང་ སྨ་ར་ སེར་ཁྱུག་གེ་བ་ ཡོད་པ་ ཞིག་ བྱུང་ ནས་ ཁྱོད་ ལ་ ཡུན་ དུ་ བསྒོམས་པ ས་ སངས་ རྒྱ་བ་ ཕྱག་ཆེན་ དང་ ཆོས་ དྲུག་ འདུག་ སྟེ ། ཚེགས་ ཆུང་ངུ་ བསྒོམས་པ ས་ སངས་ རྒྱ་བ་ ཁྱད་པ ར་ གྱི་ འཕོ་བ་གྲོང་འཇུག་ གི་ གདམས་པ་ དེ་ མི་ འདུག་པ་ ཟེར་ བྱུང་བ ས ། དེ་ ལུང་བསྟན་ དང་ བར་ཆད་ གང་ ཡིན་ མི་ ཤེས ། ལུང་བསྟན་ ཡིན་ ན་ ང འི་ བླ་མ་ དུས་གསུམ་སངས་རྒྱས་ ལ་ མེད་ མི་ སྲིད་ སྙམ་ བྱོན་ ནས་ ལོ་རྒྱུས་ དང་ བཅས་ ཞུས་པ ས ། དེ་ མཁའ་འགྲོ འི་ ལུང་བསྟན་ ཡིན་པ ར་ འདུག་ སྟེ ། ང་ རྒྱ་གར་ ནས་ ཚུ ར་ ཡོང་ དུས་ པཎ་ཆེན་ ནཱ་རོ འི་ ཞལ་ ནས ། གྲོང་འཇུག་ དང་ སྙན་བརྒྱུད་ ཀྱི་ གསུང་བགྲོས་ ཤིག་ བྱུང་ སྟེ །" }, { "source": "ཞུས་སུ་ཚོར་བ་མི་འདུག་པས་དཔེ་རྣམས་བལྟ་གསུང་། དཔོན་སློབ་གཉིས་ཀས་རྒྱ་དཔེ་རྣམས་གཟིགས་པས་འཕོ་བའི་ཡིག་ཆ་མང་དག་འདུག་སྟེ། གྲོང་འཇུག་གི་དཔེ་མ་རྙེད་ནས་དབུ་རུ་བྱང་ཕྱོགས་སུ་བྱུང་བའི་བརྡ་འགྲོལ་དེ་རྣམས་ཀྱང་འདི་ཞུ་བ་ལ་བསྐུལ་བར་འདུགགཞན་ཡང་སྙན་བརྒྱུད་ལ་སོགས་པའི་གདམས་ངག་ཅི་འདྲ་ཡོད་པར་མི་ཤེས་པ་འདུག་པས། ང་རྒྱ་གར་ལ་མྱུར་དུ་འགྲོ་གསུང་པ་ལ། ཡུམ་བདག་མེད་མ་བུ་སློབ་དང་བཅས་པ་རྣམས་ཀྱིས་སྐུ་ན་བསྒྲེས་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་བཤོལ་འདེབས་ཀྱི་ཞུ་བ་ནན་ཅན་ཕུལ་བ། ཁྱེད་རྣམས་ཅི་ཟེར་རུང་། ངས་ད་དུང་དཔལ་ནཱ་རོ་པའི་དྲུང་དུ་ལན་ཅིག་མཇལ་དུ་ཡོང་བའི་དམ་བཅའ་ཕུལ་ཞིང་། ནཱ་རོའི་ཞལ་ནས་ཀྱང་དེ་བཞིན་ཤོག་གསུངས་བའི་ཞལ་ཏ་ཡོད་པས། ང་ཅི་ལ་ཐུག་རུང་རྒྱ་གར་ལ་འགྲོ་གསུངས་མི་གསན་པར་འདུག་པས་གཞན་བྱ་ཐབས་ནི་མ་བྱུང་། གསེར་ལ་སོགས་རྒྱ་གར་ལ་འབྱོན་པའི་ཕྱག་རྫས་རྣམས་སྦས་པ་ལས། ང་སྟོབས་ནུས་མ་ཐོན་ན་བྱ་ཐབས་མེད། ཐོན་བཞིན་བླ་མའི་དྲུང་དུ་དམ་བཅས་པ་ཉམས་པ་ལས་ཤི་བ་དགའ་གསུངས། ཐུགས་རྒྱལ་བཞེངས་པའི་ངང་ལ་གཟིམས་བཞུགས། ནང་པར་གཟིམས་མལ་བུ་གུ་ཧ་རེ་གཤེགས་འདུག་པས། གྲྭ་པ་ཀུན་ཕྱོགས་བཅུར་ཁ་བཀྲམ་སྟེ་ཚོལ་དུ་རྒྱུགས་པས། རྗེ་བཙུན་མི་ལས་ཆག་ཕྱི་ཟིན། དེའི་སར་གཞན་ལགས་ཀྱང་སླེབས་པ་རྣམས་ཀྱིས་ཞུ་བ་ཕུལ་བས། ང་འབུལ་བ་མེད་རུང་དམ་མ་ཉམས་པ་བྱེད།།", "target": "ཞུས་ སུ་ ཚོར་བ་ མི་ འདུག་པ ས་ དཔེ་ རྣམས་ བལྟ་ གསུང་ ། དཔོན་སློབ་ གཉིས་ ཀ ས་ རྒྱ་དཔེ་ རྣམས་ གཟིགས་པ ས་ འཕོ་བ འི་ ཡིག་ཆ་ མང་ དག་ འདུག་ སྟེ ། གྲོང་འཇུག་ གི་ དཔེ་ མ་ རྙེད་ ནས་ དབུ་རུ་ བྱང་ཕྱོགས་ སུ་ བྱུང་བ འི་ བརྡ་འགྲོལ་ དེ་ རྣམས་ ཀྱང་ འདི་ ཞུ་བ་ ལ་ བསྐུལ་བ ར་ འདུག གཞན་ ཡང་ སྙན་བརྒྱུད་ ལ་ སོགས་པ འི་ གདམས་ངག་ ཅི་ འདྲ་ ཡོད་པ ར་ མི་ ཤེས་པ་ འདུག་པ ས ། ང་ རྒྱ་གར་ ལ་ མྱུར་ དུ་ འགྲོ་ གསུང་པ་ ལ ། ཡུམ་ བདག་མེད་མ་ བུ་སློབ་ དང་ བཅས་པ་ རྣམས་ ཀྱིས་ སྐུ་ན་ བསྒྲེས་པ་ སོགས་ རྒྱུ་མཚན་ དུ་མ འི་ སྒོ་ ནས་ བཤོལ་འདེབས་ ཀྱི་ ཞུ་བ་ ནན་ཅན་ ཕུལ་བ ། ཁྱེད་ རྣམས་ ཅི་ ཟེར་ རུང་ ། ང ས་ ད་དུང་ དཔལ་ནཱ་རོ་པ འི་ དྲུང་ དུ་ ལན་ ཅིག་ མཇལ་ དུ་ ཡོང་བ འི་ དམ་བཅའ་ ཕུལ་ ཞིང་ ། ནཱ་རོ འི་ ཞལ་ ནས་ ཀྱང་ དེ་ བཞིན་ ཤོག་ གསུངས་བ འི་ ཞལ་ཏ་ ཡོད་པ ས ། ང་ ཅི་ ལ་ ཐུག་ རུང་ རྒྱ་གར་ ལ་ འགྲོ་ གསུངས་ མི་ གསན་པ ར་ འདུག་པ ས་ གཞན་ བྱ་ཐབས་ ནི་ མ་ བྱུང་ ། གསེར་ ལ་ སོགས་ རྒྱ་གར་ ལ་ འབྱོན་པ འི་ ཕྱག་རྫས་ རྣམས་ སྦས་པ་ ལས ། ང་ སྟོབས་ནུས་ མ་ ཐོན་ ན་ བྱ་ཐབས་ མེད ། ཐོན་ བཞིན་ བླ་མ འི་ དྲུང་ དུ་ དམ་བཅས་པ་ ཉམས་པ་ ལས་ ཤི་བ་ དགའ་ གསུངས ། ཐུགས་རྒྱལ་ བཞེངས་པ འི་ ངང་ ལ་ གཟིམས་ བཞུགས ། ནང་པ ར་ གཟིམས་མལ་ བུ་གུ་ཧ་རེ་ གཤེགས་ འདུག་པ ས ། གྲྭ་པ་ ཀུན་ ཕྱོགས་ བཅུ ར་ ཁ་ བཀྲམ་ སྟེ་ ཚོལ་ དུ་ རྒྱུགས་པ ས ། རྗེ་བཙུན་ མི་ལ ས་ ཆག་ཕྱི་ ཟིན ། དེ འི་ ས ར་ གཞན་ ལགས་ ཀྱང་ སླེབས་པ་ རྣམས་ ཀྱིས་ ཞུ་བ་ ཕུལ་བ ས ། ང་ འབུལ་བ་ མེད་ རུང་ དམ་ མ་ ཉམས་པ་ བྱེད ། །" }, { "source": "གསེར་མེད་རུང་རྒྱ་གར་ལ་འགྲོ་གསུངས་པ་ལ། འོ་ན་རེ་ཞིག་གྲོ་བོ་ལུང་དུ་ཅིས་ཀྱང་ཕེབས་དགོས། དེ་ནས་རྒྱ་གར་ལ་འབྱོན་པར་ཞུ་ཞེས་ཞུ་བ་ནན་གྱིས་ཕུལ་བས་བྱོན་པའི་ཚེ། སླར་ཡང་སློབ་འབངས་ཀུན་གྱིས་ཕྱག་ཕུལ་ནས་དེ་སྐུ་ན་བྱོན་པ་དང་། རྒྱ་གར་གྱི་འབྱོན་ལམ་ལ་དཔལ་མོ་དཔལ་ཐང་ཞེས་བྱ་བའི་ཐང་ཆེན་པོ་རྟ་ཡང་ངལ་དུབ་ཆད་པ་དང་། ཁ་ལ་བྱ་ལ་ཞེས་བྱ་བ་ཤིན་ཏུ་གྲང་བས་དབྱར་ཡང་འཁྱག་པ་དང་། རོང་དང་བལ་པོ་ཚད་པ་ཤིན་ཏུ་ཆེ་བ་དང་། ཆུ་བོ་གང་ག་ཆུ་ཆེན་པོ་འཇིགས་སུ་རུང་བ་དང་རྒྱ་གར་མཐའ་འཁོབ་དང་། ལམ་བར་གྱི་ཡུལ་ཕྲན་མུ་གེ་ཆེ་ཞིང་། ཨར་ཇག་རྒོད་པ་རྣམས་ནི། བླ་མ་རང་གི་གསུང་ཚད་མ་ལགས་པས་བདེན་ངེས་ཡིན། ད་དེ་ལྟ་བུའི་ཉེན་ལ་བདོས་ནས་རྒྱ་གར་ལ་བྱོན་རུང་སྐུ་ཚེའི་བར་ཆད་དུ་སོང་ན་རང་རེའི་གྲྭ་པ་བུ་སློབ་གདུལ་བྱར་གྱུར་པ་རྣམས་སུ་ལ་རེ་ཞིང་ཇི་སྐད་བྱེད། གང་ཟག་གིས་ཉམས་ལེན་ནུས་ན། ཆོས་སྔར་བོད་དུ་འགྱུར་བ་རྣམས་ཀྱིས་ཅི་དགོས་ཆོགབླ་མ་ནི་ཐུགས་ཀྱི་དཀྱིལ་དུ་བསྒོམ་ཞིང་བཞུགས་པ་ལ་གསོལ་བ་འབྲལ་མེད་བཏབ་པས་ཐུགས་རྗེའི་བྱིན་རླབས་ལ་ཐག་ཉེ་རིང་མེད་ཕྱིར། འདིར་བཞུགས་རུང་ཆོག་ལགས་མོད། ཅིས་ཀྱང་སྔར་བོད་དུ་སྤྱན་དྲངས་པའི་ཆོས་ཀྱིས་མི་ཆོག་པར་ལེན་དགོས་ན། སྲས་དར་མ་མདོ་སྡེ་ཕྱག་ཕྱི་བ་དང་བཅས་པ་ལ་བསླབ་བྱ་ལམ་ཡིག་གནང་ཆོས་ཞུ་བ་ལ་བརྫངས་ཏེ། བླ་མ་རང་ད་ལན་བོད་ཀྱི་གདུལ་བྱ་རྣམས་ལ་དགོངས་ནས་ཅིས་ཀྱང་བཞུགས་པ་ཐུགས་རྗེས་འཛིན་པ་ཞུ་ཞེས་གསོལ་བ་བཏབ་པ་ལས།", "target": "གསེར་ མེད་ རུང་ རྒྱ་གར་ ལ་ འགྲོ་ གསུངས་པ་ ལ ། འོ་ ན་ རེ་ ཞིག་ གྲོ་བོ་ལུང་ དུ་ ཅི ས་ ཀྱང་ ཕེབས་ དགོས ། དེ་ ནས་ རྒྱ་གར་ ལ་ འབྱོན་པ ར་ ཞུ་ ཞེས་ ཞུ་བ་ ནན་ གྱིས་ ཕུལ་བ ས་ བྱོན་པ འི་ ཚེ ། སླ ར་ ཡང་ སློབ་འབངས་ ཀུན་ གྱིས་ ཕྱག་ ཕུལ་ ནས་ དེ་ སྐུ་ན་ བྱོན་པ་ དང་ ། རྒྱ་གར་ གྱི་ འབྱོན་ལམ་ ལ་ དཔལ་མོ་དཔལ་ཐང་ ཞེས་ བྱ་བ འི་ ཐང་ ཆེན་པོ་ རྟ་ ཡང་ ངལ་དུབ་ ཆད་པ་ དང་ ། ཁ་ལ་བྱ་ལ་ ཞེས་ བྱ་བ་ ཤིན་ ཏུ་ གྲང་བ ས་ དབྱར་ ཡང་ འཁྱག་པ་ དང་ ། རོང་ དང་ བལ་པོ་ ཚད་པ་ ཤིན་ ཏུ་ ཆེ་བ་ དང་ ། ཆུ་བོ་ གང་ག་ ཆུ་ ཆེན་པོ་ འཇིགས་ སུ་ རུང་བ་ དང་ རྒྱ་གར་ མཐའ་འཁོབ་ དང་ ། ལམ་བར་ གྱི་ ཡུལ་ཕྲན་ མུ་གེ་ ཆེ་ ཞིང་ ། ཨར་ཇག་ རྒོད་པ་ རྣམས་ ནི ། བླ་མ་ རང་ གི་ གསུང་ཚད་ མ་ ལགས་པ ས་ བདེན་ ངེས་ ཡིན ། ད་ དེ་ ལྟ་བུ འི་ ཉེན་ ལ་ བདོས་ ནས་ རྒྱ་གར་ ལ་ བྱོན་ རུང་ སྐུ་ཚེ འི་ བར་ཆད་ དུ་ སོང་ ན་ རང་རེ འི་ གྲྭ་པ་བུ་སློབ་ གདུལ་བྱ ར་ གྱུར་པ་ རྣམས་ སུ་ ལ་ རེ་ ཞིང་ ཇི་ སྐད་ བྱེད ། གང་ཟག་ གིས་ ཉམས་ལེན་ ནུས་ ན ། ཆོས་ སྔ ར་ བོད་ དུ་ འགྱུར་བ་ རྣམས་ ཀྱིས་ ཅི་ དགོས་ ཆོག བླ་མ་ ནི་ ཐུགས་ ཀྱི་ དཀྱིལ་ དུ་ བསྒོམ་ ཞིང་ བཞུགས་པ་ ལ་ གསོལ་བ་ འབྲལ་མེད་ བཏབ་པ ས་ ཐུགས་རྗེ འི་ བྱིན་རླབས་ ལ་ ཐག་ ཉེ་རིང་ མེད་ ཕྱི ར ། འདི ར་ བཞུགས་ རུང་ ཆོག་ ལགས་ མོད ། ཅི ས་ ཀྱང་ སྔ ར་ བོད་ དུ་ སྤྱན་ དྲངས་པ འི་ ཆོས་ ཀྱིས་ མི་ ཆོག་པ ར་ ལེན་ དགོས་ ན ། སྲས་ དར་མ་མདོ་སྡེ་ ཕྱག་ཕྱི་བ་ དང་ བཅས་པ་ ལ་ བསླབ་བྱ་ལམ་ཡིག་ གནང་ ཆོས་ ཞུ་བ་ ལ་ བརྫངས་ ཏེ ། བླ་མ་ རང་ ད་ ལན་ བོད་ ཀྱི་ གདུལ་བྱ་ རྣམས་ ལ་ དགོངས་ ནས་ ཅི ས་ ཀྱང་ བཞུགས་པ་ ཐུགས་རྗེ ས་ འཛིན་པ་ ཞུ་ ཞེས་ གསོལ་བ་ བཏབ་པ་ ལས །" }, { "source": "བླ་མའི་ཞལ་ནས། བླ་མའི་ཐུགས་རྗེ་ལ་ཉེ་རིང་མེད་རུང་།། ངས་ད་དུང་ལན་ཅིག་མཇལ་དུ་ཡོང་བའི་དམ་བཅའ་ཕུལ་ཡོད། བོད་ཀྱི་གདུལ་བྱ་རྣམས་ལ་བརྩེ་བའི་ཕྱིར། སྔར་མ་ཐོབ་པའི་གདམས་ངག་ཁྱད་པར་ཅན་ཡོད་ཕྱིར་ལེན་པ་ལ་མཁའ་འགྲོས་བརྡ་བཀྲོལ་ནས་བསྐུལ་འདེད་རིམ་པར་བྱེད་པ་ལ་ངེས་ཤེས་འདྲོངས་པས་འགྲོ་བ་ཡིན། དེ་ལ་སྤྱིར་དར་མ་མདོ་སྡེ་བཏང་རུང་ན་གཞོན་པས་ཀུན་སེམས་ལས་ཆེ་བ་མིན་པ་མི་ཡོང་ཞིང་། ཁྱད་པར་ངས་བླ་མའི་དྲུང་དུ་ང་རང་ཡོང་བར་ཞུས་པ་མགཏོགས་བུ་གཏོང་བར་མ་ཞུས། ཚོང་པ་རྒས་པ་ལུས་ཟུངས་ངན་རུང་ལམ་རྒྱུས་བཟང་ཟེར་བ་ལྟར། ང་ལུས་ཅུང་ཟད་རྒས་རུང་རྒྱ་གར་མི་བགྲོད་པའི་རྒན་པོ་མིན། རྒྱ་གར་གྱི་རྒྱུས་ཀྱང་ང་རང་ཆེ་བས་ད་ལན་ལས་ཅི་ལ་ཐུག་རུང་ཆོས་ལེན་དུ་འགྲོ་བ་ཡིན། ལམ་བར་ན་གཇིགས་པ་དེ་དག་ཡོད་དག་ཡོད་དེ། ང་ལ་དེ་དག་གིས་མི་བརྫི་བའི་གདེངས་འདི་དག་ཡོད་པས། ད་ལན་འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ་གསུངས། རྒྱ་གར་ཕར་འབྱོན་གྱི་མགུར་འདི་གསུངས་སོ།།།། དཔལ་ནཱ་རོ་མཻཏྲིའི་ཞབས་ལ་འདུད།། ངས་ནཱ་རོའི་དྲུང་དུ་།། དམ་བཅས་དགོས་པ་མཆོག་ཅིག་ཡོད་པའི་ཕྱིར། གསུང་མཁའ་འགྲོས་བརྡས་བཀྲོལ་བསྐུལ་མཛད་པས།། བླ་མ་དྲན་ཏེ་བཟོད་བརླག་མེད།། ང་ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ།། དཔལ་མ་དཔལ་ཐང་ཐང་དུ་ཆེ་ལགས་ཀྱང་། ང་ལ་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ཡོད།།", "target": "བླ་མ འི་ ཞལ་ ནས ། བླ་མ འི་ ཐུགས་རྗེ་ ལ་ ཉེ་རིང་ མེད་ རུང་ ། ། ང ས་ ད་དུང་ ལན་ ཅིག་ མཇལ་ དུ་ ཡོང་བ འི་ དམ་བཅའ་ ཕུལ་ ཡོད ། བོད་ ཀྱི་ གདུལ་བྱ་ རྣམས་ ལ་ བརྩེ་བ འི་ ཕྱི ར ། སྔ ར་ མ་ ཐོབ་པ འི་ གདམས་ངག་ ཁྱད་པར་ཅན་ ཡོད་ ཕྱི ར་ ལེན་པ་ ལ་ མཁའ་འགྲོ ས་ བརྡ་ བཀྲོལ་ ནས་ བསྐུལ་འདེད་ རིམ་པ ར་ བྱེད་པ་ ལ་ ངེས་ཤེས་ འདྲོངས་པ ས་ འགྲོ་བ་ ཡིན ། དེ་ ལ་ སྤྱི ར་ དར་མ་མདོ་སྡེ་ བཏང་ རུང་ ན་ གཞོན་པ ས་ ཀུན་ སེམས་ལས་ ཆེ་བ་ མིན་པ་ མི་ ཡོང་ ཞིང་ ། ཁྱད་པ ར་ ང ས་ བླ་མ འི་ དྲུང་ དུ་ ང་ རང་ ཡོང་བ ར་ ཞུས་པ་ མ གཏོགས་ བུ་ གཏོང་བ ར་ མ་ ཞུས ། ཚོང་པ་ རྒས་པ་ ལུས་ཟུངས་ ངན་ རུང་ ལམ་རྒྱུས་ བཟང་ ཟེར་བ་ ལྟ ར ། ང་ ལུས་ ཅུང་ཟད་ རྒས་ རུང་ རྒྱ་གར་ མི་ བགྲོད་པ འི་ རྒན་པོ་ མིན ། རྒྱ་གར་ གྱི་ རྒྱུས་ ཀྱང་ ང་ རང་ ཆེ་བ ས་ ད་ ལན་ ལས་ ཅི་ ལ་ ཐུག་ རུང་ ཆོས་ ལེན་ དུ་ འགྲོ་བ་ ཡིན ། ལམ་བར་ ན་ གཇིགས་པ་ དེ་ དག་ ཡོད་ དག་ ཡོད་ དེ ། ང་ ལ་ དེ་ དག་ གིས་ མི་ བརྫི་བ འི་ གདེངས་ འདི་ དག་ ཡོད་པ ས ། ད་ ལན་ འཆི་བ་ སྲོག་ ལ་ བབ་ ཀྱང་ རྒྱ་གར་ ལ་ འགྲོ་ གསུངས ། རྒྱ་གར་ ཕ ར་ འབྱོན་ གྱི་ མགུར་ འདི་ གསུངས་ སོ ། ། ། ། དཔལ་ནཱ་རོ་མཻཏྲི འི་ ཞབས་ ལ་ འདུད ། ། ང ས་ ནཱ་རོ འི་ དྲུང་ དུ་ ། ། དམ་བཅས་ དགོས་པ་ མཆོག་ ཅིག་ ཡོད་པ འི་ ཕྱི ར ། གསུང་ མཁའ་འགྲོ ས་ བརྡ ས་ བཀྲོལ་ བསྐུལ་ མཛད་པ ས ། ། བླ་མ་ དྲན་ ཏེ་ བཟོད་བརླག་ མེད ། ། ང་ ལས་ ཅི་ ལ་ ཐུག་ ཀྱང་ རྒྱ་གར་ ལ་ འགྲོ ། ། འཆི་བ་ སྲོག་ ལ་ བབ་ ཀྱང་ རྒྱ་གར་ ལ་ འགྲོ ། ། དཔལ་མ་དཔལ་ཐང་ ཐང་ དུ་ ཆེ་ ལགས་ ཀྱང་ ། ང་ ལ་ རྣམ་ཤེས་རླུང་ཞོན་ གྱི་ གདམས་པ་ ཡོད ། །" }, { "source": "འདི་མདོ་ཕྲུག་ཕལ་གྱི་དོ་ཟླ་མིན།། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ།། ལ་ཁ་ལ་བྱ་ལ་ཤིན་ཏུ་གྲང་ལགས་ཀྱང་།། ང་ལ་གཏུམ་མོ་མེ་འབར་གྱི་གདམས་ངག་ཡོད།། འདི་སྣལ་གོས་ཕལ་གྱིས་དོ་ཟླ་མིན།། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ།། བལ་པོ་ཤིན་ཏུ་ཚད་པ་ཆེ་ལགས་ཀྱང་།། ང་ལ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ཡོད།། འདི་བཟང་དྲུག་ཕལ་གྱིས་དོ་ཟླ་མིན།། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ།། ཆུ་བོ་གང་ག་ཆུ་རུ་ཆེ་ལགས་ཀྱང་།། ང་ལ་རྣམ་ཤེས་མཁའ་ལྡིང་གི་གདམས་ངག་ཡོད།། འདི་གྲུ་གཟིངས་ཕལ་གྱིས་དོ་ཟླ་མིན།། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ།། རྒྱ་གར་མཐའ་འཁོབ་མུ་གེ་ཆེ་ལགས་ཀྱང་། ང་ལ་དཀའ་ཐུབ་ཆུ་འཐུང་གི་གདམས་ངག་ཡོད།། འདི་བཟའ་བཏུང་ཕལ་གྱི་དོ་ཟླ་མིན།། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ།། ལམ་བར་དང་ཡུལ་ཕྲན་འཇིགས་པ་ཆེ་ལགས་ཀྱང་།། ང་ལ་མ་མོ་ཇག་ཆིངས་ཀྱི་གདམས་ངག་ཡོད།། འདི་ཟླ་སྐྱེལ་ཕལ་གྱི་དོ་ཟླ་མིན།། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ།། བླ་མ་ནཱ་རོ་དང་མཻ་ཏྲི་ཡང་རྒྱ་གར་ན་བཞུགས།། དཔལ་ཞི་བ་བཟང་པོ་ཡང་རྒྱ་གར་ན་བཞུགས།།", "target": "འདི་ མདོ་ཕྲུག་ཕལ་ གྱི་ དོ་ཟླ་ མིན ། ། ལས་ ཅི་ ལ་ ཐུག་ ཀྱང་ རྒྱ་གར་ ལ་ འགྲོ ། ། འཆི་བ་ སྲོག་ ལ་ བབས་ ཀྱང་ རྒྱ་གར་ ལ་ འགྲོ ། ། ལ་ ཁ་ལ་བྱ་ལ་ ཤིན་ ཏུ་ གྲང་ ལགས་ ཀྱང་ ། ། ང་ ལ་ གཏུམ་མོ་ མེ་ འབར་ གྱི་ གདམས་ངག་ ཡོད ། ། འདི་ སྣལ་གོས་ཕལ་ གྱིས་ དོ་ཟླ་ མིན ། ། ལས་ ཅི་ ལ་ ཐུག་ ཀྱང་ རྒྱ་གར་ ལ་ འགྲོ ། ། འཆི་བ་ སྲོག་ ལ་ བབས་ ཀྱང་ རྒྱ་གར་ ལ་ འགྲོ ། ། བལ་པོ་ ཤིན་ ཏུ་ ཚད་པ་ ཆེ་ ལགས་ ཀྱང་ ། ། ང་ ལ་ འབྱུང་བ་རོ་སྙོམས་ ཀྱི་ གདམས་ངག་ ཡོད ། ། འདི་ བཟང་དྲུག་ཕལ་ གྱིས་ དོ་ཟླ་ མིན ། ། ལས་ ཅི་ ལ་ ཐུག་ ཀྱང་ རྒྱ་གར་ ལ་ འགྲོ ། ། འཆི་བ་ སྲོག་ ལ་ བབས་ ཀྱང་ རྒྱ་གར་ ལ་ འགྲོ ། ། ཆུ་བོ་ གང་ག་ ཆུ་ རུ་ ཆེ་ ལགས་ ཀྱང་ ། ། ང་ ལ་ རྣམ་ཤེས་མཁའ་ལྡིང་ གི་ གདམས་ངག་ ཡོད ། ། འདི་ གྲུ་གཟིངས་ཕལ་ གྱིས་ དོ་ཟླ་ མིན ། ། ལས་ ཅི་ ལ་ ཐུག་ ཀྱང་ རྒྱ་གར་ ལ་ འགྲོ ། ། འཆི་བ་ སྲོག་ ལ་ བབས་ ཀྱང་ རྒྱ་གར་ ལ་ འགྲོ ། ། རྒྱ་གར་ མཐའ་འཁོབ་ མུ་གེ་ ཆེ་ ལགས་ ཀྱང་ ། ང་ ལ་ དཀའ་ཐུབ་ཆུ་འཐུང་ གི་ གདམས་ངག་ ཡོད ། ། འདི་ བཟའ་བཏུང་ཕལ་ གྱི་ དོ་ཟླ་ མིན ། ། ལས་ ཅི་ ལ་ ཐུག་ ཀྱང་ རྒྱ་གར་ ལ་ འགྲོ ། ། འཆི་བ་ སྲོག་ ལ་ བབས་ ཀྱང་ རྒྱ་གར་ ལ་ འགྲོ ། ། ལམ་བར་ དང་ ཡུལ་ཕྲན་ འཇིགས་པ་ ཆེ་ ལགས་ ཀྱང་ ། ། ང་ ལ་ མ་མོ་ཇག་ཆིངས་ ཀྱི་ གདམས་ངག་ ཡོད ། ། འདི་ ཟླ་སྐྱེལ་ཕལ་ གྱི་ དོ་ཟླ་ མིན ། ། ལས་ ཅི་ ལ་ ཐུག་ ཀྱང་ རྒྱ་གར་ ལ་ འགྲོ ། ། འཆི་བ་ སྲོག་ ལ་ བབས་ ཀྱང་ རྒྱ་གར་ ལ་ འགྲོ ། ། བླ་མ་ ནཱ་རོ་ དང་ མཻ་ཏྲི་ ཡང་ རྒྱ་གར་ ན་ བཞུགས ། ། དཔལ་ཞི་བ་ བཟང་པོ་ ཡང་ རྒྱ་གར་ ན་ བཞུགས ། །" }, { "source": "རྟེན་མ་ཧཱ་བོ་ངྷི་ཡང་རྒྱ་གར་ན་བཞུགས།། ང་ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ།། འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ།། ཞེས་གསུངས་ཤིང་ཐག་ཆོད་པའི་ཚེ།། སྔར་འབུལ་སྡུད་ལ་བྱུང་བའི་གསེར་དང་། སློབ་མ་རྣམས་ཀྱི་འབུལ་བ་ཐམས་ཅད་གསེར་དུ་བསྒྲིལ་བས། གསེར་དཀར་ཡོལ་གང་བྱུང་བ་བསྣམས་ཏེ། གཞན་ཕྱག་ཕྱི་ལ་གཏོང་བའི་ཞུ་བ་ཕུལ་ཡང་མ་གནང་བར་གཅིག་པུར་རྒྱ་གར་ལ་བྱོན་ནོ།།།། གཉིས་པ། བླ་མ་ནཱ་རོ་པ་བཙལ་ཞིང་ཆོས་གསན་ཚུལ་ནི། རྗེ་མར་པས་འབྱོན་ལམ་ཉང་སྟོད་ལ་བྱོན་པས་བཞེངས་ཀྱི་གླང་པོ་སྣར་ཇོ་བོ་རྗེ་བོད་དུ་བྱོན་པ་དང་མཇལ་བས་སྔར་ནཱ་རོ་པའི་དྲུང་དུ་ན་ལེན་ཏྲའི་ཆོས་ཁྲིམས་མཛད་པ་རྒྱལ་རིགས་ཀྱི་པཎྚི་ཞི་དུལ་ཅན་ཞིག་ཆོས་ཞུ་བ་ལ་ཡང་ཡང་འབྱོན་ཞིང་འདུག་པ་དེ་ཡིན་པར་ཤེས་ནས། མངའ་བདག་མཻ་ཏྲི་པས་དམ་རྫས་བརྟེན་པ་ཐུགས་སུ་མ་ཤོང་བའི་རྣམ་པས་སྐུར་པ་ཅུང་ཟད་བཏབ་རུང་། དགེ་འདུན་སོ་ཐར་བ་སྤྱིའི་ཁྲིམས་ཡིན་ཕྱིར་ཁོང་རང་ལ་རང་འདོད་མེད་པ་དང་། ཞི་དུལ་ཆེ་ཞིང་བོད་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ལ་བྱོན་པས་ཐུགས་ལ་དགའ་སྤྲོ་དང་དག་སྣང་ཤར་ཏེ། དཔལ་རྡོ་རྗེ་ཕྲེང་བ་གནང་བའི་ཞར་ཅིག་འདུག་པས། གསོལ་བ་བཏབ་ནས་གནང་སྟེ་ནཱ་རོ་པ་གར་བཞུགས་ཀྱི་གསུང་གླེང་ཞུས་པས། ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་མི་མ་ཡིན་གྱི་ཚོགས་དཔོན་མཛད་པ་མ་གཏོགས་མི་དང་མི་མཇལ་བ་འདུག་ཟེར། ཁྱེད་རང་ཡང་ཨེ་མཇལ་མི་ཤེས་པས། རྒྱ་གར་ལ་བྱོན་པ་བས་ངའི་ལོ་ཙྪ་ལ་ཕྱིན་པ་འགྲོ་དོན་ཆེ་གསུངས་ལ། ཐུགས་ལ་མི་མཇལ་མི་སྲིད་སྙམ་པ་ཤར་རུང་།", "target": "རྟེན་ མ་ཧཱ་བོ་ངྷི་ ཡང་ རྒྱ་གར་ ན་ བཞུགས ། ། ང་ ལས་ ཅི་ ལ་ ཐུག་ ཀྱང་ རྒྱ་གར་ ལ་ འགྲོ ། ། འཆི་བ་ སྲོག་ ལ་ བབས་ ཀྱང་ རྒྱ་གར་ ལ་ འགྲོ ། ། ཞེས་ གསུངས་ ཤིང་ ཐག་ ཆོད་པ འི་ ཚེ ། ། སྔ ར་ འབུལ་སྡུད་ ལ་ བྱུང་བ འི་ གསེར་ དང་ ། སློབ་མ་ རྣམས་ ཀྱི་ འབུལ་བ་ ཐམས་ཅད་ གསེར་ དུ་ བསྒྲིལ་བ ས ། གསེར་ དཀར་ཡོལ་ གང་ བྱུང་བ་ བསྣམས་ ཏེ ། གཞན་ ཕྱག་ཕྱི་ ལ་ གཏོང་བ འི་ ཞུ་བ་ ཕུལ་ ཡང་ མ་ གནང་བ ར་ གཅིག་པུ ར་ རྒྱ་གར་ ལ་ བྱོན་ ནོ ། ། ། ། གཉིས་པ ། བླ་མ་ ནཱ་རོ་པ་ བཙལ་ ཞིང་ ཆོས་ གསན་ཚུལ་ ནི ། རྗེ་ མར་པ ས་ འབྱོན་ལམ་ ཉང་སྟོད་ ལ་ བྱོན་པ ས་ བཞེངས་ ཀྱི་ གླང་པོ་སྣ ར་ ཇོ་བོ་ རྗེ་ བོད་ དུ་ བྱོན་པ་ དང་ མཇལ་བ ས་ སྔ ར་ ནཱ་རོ་པ འི་ དྲུང་ དུ་ ན་ལེན་ཏྲ འི་ ཆོས་ཁྲིམས་ མཛད་པ་ རྒྱལ་རིགས་ ཀྱི་ པཎྚི་ ཞི་དུལ་ཅན་ ཞིག་ ཆོས་ ཞུ་བ་ ལ་ ཡང་ ཡང་ འབྱོན་ ཞིང་ འདུག་པ་ དེ་ ཡིན་པ ར་ ཤེས་ ནས ། མངའ་བདག་ མཻ་ཏྲི་པ ས་ དམ་རྫས་ བརྟེན་པ་ ཐུགས་ སུ་ མ་ ཤོང་བ འི་ རྣམ་པ ས་ སྐུར་པ་ ཅུང་ཟད་ བཏབ་ རུང་ ། དགེ་འདུན་ སོ་ཐར་བ་ སྤྱི འི་ ཁྲིམས་ ཡིན་ ཕྱི ར་ ཁོང་ རང་ ལ་ རང་འདོད་ མེད་པ་ དང་ ། ཞི་དུལ་ ཆེ་ ཞིང་ བོད་ དུ་ སངས་རྒྱས་ ཀྱི་ བསྟན་པ་ སྤེལ་བ་ ལ་ བྱོན་པ ས་ ཐུགས་ ལ་ དགའ་སྤྲོ་ དང་ དག་སྣང་ ཤར་ ཏེ ། དཔལ་རྡོ་རྗེ་ཕྲེང་བ་ གནང་བ འི་ ཞར་ ཅིག་ འདུག་པ ས ། གསོལ་བ་ བཏབ་ ནས་ གནང་ སྟེ་ ནཱ་རོ་པ་ ག ར་ བཞུགས་ ཀྱི་ གསུང་གླེང་ ཞུས་པ ས ། ནཱ་རོ་པ་ སྤྱོད་པ་ ལ་ གཤེགས་ ནས་ མི་ མ་ ཡིན་ གྱི་ ཚོགས་དཔོན་ མཛད་པ་ མ་ གཏོགས་ མི་ དང་ མི་ མཇལ་བ་ འདུག་ ཟེར ། ཁྱེད་ རང་ ཡང་ ཨེ་ མཇལ་ མི་ ཤེས་པ ས ། རྒྱ་གར་ ལ་ བྱོན་པ་ བས་ ང འི་ ལོ་ཙྪ་ ལ་ ཕྱིན་པ་ འགྲོ་དོན་ ཆེ་ གསུངས་ ལ ། ཐུགས་ ལ་ མི་ མཇལ་ མི་ སྲིད་ སྙམ་པ་ ཤར་ རུང་ །" }, { "source": "ཞལ་ནས། མི་མཇལ་རུང་ལན་ཅིག་རྒྱ་གར་ལ་ཅིས་ཀྱང་འགྲོ་ཞུས་ནས་བྱོན་ཏེ། བལ་པོར་ཕེབས་ཚེ་བླ་མ་སེན་ཏ་བ་དང་སྤྱི་ཐེར་བ་གཉིས་ལས། ཇོ་བོའི་གསུང་ལྟར་ནཱ་རོ་པ་སྤྱོད་པ་ལ་གཤེགས་པའི་གཏམ་ཐོས་པས་ཐུགས་ཐོན་འགྲོ་བ་ལྟ་བུའི་སྡུག་བསྔལ་བྱུང་། ད་མི་མཇལ་ལམ་ཞུས་པས། ཁྱེད་སློབ་མ་དམ་ཚིག་ཅན་ཡིན་ཅིང་། རྗེ་བཙུན་ཆོས་ཀྱི་སྤྱན་ཅན་ཡིན་ཕྱིར་མཇལ་ངེས་པས། ཚོགས་མཆོད་ཕུལ་བའི་གསོལ་བ་ཐོབ་ཟེར་བ་ལྟར་བྱེད་དགོས་དགོངས་ནས་རྒྱ་གར་དུ་བྱོན། དགེ་ཚུལ་ཤེས་རབ་སེང་གེ་དང་མཇལ་བས། དགེ་ཚུལ་བ་ན་རེ། ཁྱེད་ཡོང་བ་ཕྱིས། རྗེ་བཙུན་ན་ནིང་གི་ལོ་གསར་གྱི་ཉ་ལ་སྤྱོད་པ་ལ་གཤེགས། དེ་ཙམ་ཅི་བྱེད་ཅིང་བསྡད་ཟེར། གསེར་བསྒྲུབ་ཅིང་བསྡད་པའི་བར་ལ། མཁའ་འགྲོས་སྙན་བརྒྱུད་ཞུ་བ་ལ་བསྐུལ་བའི་ལོ་རྒྱུས་རྣམས་རྒྱས་པར་བཤད་ནས། དེ་ཡང་བརྡ་བསྐུལ་འདི་དག་གིས་མྱུར་བར་བྱུང་བ་ཡིན་ཏེ། ད་བླ་མ་དང་མཇལ་བ་ཞིག་དང་བསོད་ནམས་ལ་མ་བཀོད་པ་འདྲ། རྗེ་བཙུན་མི་བཞུགས་སྟང་། ཁྱེད་ལ་སྙན་བརྒྱུད་ཀྱི་ཆོས་མངའ་འམ་ཅི། བདག་གི་གསུང་སྒྲོས་སམ་ཞལ་ཏ་རེ་ཙམ་འདུག་གི་བྱས་མཚན་ནས་བོས། མང་དུ་བཤུམས་པས། དགེ་ཚུལ་བ་ན་རེ། སྙན་བརྒྱུད་དམ་དེ་འདྲ་ཐོས་ཀྱང་མ་ཐོས། ཁོ་ཡོང་རྒྱུ་ཡིན་ཏེ་གསུངས། ཁྱེད་ལ་ཐུགས་བརྩེ་བའི་གསུང་མང་པོ་རང་ཡང་ཡང་འབྱོན་གྱི་འདུགའབྱོན་ཁར་ཁོ་ཡོང་ངེས་ཡིན་བས་འདི་རྣམས་སྤྲོད་གསུངས།", "target": "ཞལ་ ནས ། མི་ མཇལ་ རུང་ ལན་ ཅིག་ རྒྱ་གར་ ལ་ ཅི ས་ ཀྱང་ འགྲོ་ ཞུས་ ནས་ བྱོན་ ཏེ ། བལ་པོ ར་ ཕེབས་ ཚེ་ བླ་མ་ སེན་ཏ་བ་ དང་ སྤྱི་ཐེར་བ་ གཉིས་ ལས ། ཇོ་བོ འི་ གསུང་ ལྟ ར་ ནཱ་རོ་པ་ སྤྱོད་པ་ ལ་ གཤེགས་པ འི་ གཏམ་ ཐོས་པ ས་ ཐུགས་ ཐོན་ འགྲོ་བ་ ལྟ་བུ འི་ སྡུག་བསྔལ་ བྱུང་ ། ད་ མི་ མཇལ་ ལམ་ ཞུས་པ ས ། ཁྱེད་ སློབ་མ་ དམ་ཚིག་ཅན་ ཡིན་ ཅིང་ ། རྗེ་བཙུན་ ཆོས་ ཀྱི་ སྤྱན་ཅན་ ཡིན་ ཕྱི ར་ མཇལ་ ངེས་པ ས ། ཚོགས་མཆོད་ ཕུལ་བ འི་ གསོལ་བ་ ཐོབ་ ཟེར་བ་ ལྟ ར་ བྱེད་ དགོས་ དགོངས་ ནས་ རྒྱ་གར་ དུ་ བྱོན ། དགེ་ཚུལ་ ཤེས་རབ་སེང་གེ་ དང་ མཇལ་བ ས ། དགེ་ཚུལ་བ་ ན་རེ ། ཁྱེད་ ཡོང་བ་ ཕྱིས ། རྗེ་བཙུན་ ན་ནིང་ གི་ ལོ་གསར་ གྱི་ ཉ་ ལ་ སྤྱོད་པ་ ལ་ གཤེགས ། དེ་ ཙམ་ ཅི་ བྱེད་ ཅིང་ བསྡད་ ཟེར ། གསེར་ བསྒྲུབ་ ཅིང་ བསྡད་པ འི་ བར་ ལ ། མཁའ་འགྲོ ས་ སྙན་བརྒྱུད་ ཞུ་བ་ ལ་ བསྐུལ་བ འི་ ལོ་རྒྱུས་ རྣམས་ རྒྱས་པ ར་ བཤད་ ནས ། དེ་ ཡང་ བརྡ་བསྐུལ་ འདི་ དག་ གིས་ མྱུར་བ ར་ བྱུང་བ་ ཡིན་ ཏེ ། ད་ བླ་མ་ དང་ མཇལ་བ་ ཞིག་ དང་ བསོད་ནམས་ ལ་ མ་ བཀོད་པ་ འདྲ ། རྗེ་བཙུན་ མི་ བཞུགས་ སྟང་ ། ཁྱེད་ ལ་ སྙན་བརྒྱུད་ ཀྱི་ ཆོས་ མངའ་ འམ་ ཅི ། བདག་ གི་ གསུང་སྒྲོས་ སམ་ ཞལ་ཏ་ རེ་ ཙམ་ འདུག་ གི་ བྱས་ མཚན་ ནས་ བོས ། མང་ དུ་ བཤུམས་པ ས ། དགེ་ཚུལ་བ་ ན་རེ ། སྙན་བརྒྱུད་ དམ་ དེ་ འདྲ་ ཐོས་ ཀྱང་ མ་ ཐོས ། ཁོ་ ཡོང་རྒྱུ་ ཡིན་ ཏེ་ གསུངས ། ཁྱེད་ ལ་ ཐུགས་ བརྩེ་བ འི་ གསུང་ མང་པོ་ རང་ ཡང་ ཡང་ འབྱོན་ གྱི་ འདུག འབྱོན་ ཁ ར་ ཁོ་ ཡོང་ ངེས་ ཡིན་བ ས་ འདི་ རྣམས་ སྤྲོད་ གསུངས །" }, { "source": "ཕྱག་མཚན་རྡོ་རྗེ་དྲིལ་བུ་དང་།། ཐུགས་དམ་ཐང་ཀ་གཉིས་བཞག་པ་ཡིན་ཏེ།། རྡོ་རྗེ་དྲིལ་བུ་རྐུ་ལ་ཤོར་བས། འདི་ལུས་དང་འབྲལ་མེད་བྱས་པ་ཡིན་ཟེར། དགྱེས་རྡོར་གྱི་བྲིས་སྐུ་སྤྲད་བྱུང་བས་ཀྱང་། བླ་མ་སྙིང་ལ་འདོད་པས་གདུངས་ཏེ་བཟོད་གླགས་མེད་པའི་སྤྱན་ཆབ་མང་པོ་ཤོར་བ་དང་། དགེ་ཚུལ་བ་ན་རེ། ཁྱོད་ཀྱི་བླ་མ་ལ་མོས་པའི་གདུང་ཤུགས་འདི་དང་། རྗེ་བཙུན་ཆོས་ཀྱི་སྤྱན་ཅན་གྱི་ཐུགས་རྗེ་ནང་མཐུན་ཕྱིར་མཇལ་ངེས་པས། གསེར་གྱི་ཆ་རྐྱེན་འདི་དག་གིས་ཚོགས་མཆོད་ཕུལ་ལ་གསོལ་བ་ཐོབ། དེ་ཡང་ཐོག་མར་ཁྱེད་རང་གི་བླ་མ་ཡང་ཡིན། རྗེ་བཙུན་གྱི་སློབ་མ་ཡང་ཡིན་པས་མངའ་བདག་མཻ་ཏྲི་པའི་དྲུང་དུ་བྱོན་ལ་གསོལ་བ་ཐོབ་ཟེར་བ་ལྟར། མཻ་ཏྲི་པའི་སར་བྱོན་ཚོགས་མཆོད་ཟླ་བ་གཅིག་ལ་ཕུལ་བའི་མཐར། མཇལ་བར་ལུང་བསྟན་པ་ནི།། ནོར་བུ་རྒྱལ་མཚན་རྩེ་ལ་འཕྱར།། སྒེག་མོ་མེ་ལོང་ཟུར་མིག་བལྟ།། བྱ་འཕུར་སྟེང་ནས་རྒྱལ་མཚན་འཕྱར།། དེད་དཔོན་གྲུ་གཟིངས་གཏང་བར་རྨི།། དཔལ་ནཱ་རོ་པ་དང་མཇལ་བར་ངེས།། གསུངས་སོ།། དེ་ནས་ཡང་ཁྱེད་རང་གི་སློབ་དཔོན་རྗེ་བཙུན་དང་ཕར་སློབ་ཚུར་སློབ་ཞི་བ་བཟང་པོ་ཅན་སོང་ལ་ཟླ་བ་གཅིག་གསོལ་བ་ཐོབ་ཟེར་ཕྱིན་པས། དུག་མཚོའི་གླིང་ནས་ཚུར་བྱོན་ཏེ་ཤིང་ཏིང་ཏིང་ཁུན་པའི་འགྲམ་ན་བཞུགས་པ་ལ་ཟླ་བ་གཅིག་གསོལ་བ་བཏབ་པས་ལུང་བསྟན་པ།། རྗེ་བཙུན་དཔལ་ལྡན་ནཱ་རོ་པ།། གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས།། སྤྱན་མིག་གཉིས་ལ་ཉི་ཟླ་ཡིས།། འོད་ཟེར་བོད་དུ་བཀྱེ་བ་རྨི།། ནཱ་རོ་པ་དང་མཇལ་ཏེ་འོངས།། གསུངས་སོ།། དེ་ནས་ནཱ་རོ་པའི་སློབ་མ་རྣལ་འབྱོར་མ་རུས་པའི་རྒྱན་ཅན་དུར་ཁྲོད་ན་བཞུགས་པའི་སར་སོང་ལ་ཟླ་བ་གཅིག་གསོལ་བ་ཐོབ་གསུངས་ནས་ཕྱིན་ཏེ་གསོལ་བ་བཏབ་པས་ལུང་བསྟན་པ། རི་གསུམ་རྩེ་ནས་དུང་འབུད་ཅིང་།། ལུང་གསུམ་མདོ་ནས་ལམ་སྣ་འཁྲིད།། བུམ་ནང་མར་མེ་འབར་བ་ཡིས།། འཛམ་གླིང་འོད་ཀྱིས་གང་བར་རྨི།། ནཱ་རོ་པ་དང་མཇལ་ཏེ་འོངས། གསུངས་སོ།། དེ་ནས་དགེ་ཚུལ་བ་ཤེས་རབ་སེང་གེ་ན་རེ། དེ་ཡང་རྗེ་བཙུན་ལ་ངོ་མི་ཆུང་བས་ཟླ་བ་གཅིག་གསོལ་བ་ཐོབ་གསུངས་བཏབ་པས་ལུང་བསྟན་པ། བདག་གིས་མྱ་ངན་ཐང་ཆེན་ལ།། དམུས་ལོང་འཁྲིད་དེ་གཞན་ལ་སྤྲད།། དེ་ཡིས་མ་རིག་མིག་ཕྱེ་ནས།། སེམས་ཀྱི་མེ་ལོང་བལྟས་པ་རྨི།། ནཱ་རོ་པ་དང་མཇལ་ཏེ་འོངས། གསུངས་སོ།། དེ་ནས་ནཱ་རོ་པའི་རྡོ་རྗེ་སྤུན་རི་རི་པ་དང་།། ཀ་སོ་རི་པ་ཅན་སོང་ལ་གསོལ་བ་ཐོབ་གསུངས་ནས། རི་རི་པ་ཅན་ཟླ་བ་གཅིག་གསོལ་བ་བཏབ་པ། ལུང་བསྟན་པ།། སྔོན་ཚེ་བྲམ་ཟེ་བཟང་ལྡན་ལ།། རིགས་ལྡན་ཆོས་ཀྱི་རྒྱལ་པོ་ཡིས།། དགེ་བཟང་དཔང་བཙུགས་གསོལ་བཏབ་།། འབྲས་བུ་འདིར་འོང་མི་མཇལ་མེད། དེའི་དོན་བླ་མ་ནཱ་རོ་པའི་ཐུགས་རྗེ་དང་། སློབ་མ་མོས་གུས་ཅན་ཁྱེད་ཀྱི་གདུང་ཤུགས་ནང་འཛོམ་པའི་ནུས་པས། ད་ནང་ང་ཡང་སྐྱེ་བ་ཡང་སྔ་མ་དྲན་ཞིང་ཤེས་པ་ཞིག་བྱུང་བ་ནི་ནཱ་རོ་པ་བྲམ་ཟེ་བཟང་ལྡན་ཞབས་བྱ་བར་གྱུར།", "target": "ཕྱག་མཚན་རྡོ་རྗེ་དྲིལ་བུ་ དང་ ། ། ཐུགས་དམ་ཐང་ཀ་ གཉིས་ བཞག་པ་ ཡིན་ ཏེ ། ། རྡོ་རྗེ་དྲིལ་བུ་ རྐུ་ ལ་ ཤོར་བ ས ། འདི་ ལུས་ དང་ འབྲལ་མེད་ བྱས་པ་ ཡིན་ ཟེར ། དགྱེས་རྡོར་ གྱི་ བྲིས་སྐུ་ སྤྲད་ བྱུང་བ ས་ ཀྱང་ ། བླ་མ་ སྙིང་ ལ་ འདོད་པ ས་ གདུངས་ ཏེ་ བཟོད་གླགས་ མེད་པ འི་ སྤྱན་ཆབ་ མང་པོ་ ཤོར་བ་ དང་ ། དགེ་ཚུལ་བ་ ན་རེ ། ཁྱོད་ ཀྱི་ བླ་མ་ ལ་ མོས་པ འི་ གདུང་ཤུགས་ འདི་ དང་ ། རྗེ་བཙུན་ ཆོས་ ཀྱི་ སྤྱན་ཅན་ གྱི་ ཐུགས་རྗེ་ ནང་མཐུན་ ཕྱི ར་ མཇལ་ ངེས་པ ས ། གསེར་ གྱི་ ཆ་རྐྱེན་ འདི་ དག་ གིས་ ཚོགས་མཆོད་ ཕུལ་ ལ་ གསོལ་བ་ ཐོབ ། དེ་ ཡང་ ཐོག་མ ར་ ཁྱེད་ རང་ གི་ བླ་མ་ ཡང་ ཡིན ། རྗེ་བཙུན་ གྱི་ སློབ་མ་ ཡང་ ཡིན་པ ས་ མངའ་བདག་ མཻ་ཏྲི་པ འི་ དྲུང་ དུ་ བྱོན་ ལ་ གསོལ་བ་ ཐོབ་ ཟེར་བ་ ལྟ ར ། མཻ་ཏྲི་པ འི་ ས ར་ བྱོན་ ཚོགས་མཆོད་ ཟླ་བ་ གཅིག་ ལ་ ཕུལ་བ འི་ མཐ ར ། མཇལ་བ ར་ ལུང་ བསྟན་པ་ ནི ། ། ནོར་བུ་ རྒྱལ་མཚན་ རྩེ་ ལ་ འཕྱར ། ། སྒེག་མོ་ མེ་ལོང་ ཟུར་མིག་ བལྟ ། ། བྱ་ འཕུར་ སྟེང་ ནས་ རྒྱལ་མཚན་ འཕྱར ། ། དེད་དཔོན་ གྲུ་གཟིངས་ གཏང་བ ར་ རྨི ། ། དཔལ་ནཱ་རོ་པ་ དང་ མཇལ་བ ར་ ངེས ། ། གསུངས་ སོ ། ། དེ་ ནས་ ཡང་ ཁྱེད་ རང་ གི་ སློབ་དཔོན་ རྗེ་བཙུན་ དང་ ཕ ར་ སློབ་ ཚུ ར་ སློབ་ ཞི་བ་བཟང་པོ་ ཅན་ སོང་ ལ་ ཟླ་བ་ གཅིག་ གསོལ་བ་ ཐོབ་ ཟེར་ ཕྱིན་པ ས ། དུག་མཚོ འི་ གླིང་ ནས་ ཚུ ར་ བྱོན་ ཏེ་ ཤིང་ ཏིང་ཏིང་ཁུན་པ འི་ འགྲམ་ ན་ བཞུགས་པ་ ལ་ ཟླ་བ་ གཅིག་ གསོལ་བ་ བཏབ་པ ས་ ལུང་ བསྟན་པ ། ། རྗེ་བཙུན་ དཔལ་ལྡན་ ནཱ་རོ་པ ། ། གླང་པོ་ཆེ་ ཡི་ ལྟ་སྟངས་ ཀྱིས ། ། སྤྱན་མིག་ གཉིས་ ལ་ ཉི་ཟླ་ ཡིས ། ། འོད་ཟེར་ བོད་ དུ་ བཀྱེ་བ་ རྨི ། ། ནཱ་རོ་པ་ དང་ མཇལ་ ཏེ་ འོངས ། ། གསུངས་ སོ ། ། དེ་ ནས་ ནཱ་རོ་པ འི་ སློབ་མ་ རྣལ་འབྱོར་མ་ རུས་པ འི་ རྒྱན་ཅན་ དུར་ཁྲོད་ ན་ བཞུགས་པ འི་ ས ར་ སོང་ ལ་ ཟླ་བ་ གཅིག་ གསོལ་བ་ ཐོབ་ གསུངས་ ནས་ ཕྱིན་ ཏེ་ གསོལ་བ་ བཏབ་པ ས་ ལུང་ བསྟན་པ ། རི་ གསུམ་ རྩེ་ ནས་ དུང་ འབུད་ ཅིང་ ། ། ལུང་ གསུམ་ མདོ་ ནས་ ལམ་སྣ་ འཁྲིད ། ། བུམ་ ནང་ མར་མེ་ འབར་བ་ ཡིས ། ། འཛམ་གླིང་ འོད་ ཀྱིས་ གང་བ ར་ རྨི ། ། ནཱ་རོ་པ་ དང་ མཇལ་ ཏེ་ འོངས ། གསུངས་ སོ ། ། དེ་ ནས་ དགེ་ཚུལ་བ་ ཤེས་རབ་སེང་གེ་ ན་རེ ། དེ་ ཡང་ རྗེ་བཙུན་ ལ་ ངོ་ མི་ ཆུང་བ ས་ ཟླ་བ་ གཅིག་ གསོལ་བ་ ཐོབ་ གསུངས་ བཏབ་པ ས་ ལུང་ བསྟན་པ ། བདག་ གིས་ མྱ་ངན་ ཐང་ཆེན་ ལ ། ། དམུས་ལོང་ འཁྲིད་ དེ་ གཞན་ ལ་ སྤྲད ། ། དེ་ ཡིས་ མ་རིག་མིག་ ཕྱེ་ ནས ། ། སེམས་ ཀྱི་ མེ་ལོང་ བལྟས་པ་ རྨི ། ། ནཱ་རོ་པ་ དང་ མཇལ་ ཏེ་ འོངས ། གསུངས་ སོ ། ། དེ་ ནས་ ནཱ་རོ་པ འི་ རྡོ་རྗེ་སྤུན་ རི་རི་པ་ དང་ ། ། ཀ་སོ་རི་པ་ ཅན་ སོང་ ལ་ གསོལ་བ་ ཐོབ་ གསུངས་ ནས ། རི་རི་པ་ ཅན་ ཟླ་བ་ གཅིག་ གསོལ་བ་ བཏབ་པ ། ལུང་ བསྟན་པ ། ། སྔོན་ ཚེ་ བྲམ་ཟེ་ བཟང་ལྡན་ ལ ། ། རིགས་ལྡན་ ཆོས་ ཀྱི་ རྒྱལ་པོ་ ཡིས ། ། དགེ་བཟང་ དཔང་ བཙུགས་ གསོལ་ བཏབ་ ། ། འབྲས་བུ་ འདི ར་ འོང་ མི་ མཇལ་ མེད ། དེ འི་ དོན་ བླ་མ་ ནཱ་རོ་པ འི་ ཐུགས་རྗེ་ དང་ ། སློབ་མ་ མོས་གུས་ཅན་ ཁྱེད་ ཀྱི་ གདུང་ཤུགས་ ནང་ འཛོམ་པ འི་ ནུས་པ ས ། ད་ ནང་ ང་ ཡང་ སྐྱེ་བ་ ཡང་ སྔ་མ་ དྲན་ ཞིང་ ཤེས་པ་ ཞིག་ བྱུང་བ་ ནི་ ནཱ་རོ་པ་ བྲམ་ཟེ་ བཟང་ལྡན་ ཞབས་ བྱ་བ ར་ གྱུར །" }, { "source": "ལོ་ཙྪ་བ་ཁྱེད་བྱང་ཕྱོགས་ཀྱི་རིགས་ལྡན་ཆོས་ཀྱི་རྒྱལ་པོ་བྱ་བ་ཡིན། ང་དྲང་སྲོང་དགེ་བ། ཀ་སོ་རི་པ་བྲམ་ཟེ་བཟང་པོ། དེ་གཉིས་དཔང་པོར་བཞག་ནས། ཕྱི་མ་ལ་མཇལ་བར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པ་ཡིན་གསུང་། དེ་ནས་ཀ་སོ་རི་པ་ཅན་ཟླ་བ་གཅིག་ལ་གསོལ་བ་བཏབ་པས། ལུང་བསྟན་པ།། ཡང་དག་ཟླ་བའི་དཀྱིལ་འཁོར་ནི།། མི་གཡོ་ཕུ་ལ་ཧ་རི་རུ།། སེམས་ཉིད་ཆོས་སྐུའི་མེ་ལོང་ནི།། ནཱ་རོ་པ་ཡིས་སྟོན་པར་འགྱུར། ཅེས་གསུངས་པ་སོགས་མཇལ་བའི་ལུང་བསྟན་ཁོ་ན་བྱུང་བས། དགའ་སྤྲོའི་སྤོབས་པ་ཞིག་སྐྱེས། རྗེ་བཙུན་སྙིང་ལ་འདོད་པས་གདུངས་ཏེ། སྡོད་མ་ཟུག་པར་རེས་གྲོགས་དང་བཅས་ཏེ་བཙལ། རེས་གྲོགས་མེད་དུ་རི་སུལ་དང་། ནགས་ཁྲོད་དང་། གྲོང་ཁྱེར་རྣམས་ཉུལ་ཞིང་བཙལ་བས་ལམ་ལོག་སྟེ། ཤར་ཁྲི་སྒོ་རྩེགས་པའི་གྲོང་ཁྱེར་དུ་སྡིག་སྤྱོད་རྒྱལ་པོས་གསེར་འདོད་པའི་ཕྱིར། བླ་མཆོད་གྱིས་ཟེར་བཙོན་དུ་བཟུང་བ་ལ། ང་བླ་མ་ནཱ་རོ་པ་ཚོལ་དུ་འགྲོ་བས་བསྡད་ལོང་མེད་ཅེས་གསུངས་ནས་འགྲོ་བར་ཆས་པས། ཁྱོད་སྙིང་རྗེ་བ་ཅིག་འདུག་པ། རྒྱགས་འདི་ཁྱེར་ལ་བཞུད་ཟེར་ནས། ཉ་ལྟང་དཀར་གྱི་ཁོག་པ་ཅིག་དང་།། འབྲས་བྲེ་དྲུག་རྣམས་བསྐུར་ནས། འདི་ནས་ཤར་དྲང་པོ་ལ་བྱོན་ཟེར་བ་ལྟར་ཕྱིན་ཏེ་ཟླ་བ་བརྒྱད་བཙལ་བའི་དང་པོ་ལ། མར་པའི་མནལ་ལམ་དུ་རྗེ་ནཱ་རོ་པ་དེ་སེང་གེ་ལ་ཆིབས། ཇྙཱ་ན་མ་ཏི་དང་།། གུ་ན་མ་སིདྡྷ་བྱ་བའི་ཕྱག་རྒྱ་མ་གཉིས་ཀྱིས་མཐའ་བརྟེན་ནས།", "target": "ལོ་ཙྪ་བ་ ཁྱེད་ བྱང་ཕྱོགས་ ཀྱི་ རིགས་ལྡན་ ཆོས་ ཀྱི་ རྒྱལ་པོ་ བྱ་བ་ ཡིན ། ང་ དྲང་སྲོང་ དགེ་བ ། ཀ་སོ་རི་པ་ བྲམ་ཟེ་ བཟང་པོ ། དེ་ གཉིས་ དཔང་པོ ར་ བཞག་ ནས ། ཕྱི་མ་ ལ་ མཇལ་བ ར་ གསོལ་བ་ བཏབ་པ ས་ ཞལ་ གྱིས་ བཞེས་པ་ ཡིན་ གསུང་ ། དེ་ ནས་ ཀ་སོ་རི་པ་ ཅན་ ཟླ་བ་ གཅིག་ ལ་ གསོལ་བ་ བཏབ་པ ས ། ལུང་ བསྟན་པ ། ། ཡང་དག་ ཟླ་བ འི་ དཀྱིལ་འཁོར་ ནི ། ། མི་གཡོ་ ཕུ་ལ་ཧ་རི་ རུ ། ། སེམས་ཉིད་ ཆོས་སྐུ འི་ མེ་ལོང་ ནི ། ། ནཱ་རོ་པ་ ཡིས་ སྟོན་པ ར་ འགྱུར ། ཅེས་ གསུངས་པ་ སོགས་ མཇལ་བ འི་ ལུང་བསྟན་ ཁོ་ན་ བྱུང་བ ས ། དགའ་སྤྲོ འི་ སྤོབས་པ་ ཞིག་ སྐྱེས ། རྗེ་བཙུན་ སྙིང་ ལ་ འདོད་པ ས་ གདུངས་ ཏེ ། སྡོད་ མ་ ཟུག་པ ར་ རེ ས་ གྲོགས་ དང་ བཅས་ ཏེ་ བཙལ ། རེ ས་ གྲོགས་ མེད་ དུ་ རི་སུལ་ དང་ ། ནགས་ཁྲོད་ དང་ ། གྲོང་ཁྱེར་ རྣམས་ ཉུལ་ ཞིང་ བཙལ་བ ས་ ལམ་ ལོག་ སྟེ ། ཤར་ ཁྲི་སྒོ་རྩེགས་པ འི་ གྲོང་ཁྱེར་ དུ་ སྡིག་སྤྱོད་རྒྱལ་པོ ས་ གསེར་ འདོད་པ འི་ ཕྱི ར ། བླ་མཆོད་ གྱིས་ ཟེར་ བཙོན་ དུ་ བཟུང་བ་ ལ ། ང་ བླ་མ་ ནཱ་རོ་པ་ ཚོལ་ དུ་ འགྲོ་བ ས་ བསྡད་ ལོང་མེད་ ཅེས་ གསུངས་ ནས་ འགྲོ་བ ར་ ཆས་པ ས ། ཁྱོད་ སྙིང་ རྗེ་བ་ ཅིག་ འདུག་པ ། རྒྱགས་ འདི་ ཁྱེར་ ལ་ བཞུད་ ཟེར་ ནས ། ཉ་ལྟང་དཀར་ གྱི་ ཁོག་པ་ ཅིག་ དང་ ། ། འབྲས་ བྲེ་ དྲུག་ རྣམས་ བསྐུར་ ནས ། འདི་ ནས་ ཤར་ དྲང་པོ་ ལ་ བྱོན་ ཟེར་བ་ ལྟ ར་ ཕྱིན་ ཏེ་ ཟླ་བ་ བརྒྱད་ བཙལ་བ འི་ དང་པོ་ ལ ། མར་པ འི་ མནལ་ལམ་ དུ་ རྗེ་ ནཱ་རོ་པ་ དེ་ སེང་གེ་ ལ་ ཆིབས ། ཇྙཱ་ན་མ་ཏི་ དང་ ། ། གུ་ན་མ་སིདྡྷ་ བྱ་བ འི་ ཕྱག་རྒྱ་མ་ གཉིས་ ཀྱིས་ མཐའ་ བརྟེན་ ནས །" }, { "source": "ཉི་ཟླའི་སྟེང་དུ་གར་བསྒྱུར་གླུ་ལེན་པ་མཐོང་ངོ་། དེ་ལ་གསོལ་བ་བཏབ་པས་རྣལ་འབྱོར་མ་དེ་གཉིས་ན་རེ། ནཱ་རོ་གཉིས་མེད་ཟུང་འཇུག་སྟེ། ཕྱག་རྒྱ་གཉིས་ཀྱི་མཐའ་བརྟེན་ཅིང་།། སེང་གེ་ཞོན་ནས་ཉི་ཟླ་ཡི།། སྟེང་ནས་།། གར་བསྒྱུར་གླུ་ལེན་རྨི་ལམ་འཁྲུལ་པས་མི་བསླུ་འམ། ཟེར་རོ།། དེ་ནས་ཟླ་བ་གཉིས་པ་ལ་བླ་མ་སེན་ཏ་བ་རྒྱ་གར་དུ་འབྱོན་པ་གྲོགས་སུ་ཁྲིད། རེས་བྲམ་ཟེའི་ཁྱེའུ་གསེར་ཕྲེང་ཅན་གྲོགས་སུ་ཁྲིད་ནས་བཙལ་བས་མ་རྙེད་ཅིང་། ངལ་དུབ་སྒྱིད་ལུག་པའི་ཚེ། ནམ་མཁའ་ནས་སྒྲ་ཞིག་ན་རེ། དད་གུས་རྒྱུན་ཆད་མེད་ཀྱི་རྟ།། བརྩོན་འགྲུས་ལྕགས་གིས་མ་བསྐུལ་ན།། གཟུང་འཛིན་རི་དྭགས་དངོས་པོ་ཡི།། རྒྱར་ཆུད་འཁོར་བ་མི་འཁྱམ་མམ། ཟེར་རོ།། དེ་ནས་ཟླ་བ་གསུམ་པ་ལ།། གྲོགས་བོར་ནས་གཅིག་པུར་ཚོལ་ཞིང་། ཕྱུག་རྫི་འདྲ་ལ་དྲིས་པས་མཐོང་ཟེར་ནས་བརྔན་པ་བྱིན་ཏེ་བཙལ་བས། ནཱ་རོ་པའི་ཞབས་རྗེས་། འདུག་ས་སྤྱི་བོར་བཞག་ཅིང་བཙལ་བས། སྒྲ་ཅིག་ན་རེ། རྗེས་ནི་བྱ་ལམ་ཇི་བཞིན་དུ།། ངོས་གཟུང་མེད་པར་མ་ཤེས་ན། ཁྱི་ཡིས་བྱ་འཕུར་གྲིབ་སྙོག་བཞིན།། དོན་མེད་གཡང་ལ་མི་འཁྱམ་མམ། ཟེར་རོ།། དེ་ནས་ཟླ་བ་བཞི་པ་ལ་བཙལ་བས། རི་ལོགས་ཤིག་ན་ཕར་རྣལ་འབྱོར་པ་གོས་སེར་པོ་གྱོན་པ་ཞིག་སོང་བ་ལས། ཡིན་ནམ་མིན་ནམ་བསམ་ཞིང་བསྡད་པས། གང་ཡང་སྐྱེ་བ་མེད་པ་ཡི།། སེམས་ཉིད་ཆོས་ཉིད་ཆོས་སྐུ་རུ།། ཐེ་ཚོམ་སྦྲུལ་མདུད་མ་གློད་ན།། རྩེ་གཉིས་ཁབ་ཀྱིས་དོན་མི་གྲུབ།། གསུངས་ནས་གཤེགས། དེ་ནས་ཟླ་བ་ལྔ་བ་ལ་བཙལ་བས།", "target": "ཉི་ཟླ འི་ སྟེང་ དུ་ གར་ བསྒྱུར་ གླུ་ ལེན་པ་ མཐོང་ ངོ་ ། དེ་ ལ་ གསོལ་བ་ བཏབ་པ ས་ རྣལ་འབྱོར་མ་ དེ་ གཉིས་ ན་རེ ། ནཱ་རོ་ གཉིས་མེད་ཟུང་འཇུག་ སྟེ ། ཕྱག་རྒྱ་ གཉིས་ ཀྱི་ མཐའ་ བརྟེན་ ཅིང་ ། ། སེང་གེ་ ཞོན་ ནས་ ཉི་ཟླ་ ཡི ། ། སྟེང་ ནས་ ། ། གར་ བསྒྱུར་ གླུ་ ལེན་ རྨི་ལམ་ འཁྲུལ་པ ས་ མི་ བསླུ་ འམ ། ཟེར་ རོ ། ། དེ་ ནས་ ཟླ་བ་ གཉིས་པ་ ལ་ བླ་མ་ སེན་ཏ་བ་ རྒྱ་གར་ དུ་ འབྱོན་པ་ གྲོགས་ སུ་ ཁྲིད ། རེ ས་ བྲམ་ཟེ འི་ ཁྱེའུ་ གསེར་ཕྲེང་ཅན་ གྲོགས་ སུ་ ཁྲིད་ ནས་ བཙལ་བ ས་ མ་ རྙེད་ ཅིང་ ། ངལ་དུབ་ སྒྱིད་ ལུག་པ འི་ ཚེ ། ནམ་མཁའ་ ནས་ སྒྲ་ ཞིག་ ན་རེ ། དད་གུས་ རྒྱུན་ ཆད་མེད་ ཀྱི་ རྟ ། ། བརྩོན་འགྲུས་ ལྕགས་ གིས་ མ་ བསྐུལ་ ན ། ། གཟུང་འཛིན་རི་དྭགས་ དངོས་པོ་ ཡི ། ། རྒྱ ར་ ཆུད་ འཁོར་བ་ མི་ འཁྱམ་ མམ ། ཟེར་ རོ ། ། དེ་ ནས་ ཟླ་བ་ གསུམ་པ་ ལ ། ། གྲོགས་ བོར་ ནས་ གཅིག་པུ ར་ ཚོལ་ ཞིང་ ། ཕྱུག་རྫི་ འདྲ་ ལ་ དྲིས་པ ས་ མཐོང་ ཟེར་ ནས་ བརྔན་པ་ བྱིན་ ཏེ་ བཙལ་བ ས ། ནཱ་རོ་པ འི་ ཞབས་རྗེས་ ། འདུག་ས་ སྤྱི་བོ ར་ བཞག་ ཅིང་ བཙལ་བ ས ། སྒྲ་ ཅིག་ ན་རེ ། རྗེས་ ནི་ བྱ་ལམ་ ཇི་ བཞིན་ དུ ། ། ངོ ས་ གཟུང་ མེད་པ ར་ མ་ ཤེས་ ན ། ཁྱི་ ཡིས་ བྱ་འཕུར་ གྲིབ་ སྙོག་ བཞིན ། ། དོན་མེད་ གཡང་ ལ་ མི་ འཁྱམ་ མམ ། ཟེར་ རོ ། ། དེ་ ནས་ ཟླ་བ་ བཞི་པ་ ལ་ བཙལ་བ ས ། རི་ལོགས་ ཤིག་ ན་ ཕ ར་ རྣལ་འབྱོར་པ་ གོས་ སེར་པོ་ གྱོན་པ་ ཞིག་ སོང་བ་ ལས ། ཡིན་ ནམ་ མིན་ ནམ་ བསམ་ ཞིང་ བསྡད་པ ས ། གང་ ཡང་ སྐྱེ་བ་ མེད་པ་ ཡི ། ། སེམས་ཉིད་ཆོས་ཉིད་ ཆོས་སྐུ་ རུ ། ། ཐེ་ཚོམ་ སྦྲུལ་མདུད་ མ་ གློད་ ན ། ། རྩེ་ གཉིས་ ཁབ་ ཀྱིས་ དོན་ མི་ གྲུབ ། ། གསུངས་ ནས་ གཤེགས ། དེ་ ནས་ ཟླ་བ་ ལྔ་བ་ ལ་ བཙལ་བ ས །" }, { "source": "ཞལ་མཐོང་སྟེ་ཞེན་པ་སྐྱེས་པ་ལས།། འཇའ་ཚོན་ལྟ་བུ་ཞེན་མེད་ལུས།། ངོས་བཟུང་མེད་པར་མ་ཤེས་ན།། དམུ་ལོང་ལྟད་མོ་ལྟ་བ་བཞིན།། དེ་དོན་རིག་པར་ག་ལ་འགྱུར།། གསུངས་ནས་གཤེགས་སོ།། དེ་ནས་ཟླ་བ་དྲུག་པ་ལ་བཙལ་བས། ཉམས་ལ་བྱེ་སྟོངས་ཞིག་ན་བཞུགས་འདུག་པ་ལ་གསོལ་བ་བཏབ། གསེར་གྱི་མཎྜལ་ཕུལ་ནས་ཆོས་ཞུས་པས། སྣང་སྲིད་གདོད་ནས་དག་པ་ལ།། ཆོས་ཉིད་མཎྜལ་མ་ཕུལ་ན། ཞེན་བཅས་རིན་ཆེན་མཎྜལ་གྱིས།། ཆོས་བརྒྱད་སྒྲོག་ཏུ་མ་ཆུད་དམ།། གསུངས་ནས་གཤེགས་སོ།། ཡང་ཟླ་བ་བདུན་པ་ལ་བཙལ་བས། ཉམས་ལ་གྲོགས་ཕུགས་གཅིག་ན་མི་རོ་གཅིག་གི་ཁོག་པ་ཕྱེ། ཐོད་པ་ཕོ་གནས་ཀླད་པ་དང་རྒྱུ་མ་ལ་སོགས་པ་རྣམས་རྩིབ་མ་ཕོག་ནས་གསོལ་གྱིན་འདུག་པ་ལ་གསོལ་བ་བཏབ་གདམས་ངག་ཞུས་པས། རྩིབ་ཁྱེམ་གང་བྱིན་པ་སྐྱུག་བྲོ་ནས་མ་ཟོས་པས། བྱིན་པ་སྐྱུག་བྲོ་ནས་མ་ཟོ། བདེ་བ་ཆེན་པའི་སྣོད་ཆེན་དུ།། བདེ་ཆེན་ལོངས་སྤྱོད་རོ་མཉམ་དགབདེ་བ་ཆེན་པོར་མ་སྤྱད་ན།། བདེ་ཆེན་ལོངས་སྦྱོད་འབྱུང་མི་འགྱུར། གསུངས་ཏེ་ཤར་སྤྲུགས་ནས་གཤེགས་སོ།། བལྟས་པས་རོ་ལ་སོགས་པ་ཅི་ཡང་མི་འདུགཐོར་མ་གཅིག་རྩིག་ལོགས་ལ་གོས་འདུག་པ་བལྡགས་པས། རོ་ཕུན་སུམ་ཚོགས་པ་ཅིག་བྱུང་སྟེ། ཏིང་ངེ་འཛིན་བཟང་པོ་ཡང་སྐྱེས་སོ།། ཟླ་བ་བརྒྱད་པ་ལ་བཙལ་བའི་ཉམས་ལ། རྗེ་བཙུན་མཐོང་ནས་དེད་པས་མི་ཟིན། ཐང་ཆད་པའི་ངང་བཞུགས་འདུག་པ་ལ་གསོལ་བ་བཏབ་གདམས་ངག་ཞུས་པས། ཆོས་ཉིད་འོད་གསལ་བྱ་བྲལ་རྟ།།", "target": "ཞལ་ མཐོང་ སྟེ་ ཞེན་པ་ སྐྱེས་པ་ ལས ། ། འཇའ་ཚོན་ ལྟ་བུ་ ཞེན་མེད་ ལུས ། ། ངོས་བཟུང་ མེད་པ ར་ མ་ ཤེས་ ན ། ། དམུ་ལོང་ ལྟད་མོ་ ལྟ་བ་ བཞིན ། ། དེ་ དོན་ རིག་པ ར་ ག་ ལ་ འགྱུར ། ། གསུངས་ ནས་ གཤེགས་ སོ ། ། དེ་ ནས་ ཟླ་བ་ དྲུག་པ་ ལ་ བཙལ་བ ས ། ཉམས་ ལ་ བྱེ་སྟོངས་ ཞིག་ ན་ བཞུགས་ འདུག་པ་ ལ་ གསོལ་བ་ བཏབ ། གསེར་ གྱི་ མཎྜལ་ ཕུལ་ ནས་ ཆོས་ ཞུས་པ ས ། སྣང་སྲིད་ གདོད་ ནས་ དག་པ་ ལ ། ། ཆོས་ཉིད་ མཎྜལ་ མ་ ཕུལ་ ན ། ཞེན་བཅས་རིན་ཆེན་མཎྜལ་ གྱིས ། ། ཆོས་ བརྒྱད་ སྒྲོག་ ཏུ་ མ་ ཆུད་ དམ ། ། གསུངས་ ནས་ གཤེགས་ སོ ། ། ཡང་ ཟླ་བ་ བདུན་པ་ ལ་ བཙལ་བ ས ། ཉམས་ ལ་ གྲོགས་ཕུགས་ གཅིག་ ན་ མི་རོ་ གཅིག་ གི་ ཁོག་པ་ ཕྱེ ། ཐོད་པ་ ཕོ་གནས་ ཀླད་པ་ དང་ རྒྱུ་མ་ ལ་ སོགས་པ་ རྣམས་ རྩིབ་མ་ ཕོག་ ནས་ གསོལ་ གྱིན་ འདུག་པ་ ལ་ གསོལ་བ་ བཏབ་ གདམས་ངག་ ཞུས་པ ས ། རྩིབ་ཁྱེམ་ གང་ བྱིན་པ་ སྐྱུག་ བྲོ་ ནས་ མ་ ཟོས་པ ས ། བྱིན་པ་ སྐྱུག་ བྲོ་ ནས་ མ་ ཟོ ། བདེ་བ་ ཆེན་པ འི་ སྣོད་ཆེན་ དུ ། ། བདེ་ཆེན་ ལོངས་སྤྱོད་ རོ་མཉམ་ དག བདེ་བ་ ཆེན་པོ ར་ མ་ སྤྱད་ ན ། ། བདེ་ཆེན་ ལོངས་སྦྱོད་ འབྱུང་ མི་ འགྱུར ། གསུངས་ ཏེ་ ཤར་སྤྲུགས་ ནས་ གཤེགས་ སོ ། ། བལྟས་པ ས་ རོ་ ལ་ སོགས་པ་ ཅི་ ཡང་ མི་ འདུག ཐོར་མ་ གཅིག་ རྩིག་ལོགས་ ལ་ གོས་ འདུག་པ་ བལྡགས་པ ས ། རོ་ ཕུན་སུམ་ཚོགས་པ་ ཅིག་ བྱུང་ སྟེ ། ཏིང་ངེ་འཛིན་ བཟང་པོ་ ཡང་ སྐྱེས་ སོ ། ། ཟླ་བ་ བརྒྱད་པ་ ལ་ བཙལ་བ འི་ ཉམས་ ལ ། རྗེ་བཙུན་ མཐོང་ ནས་ དེད་པ ས་ མི་ ཟིན ། ཐང་ ཆད་པ འི་ ངང་ བཞུགས་ འདུག་པ་ ལ་ གསོལ་བ་ བཏབ་ གདམས་ངག་ ཞུས་པ ས ། ཆོས་ཉིད་འོད་གསལ་བྱ་བྲལ་རྟ ། །" }, { "source": "འགྲོ་འོང་མེད་པར་མ་རྒྱུགས་ན།། རི་དྭགས་སྨིག་རྒྱུ་རྙོགས་པ་བཞིན།། དོན་མེད་ཐང་ལ་མི་འཁྱམ་མམ། གསུངས། གསུང་གླེང་འགའ་ཡང་བྱུང་བ་ཤར་ཏེ། དེ་ཡན་ཆད་ནི་ཐུགས་ཉམས་ལ་བྱུང་བ་ཁོ་ནའོ།། ཟླ་བ་བརྒྱད་སོང་བའི་ཚེ་ཐུགས་སྐྱོ་ནས་ཕྱག་དཔེར་གཟིགས་རྟོག་མཛད་ཅིང་བཞུགས་པས་པཎ་ཆེན་ནཱ་རོ་དྲན་ནས་མ་བཟོད་པར་དཔེ་ཆ་ལྟ་འཕྲོ་ལ་བོར་ཏེ། རི་མུན་པ་ཅན་ཞེས་བྱ་བའི་ནགས་ལ་ཚོལ་དུ་བྱོན་ནས་ཕྱུགས་རྫི་ཞིག་ལ་དྲིས་པས་བརྔན་པ་དགོས་ཟེར། གསེར་བྱིན་ནས་དྲིས་པས། ཤེལ་གྱི་ཕ་བོང་ལ་ནཱ་རོའི་ཞབས་རྗེས་ཡོད་པ་ཞིག་བསྟན་པས། རྗེ་བཙུན་དང་མཇལ་བ་སྙམ་བྱེད་པའི་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་ཐོབ་སྟེ། གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། ནཱ་རོའི་ཐུགས་ཀྱི་སྤྲུལ་པ་ཙན་དན་སྡོང་པོ་ཡལ་འདབ་ཤིན་ཏུ་རྒྱས་པ་ཞིག་གི་རྩེ་ལ་འཇའ་འོད་འཁྲིགས་པའི་གུར་ཁང་ཙན་དན་སྡོང་པོ་ལ་རེག་མ་རེག་ཞིག་གི་ནང་ན་བཅོམ་ལྡན་འདས་དགེས་པ་རྡོ་རྗེ་སྤྲུལ་པའི་སྐུ་ལྷ་དགུ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་གསལ་ཞིང་རྫོགས་པ་མཐོང་བས། དེ་བླ་མའི་སྤྲུལ་པར་ཤེས་ནས་ཕྱག་མཆོད་ཕུལ་གསོལ་བ་བཏབ་པས། ཡུམ་བདག་མེད་མའི་ཐུགས་ཁ་ནས་ཨཥྚཱི་སྔགས་སྤུ་ཤད་ཀྱིས་བྲིས་པའི་རི་མོ་ལྟ་བུ། དེ་ལ་འོད་འཕྲོས་ཏེ། མར་པའི་ཐུགས་ཀར་ཐིམས་པས་སྐུའི་བྱིན་རླབས་དང་། གསུང་གི་རྗེས་གནང་ཐོབ་པར་གྱུར་ཏེ།། པཎ་ཆེན་ནཱ་རོའི་ཐུགས་རྗེར་ཤེས་ནས། དགའ་བ་དང་བླ་མ་དྲན་དྲགས་ངུ་འབོད་འོ་དོད་སྨྲེ་སྔགས་དང་བཅས་གསོལ་བ་བཏབ་ས།", "target": "འགྲོ་འོང་ མེད་པ ར་ མ་ རྒྱུགས་ ན ། ། རི་དྭགས་ སྨིག་རྒྱུ་ རྙོགས་པ་ བཞིན ། ། དོན་མེད་ཐང་ ལ་ མི་ འཁྱམ་ མམ ། གསུངས ། གསུང་གླེང་ འགའ་ ཡང་ བྱུང་བ་ ཤར་ ཏེ ། དེ་ ཡན་ཆད་ ནི་ ཐུགས་ཉམས་ ལ་ བྱུང་བ་ ཁོ་ན འོ ། ། ཟླ་བ་ བརྒྱད་ སོང་བ འི་ ཚེ་ ཐུགས་ སྐྱོ་ ནས་ ཕྱག་དཔེ ར་ གཟིགས་ རྟོག་ མཛད་ ཅིང་ བཞུགས་པ ས་ པཎ་ཆེན་ ནཱ་རོ་ དྲན་ ནས་ མ་ བཟོད་པ ར་ དཔེ་ཆ་ ལྟ་ འཕྲོ་ ལ་ བོར་ ཏེ ། རི་མུན་པ་ཅན་ ཞེས་ བྱ་བ འི་ ནགས་ ལ་ ཚོལ་ དུ་ བྱོན་ ནས་ ཕྱུགས་རྫི་ ཞིག་ ལ་ དྲིས་པ ས་ བརྔན་པ་ དགོས་ ཟེར ། གསེར་ བྱིན་ ནས་ དྲིས་པ ས ། ཤེལ་ གྱི་ ཕ་བོང་ ལ་ ནཱ་རོ འི་ ཞབས་རྗེས་ ཡོད་པ་ ཞིག་ བསྟན་པ ས ། རྗེ་བཙུན་ དང་ མཇལ་བ་ སྙམ་ བྱེད་པ འི་ དགའ་སྤྲོ་ དཔག་ ཏུ་ མེད་པ་ ཞིག་ ཐོབ་ སྟེ ། གདུང་ཤུགས་ དྲག་པོ ས་ གསོལ་བ་ བཏབ་པ ས ། ནཱ་རོ འི་ ཐུགས་ ཀྱི་ སྤྲུལ་པ་ ཙན་དན་ སྡོང་པོ་ ཡལ་འདབ་ ཤིན་ ཏུ་ རྒྱས་པ་ ཞིག་ གི་ རྩེ་ ལ་ འཇའ་འོད་ འཁྲིགས་པ འི་ གུར་ཁང་ ཙན་དན་ སྡོང་པོ་ ལ་ རེག་མ་རེག་ ཞིག་ གི་ ནང་ ན་ བཅོམ་ལྡན་འདས་ དགེས་པ་རྡོ་རྗེ་ སྤྲུལ་པ འི་ སྐུ་ལྷ་ དགུ་ སྐུ་མདོག་ ཕྱག་མཚན་རྒྱན་ ཆ་ལུགས་ རྣམས་ གསལ་ ཞིང་ རྫོགས་པ་ མཐོང་བ ས ། དེ་ བླ་མ འི་ སྤྲུལ་པ ར་ ཤེས་ ནས་ ཕྱག་མཆོད་ ཕུལ་ གསོལ་བ་ བཏབ་པ ས ། ཡུམ་ བདག་མེད་མ འི་ ཐུགས་ཁ་ ནས་ ཨཥྚཱི་སྔགས་ སྤུ་ཤད་ ཀྱིས་ བྲིས་པ འི་ རི་མོ་ ལྟ་བུ ། དེ་ ལ་ འོད་ འཕྲོས་ ཏེ ། མར་པ འི་ ཐུགས་ཀ ར་ ཐིམས་པ ས་ སྐུ འི་ བྱིན་རླབས་ དང་ ། གསུང་ གི་ རྗེས་གནང་ ཐོབ་པ ར་ གྱུར་ ཏེ ། ། པཎ་ཆེན་ ནཱ་རོ འི་ ཐུགས་རྗེ ར་ ཤེས་ ནས ། དགའ་བ་ དང་ བླ་མ་ དྲན་ དྲགས་ ངུ་ འབོད་ འོ་དོད་སྨྲེ་སྔགས་ དང་ བཅས་ གསོལ་བ་ བཏབ་ ས །" }, { "source": "པཎ་ཆེན་ནཱ་རོ་དུར་ཁྲོད་ཀྱིས་བརྒྱན་པས་སྒེག་པ་ལ་སོགས་པ་གར་དགུའི་ཉམས་དང་ལྡན་པ་ཞིག། ཕ་བུའི་མདུན་ན་སླེབ་ཡོད་དོ་གསུངས་ཞལ་མངོན་སུམ་དུ་བསྟན་ཞིང་མཐོང་བས་ས་དང་པོ་ཐོབ་པ་ལྟ་བུའི་དགའ་སྤྲོ་བསམ་གྱིས་མི་ཁྱབ་པ་ཞིག་ཐོབ། ཁོང་ནས་ཡུས་པའི་ཐིག་དང་མཆི་མ་མང་པོ་ཤོར། ཞབས་སྤྱི་བོར་བླངས་པས་མ་ཚིམ་པར་སྐུ་ལ་འཁྱུད་དེ་བརྒྱལ་བ་ལས་སངས་པ་དང་། གསེར་ཕོངས་མེད་མཎྜལ་དུ་བཀོད་ནས་ཕུལ་བས། ཁོ་བོས་གསེར་མི་འདོད་གསུང་བཞེས་སུ་མ་གནང་བས། རྗེ་ལ་མི་དགོས་རུང་། བདག་དང་གསེར་འབུལ་མཁན་སོགས་སེམས་ཅན་ཐམས་ཅད་ཚོགས་རྫོགས་པའི་སླད་དུ་ཅིས་ཀྱང་བཞེས་དགོས་ཞེས་ཞུ་བ་ཡང་ཡང་ནན་གྱིས་ཕུལ་བས། འོ་ན་བླ་མ་དཀོན་མཆོག་མཆོད་ཅིག་གསུངས་ནས། གསེར་ཐམས་ཅད་ནགས་གསེབ་ལ་གཏོར་སོང་བས། བླ་མ་དང་མཇལ་བའི་དགའ་སྤྲོའི་ངང་ནས་ཡང་བོད་དུ་དཀའ་ལས་བྱས་ཚུལ་རྣམས་དྲན་ནས་ཕངས་སེམས་ཞིག་ཤར་བ་ལས། ཕྱག་གཉིས་གཡབ་མཛད་ཐལ་མོ་སྦྱར་བའི་ཁ་ཕྱེ་སྟེ། གོད་ཉམས་མེད་པར་གནང་ནས་ཁྱོད་ཕངས་ན་སླར་ཡོད་དོ།། ང་ལ་གསེར་གྱིས་དགོས་པ་མེད། དགོས་ན་འདི་དག་ཐམས་ཅད་གསེར་གླིང་ཡིན་གསུངས་ཞབས་ས་ལ་བརྡབས་པས་ས་གཞི་ཐམས་ཅད་གསེར་དུ་སོང་ངོ་།། དེ་ནས་བུ་ཆོས་ཀྱི་བློ་གྲོས་སླེབས་པ་ལ་སྣ་ལེན་བྱེད་གསུངས། ནམ་མཁའ་ལ་ལྟ་སྟངས་མཛད་གཟིགས་པས་ཉ་རོ་སོ་མ་ཆེ་ལ་ཡིད་དུ་འོང་བ་ཞིག་བབས་བྱུང་བས་འདི་ཁྱོད་ཀྱིས་བཤོས་ཤིག་གསུངས། བཤས་པའི་ནང་ནས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་ཏེ་ཚོགས་དང་མཆོད་པའི་ཡོ་བྱད་བཟང་ཞིང་གྱ་ནོམ་པ་དཔག་ཏུ་མེད་པ་དང་།", "target": "པཎ་ཆེན་ ནཱ་རོ་ དུར་ཁྲོད་ ཀྱིས་ བརྒྱན་པ ས་ སྒེག་པ་ ལ་ སོགས་པ་ གར་ དགུ འི་ ཉམས་ དང་ ལྡན་པ་ ཞིག ། ཕ་ བུ འི་ མདུན་ ན་ སླེབ་ ཡོད་ དོ་ གསུངས་ ཞལ་ མངོན་སུམ་ དུ་ བསྟན་ ཞིང་ མཐོང་བ ས་ ས་ དང་པོ་ ཐོབ་པ་ ལྟ་བུ འི་ དགའ་སྤྲོ་ བསམ་ གྱིས་ མི་ ཁྱབ་པ་ ཞིག་ ཐོབ ། ཁོང་ ནས་ ཡུས་པ འི་ ཐིག་ དང་ མཆི་མ་ མང་པོ་ ཤོར ། ཞབས་ སྤྱི་བོ ར་ བླངས་པ ས་ མ་ ཚིམ་པ ར་ སྐུ་ ལ་ འཁྱུད་ དེ་ བརྒྱལ་བ་ ལས་ སངས་པ་ དང་ ། གསེར་ ཕོངས་མེད་ མཎྜལ་ དུ་ བཀོད་ ནས་ ཕུལ་བ ས ། ཁོ་བོ ས་ གསེར་ མི་ འདོད་ གསུང་ བཞེས་ སུ་ མ་ གནང་བ ས ། རྗེ་ ལ་ མི་ དགོས་ རུང་ ། བདག་ དང་ གསེར་ འབུལ་མཁན་ སོགས་ སེམས་ཅན་ ཐམས་ཅད་ ཚོགས་ རྫོགས་པ འི་ སླད་ དུ་ ཅི ས་ ཀྱང་ བཞེས་ དགོས་ ཞེས་ ཞུ་བ་ ཡང་ ཡང་ ནན་ གྱིས་ ཕུལ་བ ས ། འོ་ ན་ བླ་མ་ དཀོན་མཆོག་ མཆོད་ ཅིག་ གསུངས་ ནས ། གསེར་ ཐམས་ཅད་ ནགས་གསེབ་ ལ་ གཏོར་ སོང་བ ས ། བླ་མ་ དང་ མཇལ་བ འི་ དགའ་སྤྲོ འི་ ངང་ ནས་ ཡང་ བོད་ དུ་ དཀའ་ལས་ བྱས་ཚུལ་ རྣམས་ དྲན་ ནས་ ཕངས་སེམས་ ཞིག་ ཤར་བ་ ལས ། ཕྱག་ གཉིས་ གཡབ་ མཛད་ ཐལ་མོ་ སྦྱར་བ འི་ ཁ་ ཕྱེ་ སྟེ ། གོད་ཉམས་ མེད་པ ར་ གནང་ ནས་ ཁྱོད་ ཕངས་ ན་ སླ ར་ ཡོད་ དོ ། ། ང་ ལ་ གསེར་ གྱིས་ དགོས་པ་ མེད ། དགོས་ ན་ འདི་ དག་ ཐམས་ཅད་ གསེར་གླིང་ ཡིན་ གསུངས་ ཞབས་ ས་ ལ་ བརྡབས་པ ས་ ས་གཞི་ ཐམས་ཅད་ གསེར་ དུ་ སོང་ ངོ་ ། ། དེ་ ནས་ བུ་ ཆོས་ ཀྱི་ བློ་གྲོས་ སླེབས་པ་ ལ་ སྣ་ལེན་ བྱེད་ གསུངས ། ནམ་མཁའ་ ལ་ ལྟ་སྟངས་ མཛད་ གཟིགས་པ ས་ ཉ་ རོ་ སོ་མ་ ཆེ་ ལ་ ཡིད་ དུ་ འོང་བ་ ཞིག་ བབས་ བྱུང་བ ས་ འདི་ ཁྱོད་ ཀྱིས་ བཤོས་ ཤིག་ གསུངས ། བཤས་པ འི་ ནང་ ནས་ ཤ་ ལྔ་ བདུད་རྩི་ ལྔ་ ལ་ སོགས་ ཏེ་ ཚོགས་ དང་ མཆོད་པ འི་ ཡོ་བྱད་ བཟང་ ཞིང་ གྱ་ ནོམ་པ་ དཔག་ ཏུ་ མེད་པ་ དང་ །" }, { "source": "ལྷའི་སྐུ་རྣམས་བྱུང་བས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད་པས་མཉེས་པར་བྱས་དཔོན་སློབ་གཉིས་ཀྱིས་ཀྱང་ཐུགས་དགྱེས་བཞིན་རོལ་ཚེ། མར་པས་ཆོས་ཀྱི་གསོལ་བ་བཏབ་པས། ནཱ་རོ་པའི་ཞལ་ནས། ཁྱོད་འདིར་ཏི་ལོའི་ཐུགས་རྗེས་བཀུག་པ་ཡིན། ང་ལ་ཏི་ལོའི་ལུང་བསྟན་ཡོད་པས་གདམས་ངག་ཕུ་ལ་ཧ་རིར་བྱ་གསུངས། ལུང་བསྟན་གསུང་དུ་གསོལ་ཞུས་པས།། རང་གྲོལ་ཡེ་ཤེས་ཉི་མ་ཡིས།། ཕུ་ལ་ཧ་རིའི་དགོན་པ་རུ།། མ་དྷིའི་མ་རིག་མུན་པ་སོལ།། ཡེ་ཤེས་སྣང་བས་ཁྱབ་པར་གྱིས།། གསུང་བ་ཡོད་གསུངས།། དཔོན་སློབ་གཉིས་ཕུ་ལ་ཧ་རིར་བྱོན་པའི་ལམ་བར་ལ་མཁའ་འགྲོ་རྣམས་ཆོས་ལ་འཁྲེན་པའི་བགེགས་དང་ཆོ་འཕྲུལ་ཆེན་པོ་བྱུང་། སྤྱིར་གྱིས་མར་པ་བླ་མའི་སྔ་ཕྱི་གང་ལ་བྱོན་རུང་འཇིགས་སྣང་ཆེན་པོ་ཤར་ཞིང་། ཁྱད་པར་དུ་ཕུ་ལ་ཧ་རིར་ཕེབས་པ་དང་ཆེར་སོང་སྟེ། རྗེ་བཙུན་བདག་ལ་བསྐྱབ་ཏུ་གསོལ།། ཞེས་བསྐོར་བ་བྱས་གསོལ་བ་བཏབ་པས། མཁའ་འགྲོའི་བགེགས་རྣམས་ཀྱིས་འཇིགས་པའི་གཟུགས་དངོས་སུ་བསྟན་ནས་མར་པ་འཛིན་དུ་བྱུང་བ་ལ། མར་པས་ཀྱང་རི་བྲག་ལ་སྤྲིན་གྱི་གསེབ་ལ་བྱོན་པ་ལྟར། ཐོགས་བརྡུགས་མེད་པར་རྗེས་ནར་མར་བྱོན་པའི་ཕྱི་བཞིན་བགེགས་རྣམས་ཀྱིས་ཀྱང་དེད་པའི་ཚེ། ནཱ་རོ་པ་རང་གིས་སྐྱོབ་ནུས་རུང་།། བླ་མས་ལུང་བསྟན་བདག་གི་བུ།། སྣོད་ལྡན་མར་པ་བློ་གྲོས་ལ།།", "target": "ལྷ འི་ སྐུ་ རྣམས་ བྱུང་བ ས་ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ མཆོད་པ ས་ མཉེས་པ ར་ བྱས་ དཔོན་སློབ་ གཉིས་ ཀྱིས་ ཀྱང་ ཐུགས་ དགྱེས་ བཞིན་ རོལ་ ཚེ ། མར་པ ས་ ཆོས་ ཀྱི་ གསོལ་བ་ བཏབ་པ ས ། ནཱ་རོ་པ འི་ ཞལ་ ནས ། ཁྱོད་ འདི ར་ ཏི་ལོ འི་ ཐུགས་རྗེ ས་ བཀུག་པ་ ཡིན ། ང་ ལ་ ཏི་ལོ འི་ ལུང་བསྟན་ ཡོད་པ ས་ གདམས་ངག་ ཕུ་ལ་ཧ་རི ར་ བྱ་ གསུངས ། ལུང་བསྟན་ གསུང་ དུ་ གསོལ་ ཞུས་པ ས ། ། རང་གྲོལ་ཡེ་ཤེས་ཉི་མ་ ཡིས ། ། ཕུ་ལ་ཧ་རི འི་ དགོན་པ་ རུ ། ། མ་དྷི འི་ མ་རིག་མུན་པ་ སོལ ། ། ཡེ་ཤེས་ སྣང་བ ས་ ཁྱབ་པ ར་ གྱིས ། ། གསུང་བ་ ཡོད་ གསུངས ། ། དཔོན་སློབ་ གཉིས་ ཕུ་ལ་ཧ་རི ར་ བྱོན་པ འི་ ལམ་བར་ ལ་ མཁའ་འགྲོ་ རྣམས་ ཆོས་ ལ་ འཁྲེན་པ འི་ བགེགས་ དང་ ཆོ་འཕྲུལ་ ཆེན་པོ་ བྱུང་ ། སྤྱི ར་ གྱིས་ མར་པ་ བླ་མ འི་ སྔ་ཕྱི་ གང་ ལ་ བྱོན་ རུང་ འཇིགས་སྣང་ ཆེན་པོ་ ཤར་ ཞིང་ ། ཁྱད་པ ར་ དུ་ ཕུ་ལ་ཧ་རི ར་ ཕེབས་པ་ དང་ ཆེ ར་ སོང་ སྟེ ། རྗེ་བཙུན་ བདག་ ལ་ བསྐྱབ་ ཏུ་ གསོལ ། ། ཞེས་ བསྐོར་བ་ བྱས་ གསོལ་བ་ བཏབ་པ ས ། མཁའ་འགྲོ འི་ བགེགས་ རྣམས་ ཀྱིས་ འཇིགས་པ འི་ གཟུགས་ དངོས་ སུ་ བསྟན་ ནས་ མར་པ་ འཛིན་ དུ་ བྱུང་བ་ ལ ། མར་པ ས་ ཀྱང་ རི་བྲག་ ལ་ སྤྲིན་ གྱི་ གསེབ་ ལ་ བྱོན་པ་ ལྟ ར ། ཐོགས་བརྡུགས་ མེད་པ ར་ རྗེས་ ནར་མ ར་ བྱོན་པ འི་ ཕྱི་བཞིན་ བགེགས་ རྣམས་ ཀྱིས་ ཀྱང་ དེད་པ འི་ ཚེ ། ནཱ་རོ་པ་ རང་ གིས་ སྐྱོབ་ ནུས་ རུང་ ། ། བླ་མ ས་ ལུང་བསྟན་ བདག་ གི་ བུ ། ། སྣོད་ལྡན་ མར་པ་བློ་གྲོས་ ལ ། །" }, { "source": "མཁའ་འགྲོའི་མིང་ཅན་བདུད་མོ་རྣམས།། བར་ཆད་རྩོམ་པས་བྱིན་གྱིས་རློབས།། ཞེས་ཏི་ལོ་བ་ལ་གསོལ་བ་བཏབ་པས། ཏི་ལོའི་སྤྲུལ་པ་མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོ་དཔག་ཏུ་མེད་པ་བྱུང་མ་ཐག་བགེགས་རྣམས་ཀྱིས་མར་པའི་ཕྱི་བཞིན་མ་ཐར་ཞིང་། ཁྲོ་བོ་རྣམས་ཀྱི་གཟི་བརྗིད་མ་བཟོད་པར་ཕྱོགས་བཅུར་བྲོས་པའི་ཕྱི་བཞིན་ཁྲོ་བོ་རྣམས་ཀྱིས་ཀྱང་དེད་པའི་རྗེས་བྲག་གི་གསེང་བར་ནར་མར་བྱུང་ཞིང་། དེ་དུས་མར་པས་ཀྱང་འོད་དང་སྤྲིན་ཕུང་གི་གསེབ་ནས་ཏི་ལོའི་སྐུ་ཕྱེད་ཙམ་གཟིགས། དེ་གཟིགས་པས་དགྱེས་ཏེ་བྲོ་འཁྲབས་པས། བྲག་གི་ཁོང་གསེང་དུ་རྗེ་མར་པའི་ཞབས་གཉིས་དང་། བགེགས་རྣམས་བྲོས་པའི་རྗེས་བྱུང་བ་ཡང་ཕུ་ལ་ཧ་རི་ན་མངོན་གྱུར་དུ་ཡོད་དོ།། ཁྲོ་བོ་རྣམས་ཀྱིས་བགེགས་བཏུལ་བའི་ཚེ་མཁའ་འགྲོ་རྣམས་སྐྲག་ནས་ཐལ་མོ་སྦྱར་ཏེ། འཇིགས་པའི་སྐུ་ལ་འཇིགས་པའི་གསུང་།། འཇིགས་པའི་།། མཚོན་ཆ་ལེགས་བསྣམས་འཇིགས་ཆེན་སྐུ་ལ་སྐྱབས་སུ་མཆི།། བདག་ཅག་གནོད་སྐྱེལ་མ་ལགས་ཀྱི།། ཟླ་བ་གཉིས་ཤར་ཚུལ་དུ་ནི།། ཤིང་རྟ་ཆེན་པོའི་རྟ་བསྐྱོན་ནས།། རྗེ་བཙུན་དཔལ་ལྡན་ནཱ་རོ་པ།། ལུང་བསྟན་རང་གྲོལ་མཁའ་སྤྱོད་བསུ།། ཟེར་མི་སྣང་བར་གྱུར་ཏོ།། དེ་ནས་ཇོ་བོ་ནཱ་རོ་པ་ལ།། རྗེ་མར་པས་སྤྱིར་གྱི་སྙན་བསྒྱུད་ཞུ། ཁྱད་པར་འཕོ་བ་གྲོང་འཇུག་ཞུ་ཞུས་པས། གྲོང་འཇུག་ཞུ་བ་ཁྱོད་རང་དྲན་ནམ། ཁྱོད་ལ་ལུང་བསྟན་བྱུང་གསུངས་བས། འདི་བདག་ལ་ལུང་བསྟན་བྱུང་བའང་མ་ལགས། བདག་རང་དྲན་པའང་མ་ལགས། བདག་ལ་ཐོས་པ་དགའ་ཞེས་བྱ་བའི་སློབ་མ་ཞིག་ཡོད་པ་དེ་ལ་མཁའ་འགྲོའི་ལུང་བསྟན་བྱུང་བ་ལགས་ཞུས་པས།", "target": "མཁའ་འགྲོ འི་ མིང་ཅན་ བདུད་མོ་ རྣམས ། ། བར་ཆད་ རྩོམ་པ ས་ བྱིན་ གྱིས་ རློབས ། ། ཞེས་ ཏི་ལོ་བ་ ལ་ གསོལ་བ་ བཏབ་པ ས ། ཏི་ལོ འི་ སྤྲུལ་པ་ མཚོན་ཆ་ སྣ་ཚོགས་ ཐོགས་པ འི་ ཁྲོ་བོ་ དཔག་ ཏུ་ མེད་པ་ བྱུང་ མ་ ཐག་ བགེགས་ རྣམས་ ཀྱིས་ མར་པ འི་ ཕྱི་བཞིན་ མ་ ཐར་ ཞིང་ ། ཁྲོ་བོ་ རྣམས་ ཀྱི་ གཟི་བརྗིད་ མ་ བཟོད་པ ར་ ཕྱོགས་ བཅུ ར་ བྲོས་པ འི་ ཕྱི་བཞིན་ ཁྲོ་བོ་ རྣམས་ ཀྱིས་ ཀྱང་ དེད་པ འི་ རྗེས་ བྲག་ གི་ གསེང་བར་ ནར་མ ར་ བྱུང་ ཞིང་ ། དེ་ དུས་ མར་པ ས་ ཀྱང་ འོད་ དང་ སྤྲིན་ཕུང་ གི་ གསེབ་ ནས་ ཏི་ལོ འི་ སྐུ་ ཕྱེད་ ཙམ་ གཟིགས ། དེ་ གཟིགས་པ ས་ དགྱེས་ ཏེ་ བྲོ་ འཁྲབས་པ ས ། བྲག་ གི་ ཁོང་གསེང་ དུ་ རྗེ་ མར་པ འི་ ཞབས་ གཉིས་ དང་ ། བགེགས་ རྣམས་ བྲོས་པ འི་ རྗེས་ བྱུང་བ་ ཡང་ ཕུ་ལ་ཧ་རི་ ན་ མངོན་ གྱུར་ དུ་ ཡོད་ དོ ། ། ཁྲོ་བོ་ རྣམས་ ཀྱིས་ བགེགས་ བཏུལ་བ འི་ ཚེ་ མཁའ་འགྲོ་ རྣམས་ སྐྲག་ ནས་ ཐལ་མོ་ སྦྱར་ ཏེ ། འཇིགས་པ འི་ སྐུ་ ལ་ འཇིགས་པ འི་ གསུང་ ། ། འཇིགས་པ འི་ ། ། མཚོན་ཆ་ལེགས་ བསྣམས་ འཇིགས་ཆེན་སྐུ་ ལ་ སྐྱབས་ སུ་ མཆི ། ། བདག་ཅག་ གནོད་སྐྱེལ་ མ་ ལགས་ ཀྱི ། ། ཟླ་བ་ གཉིས་ ཤར་ཚུལ་ དུ་ ནི ། ། ཤིང་རྟ་ ཆེན་པོ འི་ རྟ་ བསྐྱོན་ ནས ། ། རྗེ་བཙུན་ དཔལ་ལྡན་ ནཱ་རོ་པ ། ། ལུང་བསྟན་ རང་གྲོལ་མཁའ་སྤྱོད་ བསུ ། ། ཟེར་ མི་ སྣང་བ ར་ གྱུར་ ཏོ ། ། དེ་ ནས་ ཇོ་བོ་ ནཱ་རོ་པ་ ལ ། ། རྗེ་ མར་པ ས་ སྤྱི ར་ གྱི་ སྙན་བསྒྱུད་ ཞུ ། ཁྱད་པ ར་ འཕོ་བ་གྲོང་འཇུག་ ཞུ་ ཞུས་པ ས ། གྲོང་འཇུག་ ཞུ་བ་ ཁྱོད་ རང་ དྲན་ ནམ ། ཁྱོད་ ལ་ ལུང་བསྟན་ བྱུང་ གསུངས་བ ས ། འདི་ བདག་ ལ་ ལུང་བསྟན་ བྱུང་བ འང་ མ་ ལགས ། བདག་ རང་ དྲན་པ འང་ མ་ ལགས ། བདག་ ལ་ ཐོས་པ་དགའ་ ཞེས་ བྱ་བ འི་ སློབ་མ་ ཞིག་ ཡོད་པ་ དེ་ ལ་ མཁའ་འགྲོ འི་ ལུང་བསྟན་ བྱུང་བ་ ལགས་ ཞུས་པ ས །" }, { "source": "ངོ་མཚར་ཆེ། བོད་མུན་པའི་གླིང་ན་སྐྱེས་བུ་གངས་ལ་ཉི་མ་ཤར་བ་འདྲ་བ་ཡང་ཡོད་པ་འདུག་གསུངས། ཕྱག་གཉིས་དབུའི་གཙུག་ཏུ་ཐལ་མོ་སྦྱར་ནས། བྱང་ཕྱོགས་མུན་པའི་སྨག་རུམ་ན།། གངས་ལ་ཉི་མ་ཤར་།། འདྲ་ཐོས་པ་དགའ་ཞེས་བྱ་བ་ཡི།། སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།། ཞེས་གསུངས་ཤིང་སྤྱན་བཙུམས་ནས་དབུ་གུག་གུག་པ་ལན་གསུམ་མཛད་པས། རྒྱ་གར་གྱི་རི་དང་། ཤིང་རྩི་རྣམས་ཀྱང་མགོ་གུག་གུག་པ་ལན་གསུམ་བྱུང་ཞིང་། དུས་ད་ལྟའི་བར་དུ་ཡང་ཕུ་ལ་ཧ་རིའི་རི་དང་ཤིང་རྣམས་བོད་ཀྱི་ཕྱོགས་ལ་མགོ་གུག་ཏེ་ཡོད་པར་གདའ། དེ་ནས་ཁྱོད་ལ་སྔར་སུ་ལའང་མ་གྲགས་པའི་ཁྱད་ཆོས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཆོས་སྟེར་བ་ཡིན་གསུངས་ནས་བདེ་མཆོག་དྲུག་ཅུ་རྩ་གཉིས་དང་། བཅུ་གསུམ་མ། ལྷ་ལྔ་མ། ལྷན་སྐྱེས་རྣམས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར། ཡུམ་རྡོ་རྗེ་ཕག་མོ་ལྷ་མོ་བཅོ་ལྔ་མ། བདུན་མ། ལྔ་མ། ལྷན་ཅིག་སྐྱེས་མ་རྣམས་ཀྱི་དབང་སིན་དྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར། བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བརྡའི་དབང་དང་། གདམས་ངག་རྣམས་རྫོགས་པར་གནང་ནས་ཁྱད་ཆོས་ཀྱི་གདམས་ངག་འདི་ལ་ལྟོས་ན་ཁྱོད་ལ་སྔར་བྱིན་པའི་གདམས་པ་རྣམས་ཕྱི་ཤུན་གྱི་ཚུལ་དུ་ཡོད་ཅིང་། ཡང་སྙིང་དུ་གྱུར་པའི་མཆོག་གི་གདམས་པ་འདི་བརྒྱུད་པ་བཅུ་གསུམ་མ་རྫོགས་བར་དུ་གཅིག་བརྒྱུད་ཀྱི་བཀའ་རྒྱས་ཐོབ་ལ་ཐོས་པ་དགའ་ཞེས་བྱ་བའི་གདུལ་བྱ་དེ་ལ་བྱིན་ཅིག། ཕྲིན་ལས་དར་རྒྱས་སུ་འགྱུར་པ་ཡིན།།", "target": "ངོ་མཚར་ ཆེ ། བོད་ མུན་པ འི་ གླིང་ ན་ སྐྱེས་བུ་ གངས་ ལ་ ཉི་མ་ ཤར་བ་ འདྲ་བ་ ཡང་ ཡོད་པ་ འདུག་ གསུངས ། ཕྱག་ གཉིས་ དབུ འི་ གཙུག་ ཏུ་ ཐལ་མོ་ སྦྱར་ ནས ། བྱང་ཕྱོགས་ མུན་པ འི་ སྨག་རུམ་ ན ། ། གངས་ ལ་ ཉི་མ་ ཤར་ ། ། འདྲ་ ཐོས་པ་དགའ་ ཞེས་ བྱ་བ་ ཡི ། ། སྐྱེས་བུ་ དེ་ ལ་ ཕྱག་ འཚལ་ ལོ ། ། ཞེས་ གསུངས་ ཤིང་ སྤྱན་ བཙུམས་ ནས་ དབུ་ གུག་ གུག་པ་ ལན་ གསུམ་ མཛད་པ ས ། རྒྱ་གར་ གྱི་ རི་ དང་ ། ཤིང་རྩི་ རྣམས་ ཀྱང་ མགོ་ གུག་ གུག་པ་ ལན་ གསུམ་ བྱུང་ ཞིང་ ། དུས་ ད་ ལྟ འི་ བར་ དུ་ ཡང་ ཕུ་ལ་ཧ་རི འི་ རི་ དང་ ཤིང་ རྣམས་ བོད་ ཀྱི་ ཕྱོགས་ ལ་ མགོ་ གུག་ ཏེ་ ཡོད་པ ར་ གདའ ། དེ་ ནས་ ཁྱོད་ ལ་ སྔ ར་ སུ་ ལ འང་ མ་ གྲགས་པ འི་ ཁྱད་ཆོས་ བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ ཀྱི་ ཆོས་ སྟེར་བ་ ཡིན་ གསུངས་ ནས་ བདེ་མཆོག་ དྲུག་ ཅུ་ རྩ་ གཉིས་ དང་ ། བཅུ་གསུམ་མ ། ལྷ་ལྔ་མ ། ལྷན་སྐྱེས་ རྣམས་ ཀྱི་ དབང་རྡུལ་ཚོན་ གྱི་ དཀྱིལ་འཁོར་ ལ་ བརྟེན་ ནས་ བསྐུར ། ཡུམ་ རྡོ་རྗེ་ཕག་མོ་ ལྷ་མོ་ བཅོ་ལྔ་མ ། བདུན་མ ། ལྔ་མ ། ལྷན་ ཅིག་ སྐྱེས་མ་ རྣམས་ ཀྱི་ དབང་སིན་དྷུ་ར འི་ དཀྱིལ་འཁོར་ ལ་ བརྟེན་ ནས་ བསྐུར ། བླ་མ འི་ སྐུ་གསུང་ཐུགས་ ཀྱི་ དཀྱིལ་འཁོར་ ལ་ བརྟེན་ ནས་ བརྡ འི་ དབང་ དང་ ། གདམས་ངག་ རྣམས་ རྫོགས་པ ར་ གནང་ ནས་ ཁྱད་ཆོས་ ཀྱི་ གདམས་ངག་ འདི་ ལ་ ལྟོས་ ན་ ཁྱོད་ ལ་ སྔ ར་ བྱིན་པ འི་ གདམས་པ་ རྣམས་ ཕྱི་ཤུན་ གྱི་ ཚུལ་ དུ་ ཡོད་ ཅིང་ ། ཡང་ སྙིང་ དུ་ གྱུར་པ འི་ མཆོག་ གི་ གདམས་པ་ འདི་ བརྒྱུད་པ་ བཅུ་ གསུམ་ མ་ རྫོགས་བ ར་ དུ་ གཅིག་བརྒྱུད་ ཀྱི་ བཀའ་རྒྱ ས་ ཐོབ་ ལ་ ཐོས་པ་དགའ་ ཞེས་ བྱ་བ འི་ གདུལ་བྱ་ དེ་ ལ་ བྱིན་ ཅིག ། ཕྲིན་ལས་ དར་རྒྱས་ སུ་ འགྱུར་པ་ ཡིན ། །" }, { "source": "སྔར་དང་ཁྱད་འདུག་གམ་མི་འདུག་གསུངས་པས། མར་པའི་ཐུགས་ལ་སྤྱིར་གཤིས་ཀྱི་བཞུགས་ཚུལ་ཁྱད་མི་འདུག་སྟེ། དེ་མངོན་དུ་བྱེད་པའི་ཐབས་ཟབ་མི་ཟབ་དང་། ཡིད་ཆེས་དང་ཉམས་མྱོང་དཀའ་ཚེགས་མེད་པར་མངོན་དུ་བྱེད་པ་མྱུར་མི་མྱུར་ལཡིན་མིན་གྱི་ཁྱད་འདུག་ཅིང་། ཁྱད་པར་བསྲེ་འཕོ་སྐོར་གསུམ་དང་།། བསྲེ་བ་རོ་སྙོམས་གཉིས་ཀུན་ལ་མེད་པའི་ཁྱད་ཆོས་གཅིག་ཤེས་ཀུན་གྲོལ། གཅིག་ཆོག་རྒྱལ་པོར་འདུག་པས། འདི་དང་པོ་ནས་གནང་བས་ཆོག་པ་ལ་སྙམ་པ་ཐུགས་ལ་ཤར་ཞིང་ཤར་བ་ལྟར་ཞུས་པས། སྤྱིར་གྱིས་ཁྱོད་ཡོང་ཐབས་སྔ་མ་གཉིས་ལ་འདི་སྟེར་བའི་དུས་ལ་མ་བབ་པས་མ་བྱིན་པ་ཡིན་ཞིང་། ཁྱད་པར་ཆོས་ཕྱིར་དཀའ་བ་མ་སྤྱད་ན་ཆོས་ལ་དཀོན་མཐོང་དང་རྩིས་མེད་པས་ཉམས་སུ་ལེན་མི་ནུས། རྒྱ་ལ་ཉམས་ལེན་བྱེད་བློ་བྱས་རུང་ཡོན་ཏན་རྒྱུད་ལ་མི་སྐྱེ་བ་ཡིན། ངས་སྔར་བཤད་པའི་ཏི་ལོའི་དྲུང་དུ་དཀའ་ཆེན་བཅུ་གཉིས། དཀའ་ཕྲན་བཅུ་གཉིས་རྣམས་ཆོས་འདིའི་ཕྱིར་ལུས་སྲོག་གི་ཐོག་ཏུ་སྤྱད་ནས་ཞུས་ཤིང་བསྒོམས་པས། ད་ལྟ་སྣང་བ་ལ་རང་དབང་ཐོབ་ཕྱིར་ཡུལ་ཉི་ཤུ་རྩ་བཞི་སོགས་སངས་རྒྱས་ཀྱི་ཞིང་གང་དུ་ཕྱིན་རུང་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་ཆུད་ཅིང་། རེས་འགའ་ཚོགས་ཀྱི་གཙོ་བོར་ཡང་གྱུར་པ་ཡིན། ཁྱོད་རང་གིས་ཀྱང་དཀའ་ཚེགས་ཆོན་པོས་གསེར་བསྒྲུབས་ནས། ལམ་བར་གྱི་འཇིགས་པ་ལ་མ་བསམས་པར་ཆོས་ཕྱིར་དཀའ་བ་སྤྱད་པས།", "target": "སྔ ར་ དང་ ཁྱད་ འདུག་ གམ་ མི་ འདུག་ གསུངས་པ ས ། མར་པ འི་ ཐུགས་ ལ་ སྤྱི ར་ གཤིས་ ཀྱི་ བཞུགས་ཚུལ་ ཁྱད་ མི་ འདུག་ སྟེ ། དེ་ མངོན་ དུ་ བྱེད་པ འི་ ཐབས་ ཟབ་མི་ཟབ་ དང་ ། ཡིད་ཆེས་ དང་ ཉམས་མྱོང་ དཀའ་ཚེགས་ མེད་པ ར་ མངོན་ དུ་ བྱེད་པ་ མྱུར་ མི་ མྱུར་ ལ ཡིན་ མིན་ གྱི་ ཁྱད་ འདུག་ ཅིང་ ། ཁྱད་པ ར་ བསྲེ་འཕོ་སྐོར་ གསུམ་ དང་ ། ། བསྲེ་བ་རོ་སྙོམས་ གཉིས་ ཀུན་ ལ་ མེད་པ འི་ ཁྱད་ཆོས་ གཅིག་ ཤེས་ ཀུན་ གྲོལ ། གཅིག་ཆོག་ རྒྱལ་པོ ར་ འདུག་པ ས ། འདི་ དང་པོ་ ནས་ གནང་བ ས་ ཆོག་པ་ ལ་ སྙམ་པ་ ཐུགས་ ལ་ ཤར་ ཞིང་ ཤར་བ་ ལྟ ར་ ཞུས་པ ས ། སྤྱི ར་ གྱིས་ ཁྱོད་ ཡོང་ཐབས་ སྔ་མ་ གཉིས་ ལ་ འདི་ སྟེར་བ འི་ དུས་ ལ་ མ་ བབ་པ ས་ མ་ བྱིན་པ་ ཡིན་ ཞིང་ ། ཁྱད་པ ར་ ཆོས་ ཕྱི ར་ དཀའ་བ་ མ་ སྤྱད་ ན་ ཆོས་ ལ་ དཀོན་མཐོང་ དང་ རྩིས་ མེད་པ ས་ ཉམས་ སུ་ ལེན་ མི་ ནུས ། རྒྱ་ ལ་ ཉམས་ལེན་ བྱེད་ བློ་ བྱས་ རུང་ ཡོན་ཏན་ རྒྱུད་ ལ་ མི་ སྐྱེ་བ་ ཡིན ། ང ས་ སྔ ར་ བཤད་པ འི་ ཏི་ལོ འི་ དྲུང་ དུ་ དཀའ་ཆེན་ བཅུ་ གཉིས ། དཀའ་ཕྲན་ བཅུ་ གཉིས་ རྣམས་ ཆོས་ འདི འི་ ཕྱི ར་ ལུས་སྲོག་ གི་ ཐོག་ ཏུ་ སྤྱད་ ནས་ ཞུས་ ཤིང་ བསྒོམས་པ ས ། ད་ ལྟ་ སྣང་བ་ ལ་ རང་དབང་ ཐོབ་ ཕྱི ར་ ཡུལ་ ཉི་ཤུ་ རྩ་ བཞི་ སོགས་ སངས་རྒྱས་ ཀྱི་ ཞིང་ གང་ དུ་ ཕྱིན་ རུང་ དཔའ་བོ་མཁའ་འགྲོ འི་ ཚོགས་གྲལ་ དུ་ ཆུད་ ཅིང་ ། རེ ས་ འགའ་ ཚོགས་ ཀྱི་ གཙོ་བོ ར་ ཡང་ གྱུར་པ་ ཡིན ། ཁྱོད་ རང་ གིས་ ཀྱང་ དཀའ་ཚེགས་ ཆོན་པོ ས་ གསེར་ བསྒྲུབས་ ནས ། ལམ་ བར་ གྱི་ འཇིགས་པ་ ལ་ མ་ བསམས་པ ར་ ཆོས་ ཕྱི ར་ དཀའ་བ་ སྤྱད་པ ས །" }, { "source": "ཏི་ལོས་ཆོས་འདིའི་སྣོད་དང་སྐལ་བར་ལྡན་པ་གཟིགས་ནས་ང་ལ་ལུང་བསྟན་གནང་བ་ཡིན། ངས་ཁྱོད་ལ་བརྩེ་བས་མ་བཟོད་པར་ཆོས་འདི་སྟེར་དགོས་སྙམ། ད་ལན་འདིར་སླེབས་པའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས། མཁའ་འགྲོ་ཆོས་སྐྱོང་ལ་བཅོལ་དམ་དང་བསྐུལ་མ་བྱས་ནས་སླེབ་པ་ལ། བརྒྱུད་པ་ལ་བྱིན་རླབས་འཇུག་ཕྱིར་མྱུར་དུ་མ་ཕྲད་པར་དཀའ་བ་སྤྱོད་དུ་བཅུག་པ་ཡིན་གསུངས། དེ་དུས་བདེ་མཆོག་གི་དབང་གདམས་ངག་རྣམས་གནང་བ་ཡིན་རུང་། མར་པའི་རྒྱུན་གྱི་ཡི་དམ་དགྱེས་པ་རྡོ་རྗེ་ཡིན་པས། དཔལ་ནཱ་རོ་པའི་ཐུགས་ལ། བོད་ཀྱི་མར་པ་ལོ་ཙྪ་འདི་ང་ལ་ཤིན་ཏུ་མོས་ཕྱིར་གསེར་ཁྱེར་ནས་འདིར་ཡང་ཡང་བྱུང་སྙིང་རྗེ་བས། འདི་ལ་བརྒྱུད་འཛིན་སོགས་ཀྱི་རྟེན་འབྲེལ་ཅི་འདུག་ལྟས་མཐུན་པར་ལུང་བསྟན་བྱེད་དགོས་དགོངས་ནས། རྗེ་མར་པ་ལ། དཔལ་ནཱ་རོ་པས་ཚོགས་འཁོར་ཞིག་གནང་། དེའི་ནུབ་དྲུང་དུ་གཟིམས་པའི་ཐོ་རངས་པཎ་ཆེན་ནཱ་རོས་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་ཁྲ་ལམ་མེ་སྤྲུལ་ནས། བུ་མར་སྟོན་ཆོས་ཀྱི་བློ་གྲོས་མ་ཉལ་བར་ཡར་ལངས་དང་། ནམ་མཁའ་ལ་ཁྱོད་རང་གི་ཡི་དམ་དགྱེས་པ་རྡོ་རྗེ་སྤྲུལ་པའི་ལྷ་དགུ་ཡང་ཕེབས་འདུག་པས། ཁྱོད་ང་ལ་ཕྱག་འཚལ་ལམ། ཡི་དམ་ལ་ཕྱག་འཚལ་གསུངས་པས། མར་པས་ཡི་དམ་རྟེན་དང་བརྟེན་པར་བཅས་པ་ཁྲ་ལམ་མེ་འདུག་པ་ལ་ཕྱག་བཙལ་བས།", "target": "ཏི་ལོ ས་ ཆོས་ འདི འི་ སྣོད་ དང་ སྐལ་བ ར་ ལྡན་པ་ གཟིགས་ ནས་ ང་ ལ་ ལུང་བསྟན་ གནང་བ་ ཡིན ། ང ས་ ཁྱོད་ ལ་ བརྩེ་བ ས་ མ་ བཟོད་པ ར་ ཆོས་ འདི་ སྟེར་ དགོས་ སྙམ ། ད་ ལན་ འདི ར་ སླེབས་པ འི་ རྟེན་འབྲེལ་ སྣ་ཚོགས་ བསྒྲིགས ། མཁའ་འགྲོ་ཆོས་སྐྱོང་ ལ་ བཅོལ་དམ་ དང་ བསྐུལ་ མ་ བྱས་ ནས་ སླེབ་པ་ ལ ། བརྒྱུད་པ་ ལ་ བྱིན་རླབས་ འཇུག་ ཕྱི ར་ མྱུར་ དུ་ མ་ ཕྲད་པ ར་ དཀའ་བ་ སྤྱོད་ དུ་ བཅུག་པ་ ཡིན་ གསུངས ། དེ་ དུས་ བདེ་མཆོག་ གི་ དབང་གདམས་ངག་ རྣམས་ གནང་བ་ ཡིན་ རུང་ ། མར་པ འི་ རྒྱུན་ གྱི་ ཡི་དམ་ དགྱེས་པ་རྡོ་རྗེ་ ཡིན་པ ས ། དཔལ་ནཱ་རོ་པ འི་ ཐུགས་ ལ ། བོད་ ཀྱི་ མར་པ་ ལོ་ཙྪ་ འདི་ ང་ ལ་ ཤིན་ ཏུ་ མོས་ ཕྱི ར་ གསེར་ ཁྱེར་ ནས་ འདི ར་ ཡང་ ཡང་ བྱུང་ སྙིང་ རྗེ་བ ས ། འདི་ ལ་ བརྒྱུད་འཛིན་ སོགས་ ཀྱི་ རྟེན་འབྲེལ་ ཅི་ འདུག་ ལྟས་ མཐུན་པ ར་ ལུང་བསྟན་ བྱེད་ དགོས་ དགོངས་ ནས ། རྗེ་ མར་པ་ ལ ། དཔལ་ནཱ་རོ་པ ས་ ཚོགས་འཁོར་ ཞིག་ གནང་ ། དེ འི་ ནུབ་ དྲུང་ དུ་ གཟིམས་པ འི་ ཐོ་རངས་ པཎ་ཆེན་ ནཱ་རོ ས་ དགྱེས་པ་རྡོ་རྗེ་ ལྷ་ དགུ འི་ དཀྱིལ་འཁོར་ རྟེན་ དང་ བརྟེན་པ ར་ བཅས་པ་ ནམ་མཁ ར་ ཁྲ་ལམ་མེ་ སྤྲུལ་ ནས ། བུ་ མ ར་ སྟོན་ ཆོས་ ཀྱི་ བློ་གྲོས་ མ་ ཉལ་བ ར་ ཡ ར་ ལངས་ དང་ ། ནམ་མཁའ་ ལ་ ཁྱོད་ རང་ གི་ ཡི་དམ་ དགྱེས་པ་རྡོ་རྗེ་ སྤྲུལ་པ འི་ ལྷ་ དགུ་ ཡང་ ཕེབས་ འདུག་པ ས ། ཁྱོད་ ང་ ལ་ ཕྱག་ འཚལ་ ལམ ། ཡི་དམ་ ལ་ ཕྱག་ འཚལ་ གསུངས་པ ས ། མར་པ ས་ ཡི་དམ་ རྟེན་ དང་ བརྟེན་པ ར་ བཅས་པ་ ཁྲ་ལམ་མེ་ འདུག་པ་ ལ་ ཕྱག་ བཙལ་བ ས །" }, { "source": "ནཱ་རོའི་ཞལ་ནས། བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་།། བླ་མ་དག་ལ་བརྟེན་ཏེ་འབྱུང་། བྱ་བ་ལགས། འདི་དག་ཁོ་བོའི་སྤྲུལ་པ་ཡིན་གསུངས། ཡི་དམ་བླ་མའི་ཐུགས་ཀར་ཐིམ་སྟེ་སོང་། དེའི་རྟེན་འབྲེལ་གྱི་གནད་ཀྱིས་ད་ཁྱོད་ལ་མི་བརྒྱུད་རིང་པོ་མི་ཡོང་ཞིང་། རྟེན་འབྲེལ་དེ་ཡང་སེམས་ཅན་གྱི་སྐལ་བ་ཡིན། ཆོས་བརྒྱུད་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་ཡོད་བས་དགའ་བར་གྱིས་ཤིག་གསུངས་པས། མར་པའི་ཐུགས་ལ། ངས་སྔར་ཐོས་བསམ་དེ་ཙམ་ཞིག་བྱས་པ་ལ། ཡི་དམ་པས་བླ་མ་མཆོག་ཏུ་བསྟེན་པ་ཁོ་ན་མཐོང་ཞིང་ཐོས། བསྒོམ་པའི་ཚེ་ཡང་བླ་མ་ཡི་དམ་གྱི་དབུ་གཙུག་ཏུ་སྒོམ་ཞིང་ཡོད། ཁ་སང་བླ་མ་ཚོལ་ཚེ་ཡང་ཡི་དམ་དགྱེས་པ་རྡོ་རྗེ་ཅན་སྡོང་པོའི་རྩེ་ལ་བཞུགས་པ་དང་མཇལ་རུང་། དེས་མ་ཚིམ་པར་བླ་མ་བཙལ་བ་ཡིན་པ་ལ། ད་ལན་དེ་ལྟར་ཡོང་བ་ངའི་སྔོན་ལས་ཡིན་དགོངས་ཐུགས་འབྱུང་ཞིང་སྐྱོ་བའི་ཉམས་ཆེན་པོ་ཡོད་པའི་ཚེ་མནལ་ལྟས་ངན་པ་ཡང་བྱུང་། དེ་དང་མཐུན་པར་སྐུ་ལ་རྒྱ་ཚད་ཀྱི་བྲོ་འཚལ་བས་འགྲོངས་ལ་ཁད་པ་བཅུ་གསུམ་དང་། རླུང་གིས་ཁྱེར་ཏེ་གྲོངས་ཐེངས་ཡང་གསུམ་བྱུང་བའི་བར་ལ། དཔལ་ནཱ་རོ་པའི་ཞལ་ནས་སྙན་བརྒྱུད་ཀྱི་ཆོས་འདི་བཀའ་ཉན་པས། བདུད་ཀྱི་བར་ཆད་ཀྱི་རྣམ་པར་འདུག་སྟེ། ཁྱོད་ང་དང་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་པས། ངས་ཀྱང་དཀོན་མཆོག་ལ་གསོལ་བ་འདེབས། ཁྱོད་ལ་བདུད་གནོད་པ་ཙམ་ཞིག་དཀོན་མཆོག་ཀྱང་སྐྱོབ་པ་ལ་བརྩོན་པར་མཛད་པས་ཚེ་ལ་བར་ཆད་མི་ཡོང་པའི་ཁག་ངས་ཐེག།", "target": "ནཱ་རོ འི་ ཞལ་ ནས ། བླ་མ་ མེད་པ འི་ གོང་རོལ་ ན ། ། སངས་རྒྱས་ བྱ་བ འི་ མིང་ ཡང་ མེད ། ། བསྐལ་པ་ སྟོང་ གི་ སངས་རྒྱས་ ཀྱང་ ། ། བླ་མ་ དག་ ལ་ བརྟེན་ ཏེ་ འབྱུང་ ། བྱ་བ་ ལགས ། འདི་ དག་ ཁོ་བོ འི་ སྤྲུལ་པ་ ཡིན་ གསུངས ། ཡི་དམ་ བླ་མ འི་ ཐུགས་ཀ ར་ ཐིམ་ སྟེ་ སོང་ ། དེ འི་ རྟེན་འབྲེལ་ གྱི་ གནད་ ཀྱིས་ ད་ ཁྱོད་ ལ་ མི་བརྒྱུད་ རིང་པོ་ མི་ ཡོང་ ཞིང་ ། རྟེན་འབྲེལ་ དེ་ ཡང་ སེམས་ཅན་ གྱི་ སྐལ་བ་ ཡིན ། ཆོས་བརྒྱུད་ སངས་རྒྱས་ ཀྱི་ བསྟན་པ་ ནམ་ གནས་ ཀྱི་ བར་ དུ་ ཡོད་བ ས་ དགའ་བ ར་ གྱིས་ ཤིག་ གསུངས་པ ས ། མར་པ འི་ ཐུགས་ ལ ། ང ས་ སྔ ར་ ཐོས་བསམ་ དེ་ ཙམ་ ཞིག་ བྱས་པ་ ལ ། ཡི་དམ་ པས་ བླ་མ་ མཆོག་ ཏུ་ བསྟེན་པ་ ཁོ་ན་ མཐོང་ ཞིང་ ཐོས ། བསྒོམ་པ འི་ ཚེ་ ཡང་ བླ་མ་ ཡི་དམ་ གྱི་ དབུ་གཙུག་ ཏུ་ སྒོམ་ ཞིང་ ཡོད ། ཁ་སང་ བླ་མ་ ཚོལ་ ཚེ་ ཡང་ ཡི་དམ་ དགྱེས་པ་རྡོ་རྗེ་ ཅན་ སྡོང་པོ འི་ རྩེ་ ལ་ བཞུགས་པ་ དང་ མཇལ་ རུང་ ། དེ ས་ མ་ ཚིམ་པ ར་ བླ་མ་ བཙལ་བ་ ཡིན་པ་ ལ ། ད་ ལན་ དེ་ ལྟ ར་ ཡོང་བ་ ང འི་ སྔོན་ལས་ ཡིན་ དགོངས་ཐུགས་ འབྱུང་ ཞིང་ སྐྱོ་བ འི་ ཉམས་ ཆེན་པོ་ ཡོད་པ འི་ ཚེ་ མནལ་ལྟས་ ངན་པ་ ཡང་ བྱུང་ ། དེ་ དང་ མཐུན་པ ར་ སྐུ་ ལ་ རྒྱ་ཚད་ ཀྱི་ བྲོ་ འཚལ་བ ས་ འགྲོངས་ ལ་ ཁད་པ་ བཅུ་ གསུམ་ དང་ ། རླུང་ གིས་ ཁྱེར་ ཏེ་ གྲོངས་ཐེངས་ ཡང་ གསུམ་ བྱུང་བ འི་ བར་ ལ ། དཔལ་ནཱ་རོ་པ འི་ ཞལ་ ནས་ སྙན་བརྒྱུད་ ཀྱི་ ཆོས་ འདི་ བཀའ་ ཉན་པ ས ། བདུད་ ཀྱི་ བར་ཆད་ ཀྱི་ རྣམ་པ ར་ འདུག་ སྟེ ། ཁྱོད་ ང་ དང་ སངས་རྒྱས་ ཀྱི་ བསྟན་པ་ ལ་ གཅེས་པ ས ། ང ས་ ཀྱང་ དཀོན་མཆོག་ ལ་ གསོལ་བ་ འདེབས ། ཁྱོད་ ལ་ བདུད་ གནོད་པ་ ཙམ་ ཞིག་ དཀོན་མཆོག་ ཀྱང་ སྐྱོབ་པ་ ལ་ བརྩོན་པ ར་ མཛད་པ ས་ ཚེ་ ལ་ བར་ཆད་ མི་ ཡོང་པ འི་ ཁག་ ང ས་ ཐེག །" }, { "source": "ཁྱོད་རང་མྱོང་འགྱུར་གྱི་ལས་ངན་འཛད་པའི་ཐབས་སུ་ནད་དཀོན་མཆོག་གི་ཐུགས་རྗེར་ཤེས་པ་གྱིས་ལ་སེམས་ཅན་ལ་བྱམས་སྙིང་རྗེ་དང་ཉམས་ལེན་གྱི་དྲན་པ་མ་བྲལ་བགྱིས་གསུངས་པས་ནས་ཐུགས་བརྩེ་བས་རྗེས་སུ་བཟུང་བའི་ཚེ། མར་པས་བདག་ཤི་རུང་གསོན་རུང་དཀོན་མཆོག་གི་ཐུགས་རྗེར་ཤེས་ང་ལས་གཞན་མ་མཆིས་པས། འགྲོ་བ་ཀུན་ལ་བདག་ལྟར་ཐུགས་རྗེས་གཟུང་དུ་གསོལ། ཞེས་ཞུས་པས། ནཱ་རོ་པ་མཉེས་སོ།། བསྙུང་བའི་བར་ལ་ཐུགས་ཉེ་བའི་མཆེད་ལྕམ་རྣམས་ཀྱིས་ཀྱང་ཐུགས་དམ་སྲུང་འཁོར་མཛད་ཅིང་ཡང་ཡང་བྱོན་ནས་གང་ཕན་གྱི་སྨན་དཔྱད་དང་། རིམ་གྲོ། དཀོན་མཆོག་གསོལ་གདབ་རྣམས་བྱས་པ་དྲག་གསུངས་པ་ལ། རིམ་གྲོ་བྱེད་པ་ལ་ཡོ་བྱད་ཐམས་ཅད་བླ་མ་ལ་དམིགས་པ་མ་གཏོགས་ངས་བདག་ཏུ་བཟུང་བ་གཅིག་ཀྱང་མེད། བླ་མའི་ཕྱག་རྫས་ངའི་རིམ་གྲོར་བཏགས་ན་ཉེས་པར་འགྱུར་བས་མི་བྱེད། སྨན་དཔྱད་བོད་ཀྱི་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱིས་མ་ཐུབ་ན་ང་འཆི་སྟེ་ཡོང་། ཐུབ་ན་སྨན་དཔྱད་མེད་རུང་ནད་ལས་གྲོལ་ཏེ་འོང་བས་མི་བྱེད། དཀོན་མཆོག་གསོལ་གདབ་དཔལ་ནཱ་རོ་པས་བརྩེ་བས་སྐྱོང་བ་ལས་ལྷག་པ་ཞིག་འོང་རྒྱུ་མེད་ཅིང་། བླ་མ་ལ་ནི་རྒྱུན་དུ་གསོལ་བ་འདེབས་ཤིང་ཡོད། ཆོས་སྐྱོང་རྣམས་བསྟན་པ་སྲུང་མི་བསྲུང་ལ་རག་ལས་གསུངས། སྨན་དཔྱད་དང་རིམ་གྲོ་ཅི་ཡང་མ་བྱས་རུང་།", "target": "ཁྱོད་ རང་ མྱོང་འགྱུར་ གྱི་ ལས་ངན་ འཛད་པ འི་ ཐབས་ སུ་ ནད་ དཀོན་མཆོག་ གི་ ཐུགས་རྗེ ར་ ཤེས་པ་ གྱིས་ ལ་ སེམས་ཅན་ ལ་ བྱམས་སྙིང་རྗེ་ དང་ ཉམས་ལེན་ གྱི་ དྲན་པ་ མ་ བྲལ་ བགྱིས་ གསུངས་པ ས་ ནས་ ཐུགས་ བརྩེ་བ ས་ རྗེས་ སུ་ བཟུང་བ འི་ ཚེ ། མར་པ ས་ བདག་ ཤི་ རུང་ གསོན་ རུང་ དཀོན་མཆོག་ གི་ ཐུགས་རྗེ ར་ ཤེས་ ང་ ལས་ གཞན་ མ་ མཆིས་པ ས ། འགྲོ་བ་ ཀུན་ ལ་ བདག་ ལྟ ར་ ཐུགས་རྗེ ས་ གཟུང་ དུ་ གསོལ ། ཞེས་ ཞུས་པ ས ། ནཱ་རོ་པ་ མཉེས་ སོ ། ། བསྙུང་བ འི་ བར་ ལ་ ཐུགས་ ཉེ་བ འི་ མཆེད་ལྕམ་ རྣམས་ ཀྱིས་ ཀྱང་ ཐུགས་དམ་སྲུང་འཁོར་ མཛད་ ཅིང་ ཡང་ ཡང་ བྱོན་ ནས་ གང་ ཕན་ གྱི་ སྨན་དཔྱད་ དང་ ། རིམ་གྲོ ། དཀོན་མཆོག་གསོལ་གདབ་ རྣམས་ བྱས་པ་ དྲག་ གསུངས་པ་ ལ ། རིམ་གྲོ་ བྱེད་པ་ ལ་ ཡོ་བྱད་ ཐམས་ཅད་ བླ་མ་ ལ་ དམིགས་པ་ མ་ གཏོགས་ ང ས་ བདག་ ཏུ་ བཟུང་བ་ གཅིག་ ཀྱང་ མེད ། བླ་མ འི་ ཕྱག་རྫས་ ང འི་ རིམ་གྲོ ར་ བཏགས་ ན་ ཉེས་པ ར་ འགྱུར་བ ས་ མི་ བྱེད ། སྨན་དཔྱད་ བོད་ ཀྱི་ སེམས་ཅན་ རྣམས་ ཀྱི་ བསོད་ནམས་ ཀྱིས་ མ་ ཐུབ་ ན་ ང་ འཆི་ སྟེ་ ཡོང་ ། ཐུབ་ ན་ སྨན་དཔྱད་ མེད་ རུང་ ནད་ ལས་ གྲོལ་ ཏེ་ འོང་བ ས་ མི་ བྱེད ། དཀོན་མཆོག་གསོལ་གདབ་ དཔལ་ནཱ་རོ་པ ས་ བརྩེ་བ ས་ སྐྱོང་བ་ ལས་ ལྷག་པ་ ཞིག་ འོང་རྒྱུ་ མེད་ ཅིང་ ། བླ་མ་ ལ་ ནི་ རྒྱུན་ དུ་ གསོལ་བ་ འདེབས་ ཤིང་ ཡོད ། ཆོས་སྐྱོང་ རྣམས་ བསྟན་པ་ སྲུང་ མི་ བསྲུང་ ལ་ རག་ ལས་ གསུངས ། སྨན་དཔྱད་ དང་ རིམ་གྲོ་ ཅི་ ཡང་ མ་ བྱས་ རུང་ །" }, { "source": "བླ་མ་དང་མཆེད་ལྕམ་རྣམས་ཀྱིས་ཐུགས་རྗེས་བསྙུང་གཞི་ལས་གྲོལ་ལོ།། བསྙུང་བ་ལས་གྲོལ་རུང་། ཐུགས་སྐྱོ་བ་མ་སྔས་པ་ལས། མཆེད་ལྕམ་རྣམས་ཀྱིས་བསྙུང་བ་ལས་གྲོལ་བའི་གཏང་རག་གི་ཐུགས་གསོས་ཤིང་། དཔལ་ནཱ་རོ་པས་ཀྱང་བསྙུང་བ་ལས་གྲོལ་བའི་གཏང་རག་གནང་ཞིང་། དེའི་ཚེ་གདམས་ངག་ཉམས་ལེན་གྱི་སྒོ་ནས་ཐུགས་གསོ་བའི་ཕྱིར། རྗེ་མར་པ་ལ་ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་འདི་གསུངས་སོ།།།། རྗེ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད།། བོད་ཡུལ་གྱི་མར་པ་ལོ་ཙྪ་ཁྱོད།། དལ་འབྱོར་ལུས་ཀྱི་ཕུང་པོའི་ཡིད།། དབྱར་སྐྱོ་ཚེ་ན་འདི་སྐད་ལོང།། སེམས་ཀྱི་གནས་ཐབས་ལྟ་བའི་གདེངས།། ལུས་ཀྱི་གནས་ཐབས་སྒོམ་པའི་གནད།། ཕྱི་ན་སྒྱུ་མ་ལྷ་ཡི་སྐུ།། ནང་ན་རྩ་གསུམ་འཁོར་ལོ་བཞི།། འོག་ན་ཨ་ཤད་ཙཎྚལི།། སྟེང་ན་ཧཾ་ཡིག་རྣམ་པ་ཅན།། སྟེང་འོག་རླུང་གི་འཁོར་ལོ་ནི།། སྲོག་རྩོལ་བུམ་ཅན་ཉམས་ལེན་གྱིས།། བར་ན་བདེ་སྟོང་གསལ་བའི་ཉམས།། མིང་ཡང་གཏུམ་མོའི་གདམས་ངག་ཟེར་རླུང་གནད་དུ་ཆུད་དམ་ལོ་ཙྪ་བ།། ཕྱི་ན་སྣང་བ་སྒྱུ་མ་ཙམ།། ནང་ན་ཉམས་མྱོང་སྨྲ་མ་བཏུབ།། ཉིན་མཚན་སྣང་བ་སྤྲུལ་པའི་སྐུ།། མིང་ཡང་སྒྱུ་ལུས་ཀྱི་གདམས་ངག་ཟེར།། ཞེན་པ་ལོག་གམ་ལོ་ཙྪ་བ།། རྨི་ལམ་ཉམས་ཀྱི་འཁྲུལ་པའི་དུས།། མགྲིན་པར་ཨོཾ་ཡིག་འོད་ཟེར་ཅན།། དྲན་འདུན་བག་ཆགས་ཀྱི་མཚམས་སྦྱོར་ལས།། སྐྱེས་པ་རྨི་ན་ཕོ་འདྲེ་ཟེར།། བུད་མེད་རྨི་ན་མོ་འདྲེ་ཟེར།། བྱོལ་སོང་རྨི་ན་ཀླུ་རུ་འཛིན།། དགའ་བ་རྨི་ན་སེམས་དཔངས་བསྐྱེད།། མི་དགའ་རྨི་ན་སྙིང་མི་དགའ།།", "target": "བླ་མ་ དང་ མཆེད་ལྕམ་ རྣམས་ ཀྱིས་ ཐུགས་རྗེ ས་ བསྙུང་གཞི་ ལས་ གྲོལ་ ལོ ། ། བསྙུང་བ་ ལས་ གྲོལ་ རུང་ ། ཐུགས་ སྐྱོ་བ་ མ་ སྔས་པ་ ལས ། མཆེད་ལྕམ་ རྣམས་ ཀྱིས་ བསྙུང་བ་ ལས་ གྲོལ་བ འི་ གཏང་རག་ གི་ ཐུགས་ གསོས་ ཤིང་ ། དཔལ་ནཱ་རོ་པ ས་ ཀྱང་ བསྙུང་བ་ ལས་ གྲོལ་བ འི་ གཏང་རག་ གནང་ ཞིང་ ། དེ འི་ ཚེ་ གདམས་ངག་ཉམས་ལེན་ གྱི་ སྒོ་ ནས་ ཐུགས་ གསོ་བ འི་ ཕྱི ར ། རྗེ་ མར་པ་ ལ་ ཆོས་ དྲུག་ དྲིལ་བ་ རྡོ་རྗེ འི་ མགུར་ འདི་ གསུངས་ སོ ། ། ། ། རྗེ་ བཀའ་དྲིན་ཅན་ གྱི་ ཞབས་ ལ་ འདུད ། ། བོད་ཡུལ་ གྱི་ མར་པ་ ལོ་ཙྪ་ ཁྱོད ། ། དལ་འབྱོར་ལུས་ ཀྱི་ ཕུང་པོ འི་ ཡིད ། ། དབྱར་ སྐྱོ་ ཚེ་ ན་ འདི་ སྐད་ ལོང ། ། སེམས་ ཀྱི་ གནས་ཐབས་ ལྟ་བ འི་ གདེངས ། ། ལུས་ ཀྱི་ གནས་ཐབས་ སྒོམ་པ འི་ གནད ། ། ཕྱི་ ན་ སྒྱུ་མ་ལྷ་ ཡི་ སྐུ ། ། ནང་ ན་ རྩ་ གསུམ་ འཁོར་ལོ་ བཞི ། ། འོག་ ན་ ཨ་ཤད་ཙཎྚལི ། ། སྟེང་ ན་ ཧཾ་ཡིག་ རྣམ་པ་ ཅན ། ། སྟེང་འོག་ རླུང་ གི་ འཁོར་ལོ་ ནི ། ། སྲོག་རྩོལ་ བུམ་ཅན་ ཉམས་ལེན་ གྱིས ། ། བར་ ན་ བདེ་སྟོང་ གསལ་བ འི་ ཉམས ། ། མིང་ ཡང་ གཏུམ་མོ འི་ གདམས་ངག་ ཟེར་ རླུང་ གནད་ དུ་ ཆུད་ དམ་ ལོ་ཙྪ་བ ། ། ཕྱི་ ན་ སྣང་བ་ སྒྱུ་མ་ ཙམ ། ། ནང་ ན་ ཉམས་མྱོང་ སྨྲ་ མ་ བཏུབ ། ། ཉིན་མཚན་ སྣང་བ་ སྤྲུལ་པ འི་ སྐུ ། ། མིང་ ཡང་ སྒྱུ་ལུས་ ཀྱི་ གདམས་ངག་ ཟེར ། ། ཞེན་པ་ ལོག་ གམ་ ལོ་ཙྪ་བ ། ། རྨི་ལམ་ ཉམས་ ཀྱི་ འཁྲུལ་པ འི་ དུས ། ། མགྲིན་པ ར་ ཨོཾ་ཡིག་ འོད་ཟེར་ ཅན ། ། དྲན་འདུན་བག་ཆགས་ ཀྱི་ མཚམས་སྦྱོར་ ལས ། ། སྐྱེས་པ་ རྨི་ ན་ ཕོ་འདྲེ་ ཟེར ། ། བུད་མེད་ རྨི་ ན་ མོ་འདྲེ་ ཟེར ། ། བྱོལ་སོང་ རྨི་ ན་ ཀླུ་ རུ་ འཛིན ། ། དགའ་བ་ རྨི་ ན་ སེམས་དཔངས་ བསྐྱེད ། ། མི་ དགའ་ རྨི་ ན་ སྙིང་ མི་ དགའ ། །" }, { "source": "འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན།། རྣམ་རྟོག་གི་འདྲེ་ལ་ཟད་པ་མེད།། བཟང་ངན་རང་གྲོལ་སྟོན་པའི་དོན།། མིང་ཡང་རྨི་ལམ་གྱི་གདམས་ངག་ཟེར།། རང་བཞིན་ཤེས་སམ་ལོ་ཙྪ་བ།། གཉིད་དང་རྨི་ལམ་བར་ཞིག་ན།། གཏི་མུག་ཆོས་སྐུའི་ངོ་བོ་ཅན།། བརྗོད་མེད་འོད་གསལ་བདེ་བའི་ཉམས།། རྗེས་ལ་འོད་གསལ་རྒྱ་ཡིས་ཐེབས།། རྨི་ལམ་འོད་གསལ་འཐུག་པོ་ཉིད།། མིང་ཡང་འོད་གསལ་གྱི་གདམས་ངག་ཟེར།། སེམས་སྐྱེ་མེད་དུ་རྟོགས་སམ་ལོ་ཙྪ་བ།། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན།། སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ།། སྒོ་བརྒྱད་བཅད་ནས་སྒོ་གཅིག་འབྱེད།། སེམས་ཀྱི་མདའ་ལ་རླུང་གི་གཞུ།། ཧིག་གི་རྒྱུད་ཀྱིས་རབ་བསྐུལ་ནས།། རྣམ་ཤེས་ཚངས་པའི་ལམ་ནས་འཕེན།། མིང་ཡང་འཕོ་བའི་གདམས་ངག་ཟེར།། རླུང་དུས་སུ་ཁེགས་སམ་ལོ་ཙྪ་བ།། རང་ལུས་དུས་ཀྱི་ཚད་ཕེབས་ལ།། གཞན་ལུས་མཚན་ལྡན་དམ་པའི་ཡུལ།། བར་ན་ཡིག་འབྲུ་རླུང་གི་རྟ།། རྟེན་འབྲེལ་རླུང་གི་འཁོར་ལོ་ཡིས།། རང་ལུས་ཁང་སྟོང་བཞིན་དུ་བོར།། གཞན་ལུས་སྤྲུལ་སྐུའི་ངོ་བོ་ཅན།། མིང་ཡང་གྲོང་འཇུག་གི་གདམས་ངག་ཟེར།། རླུང་ལས་སུ་རུང་ངམ་ལོ་ཙྪ་བ།། རྨི་ལམ་དུས་ཀྱི་ཤེས་པ་དེ།། བར་དོའི་སེམས་དང་བསྲེ་དགོས་པས།། ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན།། དག་དང་མ་དག་གཟུགས་སྐུ་གཉིས།། བར་དོའི་དུས་སུ་ཟིན་ཡང་འཚལ།། རྨི་ལམ་བར་དོའི་བསྲེ་འཕོའི་གནད།། མིང་ཡང་བར་དོའི་གདམས་ངག་ཟེར།། བར་འབྱོངས་སམ་ལོ་ཙྪ་བ།། ལར་ཕྱི་ནང་གི་ཆོས་ལ་ཐོས་པ་དགོས།།", "target": "འདྲེ་ སེམས་ ཀྱི་ རྩ་བ ར་ མ་ ཤེས་ ན ། ། རྣམ་རྟོག་ གི་ འདྲེ་ ལ་ ཟད་པ་ མེད ། ། བཟང་ངན་རང་གྲོལ་ སྟོན་པ འི་ དོན ། ། མིང་ ཡང་ རྨི་ལམ་ གྱི་ གདམས་ངག་ ཟེར ། ། རང་བཞིན་ ཤེས་ སམ་ ལོ་ཙྪ་བ ། ། གཉིད་ དང་ རྨི་ལམ་ བར་ ཞིག་ ན ། ། གཏི་མུག་ ཆོས་སྐུ འི་ ངོ་བོ་ ཅན ། ། བརྗོད་མེད་འོད་གསལ་ བདེ་བ འི་ ཉམས ། ། རྗེས་ ལ་ འོད་གསལ་ རྒྱ་ ཡིས་ ཐེབས ། ། རྨི་ལམ་ འོད་གསལ་ འཐུག་པོ་ ཉིད ། ། མིང་ ཡང་ འོད་གསལ་ གྱི་ གདམས་ངག་ ཟེར ། ། སེམས་ སྐྱེ་མེད་ དུ་ རྟོགས་ སམ་ ལོ་ཙྪ་བ ། ། སྒོ་ བརྒྱད་ འཁོར་བ འི་ སྐར་ཁུང་ ཅན ། ། སྒོ་ གཅིག་ ཕྱག་རྒྱ་ ཆེན་པོ འི་ ལམ ། ། སྒོ་ བརྒྱད་ བཅད་ ནས་ སྒོ་ གཅིག་ འབྱེད ། ། སེམས་ ཀྱི་ མདའ་ ལ་ རླུང་ གི་ གཞུ ། ། ཧིག་ གི་ རྒྱུད་ ཀྱིས་ རབ་ བསྐུལ་ ནས ། ། རྣམ་ཤེས་ ཚངས་པ འི་ ལམ་ ནས་ འཕེན ། ། མིང་ ཡང་ འཕོ་བ འི་ གདམས་ངག་ ཟེར ། ། རླུང་ དུས་ སུ་ ཁེགས་ སམ་ ལོ་ཙྪ་བ ། ། རང་ལུས་ དུས་ ཀྱི་ ཚད་ ཕེབས་ ལ ། ། གཞན་ ལུས་ མཚན་ལྡན་ དམ་པ འི་ ཡུལ ། ། བར་ ན་ ཡིག་འབྲུ་ རླུང་ གི་ རྟ ། ། རྟེན་འབྲེལ་རླུང་ གི་ འཁོར་ལོ་ ཡིས ། ། རང་ལུས་ ཁང་སྟོང་ བཞིན་ དུ་ བོར ། ། གཞན་ལུས་ སྤྲུལ་སྐུ འི་ ངོ་བོ་ཅན ། ། མིང་ ཡང་ གྲོང་འཇུག་ གི་ གདམས་ངག་ ཟེར ། ། རླུང་ ལས་ སུ་ རུང་ ངམ་ ལོ་ཙྪ་བ ། ། རྨི་ལམ་ དུས་ ཀྱི་ ཤེས་པ་ དེ ། ། བར་དོ འི་ སེམས་ དང་ བསྲེ་ དགོས་པ ས ། ། ལོངས་སྤྱོད་ རྫོགས་སྐུ འི་ ངོ་བོ་ཅན ། ། དག་དང་མ་དག་གཟུགས་སྐུ་ གཉིས ། ། བར་དོ འི་ དུས་ སུ་ ཟིན་ ཡང་ འཚལ ། ། རྨི་ལམ་བར་དོ འི་ བསྲེ་འཕོ འི་ གནད ། ། མིང་ ཡང་ བར་དོ འི་ གདམས་ངག་ ཟེར ། ། བར་ འབྱོངས་ སམ་ ལོ་ཙྪ་བ ། ། ལ ར་ ཕྱི་ནང་ གི་ ཆོས་ ལ་ ཐོས་པ་ དགོས ། །" }, { "source": "གོ་བས་མཐའ་གཉིས་སྤོང་བ་ཡིན།། ཡིན་མིན་གྱི་སྒྲོ་འདོགས་ཆོད་ཙ་ན།། གོལ་ས་མེད་པའི་ལམ་གཅིག་ཡིན།། ལམ་དེ་ལ་སྐྱོ་བ་ག་ལ་ཡོད།། ཅེས་གསུངས་པ་དེ་ཐུགས་ལ་ཤིན་ཏུ་འཇགས་པར་གྱུར་པས་སྐྱོ་བ་སངས་ཤིང་ཕྱིས་ཀྱང་བླ་མ་དྲན་པ་སོགས་ཐུགས་ནམ་ངེས་པར་འབྱུང་བའི་ཚེ་གསུངས་བར་གདའ། རྗེ་མར་པ་བསྙུང་བ་ལས་གྲོལ་ཞིང་ཐུགས་སྐྱོ་བ་སངས་པའི་ཚེ། ནཱ་རོའི་ཞལ་ནས། དམངས་ཀྱི་རྣལ་འབྱོར་བདུན་ལས། ཁྲུས་ཀྱི་རྣལ་འབྱོར་ལ་འགྲོ་གསུངས་བའི་ཞབས་ཕྱིར་ཕྱིན། ཡན་ལག་བརྒྱད་ལྡན་གྱི་རྫིང་བུར་མར་པས་ཀྱང་ཁྲུས་མཛད་ཚེ། སྐུ་ལ་བསྲུང་བ་ཟབ་མོ་ཞིག་ཡོད་པ་དེ་བཀྲོལ་ནས་བཞག་པ་ཁྭ་ཏས་ཁྱེར་སོང་བས། ནཱ་རོ་པས་མི་མ་ཡིན་གྱི་བར་ཆད་རྩོམ་པར་དགོངས་ནས་ལྟ་སྟངས་དང་བཅས་སྡིགས་མཛུབ་མཛད་པས། བྱ་རེངས་ཏེ་ནམ་མཁའ་ནས་ལྷུང་བྱུང་བ་ལས་བསྲུང་འཁོར་བཞེས་ཏེ་མར་པ་ལ་གནང་ནས། ད་ཕྱིན་བར་ཆད་བདུད་ལས་རྒྱལ་བ་ཡིན་ནོ་གསུང་། དེ་ནས་དཔལ་ནཱ་རོ་པ་ཆེན་པོས། མར་པ་ཆོས་ཀྱི་བློ་གྲོས་འདི་ངའི་རྒྱལ་ཚབ་ཏུ་བཀོད་པ་ཡིན་གསུངས། རྫོངས་ཀྱི་ཚོགས་མཆོད་བཤམས་པའི་གྲལ་དུ་བཀའ་ལུང་གནང་བ་ནི། ལོ་ཙྪ་བ་ཁྱོད་ལ་ངས་སྔར་ངོ་སྤྲད་པ་ལྟར་ཕུང་པོ་ལྔ་རིགས་ལྔ། ཉོད་མོངས་པ་ལྔ་ཡེ་ཤེས་ལྔར་གདོད་ནས་གནས་པ་ངོ་འཕྲོད་ཕྱིར། ངོ་བོ་ལ་སྤང་བླང་མེད་པས་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྒྱལ་བ་རིགས་ལྔའི་ངོ་བོར་གྱུར་ཅིང་། དེ་དག་ཆོས་ཉིད་འགག་མེད་དུ་ཤར་བའི་རང་རྩལ་དུ་ཤེས་པས། ཟུང་འཇུག་ཏུ་མ་གྱུར་བའི་ཆོས་གཅིག་ཀྱང་མེད་ཕྱིར།", "target": "གོ་བ ས་ མཐའ་ གཉིས་ སྤོང་བ་ ཡིན ། ། ཡིན་ མིན་ གྱི་ སྒྲོ་འདོགས་ ཆོད་ ཙ་ ན ། ། གོལ་ས་ མེད་པ འི་ ལམ་ གཅིག་ ཡིན ། ། ལམ་ དེ་ ལ་ སྐྱོ་བ་ ག་ ལ་ ཡོད ། ། ཅེས་ གསུངས་པ་ དེ་ ཐུགས་ ལ་ ཤིན་ ཏུ་ འཇགས་པ ར་ གྱུར་པ ས་ སྐྱོ་བ་ སངས་ ཤིང་ ཕྱིས་ ཀྱང་ བླ་མ་ དྲན་པ་ སོགས་ ཐུགས་ ནམ་ ངེས་པ ར་ འབྱུང་བ འི་ ཚེ་ གསུངས་བ ར་ གདའ ། རྗེ་ མར་པ་ བསྙུང་བ་ ལས་ གྲོལ་ ཞིང་ ཐུགས་ སྐྱོ་བ་ སངས་པ འི་ ཚེ ། ནཱ་རོ འི་ ཞལ་ ནས ། དམངས་ ཀྱི་ རྣལ་འབྱོར་ བདུན་ ལས ། ཁྲུས་ ཀྱི་ རྣལ་འབྱོར་ ལ་ འགྲོ་ གསུངས་བ འི་ ཞབས་ ཕྱི ར་ ཕྱིན ། ཡན་ལག་བརྒྱད་ལྡན་ གྱི་ རྫིང་བུ ར་ མར་པ ས་ ཀྱང་ ཁྲུས་ མཛད་ ཚེ ། སྐུ་ ལ་ བསྲུང་བ་ ཟབ་མོ་ ཞིག་ ཡོད་པ་ དེ་ བཀྲོལ་ ནས་ བཞག་པ་ ཁྭ་ཏ ས་ ཁྱེར་ སོང་བ ས ། ནཱ་རོ་པ ས་ མི་ མ་ ཡིན་ གྱི་ བར་ཆད་ རྩོམ་པ ར་ དགོངས་ ནས་ ལྟ་སྟངས་ དང་ བཅས་ སྡིགས་མཛུབ་ མཛད་པ ས ། བྱ་ རེངས་ ཏེ་ ནམ་མཁའ་ ནས་ ལྷུང་ བྱུང་བ་ ལས་ བསྲུང་འཁོར་ བཞེས་ ཏེ་ མར་པ་ ལ་ གནང་ ནས ། ད་ཕྱིན་ བར་ཆད་བདུད་ ལས་ རྒྱལ་བ་ ཡིན་ ནོ་ གསུང་ ། དེ་ ནས་ དཔལ་ནཱ་རོ་པ་ ཆེན་པོ ས ། མར་པ་ ཆོས་ ཀྱི་ བློ་གྲོས་ འདི་ ང འི་ རྒྱལ་ཚབ་ ཏུ་ བཀོད་པ་ ཡིན་ གསུངས ། རྫོངས་ ཀྱི་ ཚོགས་མཆོད་ བཤམས་པ འི་ གྲལ་ དུ་ བཀའ་ལུང་ གནང་བ་ ནི ། ལོ་ཙྪ་བ་ ཁྱོད་ ལ་ ང ས་ སྔ ར་ ངོ་ སྤྲད་པ་ ལྟ ར་ ཕུང་པོ་ ལྔ་ རིགས་ ལྔ ། ཉོད་མོངས་པ་ ལྔ་ ཡེ་ཤེས་ ལྔ ར་ གདོད་ ནས་ གནས་པ་ ངོ་ འཕྲོད་ ཕྱི ར ། ངོ་བོ་ ལ་ སྤང་བླང་ མེད་པ ས་ སྣང་སྲིད་ ཀྱི་ ཆོས་ ཐམས་ཅད་ རྒྱལ་བ་ རིགས་ ལྔ འི་ ངོ་བོ ར་ གྱུར་ ཅིང་ ། དེ་ དག་ ཆོས་ཉིད་ འགག་མེད་ དུ་ ཤར་བ འི་ རང་རྩལ་ དུ་ ཤེས་པ ས ། ཟུང་འཇུག་ ཏུ་ མ་ གྱུར་བ འི་ ཆོས་ གཅིག་ ཀྱང་ མེད་ ཕྱི ར །" }, { "source": "ཆོས་ཉིད་ཀྱི་ཀློང་དུ་ཉམས་སུ་ལེན་པ་ལ་ཐོགས་བརྡུགས་མེད་པ་དཔེ་ནམ་མཁའ་ལ་བྱ་འཕུར་བ་ལྟ་བུ་ཡིན་ཞིང་། དེ་རྟོགས་པའི་ཆོས་འཁོར་གྱི་བསྟན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་མངོན་དུ་གྱུར་པ་ཡིན་པས། ལུང་གི་ཆོས་འཁོར་གྱི་བསྟན་པ་རྒྱལ་སྲིད་རིན་ཆེན་སྣ་བདུན་ལྟ་བུ་ཤུགས་ལ་འཛིན་པར་གྱུར་པས་སྤྱིར་ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་གཉིས་ཀའི་ལུང་རྟོགས་ཀྱི་སྒོ་ནས་འཛིན་ཅིང་། བྱེ་བྲག་ཏུ་གསང་སྔགས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཀ་ཉིན་མོར་བྱེད་པར་འགྱུར་ཞིང་། ཁྱོད་ཀྱི་ཚེ་འདིའི་རིག་བརྒྱུད་འཆད་དེ། ཆོས་བརྒྱུད་ཆུ་བོའི་གཞུང་ལྟར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་གནས་པར་འགྱུར་ལ། མ་དག་པའི་གང་ཟག་འགའ་ཞིག་གི་སྣང་ངོར་ཁྱོད་ཚེ་འདིའི་འདོད་ཡོན་ལ་མངོན་ཞེན་རྡོ་ལ་རི་མོ་བྲིས་པ་བཞིན་དུ་འགྱུར་མི་སྲིད་ཅིང་བརྟན་བརྟན་དང་ཆེ་ཆེ་འདྲ་མོ་ཞིག་སྣང་རུང་། ཁྱོད་རང་གི་ངོ་ཐོག་ན་ཆོས་ཉིད་དུ་ངོ་འཕྲོད་འདུག་པས། སྦྲུལ་ལ་མདུད་པ་བོར་བ་བཞིན་འཁོར་བ་རང་གྲོལ་དུ་འགྱུར་ལ། མ་འོངས་པའི་སློབ་བརྒྱུད་ཐམས་ཅད་ཀྱང་སེང་གེ་དང་ཁྱུང་གི་ཕྲུ་གུ་བཞིན་དུ་ཇེ་བཟང་ཇེ་བཟང་ལ་འགྲོ་བ་ཡིན་ཞིང་། རང་རེ་གཉིས་ཚེ་འདིར་རྩེ་གདུངས་ནང་མཐུན་པས་འོད་གསལ་གྱི་ངང་ལ་འདུ་འབྲལ་མེད་ལ། ཕྱི་མ་ཡང་དག་པ་མཁའ་སྤྱོད་ཀྱི་གནས་སུ་ངས་བསུ་སྟེ། འབྲལ་མེད་དུ་འགྲོགས་པར་འགྱུར་བས་དགའ་བར་གྱིས་ཤིགཅེས་གསུངས་པས། མར་པས་ཆོས་བརྒྱུད་ལ་དར་རྒྱས་ཡོང་བའི་ལུང་བསྟན་ཐུགས་རྗེས་བཟུང་།", "target": "ཆོས་ཉིད་ ཀྱི་ ཀློང་ དུ་ ཉམས་ སུ་ ལེན་པ་ ལ་ ཐོགས་བརྡུགས་ མེད་པ་ དཔེ་ ནམ་མཁའ་ ལ་ བྱ་ འཕུར་བ་ ལྟ་བུ་ ཡིན་ ཞིང་ ། དེ་ རྟོགས་པ འི་ ཆོས་འཁོར་ གྱི་ བསྟན་པ་ འཁོར་ལོ ས་ སྒྱུར་བ འི་ རྒྱལ་པོ་ ལྟ་བུ་ མངོན་ དུ་ གྱུར་པ་ ཡིན་པ ས ། ལུང་ གི་ ཆོས་འཁོར་ གྱི་ བསྟན་པ་ རྒྱལ་སྲིད་རིན་ཆེན་ སྣ་ བདུན་ ལྟ་བུ་ ཤུགས་ ལ་ འཛིན་པ ར་ གྱུར་པ ས་ སྤྱི ར་ ཁྱོད་ ཀྱིས་ སངས་རྒྱས་ ཀྱི་ བསྟན་པ་ མདོ་སྔགས་ གཉིས་ ཀ འི་ ལུང་རྟོགས་ ཀྱི་ སྒོ་ ནས་ འཛིན་ ཅིང་ ། བྱེ་བྲག་ ཏུ་ གསང་སྔགས་ ཀྱི་ བསྟན་པ་ ལུང་རྟོགས་ གཉིས་ ཀ་ ཉིན་མོ ར་ བྱེད་པ ར་ འགྱུར་ ཞིང་ ། ཁྱོད་ ཀྱི་ ཚེ་ འདི འི་ རིག་བརྒྱུད་ འཆད་ དེ ། ཆོས་བརྒྱུད་ ཆུ་བོ འི་ གཞུང་ ལྟ ར་ སངས་རྒྱས་ ཀྱི་ བསྟན་པ་ ནམ་ གནས་ ཀྱི་ བར་ དུ་ གནས་པ ར་ འགྱུར་ ལ ། མ་ དག་པ འི་ གང་ཟག་ འགའ་ ཞིག་ གི་ སྣང་ངོ ར་ ཁྱོད་ ཚེ་ འདི འི་ འདོད་ཡོན་ ལ་ མངོན་ཞེན་ རྡོ་ ལ་ རི་མོ་ བྲིས་པ་ བཞིན་ དུ་ འགྱུར་ མི་ སྲིད་ ཅིང་ བརྟན་བརྟན་ དང་ ཆེ་ཆེ་ འདྲ་མོ་ ཞིག་ སྣང་ རུང་ ། ཁྱོད་ རང་ གི་ ངོ་ཐོག་ ན་ ཆོས་ཉིད་ དུ་ ངོ་ འཕྲོད་ འདུག་པ ས ། སྦྲུལ་ ལ་ མདུད་པ་ བོར་བ་ བཞིན་ འཁོར་བ་ རང་གྲོལ་ དུ་ འགྱུར་ ལ ། མ་ འོངས་པ འི་ སློབ་བརྒྱུད་ ཐམས་ཅད་ ཀྱང་ སེང་གེ་ དང་ ཁྱུང་ གི་ ཕྲུ་གུ་ བཞིན་ དུ་ ཇེ་ བཟང་ ཇེ་ བཟང་ ལ་ འགྲོ་བ་ ཡིན་ ཞིང་ ། རང་རེ་ གཉིས་ ཚེ་ འདི ར་ རྩེ་གདུངས་ ནང་མཐུན་པ ས་ འོད་གསལ་ གྱི་ ངང་ ལ་ འདུ་འབྲལ་ མེད་ ལ ། ཕྱི་མ་ ཡང་དག་པ་མཁའ་སྤྱོད་ ཀྱི་ གནས་ སུ་ ང ས་ བསུ་ སྟེ ། འབྲལ་མེད་ དུ་ འགྲོགས་པ ར་ འགྱུར་བ ས་ དགའ་བ ར་ གྱིས་ ཤིག ཅེས་ གསུངས་པ ས ། མར་པ ས་ ཆོས་བརྒྱུད་ ལ་ དར་རྒྱས་ ཡོང་བ འི་ ལུང་བསྟན་ ཐུགས་རྗེ ས་ བཟུང་ །" }, { "source": "མཐར་ཐུག་མདོ་སྔགས་གཉིས་ཀྱི་ལྟ་བ་རྟོགས་པ་ལ་ཁྱད་མི་འདུག་པས་གཉིས་ཀའི་རྟོགས་པ་དང་ལུང་གི་བསྟན་པ་འཛིན་རུང་།། རྣམ་པ་ཀུན་སྤྱོད་སོ་ཐར་ཉན་ཐོས་ཀྱི་ཆ་ལུགས་ཅན་ནི་མི་ཡོང་ལགས་སམ། བདག་ལ་དར་མ་མདོ་སྡེ་ཞེས་བྱ་བ་གཅིག་གིས་ཐོག་དྲངས་ཤ་ནས་ཆད་པའི་བུ་བདུན་ཡོད་རུང་། རིགས་བརྒྱུད་ཆད་ན། མི་ཆད་པའི་ཐབས་ཀྱི་བཀའ་ལུང་གནང་དུ་རུང་ལགས་སམ་ཞེས་ཞུས་པས། པཎ་ཆེན་ནཱ་རོའི་ཞལ་ནས། མ་འོངས་པ་ལ་ཁྱོད་ཀྱི་ཆོས་བརྒྱུད་ལ། ཕྱི་ཉན་ཐོས་ཀྱི་རྣམ་པ་ཅན་ལ་ནང་ཐེག་ཆེན་གྱི་དོན་རྟོགས་པའི་སར་གནས་སེམས་དཔའ་འཁོར་བཅས་ཡང་མང་པོ་འབྱུང་ཞིང་། གཞན་ཆ་ལུགས་ངེས་མེད་ཀྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་རྒྱས་སུ་བྱེད་པར་འགྱུར་ལ། བུ་བདུན་གྱི་མི་ཚད་སྟོང་ཡོད་རུང་། རིགས་བརྒྱུད་ཡོང་རིགས་སུ་མི་འདུག་ནའང་། འགྱོད་མེད་ཀྱི་ཐབས་ལ་ཕ་བུ་ཀུན་ཡི་དམ་ལྷའི་བསྙེན་སྒྲུབ་ཀྱི་མཚམས་དམ་པོའི་ངང་ནས་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་གཏོར་ལ་འབད་འབུངས་ཐོན་ཁྱོད་སྐྱེ་བ་སྔོན་ནས་སྦྱངས་པའི་ལས་འཕྲོ་ཅན་སར་གནས་ཀྱི་སེམས་དཔའ་ཆེན་པོ་ཡིན་ཕྱིར་འགྲོ་བ་མང་པོ་ལ་ཕན་ཐོགས་པ་འདུག་པས། བོད་གངས་ཅན་གྱི་གདུལ་བྱ་རྣམས་འདུལ་བའི་ཕྱིར་རྒྱལ་ཚབ་ཏུ་མངའ་གསོལ་བ་ཡིན་ནོ་གསུངས། ཕྱག་གཡས་མར་པའི་དབུ་ཐོག་ཏུ་བཞག་ནས། མ་འོང་ལུང་བསྟན་གྱི་མགུར་འདི་གསུངས་སོ།།།། སྔོན་ཚུལ་བཞིན་སྦྱངས་པའི་ལས་འཕྲོ་ཅན།། གཉུག་མའི་དོན་རྟོགས་རྣལ་འབྱོར་པ།།", "target": "མཐར་ཐུག་མདོ་སྔགས་ གཉིས་ ཀྱི་ ལྟ་བ་ རྟོགས་པ་ ལ་ ཁྱད་ མི་ འདུག་པ ས་ གཉིས་ ཀ འི་ རྟོགས་པ་ དང་ ལུང་ གི་ བསྟན་པ་ འཛིན་ རུང་ ། ། རྣམ་པ་ཀུན་སྤྱོད་ སོ་ཐར་ཉན་ཐོས་ ཀྱི་ ཆ་ལུགས་ཅན་ ནི་ མི་ ཡོང་ ལགས་ སམ ། བདག་ ལ་ དར་མ་མདོ་སྡེ་ ཞེས་ བྱ་བ་ གཅིག་ གིས་ ཐོག་ དྲངས་ ཤ་ ནས་ ཆད་པ འི་ བུ་ བདུན་ ཡོད་ རུང་ ། རིགས་བརྒྱུད་ ཆད་ ན ། མི་ ཆད་པ འི་ ཐབས་ ཀྱི་ བཀའ་ལུང་ གནང་ དུ་ རུང་ ལགས་ སམ་ ཞེས་ ཞུས་པ ས ། པཎ་ཆེན་ ནཱ་རོ འི་ ཞལ་ ནས ། མ་ འོངས་པ་ ལ་ ཁྱོད་ ཀྱི་ ཆོས་བརྒྱུད་ ལ ། ཕྱི་ ཉན་ཐོས་ ཀྱི་ རྣམ་པ་ཅན་ ལ་ ནང་ ཐེག་ཆེན་ གྱི་ དོན་ རྟོགས་པ འི་ ས ར་ གནས་ སེམས་དཔའ་ འཁོར་ བཅས་ ཡང་ མང་པོ་ འབྱུང་ ཞིང་ ། གཞན་ ཆ་ལུགས་ ངེས་མེད་ ཀྱིས་ སྒྲུབ་བརྒྱུད་ ཀྱི་ བསྟན་པ་ དར་རྒྱས་ སུ་ བྱེད་པ ར་ འགྱུར་ ལ ། བུ་ བདུན་ གྱི་ མི་ཚད་ སྟོང་ ཡོད་ རུང་ ། རིགས་བརྒྱུད་ ཡོང་ རིགས་ སུ་ མི་ འདུག་ ན འང་ ། འགྱོད་མེད་ ཀྱི་ ཐབས་ ལ་ ཕ་བུ་ ཀུན་ ཡི་དམ་ ལྷ འི་ བསྙེན་སྒྲུབ་ ཀྱི་ མཚམས་ དམ་པོ འི་ ངང་ ནས་ མཁའ་འགྲོ་ཆོས་སྐྱོང་ གི་ ཚོགས་གཏོར་ ལ་ འབད་འབུངས་ ཐོན་ ཁྱོད་ སྐྱེ་བ་ སྔོན་ ནས་ སྦྱངས་པ འི་ ལས་འཕྲོ་ ཅན་ ས ར་ གནས་ ཀྱི་ སེམས་དཔའ་ ཆེན་པོ་ ཡིན་ ཕྱི ར་ འགྲོ་བ་ མང་པོ་ ལ་ ཕན་ ཐོགས་པ་ འདུག་པ ས ། བོད་ གངས་ཅན་ གྱི་ གདུལ་བྱ་ རྣམས་ འདུལ་བ འི་ ཕྱི ར་ རྒྱལ་ཚབ་ ཏུ་ མངའ་ གསོལ་བ་ ཡིན་ ནོ་ གསུངས ། ཕྱག་གཡས་ མར་པ འི་ དབུ་ ཐོག་ ཏུ་ བཞག་ ནས ། མ་འོང་ལུང་བསྟན་ གྱི་ མགུར་ འདི་ གསུངས་ སོ ། ། ། ། སྔོན་ ཚུལ་ བཞིན་ སྦྱངས་པ འི་ ལས་འཕྲོ་ཅན ། ། གཉུག་མ འི་ དོན་རྟོགས་རྣལ་འབྱོར་པ ། །" }, { "source": "བོད་ཡུལ་གྱི་མར་པ་ལོ་ཙྪ་ཁྱོད།། རིགས་ལྔ་བྱ་འཕུར་ཆོས་ཉིད་ཀློང་།། འཁོར་ལོས་སྒྱུར་རྒྱལ་རིན་ཆེན་འཛིན།། རིགས་བརྒྱུད་ནམ་མཁའི་མེ་ཏོག་ཡུལ།། ཆོས་བརྒྱུད་ཆུ་བོའི་གཞུང་དང་ལྡན།། ཞེན་པ་རྡོ་ལ་རི་མོ་བཀྲ།། འཁོར་བ་ཆུ་རིས་རང་ཡལ་འགྱུར།། བུ་སེང་གེ་ཁྱུང་གི་ཕྲུ་གུ་བཞིན།། སློབ་མ་བས་ཀྱང་ཡང་སློབ་བཟང་།། ཐེག་པ་ཆེན་པོའི་དོན་རྟོགས་ནས།། ལས་ཅན་སྨིན་དང་གྲོལ་།། གྱུར་སྐལ་ལྡན་གདུལ་བྱའི་རྒྱལ་པོ་ཁྱོད།། ད་ནི་བོད་ཡུལ་དབུས་སུ་བྱོན།། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས།། སྤོས་ཀྱི་ཤིང་རྣམས་རྒྱས་པའི་ས།། སྨན་སྣ་ཚོགས་སྐྱེ་བའི་རི་མགུལ་ན།། སྐལ་ལྡན་གདུལ་བྱསྣོད་ལྡན་ཡོད།། བུ་དེ་རུ་སོང་ལ་འགྲོ་དོན་མཛོད།། ཁྱོད་ཀྱི་འགྲོ་དོན་གྲུབ་པར་ངེས།། ཚེ་འདིར་བརྩེ་བདུངས་ནང་མཐུན་པས།། འོད་གསལ་ངང་ལ་འདུ་འབྲལ་མེད།། ཕྱི་མ་དག་པ་མཁའ་སྤྱོད་དུ། ཁོ་བོས་བསུ་ནས་འབྲལ་མེད་དུ།། འགྲོགས་པར་འགྱུར་ལ་གདོན་མི་ཟ།། བུ་ཁྱོད་ཀྱི་སེམས་ལ་དེ་ལྟར་ཞོགཅེས་གསུང་ཞིང་། ད་ཁྱོད་འདི་ནས་མཻ་ཏྲི་བའི་སར་སོང་ལ། འདོད་ཆོས་རྣམས་ནན་ཏན་གྱི་སྒོ་ནས་ཞུས་ཤིགསྔར་བས་ཀྱང་ངེས་ཤེས་འདྲོངས་པ་ཞིག་ཡོང་བ་འདུག་གམ་གསུངས་སོ།། དེ་ནས་མར་པས་བོད་ལ་འབྱོན་པར་ཐུགས་ཆས་པའི་ཚེ། ཕུ་ལ་ཧ་རིའི་ནུབ་ཕྱོགས་ཨ་མྲའི་ཚལ་གྱི་ཤིང་དྲུང་ཞིག་ཏུ་གཟིམས་པའི་ཐོ་རངས་ཤིག་གི་ཐུགས་དགོངས་ལ། ངས་ཚེ་འདིར་བོད་ནས་རྒྱ་གར་ལ་ལན་གསུམ་ཡོང་པའི་སྔ་མ་ལ་ལོ་བཅུ་གཉིས།", "target": "བོད་ཡུལ་ གྱི་ མར་པ་ ལོ་ཙྪ་ ཁྱོད ། ། རིགས་ ལྔ་ བྱ་ འཕུར་ ཆོས་ཉིད་ ཀློང་ ། ། འཁོར་ལོས་སྒྱུར་རྒྱལ་རིན་ཆེན་ འཛིན ། ། རིགས་བརྒྱུད་ ནམ་མཁ འི་ མེ་ཏོག་ ཡུལ ། ། ཆོས་བརྒྱུད་ ཆུ་བོ འི་ གཞུང་ དང་ ལྡན ། ། ཞེན་པ་ རྡོ་ ལ་ རི་མོ་ བཀྲ ། ། འཁོར་བ་ ཆུ་རིས་ རང་ ཡལ་ འགྱུར ། ། བུ་ སེང་གེ་ ཁྱུང་ གི་ ཕྲུ་གུ་ བཞིན ། ། སློབ་མ་ བས་ ཀྱང་ ཡང་སློབ་ བཟང་ ། ། ཐེག་པ་ ཆེན་པོ འི་ དོན་ རྟོགས་ ནས ། ། ལས་ཅན་ སྨིན་ དང་ གྲོལ་ ། ། གྱུར་ སྐལ་ལྡན་གདུལ་བྱ འི་ རྒྱལ་པོ་ ཁྱོད ། ། ད་ ནི་ བོད་ཡུལ་དབུས་ སུ་ བྱོན ། ། བྱང་ཕྱོགས་ ཁ་བ་ཅན་ གྱི་ ལྗོངས ། ། སྤོས་ ཀྱི་ ཤིང་ རྣམས་ རྒྱས་པ འི་ ས ། ། སྨན་ སྣ་ཚོགས་ སྐྱེ་བ འི་ རི་མགུལ་ ན ། ། སྐལ་ལྡན་གདུལ་བྱ སྣོད་ལྡན་ ཡོད ། ། བུ་ དེ་ རུ་ སོང་ ལ་ འགྲོ་དོན་ མཛོད ། ། ཁྱོད་ ཀྱི་ འགྲོ་དོན་ གྲུབ་པ ར་ ངེས ། ། ཚེ་ འདི ར་ བརྩེ་བདུངས་ ནང་མཐུན་པ ས ། ། འོད་གསལ་ ངང་ ལ་ འདུ་འབྲལ་ མེད ། ། ཕྱི་མ་ དག་པ་མཁའ་སྤྱོད་ དུ ། ཁོ་བོ ས་ བསུ་ ནས་ འབྲལ་མེད་ དུ ། ། འགྲོགས་པ ར་ འགྱུར་ ལ་ གདོན་ མི་ ཟ ། ། བུ་ ཁྱོད་ ཀྱི་ སེམས་ ལ་ དེ་ ལྟ ར་ ཞོག ཅེས་ གསུང་ ཞིང་ ། ད་ ཁྱོད་ འདི་ ནས་ མཻ་ཏྲི་བ འི་ ས ར་ སོང་ ལ ། འདོད་ཆོས་ རྣམས་ ནན་ཏན་ གྱི་ སྒོ་ ནས་ ཞུས་ ཤིག སྔ ར་ བས་ ཀྱང་ ངེས་ཤེས་ འདྲོངས་པ་ ཞིག་ ཡོང་བ་ འདུག་ གམ་ གསུངས་ སོ ། ། དེ་ ནས་ མར་པ ས་ བོད་ ལ་ འབྱོན་པ ར་ ཐུགས་ ཆས་པ འི་ ཚེ ། ཕུ་ལ་ཧ་རི འི་ ནུབ་ཕྱོགས་ ཨ་མྲ འི་ ཚལ་ གྱི་ ཤིང་དྲུང་ ཞིག་ ཏུ་ གཟིམས་པ འི་ ཐོ་རངས་ ཤིག་ གི་ ཐུགས་དགོངས་ ལ ། ང ས་ ཚེ་ འདི ར་ བོད་ ནས་ རྒྱ་གར་ ལ་ ལན་ གསུམ་ ཡོང་པ འི་ སྔ་མ་ ལ་ ལོ་ བཅུ་ གཉིས །" }, { "source": "བར་པ་ལ་དྲུགད་ལན་གསུམ་སྟེ་ཉེར་གཅིག་སོང་བ་ལས། དཔལ་ནཱ་རོ་པ་རང་གི་དྲུང་དུ་ལོ་བཅུ་དྲུག་དང་ཟླ་བ་བདུན་བསྡད་འདུགཆོས་བྱས་པ་ལ་གྲུབ་ཐོབ་ཀྱི་བླ་མ་རྣམས་དང་མཇལ། སྒྲ་སྐད་དང་སློབ་གཉེར་ནི་མཐར་ཕྱིན་པ་ཤེས་དགོངས་ཏེ་དགེས་བཞིན་བོད་དུ་འབྱོན་པ་ལ། བླ་མ་དང་མཆེད་གྲོགས་རྣམས་ཤུལ་དུ་ལུས་པ་ལ་ནི་ཐུགས་འཕྲེང་། ལམ་བར་གྱི་ཆུ་འཕྲང་ཨར་ཇག་ལ་སོགས་འཇིགས་པ་རྣམས་ལ་ནི་འཚེར། སློབ་གཉེར་གྱི་རྗེས་གདམས་ངག་ཁྱད་པར་ཅན་རྣམས་ཐོབ་ནས་བོད་དུ་འབྱོན་པ་ལ་ནི་བྲོད་པའི་ཐུགས་ཉམས་དྲག་པོ་ཞིག་ཤར་བ། པཎ་ཆེན་ནཱ་རོ་པ་ལ་ཕྱི་ཕྱག་གི་ཚུལ་དུ་ཚོགས་མཆོད་ཅིག་ཕུལ་བའི་གྲལ་དུ་ལོ་རྒྱུས་དང་བཀའ་གནང་ཞུས་ནས། བུང་བ་རྒྱང་རིང་དུ་འཕུར་འགྲོ་བའི་སྒྲ་ལ་རྟ་དྲངས་ནས་ཡོངས་སུ་གྲགས་པའི་མགུར་ཆེན་ལམ་གླུ་རིང་མོ་འདི་བླ་མ་དང་མཆེད་ལྕམ་རྣམས་ལ་ཕུལ་ལོ།།།། རྗེ་འགྲོ་བ་འདྲེན་མཛད་སྐུ་དྲིན་ཅན།། གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས།། མི་ཁོ་བོའི་སྤྱི་གཙུག་རྒྱན་དུ་བཞུགས།། རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་།། བོད་ཡུལ་གྱི་མར་པ་ལོ་ཙྪ་གཉིས།། སྔར་སྦྱངས་སྨོན་ལམ་གཅིག་པས་མཇལ།། ལོ་བཅུ་དྲུག་ཟླ་བ་བདུན་དུ་བསྟེན།། དུས་སྐད་ཅིག་མ་བྲལ་འགྲོགས་པའི་ཕྱིར།། ཐུགས་ལ་མི་འདོགས་སྐབས་མ་མཆིས།། དཔལ་མེ་ཏོག་མདངས་འཕྲོག་གི་དགོན་པ་འདིར།། དབང་བཞིའི་ཆུ་བོ་རྫོགས་པར་བསྐུར།། སྙན་བརྒྱུད་ཀྱི་གདམས་ངག་མཐར་ཐུག་གནང་།། བླ་མེད་ཐེག་པ་མཆོག་གི་དོན།། གཉིས་མེད་རྩེ་གཅིག་གཞིར་བཞག་ནས།།", "target": "བར་པ་ ལ་ དྲུག ད་ ལན་ གསུམ་ སྟེ་ ཉེར་ གཅིག་ སོང་བ་ ལས ། དཔལ་ནཱ་རོ་པ་ རང་ གི་ དྲུང་ དུ་ ལོ་ བཅུ་ དྲུག་ དང་ ཟླ་བ་ བདུན་ བསྡད་ འདུག ཆོས་ བྱས་པ་ ལ་ གྲུབ་ཐོབ་ ཀྱི་ བླ་མ་ རྣམས་ དང་ མཇལ ། སྒྲ་སྐད་ དང་ སློབ་གཉེར་ ནི་ མཐ ར་ ཕྱིན་པ་ ཤེས་ དགོངས་ ཏེ་ དགེས་ བཞིན་ བོད་ དུ་ འབྱོན་པ་ ལ ། བླ་མ་ དང་ མཆེད་གྲོགས་ རྣམས་ ཤུལ་ དུ་ ལུས་པ་ ལ་ ནི་ ཐུགས་ འཕྲེང་ ། ལམ་བར་ གྱི་ ཆུ་འཕྲང་ ཨར་ཇག་ ལ་ སོགས་ འཇིགས་པ་ རྣམས་ ལ་ ནི་ འཚེར ། སློབ་གཉེར་ གྱི་ རྗེས་ གདམས་ངག་ ཁྱད་པར་ཅན་ རྣམས་ ཐོབ་ ནས་ བོད་ དུ་ འབྱོན་པ་ ལ་ ནི་ བྲོད་པ འི་ ཐུགས་ཉམས་ དྲག་པོ་ ཞིག་ ཤར་བ ། པཎ་ཆེན་ ནཱ་རོ་པ་ ལ་ ཕྱི་ཕྱག་ གི་ ཚུལ་ དུ་ ཚོགས་མཆོད་ ཅིག་ ཕུལ་བ འི་ གྲལ་ དུ་ ལོ་རྒྱུས་ དང་ བཀའ་ གནང་ ཞུས་ ནས ། བུང་བ་ རྒྱང་རིང་ དུ་ འཕུར་ འགྲོ་བ འི་ སྒྲ་ ལ་ རྟ་ དྲངས་ ནས་ ཡོངས་ སུ་ གྲགས་པ འི་ མགུར་ཆེན་ ལམ་གླུ་ རིང་མོ་ འདི་ བླ་མ་ དང་ མཆེད་ལྕམ་ རྣམས་ ལ་ ཕུལ་ ལོ ། ། ། ། རྗེ་ འགྲོ་བ་ འདྲེན་མཛད་ སྐུ་དྲིན་ཅན ། ། གྲུབ་ཐོབ་ བརྒྱུད་པ འི་ བླ་མ་ རྣམས ། ། མི་ ཁོ་བོ འི་ སྤྱི་གཙུག་རྒྱན་ དུ་ བཞུགས ། ། རྒྱ་གར་ གྱི་ ནཱ་རོ་ པཎ་ཆེན་ དང་ ། ། བོད་ཡུལ་ གྱི་ མར་པ་ ལོ་ཙྪ་ གཉིས ། ། སྔ ར་ སྦྱངས་ སྨོན་ལམ་ གཅིག་པ ས་ མཇལ ། ། ལོ་ བཅུ་ དྲུག་ ཟླ་བ་ བདུན་ དུ་ བསྟེན ། ། དུས་ སྐད་ ཅིག་ མ་ བྲལ་ འགྲོགས་པ འི་ ཕྱི ར ། ། ཐུགས་ ལ་ མི་ འདོགས་ སྐབས་ མ་ མཆིས ། ། དཔལ་མེ་ཏོག་མདངས་འཕྲོག་ གི་ དགོན་པ་ འདི ར ། ། དབང་ བཞི འི་ ཆུ་བོ་ རྫོགས་པ ར་ བསྐུར ། ། སྙན་བརྒྱུད་ ཀྱི་ གདམས་ངག་ མཐ ར་ ཐུག་ གནང་ ། ། བླ་མེད་ཐེག་པ་ མཆོག་ གི་ དོན ། ། གཉིས་མེད་ རྩེ་གཅིག་ གཞི ར་ བཞག་ ནས ། །" }, { "source": "སེམས་སྟོང་པ་ཉིད་ལ་སྤར་ཟིན་བྱས།། ཁ་བ་ཅན་འདབ་བྱང་ཕྱོགས་སུ།། ལུང་བསྟན་རྒྱལ་ཚབ་བཀོད་པའི་ཕྱིར།། ད་ནི་བན་ཆུང་བོད་དུ་འགྲོ། བན་ཆུང་བོད་དུ་འགྲོ་བ་ལ།། ཤུལ་ན་འཕྲེང་བ་རྣམ་གསུམ་ཡོད།། ཡིད་ལ་གཅགས་པ་རྣམ་གསུམ་ཡོད། ལམ་ན་འཇིགས་པ་རྣམ་གསུམ་ཡོད།། བར་ན་འཚེར་བ་རྣམ་གསུམ་ཡོད།། གདོད་ནས་བྲོད་པ་རྣམ་གསུམ་ཡོད།། ངོ་མཚར་ཆེ་བ་རྣམ་གསུམ་ཡོད།། གླུ་དེའི་རྗེས་ཟློས་མ་བཤད་ན།། ཚིག་དེས་དོན་གྱི་བརྡ་མི་འཇོལ།། ཤུལ་ན་འཕྲེང་བ་རྣམ་གསུམ་ནི།། རྗེ་ནཱ་རོ་དང་མཻ་ཏྲིས་དབུ་མཛད་ནས།། གྲུབ་ཐོབ་ཀྱི་བླ་མ་བརྒྱ་རྩ་གཅིག། ཤུལ་དུ་ལུས་ཏེ་མ་བས་འཕྲེང་།། དཔལ་འཇིགས་མེད་གྲགས་པས་དབུ་མཛད་ནས།། མཆེད་དང་ལྕམ་དྲལ་བརྒྱ་རྩ་གཅིག། ཤུལ་དུ་ལུས་ཏེ་མ་བས་འཕྲེང་།། གནས་ཕུ་ལ་ཧ་རིས་སྣ་།། དྲངས་གྲུབ་ཐོབ་གནས་ཆེན་བརྒྱ་རྩ་གཅིག། ཤུལ་དུ་ལུས་ཏེ་མ་བས་འཕྲེང་།། ཡིད་ལ་གཅགས་པ་རྣམ་གསུམ་ནི།། ལྷ་དྷརྨ་བོ་དྷི་ཨ་ཤོ་ཀ།། དྲིན་ཅན་གནས་པོ་ཕོ་མོ་རྣམས།། འབྲལ་མི་ཕོད་དེ་ཡིད་ལ་གཅགས།། བྲམ་ཟེའི་ཁྱེའུ་གསེར་ཕྲེང་ཅན།། ཤི་སྲོག་གིས་མཐུད་པའི་གྲོགས་པོ་བྱས།། འབྲལ་མི་ཕོད་དེ་ཡིད་ལ་གཅགས།། དེད་དཔོན་གྱི་བུ་མོ་སྔོ་སངས་མ།། མཚན་ལྡན་དེ་རིག་མར་བརྟེན་བརྟེན་ནས།། འབྲལ་མི་ཕོད་དེ་ཡིད་ལ་གཅགས།། ལམ་གྱི་འཇིགས་པ་རྣམ་གསུམ་ནི།། མཚོ་དུག་མཚོ་ཁོལ་མས་སྣ་དྲངས་ནས།། ཤར་ཆུ་བོ་གང་ག་ད་གཟོད་བརྒལ།། འདི་མ་མཐོང་གོང་ནས་ང་རེ་འཇིགས།། རི་ཨུ་ཤུ་རི་ཡི་ནགས་འདབ་ན།།", "target": "སེམས་ སྟོང་པ་ཉིད་ ལ་ སྤར་ ཟིན་ བྱས ། ། ཁ་བ་ཅན་ འདབ་ བྱང་ཕྱོགས་ སུ ། ། ལུང་ བསྟན་ རྒྱལ་ཚབ་ བཀོད་པ འི་ ཕྱི ར ། ། ད་ ནི་ བན་ཆུང་ བོད་ དུ་ འགྲོ ། བན་ཆུང་ བོད་ དུ་ འགྲོ་བ་ ལ ། ། ཤུལ་ ན་ འཕྲེང་བ་ རྣམ་ གསུམ་ ཡོད ། ། ཡིད་ ལ་ གཅགས་པ་ རྣམ་ གསུམ་ ཡོད ། ལམ་ ན་ འཇིགས་པ་ རྣམ་ གསུམ་ ཡོད ། ། བར་ ན་ འཚེར་བ་ རྣམ་ གསུམ་ ཡོད ། ། གདོད་ ནས་ བྲོད་པ་ རྣམ་ གསུམ་ ཡོད ། ། ངོ་མཚར་ ཆེ་བ་ རྣམ་ གསུམ་ ཡོད ། ། གླུ་ དེ འི་ རྗེས་ཟློས་ མ་ བཤད་ ན ། ། ཚིག་ དེ ས་ དོན་ གྱི་ བརྡ་ མི་ འཇོལ ། ། ཤུལ་ ན་ འཕྲེང་བ་ རྣམ་ གསུམ་ ནི ། ། རྗེ་ ནཱ་རོ་ དང་ མཻ་ཏྲི ས་ དབུ་ མཛད་ ནས ། ། གྲུབ་ཐོབ་ ཀྱི་ བླ་མ་ བརྒྱ་ རྩ་ གཅིག ། ཤུལ་ དུ་ ལུས་ ཏེ་ མ་ བས་ འཕྲེང་ ། ། དཔལ་འཇིགས་མེད་གྲགས་པ ས་ དབུ་ མཛད་ ནས ། ། མཆེད་ དང་ ལྕམ་དྲལ་ བརྒྱ་ རྩ་ གཅིག ། ཤུལ་ དུ་ ལུས་ ཏེ་ མ་ བས་ འཕྲེང་ ། ། གནས་ ཕུ་ལ་ཧ་རི ས་ སྣ་ ། ། དྲངས་ གྲུབ་ཐོབ་ གནས་ཆེན་ བརྒྱ་ རྩ་ གཅིག ། ཤུལ་ དུ་ ལུས་ ཏེ་ མ་ བས་ འཕྲེང་ ། ། ཡིད་ ལ་ གཅགས་པ་ རྣམ་ གསུམ་ ནི ། ། ལྷ་ དྷརྨ་བོ་དྷི་ཨ་ཤོ་ཀ ། ། དྲིན་ཅན་ གནས་པོ་ ཕོ་མོ་ རྣམས ། ། འབྲལ་ མི་ ཕོད་ དེ་ ཡིད་ ལ་ གཅགས ། ། བྲམ་ཟེ འི་ ཁྱེའུ་ གསེར་ཕྲེང་ཅན ། ། ཤི་སྲོག་ གིས་ མཐུད་པ འི་ གྲོགས་པོ་ བྱས ། ། འབྲལ་ མི་ ཕོད་ དེ་ ཡིད་ ལ་ གཅགས ། ། དེད་དཔོན་ གྱི་ བུ་མོ་ སྔོ་སངས་མ ། ། མཚན་ལྡན་ དེ་ རིག་མ ར་ བརྟེན་ བརྟེན་ ནས ། ། འབྲལ་ མི་ ཕོད་ དེ་ ཡིད་ ལ་ གཅགས ། ། ལམ་ གྱི་ འཇིགས་པ་ རྣམ་ གསུམ་ ནི ། ། མཚོ་ དུག་མཚོ་ ཁོལ་མ ས་ སྣ་ དྲངས་ ནས ། ། ཤར་ ཆུ་བོ་ གང་ག་ ད་ གཟོད་ བརྒལ ། ། འདི་ མ་ མཐོང་ གོང་ ནས་ ང་ རེ་ འཇིགས ། ། རི་ ཨུ་ཤུ་རི་ ཡི་ ནགས་འདབ་ ན ། །" }, { "source": "ཆོམ་རྐུན་ཇག་པས་ལམ་ནས་སྒུགས།། འདི་མ་མཐོང་གོང་ན་ང་རེ་འཇིགས།། གྲོང་ཁྱེར་ཏི་ར་ཧུ་ཏི་ན།། ཁྲེལ་མེད་ཤོ་གམ་ཆར་ལྟར་འབེབས།། འདི་མ་མཐོང་གོང་ནས་ང་རེ་འཇིགས།། བར་གྱི་འཚེར་བ་རྣམ་གསུམ་ནི།། འཕྲང་ས་དེ་ལ་ཧ་ཏི་མ་གཏོགས་པ།། བཅའ་འབང་ཟམ་པ་བརྒྱད་ཅུ་གཅིག། ཨེ་མ་རྔུལ་ཆུ་བས་ཀྱང་འཚེར།། ལ་ཁ་ལ་བྱ་ལ་མ་གཏོགས་པ།། ལ་ཆེན་ལ་ཆུང་བརྒྱ་བཅུ་གཅིག། ཨེ་མ་རྔུལ་ཆུ་བས་ཀྱང་འཚེར།། ཐང་དཔལ་མོ་དཔལ་ཐང་མ་གཏོགས་པ།། ཐང་ཆེན་ཐང་ཆུང་བརྒྱད་ཅུ་གཅིག། ཨེ་མ་རྔུལ་ཆུ་བས་ཀྱང་འཚེར།། གདོད་གི་བྲོད་པ་རྣམ་གསུམ་ནི།། སྒྲ་ཀ་ལ་ཅན་དྲས་སྣ་དྲངས་ནས།། སྐད་སྣ་བརྒྱ་དང་རྩ་བརྒྱད་ཤེས།། གྲོགས་ལོ་ཙྪ་ཚོགས་ན་ང་རེ་བྲོད།། དགྱེས་རྡོར་གདན་བཞིས་སྣ་དྲངས་ནས། རྒྱུད་འགྲེལ་བརྒྱ་དང་རྩ་བརྒྱད་ཤེས།། གྲོགས་ལོ་ཙྪ་ཚོགས་ན་ང་རེ་བྲོད།། བཀའ་བཞིའི་གདམས་པས་སྣ་དྲངས་ནས།། སྙན་བརྒྱུད་བརྒྱ་དང་རྩ་བརྒྱད་ཤེས།། གྲོགས་ལོ་ཙྪ་ཚོགས་ན་ང་རེ་བྲོད།། ངོ་མཚར་ཆེ་བ་རྣམ་གསུམ་ནི།། བསྲེ་དང་འཕོ་བ་མ་གཏོགས་པ།། ཁྱོད་ཆོས་བརྒྱ་དང་རྩ་བརྒྱད་ཤེས།། ཆེ་ན་ངོ་མཚར་དེ་ཆེ་མོད།། དུས་གསོལ་ལྷ་མོ་མ་གཏོགས་པ།། བསྟན་སྲུངས་བརྒྱ་དང་རྩ་བརྒྱད་ཤེས།། ཆེ་ན་ངོ་མཚར་དེ་ཆེ་མོད།། རིམ་ལྔ་དམར་ཁྲིད་མ་གཏོགས་པ།། རྫོགས་རིམ་བརྒྱ་དང་རྩ་བརྒྱད་ཤེས།། ཆེ་ན་ངོ་མཚར་དེ་ཆེ་མོད།། དེ་ཐམས་ཅད་བླ་མ་རྗེ་ཡི་དྲིན།། འབངས་དྲིན་ལན་གཞན་གྱིས་མི་འཐོར་བས།། རྗེ་མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས།། དེ་འོག་མཆེད་དང་ལྕམ་དྲལ་རྣམས།། བན་ཆུང་བོད་དུ་འགྲོ་བ་ལ།། རྐྱེན་བར་ཆད་མེད་པའི་བྱིན་རླབས་ཞུ།། དུས་ད་ནི་མཇལ་བ་ཡོད་མི་མཆིས།། དཔལ་ཨུ་རྒྱན་ཡུལ་ལམ་མཁའ་སྤྱོད་དུ།། ཚེ་ཕྱི་མ་ཅིས་ཀྱང་མཇལ་བ་ཞུ། ཞེས་བླ་མ་ལོ་ཙྪ་བས་མགུར་དེ་བཞེངས་པས་མཆེད་གྲོགས་གོང་མར་གྱུར་པ།", "target": "ཆོམ་རྐུན་ ཇག་པ ས་ ལམ་ ནས་ སྒུགས ། ། འདི་ མ་ མཐོང་ གོང་ ན་ ང་ རེ་ འཇིགས ། ། གྲོང་ཁྱེར་ ཏི་ར་ཧུ་ཏི་ ན ། ། ཁྲེལ་མེད་ཤོ་གམ་ ཆར་ ལྟ ར་ འབེབས ། ། འདི་ མ་ མཐོང་ གོང་ ནས་ ང་ རེ་ འཇིགས ། ། བར་ གྱི་ འཚེར་བ་ རྣམ་ གསུམ་ ནི ། ། འཕྲང་ས་ དེ་ ལ་ ཧ་ཏི་ མ་ གཏོགས་པ ། ། བཅའ་འབང་ ཟམ་པ་ བརྒྱད་ ཅུ་ གཅིག ། ཨེ་མ་ རྔུལ་ཆུ་ བས་ ཀྱང་ འཚེར ། ། ལ་ ཁ་ལ་བྱ་ལ་ མ་ གཏོགས་པ ། ། ལ་ཆེན་ ལ་ཆུང་ བརྒྱ་ བཅུ་ གཅིག ། ཨེ་མ་ རྔུལ་ཆུ་ བས་ ཀྱང་ འཚེར ། ། ཐང་ དཔལ་མོ་དཔལ་ཐང་ མ་ གཏོགས་པ ། ། ཐང་ཆེན་ ཐང་ཆུང་ བརྒྱད་ ཅུ་ གཅིག ། ཨེ་མ་ རྔུལ་ཆུ་ བས་ ཀྱང་ འཚེར ། ། གདོད་ གི་ བྲོད་པ་ རྣམ་ གསུམ་ ནི ། ། སྒྲ་ ཀ་ལ་ཅན་དྲ ས་ སྣ་ དྲངས་ ནས ། ། སྐད་ སྣ་ བརྒྱ་ དང་ རྩ་ བརྒྱད་ ཤེས ། ། གྲོགས་ ལོ་ཙྪ་ ཚོགས་ ན་ ང་ རེ་ བྲོད ། ། དགྱེས་རྡོར་ གདན་བཞི ས་ སྣ་ དྲངས་ ནས ། རྒྱུད་འགྲེལ་ བརྒྱ་ དང་ རྩ་ བརྒྱད་ ཤེས ། ། གྲོགས་ ལོ་ཙྪ་ ཚོགས་ ན་ ང་ རེ་ བྲོད ། ། བཀའ་ བཞི འི་ གདམས་པ ས་ སྣ་ དྲངས་ ནས ། ། སྙན་བརྒྱུད་ བརྒྱ་ དང་ རྩ་ བརྒྱད་ ཤེས ། ། གྲོགས་ ལོ་ཙྪ་ ཚོགས་ ན་ ང་ རེ་ བྲོད ། ། ངོ་མཚར་ ཆེ་བ་ རྣམ་ གསུམ་ ནི ། ། བསྲེ་ དང་ འཕོ་བ་ མ་ གཏོགས་པ ། ། ཁྱོད་ ཆོས་ བརྒྱ་ དང་ རྩ་ བརྒྱད་ ཤེས ། ། ཆེ་ ན་ ངོ་མཚར་ དེ་ ཆེ་ མོད ། ། དུས་གསོལ་ ལྷ་མོ་ མ་ གཏོགས་པ ། ། བསྟན་སྲུངས་ བརྒྱ་ དང་ རྩ་ བརྒྱད་ ཤེས ། ། ཆེ་ ན་ ངོ་མཚར་ དེ་ ཆེ་ མོད ། ། རིམ་ ལྔ་ དམར་ཁྲིད་ མ་ གཏོགས་པ ། ། རྫོགས་རིམ་ བརྒྱ་ དང་ རྩ་ བརྒྱད་ ཤེས ། ། ཆེ་ ན་ ངོ་མཚར་ དེ་ ཆེ་ མོད ། ། དེ་ ཐམས་ཅད་ བླ་མ་ རྗེ་ ཡི་ དྲིན ། ། འབངས་ དྲིན་ལན་ གཞན་ གྱིས་ མི་ འཐོར་བ ས ། ། རྗེ་ མི་འབྲལ་ སྤྱི་གཙུག་རྒྱན་ དུ་ བཞུགས ། ། དེ་ འོག་ མཆེད་ དང་ ལྕམ་དྲལ་ རྣམས ། ། བན་ཆུང་ བོད་ དུ་ འགྲོ་བ་ ལ ། ། རྐྱེན་ བར་ཆད་ མེད་པ འི་ བྱིན་རླབས་ ཞུ ། ། དུས་ ད་ ནི་ མཇལ་བ་ ཡོད་ མི་ མཆིས ། ། དཔལ་ ཨུ་རྒྱན་ཡུལ་ ལམ་ མཁའ་སྤྱོད་ དུ ། ། ཚེ་ ཕྱི་མ་ ཅི ས་ ཀྱང་ མཇལ་བ་ ཞུ ། ཞེས་ བླ་མ་ ལོ་ཙྪ་བ ས་ མགུར་ དེ་ བཞེངས་པ ས་ མཆེད་གྲོགས་ གོང་མ ར་ གྱུར་པ །" }, { "source": "བྲམ་ཟེ་ས་མུ་ཏ་ཀརྟི་དང་། རྣལ་འབྱོར་མ་སུ་ཀ་དྷ་རི་ལ་སོགས་པ་བརྒྱད་ཀྱིས་སྤྱན་ཆབ་ཤོར་རོ།། དེ་ནས་མར་པས། བླ་མའི་སྐུའི་དཀྱིལ་འཁོར་ལ་དབང་བཞི་ཞུས། སྨོན་ལམ་བཏབ་ནས་བྱོན་པ་ལ། མཆེད་ལྕམ་གཤེགས་སྐྱེལ་བ་རྣམས་ཀྱིས་སྐུ་ཆས་བསྣམས། རྗེ་མར་པ་རང་གིས་ཕུ་ལ་ཧ་རིའི་རྡོ་སྐས་ཀྱི་རྩ་བར་མ་ཕེབས་པར་ཕྱི་འགྲོགས་ཀྱིས་བླ་མ་ལ་གོམ་པ་རེ་ལ་ཕྱག་རེ་དང་། ཐེམ་སྐས་རེ་འི་སྟེང་ནས་ཕྱག་རེ་འབུལ་ཞིང་། རྡོ་སྐས་རྫོགས་མཚམས་སུ། བླ་མ་ལ་གདུང་ཤུགས་དྲག་པོས་ཕྱག་མང་པོ་བཙལ་བའི་ས་དེར་ཡང་རྡོ་ལ་རྗེ་མར་པའི་ཞབས་རྗེས་ཤིག་བྱུང་བ་ད་ལྟ་ཡང་ཡོད་དོ། དཔལ་ནཱ་རོ་པ་ཡང་སྐུ་ཚེ་འདི་ཉིད་ལ་མཁའ་འགྲོས་མཁའ་སྤྱོད་དུ་སྤྱན་དྲངས་པར་གདའ། རྗེ་མར་པ་ལ། བླ་མ་དང་མཆེད་ལྕམ་རྣམས་ཀྱིས་བྱིན་གྱིས་བརླབ་པ་མཛད་པས་བར་ཆད་མེད་པར་བོད་ཡུལ་ལྷོ་བྲག་ཏུ་ཕེབས་ནས་སྐུ་ཚེ་མཐར་མ་འཁྱོལ་གྱི་བར་དུ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་མཛད་ཅིང་། འདིའི་རེས་ལ་བླ་མའི་བཀའ་བཞིན་མངའ་བདག་མཻ་ཏྲི་བའི་དྲུང་དུ་བྱོན། སླར་དགྱེས་པ་རྡོ་རྗེའི་དབང་ཞུས་པའི་དུས་ནམ་མཁའ་ནས་ལྷའི་མེ་ཏོག་གི་ཆར་ཙནྡ་དང་ཨ་ཀ་རུ་ལ་སོགས་པའི་དྲི་བཟང་འཐུལ་བ་དང་། མར་མེ་ལ་སྒྲོན་ཤིང་མཛུབ་གང་སྦར་བ་ཌཱ་ཀིས་འཛིན་པའི་རྟགས་སུ་གཡོ་འགུལ་བྱེད་བཞིན་ཞག་བདུན་ཐུབ་པ། ལྷའི་རོལ་མོ་ཡིད་འཕྲོག་པའི་སྒྲ་སྣ་ཚོགས་སྒྲོགས་པ་བྱུང་ཞིང་། བདེ་མཆོག་གི་དབང་ཞུས་པའི་ཚེ་ས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་སྐུ་མི་མངོན་པར་སྔགས་ཀྱི་སྒྲ་སྒྲོགས་པ་དང་།", "target": "བྲམ་ཟེ་ ས་མུ་ཏ་ཀརྟི་ དང་ ། རྣལ་འབྱོར་མ་ སུ་ཀ་དྷ་རི་ ལ་ སོགས་པ་ བརྒྱད་ ཀྱིས་ སྤྱན་ཆབ་ ཤོར་ རོ ། ། དེ་ ནས་ མར་པ ས ། བླ་མ འི་ སྐུ འི་ དཀྱིལ་འཁོར་ ལ་ དབང་ བཞི་ ཞུས ། སྨོན་ལམ་ བཏབ་ ནས་ བྱོན་པ་ ལ ། མཆེད་ལྕམ་ གཤེགས་ སྐྱེལ་བ་ རྣམས་ ཀྱིས་ སྐུ་ཆས་ བསྣམས ། རྗེ་ མར་པ་ རང་ གིས་ ཕུ་ལ་ཧ་རི འི་ རྡོ་སྐས་ ཀྱི་ རྩ་བ ར་ མ་ ཕེབས་པ ར་ ཕྱི་འགྲོགས་ ཀྱིས་ བླ་མ་ ལ་ གོམ་པ་ རེ་ ལ་ ཕྱག་ རེ་ དང་ ། ཐེམ་སྐས་ རེ་ འི་ སྟེང་ ནས་ ཕྱག་ རེ་ འབུལ་ ཞིང་ ། རྡོ་སྐས་ རྫོགས་ མཚམས་ སུ ། བླ་མ་ ལ་ གདུང་ཤུགས་ དྲག་པོ ས་ ཕྱག་ མང་པོ་ བཙལ་བ འི་ ས་ དེ ར་ ཡང་ རྡོ་ ལ་ རྗེ་ མར་པ འི་ ཞབས་རྗེས་ ཤིག་ བྱུང་བ་ ད་ ལྟ་ ཡང་ ཡོད་ དོ ། དཔལ་ནཱ་རོ་པ་ ཡང་ སྐུ་ཚེ་ འདི་ ཉིད་ ལ་ མཁའ་འགྲོ ས་ མཁའ་སྤྱོད་ དུ་ སྤྱན་ དྲངས་པ ར་ གདའ ། རྗེ་ མར་པ་ ལ ། བླ་མ་ དང་ མཆེད་ལྕམ་ རྣམས་ ཀྱིས་ བྱིན་ གྱིས་ བརླབ་པ་ མཛད་པ ས་ བར་ཆད་ མེད་པ ར་ བོད་ཡུལ་ལྷོ་བྲག་ ཏུ་ ཕེབས་ ནས་ སྐུ་ཚེ་ མཐ ར་ མ་ འཁྱོལ་ གྱི་ བར་ དུ་ བསྟན་པ་ དང་ སེམས་ཅན་ གྱི་ དོན་ རྒྱ་ཆེན་ མཛད་ ཅིང་ ། འདི འི་ རེ ས་ ལ་ བླ་མ འི་ བཀའ་ བཞིན་ མངའ་བདག་ མཻ་ཏྲི་བ འི་ དྲུང་ དུ་ བྱོན ། སླ ར་ དགྱེས་པ་རྡོ་རྗེ འི་ དབང་ ཞུས་པ འི་ དུས་ ནམ་མཁའ་ ནས་ ལྷ འི་ མེ་ཏོག་ གི་ ཆར་ ཙནྡ་ དང་ ཨ་ཀ་རུ་ ལ་ སོགས་པ འི་ དྲི་བཟང་ འཐུལ་བ་ དང་ ། མར་མེ་ ལ་ སྒྲོན་ཤིང་ མཛུབ་ གང་ སྦར་བ་ ཌཱ་ཀི ས་ འཛིན་པ འི་ རྟགས་ སུ་ གཡོ་འགུལ་ བྱེད་ བཞིན་ ཞག་ བདུན་ ཐུབ་པ ། ལྷ འི་ རོལ་མོ་ ཡིད་ འཕྲོག་པ འི་ སྒྲ་ སྣ་ཚོགས་ སྒྲོགས་པ་ བྱུང་ ཞིང་ ། བདེ་མཆོག་ གི་ དབང་ ཞུས་པ འི་ ཚེ་ ས་ གསུམ་ གྱི་ དཔའ་བོ་མཁའ་འགྲོ་ རྣམས་ སྐུ་ མི་ མངོན་པ ར་ སྔགས་ ཀྱི་ སྒྲ་ སྒྲོགས་པ་ དང་ །" }, { "source": "གཏོར་མ་སྐྱོང་ཚེ་ཞིང་སྐྱོང་མཁའ་འགྲོའི་སྦྲུལ་པ་ལྕེ་སྤྱང་དམར་པོ་བདུན་གྱིས་གཏོར་མ་ལེན་པ་རྣམས་དངོས་སུ་མཐོང་བས། རྗེ་མར་པ་ལ། འཇིག་རྟེན་འདི་མ་ཡིན་པ་འོག་མིན་ལྟ་བུ་ཞིག་ཏུ་ཕེབས་སྙམ་པའི་དགའ་སྦྲོའི་ཐུགས་ཉམས་དཔག་ཏུ་མེད་པ་ཞིག་ཤར་བས། མཻ་ཏྲི་བས། ལྟས་འདི་དག་རེ་ཞིག་རྒྱ་གར་དུ་གསང་བའི་བཀའ་རྒྱས་བཏབ་པ་ལྟར་བྱས་སོ། ནཱ་རོ་མཻ་ཏྲི་གཉིས་ཀ་ལ་སངས་རྒྱས་བས་ཀྱང་ལྷག་པ་ལྟ་བུའི་ངེས་ཤེས་སྐྱེས་སོ།། གསུམ་པ། བོད་ལ་བྱོན་ཚུལ་ནི། དེ་ནས་མཻ་ཏྲི་བ་དང་། དཔལ་ཞི་བ་བཟང་པོ། ཨེ་ཤེས་སྙིང་པོ་ལ་སོགས་པའི་བཀའ་དྲིན་ཅན་གྱི་བླ་མ་རྣམས་ལ་ཕྱི་ཕྱག་ཕུལ་ནས། དགུན་བལ་པོར་བསྙེལ་གསོ་ཞིང་བཞུགས་པའི་ཐུགས་དགོངས་དང་བཅས་བོད་ལ་ཚུར་བྱོན་ཏེ། བལ་པོ་ཕམ་མཐིང་དུ་ཕེབས་པ་ལས། སྤྱི་ཐེར་བ་ཆོས་ཀྱི་སྤྱན་ཅན་དེ་ནི་སྐུ་ཡལ་འདུག། སེན་ཏ་བས་ཐོག་དྲངས་པའི་མཆེད་ལྕམ་མང་པོས་སྣ་ལེན་དུ་ཚོགས་འཁོར་ཞིག་བཤམས་པའི་གྲལ་དུ་སེན་ཏ་བའི་ཞལ་ནས་ལོ་ཙྪ་བ་ཁྱེད་ལ་ངས་དང་པོ་ནས་ཁྱེད་དཔོན་སློབ་ཀྱི་ཐུགས་རྗེ་དང་མོས་གུས་ནང་མཐུན་པས་ཞལ་མཇལ་ངེས་བྱས་པ་ལྟར། ཞལ་མཇལ་བའི་སྙན་པ་ནི་སྔར་ནས་ཐོས། རང་རེ་གཉིས་སྡེབས་ནས་བཙལ་བ་མ་གཏོགས། གཞན་གང་དང་གང་དུ་བཙལ། བླ་མ་དང་ཞལ་གང་དུ་མཇལ། སྐུ་ཆེ་བའི་ཡོན་ཏན་དང་། ངོ་མཚར་བའི་ལྟས་ཅི་འདྲ་མཐོང་། ནཱ་རོ་མཻ་ཏྲི་གཉིས་མ་གཏོགས་པའི་བླ་མ་དུ་ཙམ་བསྟེན།", "target": "གཏོར་མ་ སྐྱོང་ ཚེ་ ཞིང་སྐྱོང་མཁའ་འགྲོ འི་ སྦྲུལ་པ་ ལྕེ་སྤྱང་ དམར་པོ་ བདུན་ གྱིས་ གཏོར་མ་ ལེན་པ་ རྣམས་ དངོས་ སུ་ མཐོང་བ ས ། རྗེ་ མར་པ་ ལ ། འཇིག་རྟེན་ འདི་ མ་ ཡིན་པ་ འོག་མིན་ ལྟ་བུ་ ཞིག་ ཏུ་ ཕེབས་ སྙམ་པ འི་ དགའ་སྦྲོ འི་ ཐུགས་ཉམས་ དཔག་ ཏུ་ མེད་པ་ ཞིག་ ཤར་བ ས ། མཻ་ཏྲི་བ ས ། ལྟས་ འདི་ དག་ རེ་ ཞིག་ རྒྱ་གར་ དུ་ གསང་བ འི་ བཀའ་རྒྱ ས་ བཏབ་པ་ ལྟ ར་ བྱས་ སོ ། ནཱ་རོ་མཻ་ཏྲི་ གཉིས་ ཀ་ ལ་ སངས་རྒྱས་ བས་ ཀྱང་ ལྷག་པ་ ལྟ་བུ འི་ ངེས་ཤེས་ སྐྱེས་ སོ ། ། གསུམ་པ ། བོད་ ལ་ བྱོན་ཚུལ་ ནི ། དེ་ ནས་ མཻ་ཏྲི་བ་ དང་ ། དཔལ་ ཞི་བ་ བཟང་པོ ། ཨེ་ཤེས་སྙིང་པོ་ ལ་ སོགས་པ འི་ བཀའ་དྲིན་ཅན་ གྱི་ བླ་མ་ རྣམས་ ལ་ ཕྱི་ཕྱག་ ཕུལ་ ནས ། དགུན་ བལ་པོ ར་ བསྙེལ་ གསོ་ ཞིང་ བཞུགས་པ འི་ ཐུགས་དགོངས་ དང་ བཅས་ བོད་ ལ་ ཚུ ར་ བྱོན་ ཏེ ། བལ་པོ་ཕམ་མཐིང་ དུ་ ཕེབས་པ་ ལས ། སྤྱི་ཐེར་བ་ ཆོས་ ཀྱི་ སྤྱན་ ཅན་ དེ་ ནི་ སྐུ་ ཡལ་ འདུག ། སེན་ཏ་བ ས་ ཐོག་ དྲངས་པ འི་ མཆེད་ལྕམ་ མང་པོ ས་ སྣ་ལེན་ དུ་ ཚོགས་འཁོར་ ཞིག་ བཤམས་པ འི་ གྲལ་ དུ་ སེན་ཏ་བ འི་ ཞལ་ ནས་ ལོ་ཙྪ་བ་ ཁྱེད་ ལ་ ང ས་ དང་པོ་ ནས་ ཁྱེད་ དཔོན་སློབ་ ཀྱི་ ཐུགས་རྗེ་ དང་ མོས་གུས་ ནང་མཐུན་པ ས་ ཞལ་ མཇལ་ ངེས་ བྱས་པ་ ལྟ ར ། ཞལ་ མཇལ་བ འི་ སྙན་པ་ ནི་ སྔ ར་ ནས་ ཐོས ། རང་རེ་ གཉིས་ སྡེབས་ ནས་ བཙལ་བ་ མ་ གཏོགས ། གཞན་ གང་ དང་ གང་ དུ་ བཙལ ། བླ་མ་ དང་ ཞལ་ གང་ དུ་ མཇལ ། སྐུ་ ཆེ་བ འི་ ཡོན་ཏན་ དང་ ། ངོ་ མཚར་བ འི་ ལྟས་ ཅི་ འདྲ་ མཐོང་ ། ནཱ་རོ་མཻ་ཏྲི་ གཉིས་ མ་ གཏོགས་པ འི་ བླ་མ་ དུ་ ཙམ་ བསྟེན །" }, { "source": "ངེད་རྣམས་ཀྱི་ཚོགས་ཆུང་འདི་ཁྱེད་བར་ཆད་མེད་པར་འདིར་བྱོན་པའི་དགའ་སྟོན་ཡིན། ཁྱེད་ཀྱིས་ཀྱང་སྐྱེས་ཁ་ལ་དྲི་བ་དེ་དག་གི་ལན་དུ་གླུ་ཞིག་ལོང་མཛོད་གསུངས་པའི་ལན་དུ། ཡིད་གདུང་བས་སྐྱོ་བ་སངས་པར་བྱེད་པ་ཆོས་སྐྱོང་གི་བཤུགས་གླུའི་སྐད་ལ་རྟ་དྲངས་ཏེ། བླ་མ་དང་མཇལ་ཚུལ་ངོ་མཚར་ལྟས་བརྒྱད་ཀྱི་མགུར་ཆེན་འདི་བླ་མ་དང་མཆེད་ལྕམ་རྣམས་ལ་སྐྱེས་སུ་ཕུལ་ལོ།།།། དཔལ་ཀ་ན་ཀ་ཤིས་དབུ་།། འདིར་བཞུགས་གསན་ཅིག་མཆེད་ལྕམ་རྣམས།། མི་ང་རང་གང་ཡིན་ཟེར་ཙ་ན།། མཚན་སྙན་མར་པ་ལོ་ཙྪ་ཡིན།། ལྟེ་བ་བོད་ཡུལ་དབུས་སུ་བཅད།། སྦྱངས་པ་ལྷོ་བལ་རྒྱ་རུ་བྱས།། རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན།། དུས་ད་རེས་ནན་ཏན་ཞུས་དག་བྱས།། ཞབས་པད་སྤྱི་བོས་རེག་མཛད་ཅིང་།། གསུང་དོན་བདུད་རྩིའི་རྗེས་གནང་བའི་།། སྤྱིར་ཆོས་འབྲེལ་ཅན་གྱི་བླ་མ་མང་།། དཔལ་སིང་གྷ་གླིང་པས་སྣ་།། དྲངས་མངོན་ཤེས་རིག་པ་མངའ་བརྙེས་ཤིང་།། སྣང་བ་འགྱུར་ངེས་བཅུ་གསུམ་བཞུགས།། ཀུན་གྱི་ནང་ནས་མཆོད་སྡོང་བཞིན།། རྗེ་འགྲན་གྱི་དོ་མེད་ནཱ་རོ་པ།། རྡོ་རྗེ་འཆང་ཆེན་མི་གཟུགས་ཅན།། རྗེ་ཁོང་གི་དྲིན་ལ་འཁོར་ཐབས་མེད།། ཕ་ཡིད་ལ་གཅགས་སོ་སྦྲུལ་པའི་སྐུ།། མི་ཁོ་བོས་མ་བཙལ་ས་ཕྱོགས་མེད།། ཞལ་ཡང་དེ་མཇལ་དེ་མ་མཇལ།། རི་མུན་པ་ཅན་གྱི་ནགས་འདབས་སུ།། ངོ་མཚར་ཤེལ་གྱི་ཕ་བོང་ལ།། རྒྱ་ཡིས་འབུར་དུ་བཀོད་པ་བཞིན།། ཕ་རྗེ་བཙུན་གཤེགས་པའི་ཞབས་རྗེས་མཐོང་།། ལར་ངོ་མཚར་ཆེ་ན་དེ་ཆེ་མོད།།", "target": "ངེད་ རྣམས་ ཀྱི་ ཚོགས་ཆུང་ འདི་ ཁྱེད་ བར་ཆད་ མེད་པ ར་ འདི ར་ བྱོན་པ འི་ དགའ་སྟོན་ ཡིན ། ཁྱེད་ ཀྱིས་ ཀྱང་ སྐྱེས་ཁ་ ལ་ དྲི་བ་ དེ་ དག་ གི་ ལན་ དུ་ གླུ་ ཞིག་ ལོང་ མཛོད་ གསུངས་པ འི་ ལན་ དུ ། ཡིད་ གདུང་བ ས་ སྐྱོ་བ་ སངས་པ ར་ བྱེད་པ་ ཆོས་སྐྱོང་ གི་ བཤུགས་གླུ འི་ སྐད་ ལ་ རྟ་ དྲངས་ ཏེ ། བླ་མ་ དང་ མཇལ་ཚུལ་ ངོ་མཚར་ ལྟས་ བརྒྱད་ ཀྱི་ མགུར་ཆེན་ འདི་ བླ་མ་ དང་ མཆེད་ལྕམ་ རྣམས་ ལ་ སྐྱེས་ སུ་ ཕུལ་ ལོ ། ། ། ། དཔལ་ ཀ་ན་ཀ་ཤི ས་ དབུ་ ། ། འདི ར་ བཞུགས་ གསན་ ཅིག་ མཆེད་ལྕམ་ རྣམས ། ། མི་ ང་ རང་ གང་ ཡིན་ ཟེར་ ཙ་ ན ། ། མཚན་སྙན་ མར་པ་ ལོ་ཙྪ་ ཡིན ། ། ལྟེ་བ་ བོད་ཡུལ་དབུས་ སུ་ བཅད ། ། སྦྱངས་པ་ ལྷོ་བལ་རྒྱ་ རུ་ བྱས ། ། རྒྱ་གར་ ཡུལ་ དུ་ ལན་ གསུམ་ ཕྱིན ། ། དུས་ ད་ རེ ས་ ནན་ཏན་ ཞུས་དག་ བྱས ། ། ཞབས་པད་ སྤྱི་བོ ས་ རེག་ མཛད་ ཅིང་ ། ། གསུང་དོན་ བདུད་རྩི འི་ རྗེས་ གནང་བ འི་ ། ། སྤྱི ར་ ཆོས་འབྲེལ་ཅན་ གྱི་ བླ་མ་ མང་ ། ། དཔལ་སིང་གྷ་གླིང་པ ས་ སྣ་ ། ། དྲངས་ མངོན་ཤེས་རིག་པ་མངའ་ བརྙེས་ ཤིང་ ། ། སྣང་བ་ འགྱུར་ ངེས་ བཅུ་ གསུམ་ བཞུགས ། ། ཀུན་ གྱི་ ནང་ ནས་ མཆོད་སྡོང་ བཞིན ། ། རྗེ་ འགྲན་ གྱི་ དོ་མེད་ ནཱ་རོ་པ ། ། རྡོ་རྗེ་འཆང་ཆེན་ མི་གཟུགས་ཅན ། ། རྗེ་ ཁོང་ གི་ དྲིན་ ལ་ འཁོར་ཐབས་ མེད ། ། ཕ་ ཡིད་ ལ་ གཅགས་ སོ་ སྦྲུལ་པ འི་ སྐུ ། ། མི་ ཁོ་བོ ས་ མ་ བཙལ་ ས་ཕྱོགས་ མེད ། ། ཞལ་ ཡང་ དེ་ མཇལ་ དེ་ མ་ མཇལ ། ། རི་ མུན་པ་ཅན་ གྱི་ ནགས་འདབས་ སུ ། ། ངོ་མཚར་ ཤེལ་ གྱི་ ཕ་བོང་ ལ ། ། རྒྱ་ ཡིས་ འབུར་ དུ་ བཀོད་པ་ བཞིན ། ། ཕ་ རྗེ་བཙུན་ གཤེགས་པ འི་ ཞབས་རྗེས་ མཐོང་ ། ། ལ ར་ ངོ་མཚར་ ཆེ་ ན་ དེ་ ཆེ་ མོད ། །" }, { "source": "ཤིང་ཙན་དན་སྨན་གྱི་སྡོང་པོ་ལ།། ནཱ་རོའི་ཐུགས་རྗེའི་རྣམ་འཕྲུལ་གྱིས།། དགྱེས་རྡོར་སྤྲུལ་པའི་ལྷ་དགུ་ཡི།། ཡུམ་ལྷན་གཅིག་སྐྱེས་མའི་ཐུགས་ཀ་ནས།། ཨཥྚ་སྔགས་ཀྱི་འཁོར་ལོ་དེ།། སྤུ་ཤད་རྩེ་མོས་བྲིས་འདྲ་ལས།། འོད་ཟེར་སྣ་ཚོགས་འཕྲོ་བ་ཡིས།། བདག་ལ་རྗེས་སུ་གནང་བར་མཛད།། ངོ་མཚར་ཆེ་ན་དེ་ཆེ་མོད།། ང་རང་དབང་མེད་པར་མཆི་མ་ཤོར།། ངུ་སྙིང་འདོད་པའི་གདུང་སེམས་སྐྱེས།། རབ་ཏུ་མ་བཟོད་སྨྲེ་སྔགས་བཏོན།། རྩེ་གཅིག་ཡིད་ཀྱིས་གསོལ་བ་བཏབ།། ཐུགས་རྗེས་གཟིགས་ནས་མདུན་དུ་བྱོན།། མཐོང་ལམ་ལྟ་བུའི་དགའ་བ་སྐྱེས།། ངོ་མཚར་ཆེ་ན་དེ་ཆེ་མོད།། ངས་དཀོན་པའི་རིན་ཆེན་གསེར་ཕྱེ་ཕུལ།། ང་ནི་དེ་ཀུན་མི་འདོད་གསུངས།། ཡང་ཡང་བསྐྱར་ཏེ་བཞེས་པར་ཞུས།། ཕ་བླ་མ་དཀོན་མཆོག་མཆོད་ཅིག་གསུངས།། ལྟོས་མེད་ནགས་ཀྱི་གསེབ་ཏུ་གཏོར།། ཁོ་བོ་ཕངས་སེམས་སྐྱེས་པ་ལས།། ཁྱོད་འདོད་ན་སླར་ཡང་ཡོད་དོ་གསུངས།། ཕྱག་ཐལ་སྦྱར་སྙིམ་པ་ཁ་ཕྱེ་བས།། མ་གོད་མ་ཉམས་སྔ་མ་བཞིན།། ངོ་མཚར་ཆེ་ན་དེ་ཆེ་མོད།། ཞབས་མཐེ་བོངས་ལ་བརྡབས་པ་ལས།། རྡོ་དང་གསེག་མ་གསེར་དུ་གྱུར།། ཐམས་ཅད་གསེར་གླིང་ཡིན་ནོ་གསུངས།། ངོ་མཚར་ཆེ་ན་དེ་ཆེ་མོད།། སྤྱན་ལྟ་སྟངས་མཁའ་ལ་གཟིགས་པ་ཡིས།། ལྟང་དཀར་ཉ་ཡི་ཁོག་པ་ནས།། ཚོགས་ཀྱི་འཁོར་ལོའི་མཆོད་པ་བཤམས།། རོ་བརྒྱ་ལྡན་པའི་ཁ་ཟས་བྱུང་།། ངོ་མཚར་ཆེ་ན་དེ་ཆེ་མོད།། ཡན་ལག་བརྒྱད་ལྡན་རྫིང་བུ་རུ།། ཁྲུས་བྱས་སྲུང་འཁོར་ཁྭ་ཏྭས་ཁྱེར།།", "target": "ཤིང་ ཙན་དན་ སྨན་ གྱི་ སྡོང་པོ་ ལ ། ། ནཱ་རོ འི་ ཐུགས་རྗེ འི་ རྣམ་འཕྲུལ་ གྱིས ། ། དགྱེས་རྡོར་ སྤྲུལ་པ འི་ ལྷ་ དགུ་ ཡི ། ། ཡུམ་ ལྷན་ གཅིག་ སྐྱེས་མ འི་ ཐུགས་ ཀ་ ནས ། ། ཨཥྚ་སྔགས་ ཀྱི་ འཁོར་ལོ་ དེ ། ། སྤུ་ཤད་ རྩེ་མོ ས་ བྲིས་ འདྲ་ ལས ། ། འོད་ཟེར་ སྣ་ཚོགས་ འཕྲོ་བ་ ཡིས ། ། བདག་ ལ་ རྗེས་ སུ་ གནང་བ ར་ མཛད ། ། ངོ་མཚར་ ཆེ་ ན་ དེ་ ཆེ་ མོད ། ། ང་ རང་ དབང་ མེད་པ ར་ མཆི་མ་ ཤོར ། ། ངུ་ སྙིང་ འདོད་པ འི་ གདུང་སེམས་ སྐྱེས ། ། རབ་ ཏུ་ མ་ བཟོད་ སྨྲེ་སྔགས་ བཏོན ། ། རྩེ་ གཅིག་ ཡིད་ ཀྱིས་ གསོལ་བ་ བཏབ ། ། ཐུགས་རྗེ ས་ གཟིགས་ ནས་ མདུན་ དུ་ བྱོན ། ། མཐོང་ལམ་ ལྟ་བུ འི་ དགའ་བ་ སྐྱེས ། ། ངོ་མཚར་ ཆེ་ ན་ དེ་ ཆེ་ མོད ། ། ང ས་ དཀོན་པ འི་ རིན་ཆེན་གསེར་ཕྱེ་ ཕུལ ། ། ང་ ནི་ དེ་ ཀུན་ མི་ འདོད་ གསུངས ། ། ཡང་ ཡང་ བསྐྱར་ ཏེ་ བཞེས་པ ར་ ཞུས ། ། ཕ་ བླ་མ་ དཀོན་མཆོག་ མཆོད་ ཅིག་ གསུངས ། ། ལྟོས་མེད་ ནགས་ ཀྱི་ གསེབ་ ཏུ་ གཏོར ། ། ཁོ་བོ་ ཕངས་སེམས་ སྐྱེས་པ་ ལས ། ། ཁྱོད་ འདོད་ ན་ སླ ར་ ཡང་ ཡོད་ དོ་ གསུངས ། ། ཕྱག་ཐལ་ སྦྱར་ སྙིམ་པ་ ཁ་ ཕྱེ་བ ས ། ། མ་ གོད་ མ་ ཉམས་ སྔ་མ་ བཞིན ། ། ངོ་མཚར་ ཆེ་ ན་ དེ་ ཆེ་ མོད ། ། ཞབས་མཐེ་ བོངས་ ལ་ བརྡབས་པ་ ལས ། ། རྡོ་ དང་ གསེག་མ་ གསེར་ དུ་ གྱུར ། ། ཐམས་ཅད་ གསེར་གླིང་ ཡིན་ ནོ་ གསུངས ། ། ངོ་མཚར་ ཆེ་ ན་ དེ་ ཆེ་ མོད ། ། སྤྱན་ ལྟ་སྟངས་ མཁའ་ ལ་ གཟིགས་པ་ ཡིས ། ། ལྟང་དཀར་ཉ་ ཡི་ ཁོག་པ་ ནས ། ། ཚོགས་ ཀྱི་ འཁོར་ལོ འི་ མཆོད་པ་ བཤམས ། ། རོ་ བརྒྱ་ ལྡན་པ འི་ ཁ་ཟས་ བྱུང་ ། ། ངོ་མཚར་ ཆེ་ ན་ དེ་ ཆེ་ མོད ། ། ཡན་ལག་བརྒྱད་ལྡན་ རྫིང་བུ་ རུ ། ། ཁྲུས་ བྱས་ སྲུང་འཁོར་ ཁྭ་ཏྭ ས་ ཁྱེར ། །" }, { "source": "ལྟ་སྟངས་སྡེགས་མཛུབ་མཛད་མ་ཐག། ཁྭ་ཏ་རེངས་ནས་ས་ལ་ལྷུང་།། བར་ཆད་བདུད་ལས་རྒྱལ་ལོ་གསུངས།། ངོ་མཚར་ཆེ་ན་དེ་ཆེ་མོད།། ཁྱོད་འདི་རུ་མ་འདུག་བོད་ལ་སོང་།། ལྗོངས་བྱང་ཕྱོགས་ཁ་བ་ཅན་རྒྱུད་ན།། གདུལ་བྱ་སྣོད་ལྡན་ཡོད་དོ་ཞེས།། ལུང་བསྟན་རྗེས་སུ་གནང་བ་ཐོབ།། ངོ་མཚར་ཆེ་ན་དེ་ཆེ་མོད།། སྤྲུལ་སྐུ་ནཱ་རོ་པཎ་ཆེན་ལ།། ངོ་མཚར་ཅན་གྱི་མཐོང་ལུགས་བརྒྱད།། ཁྱོད་རྡོ་རྗེ་སྤུན་རྣམས་མ་གཏོགས་པ།། ཁོང་གཞན་ལ་བཟླས་ན་ཡིད་མི་ཆེས།། ད་དུས་བསྟན་པའི་སྙིགས་མ་ལ།། ལོག་རྟོག་སྐྱེ་བོ་ཕྲག་དོག་ཆེ།། ཡོན་ཏན་བརྗོད་ན་སྒྲོ་སྐུར་འདེབས།། དེ་ཕྱིར་རིང་མིན་གཞན་རྣམས་ལ།། བཀའ་མཆིད་མི་སྤེལ་གསང་བར་ཞུ།། དབྱངས་མཆོད་པར་འབུལ་ལོ་བླ་མ་རྗེ།། ཐུགས་དགེས་པར་མཛོད་ཅིག་སྙིང་གྲོགས་རྣམས།། ཞེས་གསུངས་པས་ཀུན་ཐུགས་མཉེས་པར་གྱུར་ཏོ།། ཡང་དེའི་ཕྱི་ནུབ་སྤྱི་ཐེར་བའི་དུས་མཆོད་དང་། ཚེས་བཅུའི་མཆོད་པ་ལྷན་ཅིག་བྱེད་པའི་སར།། དགེ་སློང་འཇིགས་མེད་གྲགས་པས་དབུ་མཛད་རྣལ་འབྱོར་ཕོ་མོ་ཉི་ཤུ་ཙམ་ཚོགས་པའི་གྲལ་དུ་དགེ་སློང་འཇིགས་མེད་གྲགས་པ་ན་རེ། སྤྱིར་ཡང་ཁྱེད་བོད་གླུ་མཁས་པ་ཡིན་ཞིང་། ཁྱད་པར་དུ་ལོ་ཙྪ་བ་ཁྱེད་རྒྱ་གར་དུ་ཡུན་རིང་དུ་བཞུགས་པ་ལ་སྲོག་ལ་བར་ཆད་མེད་པར་སློབ་གཉེར་མཐར་ཕྱིན་འདུག་པས། བཀྲ་ཤིས་པའི་གླུ་ཞིག་ལེན་དགོས། ཁྱེད་ཀྱི་བླ་མ་མཻ་ཏྲི་པའི་ལྟ་བ་གཙོ་བོར་སྨྲ་བ་ཡིན་ཟེར་བས། ཁོང་གི་དགོངས་པ་ཇི་ལྟར་བཞེད་འདྲིར་བྱུང་བ་ལ། དེའི་ལན་དུ་མཻ་ཏྲི་པའི་བཞེད་གཞུང་གི་རྟོགས་པའི་མགུར་འདི་བཞེངས་པར་གདའ།།", "target": "ལྟ་སྟངས་ སྡེགས་མཛུབ་ མཛད་ མ་ ཐག ། ཁྭ་ཏ་ རེངས་ ནས་ ས་ ལ་ ལྷུང་ ། ། བར་ཆད་ བདུད་ ལས་ རྒྱལ་ ལོ་ གསུངས ། ། ངོ་མཚར་ ཆེ་ ན་ དེ་ ཆེ་ མོད ། ། ཁྱོད་ འདི་ རུ་ མ་ འདུག་ བོད་ ལ་ སོང་ ། ། ལྗོངས་ བྱང་ཕྱོགས་ ཁ་བ་ཅན་ རྒྱུད་ ན ། ། གདུལ་བྱ་ སྣོད་ལྡན་ ཡོད་ དོ་ ཞེས ། ། ལུང་བསྟན་ རྗེས་ སུ་ གནང་བ་ ཐོབ ། ། ངོ་མཚར་ ཆེ་ ན་ དེ་ ཆེ་ མོད ། ། སྤྲུལ་སྐུ་ ནཱ་རོ་ པཎ་ཆེན་ ལ ། ། ངོ་མཚར་ཅན་ གྱི་ མཐོང་ལུགས་ བརྒྱད ། ། ཁྱོད་ རྡོ་རྗེ་སྤུན་ རྣམས་ མ་ གཏོགས་པ ། ། ཁོང་ གཞན་ ལ་ བཟླས་ ན་ ཡིད་ མི་ ཆེས ། ། ད་ དུས་ བསྟན་པ འི་ སྙིགས་མ་ ལ ། ། ལོག་རྟོག་སྐྱེ་བོ་ ཕྲག་དོག་ ཆེ ། ། ཡོན་ཏན་ བརྗོད་ ན་ སྒྲོ་སྐུར་ འདེབས ། ། དེ་ ཕྱི ར་ རིང་མིན་ གཞན་ རྣམས་ ལ ། ། བཀའ་མཆིད་ མི་ སྤེལ་ གསང་བ ར་ ཞུ ། ། དབྱངས་ མཆོད་པ ར་ འབུལ་ ལོ་ བླ་མ་ རྗེ ། ། ཐུགས་ དགེས་པ ར་ མཛོད་ ཅིག་ སྙིང་གྲོགས་ རྣམས ། ། ཞེས་ གསུངས་པ ས་ ཀུན་ ཐུགས་ མཉེས་པ ར་ གྱུར་ ཏོ ། ། ཡང་ དེ འི་ ཕྱི་ནུབ་ སྤྱི་ཐེར་བ འི་ དུས་མཆོད་ དང་ ། ཚེས་ བཅུ འི་ མཆོད་པ་ ལྷན་ ཅིག་ བྱེད་པ འི་ ས ར ། ། དགེ་སློང་ འཇིགས་མེད་གྲགས་པ ས་ དབུ་ མཛད་ རྣལ་འབྱོར་ ཕོ་མོ་ ཉི་ཤུ་ ཙམ་ ཚོགས་པ འི་ གྲལ་ དུ་ དགེ་སློང་ འཇིགས་མེད་གྲགས་པ་ ན་རེ ། སྤྱི ར་ ཡང་ ཁྱེད་ བོད་ གླུ་ མཁས་པ་ ཡིན་ ཞིང་ ། ཁྱད་པ ར་ དུ་ ལོ་ཙྪ་བ་ ཁྱེད་ རྒྱ་གར་ དུ་ ཡུན་རིང་ དུ་ བཞུགས་པ་ ལ་ སྲོག་ ལ་ བར་ཆད་ མེད་པ ར་ སློབ་གཉེར་ མཐ ར་ ཕྱིན་ འདུག་པ ས ། བཀྲ་ཤིས་པ འི་ གླུ་ ཞིག་ ལེན་ དགོས ། ཁྱེད་ ཀྱི་ བླ་མ་ མཻ་ཏྲི་པ འི་ ལྟ་བ་ གཙོ་བོ ར་ སྨྲ་བ་ ཡིན་ ཟེར་བ ས ། ཁོང་ གི་ དགོངས་པ་ ཇི་ ལྟ ར་ བཞེད་ འདྲི ར་ བྱུང་བ་ ལ ། དེ འི་ ལན་ དུ་ མཻ་ཏྲི་པ འི་ བཞེད་གཞུང་ གི་ རྟོགས་པ འི་ མགུར་ འདི་ བཞེངས་པ ར་ གདའ ། །" }, { "source": "དཔལ་རི་ཁྲོད་ཞབས་ཀྱིས་བྱིན་བརླབས་ཤིང་།། དགོངས་པ་མཐར་ཐུག་གི་སྙིང་པོའི་དོན།། ཆོས་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པ།། རྗེ་མངའ་བདག་ཆེན་པོའི་ཞབས་ལ་འདུད།། གྲོགས་སྙིང་དང་འདྲ་བའི་རྡོ་རྗེ་སྤུན།། འབྲལ་ཐབས་མེད་དོ་མཆེད་ལྕམ་རྣམས།། ཐ་དད་ལུས་ལ་སེམས་རྒྱུད་གཅིག། དཔལ་འཇིགས་མེད་གྲགས་པ་མ་ལགས་སམ།། ང་རྒྱ་གར་ཡུལ་ནས་ཡོང་པ་དང་།། ཁྱེད་བལ་ཡུལ་མཐིལ་ན་བཞུགས་པ་གཉིས།། ཚེ་འདུ་བྱེད་དབང་དུ་མ་ཐལ་བར།། ཁ་སང་དེ་རིང་དུས་བཟང་ལ།། མཁའ་འགྲོ་མཆོད་པའི་ཚོགས་གྲལ་དུ།། དུས་མཚུངས་ཞལ་ཡང་འཛོམ་པ་དེ།། དམ་ཚིག་ངོ་ལྐོག་མེད་པར་ངེས།། མི་ཁོ་བོ་ཤིན་ཏུ་སྤྲོ་བ་སྐྱེས།། ཁྱེད་དགའ་རུ་ཚོར་རམ་འདིར་བཞུགས་རྣམས།། ང་བློ་རྨོངས་བོད་ཀྱི་བན་ཆུང་ལ།། མི་ཁྱེད་ཀྱིས་མཚན་སྙན་ལོ་ཙྪར་བཏགས།། ཁྱོད་སྒྲ་སྒྱུར་བོད་ཀྱིས་གླུ་ལོང་ཟེར།། ངག་འདྲེན་པའི་གྲེ་འགྱུར་མི་བདེ་ཡང་།། ཁྱེད་གོང་མ་རྣམས་ཀྱི་བཀའ་མ་ལྕོགས།། རྗེ་ནཱ་རོ་མཻ་ཏྲི་རྣམ་གཉིས་ལ།། སྐུ་དྲིན་རྗེས་སུ་དྲན་པའི་གླུ། ངོ་མཚར་ཅན་གྱི་མཐོང་ལུགས་ཡོད།། སྙན་ལྷན་ནེར་གསོན་ཅིག་མཆེད་གྲོགས་རྣམས།། རྗེ་རྟོགས་པ་ཅན་གྱི་མཻ་ཏྲི་པ།། མི་ཁོང་གི་སྙན་པ་རྒྱང་ནས་ཁུམས།། སྤྲུལ་སྐུ་བཞུགས་གནས་རྒྱ་གར་ཡུལ།། ལྗོངས་ཡངས་པ་ཅན་གྱི་གྲོང་ཁྱེར་དུ།། ས་སྐྱོང་རྒྱལ་པོའི་ཅོད་པན་གྱིས།། ཞབས་ཀྱི་ཟེའུ་འབྲུ་བསྟེན་མཛད་ཅིང་།། གནས་ལྔ་རིག་པའི་མཁས་པ་རྣམས།། མངའ་བདག་གཙུག་གི་རྒྱན་ཡིན་ཞེས།།", "target": "དཔལ་རི་ཁྲོད་ཞབས་ ཀྱིས་ བྱིན་ བརླབས་ ཤིང་ ། ། དགོངས་པ་ མཐ ར་ ཐུག་ གི་ སྙིང་པོ འི་ དོན ། ། ཆོས་ ཕྱག་ རྒྱ་ཆེ་ ལ་ མངའ་ བརྙེས་པ ། ། རྗེ་ མངའ་བདག་ ཆེན་པོ འི་ ཞབས་ ལ་ འདུད ། ། གྲོགས་ སྙིང་ དང་ འདྲ་བ འི་ རྡོ་རྗེ་སྤུན ། ། འབྲལ་ཐབས་ མེད་ དོ་ མཆེད་ལྕམ་ རྣམས ། ། ཐ་དད་ ལུས་ ལ་ སེམས་རྒྱུད་ གཅིག ། དཔལ་འཇིགས་མེད་གྲགས་པ་ མ་ ལགས་ སམ ། ། ང་ རྒྱ་གར་ ཡུལ་ ནས་ ཡོང་པ་ དང་ ། ། ཁྱེད་ བལ་ཡུལ་ མཐིལ་ ན་ བཞུགས་པ་ གཉིས ། ། ཚེ་ འདུ་བྱེད་ དབང་ དུ་ མ་ ཐལ་བ ར ། ། ཁ་སང་ དེ་རིང་ དུས་ བཟང་ ལ ། ། མཁའ་འགྲོ་ མཆོད་པ འི་ ཚོགས་གྲལ་ དུ ། ། དུས་ མཚུངས་ ཞལ་ ཡང་ འཛོམ་པ་ དེ ། ། དམ་ཚིག་ ངོ་ལྐོག་ མེད་པ ར་ ངེས ། ། མི་ ཁོ་བོ་ ཤིན་ ཏུ་ སྤྲོ་བ་ སྐྱེས ། ། ཁྱེད་ དགའ་ རུ་ ཚོར་ རམ་ འདི ར་ བཞུགས་ རྣམས ། ། ང་ བློ་ རྨོངས་ བོད་ ཀྱི་ བན་ཆུང་ ལ ། ། མི་ ཁྱེད་ ཀྱིས་ མཚན་སྙན་ ལོ་ཙྪ ར་ བཏགས ། ། ཁྱོད་ སྒྲ་སྒྱུར་ བོད་ ཀྱིས་ གླུ་ ལོང་ ཟེར ། ། ངག་ འདྲེན་པ འི་ གྲེ་འགྱུར་ མི་ བདེ་ ཡང་ ། ། ཁྱེད་ གོང་མ་ རྣམས་ ཀྱི་ བཀའ་ མ་ ལྕོགས ། ། རྗེ་ ནཱ་རོ་མཻ་ཏྲི་ རྣམ་ གཉིས་ ལ ། ། སྐུ་དྲིན་ རྗེས་ སུ་ དྲན་པ འི་ གླུ ། ངོ་མཚར་ཅན་ གྱི་ མཐོང་ལུགས་ ཡོད ། ། སྙན་ ལྷན་ནེ ར་ གསོན་ ཅིག་ མཆེད་གྲོགས་ རྣམས ། ། རྗེ་ རྟོགས་པ་ཅན་ གྱི་ མཻ་ཏྲི་པ ། ། མི་ ཁོང་ གི་ སྙན་པ་ རྒྱང་ ནས་ ཁུམས ། ། སྤྲུལ་སྐུ་ བཞུགས་གནས་ རྒྱ་གར་ ཡུལ ། ། ལྗོངས་ ཡངས་པ་ཅན་ གྱི་ གྲོང་ཁྱེར་ དུ ། ། ས་སྐྱོང་རྒྱལ་པོ འི་ ཅོད་པན་ གྱིས ། ། ཞབས་ ཀྱི་ ཟེའུ་འབྲུ་ བསྟེན་ མཛད་ ཅིང་ ། ། གནས་ ལྔ་ རིག་པ འི་ མཁས་པ་ རྣམས ། ། མངའ་བདག་ གཙུག་ གི་ རྒྱན་ ཡིན་ ཞེས ། །" }, { "source": "སྙན་པའི་བ་དན་ཕྱོགས་བཅུར་གྲགས།། ཆོ་འཕྲུལ་བྱ་ཡི་ལོ་དུས་སུ།། བདེ་གཤེགས་མཆོད་པ་མངའ་མཛད་ཕྱིར།། མཚན་མངའ་བདག་ཞེས་བྱར་ཡོངས་སུ་གྲགས།། རྗེ་སངས་རྒྱས་དེ་ཡི་ཞལ་སྔ་ནས།། ཐེག་པའི་མཐར་ཐུག་སྙིང་པོའི་དོན།། ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས།། ཕྱི་གཟུང་བ་ཡུལ་གྱི་སྣང་བ་འདི།། བདེ་བ་ཆེན་པོར་རྒྱུན་ཆད་མེད།། སྐྱེ་མེད་ཆོས་ཀྱི་སྐུ་རུ་རྟོགས།། ནང་འཛིན་པ་སེམས་ཀྱི་རྣམ་ཤེས་འདི།། འགྱུ་བ་ངོས་གཟུང་མེད་པའི་ཕྱིར།། རིག་པ་རྟེན་མེད་གཅེར་བུར་མཐོང་།། སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན།། གདོད་ནས་མ་གྲུབ་སྐྱེ་བ་མེད།། ངོ་བོ་སྤྲོས་དང་བྲལ་བར་རྟོགས།། འཁོར་བ་སྤང་བྱར་མི་འདོད་ཅིང་།། མྱ་ངན་འདས་པ་བསྒྲུབ་བྱར་མེད།། འཁོར་འདས་རང་གྲོལ་གཉུག་མའི་ངང་།། ཟུང་འཇུག་བདེ་བ་ཆེན་པོར་རྟོགས།། དུས་གསུམ་སངས་རྒྱས་ཐུགས་ཕྱུང་ཡང་།། མཐར་ཐུག་དེ་ལས་མེད་དོ་གསུངས།། མི་ཁོ་བོའི་སྒྲོ་འདོགས་དེ་ནས་ཆོད།། རྗེ་མཻ་ཏྲི་ཆེན་པོའི་བཞེད་པ་ཡིན།། ཁྱེད་ལྟ་བ་བཞེད་ན་དེ་ལ་མཛོད།། དབྱངས་མཆོད་པར་འབུལ་ལོ་དཀོན་མཆོག་གསུམ།། ཐུགས་དགྱེས་པར་མཛོད་ཅིག་གདན་གང་རྣམས།། ཞེས་གསུངས་བས། ཁོང་རྣམས་རྗེ་མར་པ་ལ་ལྷག་པར་ངོ་མཚར་སྐྱེས་སོ།། དེ་ནས་མེ་ཛ་གླིང་ན་བླ་མ་མི་མཉམ་རྡོ་རྗེ་ཞེས་བྱ་བ་མངའ་བདག་མཻ་ཏྲི་པས་བསྡུས་པའི་མཆེད་གྲོགས་ཡིན་ཞིང་། རྗེ་རང་གིས་ཀྱང་ཏྲི་ཡ་ཚར་གཅིག་གསན་པའི་སློབ་དཔོན་ཡང་ཡིན་པ་ཞིག་ཡོད་པ་དེའི་དྲུང་དུ་ཕྱག་སྐྱེལ་དུ་བྱོན་པས།", "target": "སྙན་པ འི་ བ་དན་ ཕྱོགས་ བཅུ ར་ གྲགས ། ། ཆོ་འཕྲུལ་ བྱ་ ཡི་ ལོ་ དུས་ སུ ། ། བདེ་གཤེགས་ མཆོད་པ་ མངའ་ མཛད་ ཕྱི ར ། ། མཚན་ མངའ་བདག་ ཞེས་ བྱ ར་ ཡོངས་ སུ་ གྲགས ། ། རྗེ་ སངས་རྒྱས་ དེ་ ཡི་ ཞལ་སྔ་ ནས ། ། ཐེག་པ འི་ མཐ ར་ ཐུག་ སྙིང་པོ འི་ དོན ། ། ཆོས་ཕྱག་ རྒྱ་ཆེ་ ལ་ ངོ་ སྤྲོད་ བགྱིས ། ། ཕྱི་ གཟུང་བ་ ཡུལ་ གྱི་ སྣང་བ་ འདི ། ། བདེ་བ་ ཆེན་པོ ར་ རྒྱུན་ ཆད་མེད ། ། སྐྱེ་མེད་ཆོས་ ཀྱི་ སྐུ་ རུ་ རྟོགས ། ། ནང་ འཛིན་པ་ སེམས་ ཀྱི་ རྣམ་ཤེས་ འདི ། ། འགྱུ་བ་ ངོས་ གཟུང་ མེད་པ འི་ ཕྱི ར ། ། རིག་པ་ རྟེན་མེད་ གཅེར་བུ ར་ མཐོང་ ། ། སྤྱི ར་ སྣང་ ཞིང་ སྲིད་པ འི་ ཆོས་ རྣམས་ ཀུན ། ། གདོད་ ནས་ མ་གྲུབ་ སྐྱེ་བ་ མེད ། ། ངོ་བོ་ སྤྲོས་ དང་ བྲལ་བ ར་ རྟོགས ། ། འཁོར་བ་ སྤང་བྱ ར་ མི་ འདོད་ ཅིང་ ། ། མྱ་ངན་ འདས་པ་ བསྒྲུབ་ བྱ ར་ མེད ། ། འཁོར་འདས་ རང་གྲོལ་ གཉུག་མ འི་ ངང་ ། ། ཟུང་འཇུག་ བདེ་བ་ ཆེན་པོ ར་ རྟོགས ། ། དུས་གསུམ་སངས་རྒྱས་ ཐུགས་ ཕྱུང་ ཡང་ ། ། མཐ ར་ ཐུག་ དེ་ ལས་ མེད་ དོ་ གསུངས ། ། མི་ ཁོ་བོ འི་ སྒྲོ་འདོགས་ དེ་ ནས་ ཆོད ། ། རྗེ་ མཻ་ཏྲི་ ཆེན་པོ འི་ བཞེད་པ་ ཡིན ། ། ཁྱེད་ ལྟ་བ་ བཞེད་ ན་ དེ་ ལ་ མཛོད ། ། དབྱངས་ མཆོད་པ ར་ འབུལ་ ལོ་ དཀོན་མཆོག་ གསུམ ། ། ཐུགས་ དགྱེས་པ ར་ མཛོད་ ཅིག་ གདན་ གང་ རྣམས ། ། ཞེས་ གསུངས་བ ས ། ཁོང་ རྣམས་ རྗེ་ མར་པ་ ལ་ ལྷག་པ ར་ ངོ་མཚར་ སྐྱེས་ སོ ། ། དེ་ ནས་ མེ་ཛ་གླིང་ ན་ བླ་མ་ མི་མཉམ་རྡོ་རྗེ་ ཞེས་ བྱ་བ་ མངའ་བདག་ མཻ་ཏྲི་པ ས་ བསྡུས་པ འི་ མཆེད་གྲོགས་ ཡིན་ ཞིང་ ། རྗེ་ རང་ གིས་ ཀྱང་ ཏྲི་ཡ་ ཚར་ གཅིག་ གསན་པ འི་ སློབ་དཔོན་ ཡང་ ཡིན་པ་ ཞིག་ ཡོད་པ་ དེ འི་ དྲུང་ དུ་ ཕྱག་ སྐྱེལ་ དུ་ བྱོན་པ ས །" }, { "source": "ཁོང་གི་གྲོགས་པོ་ཁ་ཆེའི་ལྷ་བཟོ་བ་གཅིག་གིས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ལ་རབ་གནས་མཛད་ཅིང་གདའ་བ་ལ། དེའི་ཚོགས་གྲལ་དུ་བྱོན་པས། ཁོང་རྣམས་ན་རེ། ལོ་ཙྪ་བ་ཁྱེད་ཀྱིས་རྒྱ་གར་དུ་བྱོན། ཡུན་རིང་པོར་བཞུགས། ཁྱེད་ཀྱི་བླ་མ་ནཱ་རོ་པ་དེ་སྐུ་སྙན་པ་ཤིན་ཏུ་ཆེ་བར་གདའ་བ་ཁོང་གི་དྲུང་དུ་ཁྱེད་ཀྱིས་ཇི་ཙམ་བཞུགས། ཆོས་ནི་གང་གསན་ཁྱེད་རང་ལ་ཁོང་དུ་ཆུད་པའི་གདེངས་ཅི་ཡོད། ཁྱེད་རྒྱ་གར་ནས་བྱོན་པའི་སྐྱེས་སུ་གླུ་གཅིག་ལོང་ཟེར་བ་ལ་དེའི་ལན་དུ། ནཱརོ་པ་དང་མཇལ་ལུགས་ཀྱི་མགུར་འདི་གསུངས་སོ།། རྗེ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ།། སྐལ་ལྡན་བདག་ལ་བྱིན་གྱིས་རློབས།། ང་མོས་པའི་བུ་ཡི་ལམ་སྣ་དྲོངས།། ལར་མི་ང་ལ་གླུ་ལོང་མི་རིགས་ཏེ།། ཁྱེད་མཆེད་གྲོགས་གོང་མའི་གསུང་མ་ལྕོགས།། ད་ནི་འཆི་བྲོད་ཀྱི་དབྱངས་ཅིག་ལེན།། ཁྱེད་གདན་གང་གི་ཐུགས་ལ་འདི་བཞེས་ལ།། ཆོས་ཚུལ་བཞིན་ཉམས་སུ་ལེན་པར་ཞུ།། ང་བོད་ཡུལ་གྱི་མར་པ་ལོ་ཙྪ་དང་།། རྒྱ་གར་གྱི་ནཱ་རོ་པཎ་ཆེན་གཉིས།། ལྗོངས་མེ་ཏོག་རྒྱས་པའི་གྲོང་ཁྱེར་དང་།། རི་བོ་གསེར་གླིང་གི་དགོན་པར་མཇལ།། དེ་ཚེ་རབསཀྱི་སྨོན་ལམ་དག་པ་འདྲ།། གནས་བྱིན་རླབས་ཅན་དུ་གྲགས་པ་དེར།། སྐུ་སྙན་པ་ཅན་གྱི་རྗེ་བཙུན་དེ།། ལོ་བཅུ་དྲུག་ཟླ་བ་བདུན་དུ་བསྟེན།། དབང་བཞི་ཡོངས་རྫོགས་ལན་བདུན་ཞུས།། དཔལ་བདེ་མཆོག་འཁོར་ལོའི་བྱིན་བརླབས་མཛད།། རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་གསུངས།། ཡི་དམ་ལྷན་ཅིག་སྐྱེས་མ་གནང་།།", "target": "ཁོང་ གི་ གྲོགས་པོ་ ཁ་ཆེ འི་ ལྷ་བཟོ་བ་ གཅིག་ གིས་ དཔལ་གསང་བ་འདུས་པ འི་ དཀྱིལ་འཁོར་ ལ་ རབ་གནས་ མཛད་ ཅིང་ གདའ་བ་ ལ ། དེ འི་ ཚོགས་གྲལ་ དུ་ བྱོན་པ ས ། ཁོང་ རྣམས་ ན་རེ ། ལོ་ཙྪ་བ་ ཁྱེད་ ཀྱིས་ རྒྱ་གར་ དུ་ བྱོན ། ཡུན་ རིང་པོ ར་ བཞུགས ། ཁྱེད་ ཀྱི་ བླ་མ་ ནཱ་རོ་པ་ དེ་ སྐུ་ སྙན་པ་ ཤིན་ ཏུ་ ཆེ་བ ར་ གདའ་བ་ ཁོང་ གི་ དྲུང་ དུ་ ཁྱེད་ ཀྱིས་ ཇི་ ཙམ་ བཞུགས ། ཆོས་ ནི་ གང་ གསན་ ཁྱེད་ རང་ ལ་ ཁོང་ དུ་ ཆུད་པ འི་ གདེངས་ ཅི་ ཡོད ། ཁྱེད་ རྒྱ་གར་ ནས་ བྱོན་པ འི་ སྐྱེས་ སུ་ གླུ་ གཅིག་ ལོང་ ཟེར་བ་ ལ་ དེ འི་ ལན་ དུ ། ནཱརོ་པ་ དང་ མཇལ་ལུགས་ ཀྱི་ མགུར་ འདི་ གསུངས་ སོ ། ། རྗེ་ གྲུབ་ཐོབ་ རྣམས་ ལ་ ཕྱག་ འཚལ་ ལོ ། ། སྐལ་ལྡན་ བདག་ ལ་ བྱིན་ གྱིས་ རློབས ། ། ང་ མོས་པ འི་ བུ་ ཡི་ ལམ་ སྣ་ དྲོངས ། ། ལ ར་ མི་ ང་ ལ་ གླུ་ ལོང་ མི་ རིགས་ ཏེ ། ། ཁྱེད་ མཆེད་གྲོགས་ གོང་མ འི་ གསུང་ མ་ ལྕོགས ། ། ད་ ནི་ འཆི་བྲོད་ ཀྱི་ དབྱངས་ ཅིག་ ལེན ། ། ཁྱེད་ གདན་ གང་ གི་ ཐུགས་ ལ་ འདི་ བཞེས་ ལ ། ། ཆོས་ ཚུལ་ བཞིན་ ཉམས་ སུ་ ལེན་པ ར་ ཞུ ། ། ང་ བོད་ཡུལ་ གྱི་ མར་པ་ ལོ་ཙྪ་ དང་ ། ། རྒྱ་གར་ གྱི་ ནཱ་རོ་ པཎ་ཆེན་ གཉིས ། ། ལྗོངས་ མེ་ཏོག་ རྒྱས་པ འི་ གྲོང་ཁྱེར་ དང་ ། ། རི་བོ་ གསེར་གླིང་ གི་ དགོན་པ ར་ མཇལ ། ། དེ་ ཚེ་རབས ཀྱི་ སྨོན་ལམ་ དག་པ་ འདྲ ། ། གནས་ བྱིན་རླབས་ཅན་ དུ་ གྲགས་པ་ དེ ར ། ། སྐུ་ སྙན་པ་ཅན་ གྱི་ རྗེ་བཙུན་ དེ ། ། ལོ་ བཅུ་ དྲུག་ ཟླ་བ་ བདུན་ དུ་ བསྟེན ། ། དབང་ བཞི་ ཡོངས་ རྫོགས་ ལན་ བདུན་ ཞུས ། ། དཔལ་བདེ་མཆོག་འཁོར་ལོ འི་ བྱིན་བརླབས་ མཛད ། ། རྒྱུད་ ཟབ་མོ་ དགྱེས་པ་རྡོ་རྗེ་ གསུངས ། ། ཡི་དམ་ ལྷན་ ཅིག་ སྐྱེས་མ་ གནང་ ། །" }, { "source": "གདམས་ངག་བསྐོར་ཚེ་བསྐོར་ཚེ་ཞུས།། ལམ་རྩ་དང་རླུང་ལ་སྦར་ཟིན་བྱས།། སངས་རྒྱས་ལག་པའི་མཐིལ་ན་གདའ།། དུས་ལན་ཅིག་འཆི་བའི་ཚུལ་སྟོན་ཏེ།། རྣམ་སྨིན་གྱི་ལུས་རྒྱ་གྲོལ་བའི་ཚེ།། འདའ་ཀ་ཟབ་མོའི་གདེང་ཡོད་དེ།། བསྲེ་འཕོ་གནད་ཀྱི་མཚམས་སྤྱར་ནས།། དཔའ་བོ་དཔའ་མོའི་བསུ་མ་ཡོད།། རྒྱལ་མཚན་རོལ་མོའི་སྒྲ་དང་བཅས།། བདེ་ཆེན་མཁའ་སྤྱོད་གནས་སུ་འགྲོ། དཔལ་ནཱ་རོ་པ་དང་མཇལ་བར་ངེས།། ད་ནི་འཆི་ཡང་ང་རེ་བྲོད།། ཁྱེད་འདིར་བཞུགས་ཀྱི་ཇོ་བོ་སྔགས་པ་ཀུན།། དོན་སྙན་བརྒྱུད་ཀྱི་ངོ་སྤྲོད་མི་མངའ་བས།། བཤད་རྒྱུད་ཚིག་གི་ཐ་སྙད་ལ།། ཚེ་གཅིག་གི་སངས་རྒྱས་མ་རེ་མཛོད།། ལར་སྙིང་ནས་དམ་ཆོས་མཛད་དགོངས་ན།། ནཱ་རོ་དང་མཻ་ཏྲིའི་བརྒྱུད་པ་ཟུངས།། བུ་སློབ་མ་བས་ཀྱང་ཡང་སློབ་བཟང་།། བདེ་ནས་བདེ་བར་འགྲོ་སྟེ་མཆི།། དབྱངས་སྙན་དུ་བྱོན་ནམ་འདིར་བཞུགས་རྣམས།། དོན་འཁྲུལ་པར་གདའ་ན་བཟོད་པར་བཞེས། ཞེས་གསུངས་པས། ཡང་ཁོང་རྣམས་ན་རེ། ལོ་ཙྪ་བ་ཁྱེད་ལ་སྤྱིར་བལ་པོ་ཕན་ཆད་ན་བླ་མ་དུ་བཞུགས། བླ་མ་གཙོ་བོ་རང་གང་ལ་བགྱིད།། མངའ་བདག་གི་ཞབས་དྲུང་དུ་བསྡད་པ་ལ་སྐུ་ཆེ་བའི་ཡོན་ཏན་ཇི་འདྲ་མཐོང་། གདམས་པའི་གཙོ་བོ་ནི་ཅི་ཞུས་འདྲིར་བྱུང་བས། ཡང་རྗེ་ལོ་ཙྪ་བས་དེའི་ལན་དུ་མགུར་འདི་བཞེས་སོ།། བྲམ་ཟེ་ཆེན་པོའི་གདུང་འཚོབ་།། མཐའ་བྲལ་གཉུག་མའི་དོན་རྟོགས་ཕྱིར།། དཔེ་མེད་ནམ་མཁའི་རྣལ་འབྱོར་པ།། མཚན་མཻ་ཏྲི་ཞེས་བྱར་ཡོངས་སུ་གྲགས།།", "target": "གདམས་ངག་ བསྐོར་ཚེ་ བསྐོར་ཚེ་ ཞུས ། ། ལམ་རྩ་ དང་ རླུང་ ལ་ སྦར་ ཟིན་ བྱས ། ། སངས་རྒྱས་ ལག་པ འི་ མཐིལ་ ན་ གདའ ། ། དུས་ ལན་ ཅིག་ འཆི་བ འི་ ཚུལ་ སྟོན་ ཏེ ། ། རྣམ་སྨིན་ གྱི་ ལུས་ རྒྱ་ གྲོལ་བ འི་ ཚེ ། ། འདའ་ ཀ་ ཟབ་མོ འི་ གདེང་ ཡོད་ དེ ། ། བསྲེ་འཕོ་ གནད་ ཀྱི་ མཚམས་ སྤྱར་ ནས ། ། དཔའ་བོ་ དཔའ་མོ འི་ བསུ་མ་ ཡོད ། ། རྒྱལ་མཚན་ རོལ་མོ འི་ སྒྲ་ དང་ བཅས ། ། བདེ་ཆེན་མཁའ་སྤྱོད་གནས་ སུ་ འགྲོ ། དཔལ་ནཱ་རོ་པ་ དང་ མཇལ་བ ར་ ངེས ། ། ད་ ནི་ འཆི་ ཡང་ ང་ རེ་ བྲོད ། ། ཁྱེད་ འདི ར་ བཞུགས་ ཀྱི་ ཇོ་བོ་ སྔགས་པ་ ཀུན ། ། དོན་ སྙན་བརྒྱུད་ ཀྱི་ ངོ་སྤྲོད་ མི་ མངའ་བ ས ། ། བཤད་རྒྱུད་ཚིག་ གི་ ཐ་སྙད་ ལ ། ། ཚེ་ གཅིག་ གི་ སངས་རྒྱས་ མ་ རེ་ མཛོད ། ། ལ ར་ སྙིང་ ནས་ དམ་ཆོས་ མཛད་ དགོངས་ ན ། ། ནཱ་རོ་ དང་ མཻ་ཏྲི འི་ བརྒྱུད་པ་ ཟུངས ། ། བུ་ སློབ་མ་ བས་ ཀྱང་ ཡང་སློབ་ བཟང་ ། ། བདེ་ ནས་ བདེ་བ ར་ འགྲོ་ སྟེ་ མཆི ། ། དབྱངས་ སྙན་ དུ་ བྱོན་ ནམ་ འདི ར་ བཞུགས་ རྣམས ། ། དོན་ འཁྲུལ་པ ར་ གདའ་ ན་ བཟོད་པ ར་ བཞེས ། ཞེས་ གསུངས་པ ས ། ཡང་ ཁོང་ རྣམས་ ན་རེ ། ལོ་ཙྪ་བ་ ཁྱེད་ ལ་ སྤྱི ར་ བལ་པོ་ ཕན་ཆད་ ན་ བླ་མ་ དུ་ བཞུགས ། བླ་མ་ གཙོ་བོ་ རང་ གང་ ལ་ བགྱིད ། ། མངའ་བདག་ གི་ ཞབས་ དྲུང་ དུ་ བསྡད་པ་ ལ་ སྐུ་ ཆེ་བ འི་ ཡོན་ཏན་ ཇི་ འདྲ་ མཐོང་ ། གདམས་པ འི་ གཙོ་བོ་ ནི་ ཅི་ ཞུས་ འདྲི ར་ བྱུང་བ ས ། ཡང་ རྗེ་ ལོ་ཙྪ་བ ས་ དེ འི་ ལན་ དུ་ མགུར་ འདི་ བཞེས་ སོ ། ། བྲམ་ཟེ་ ཆེན་པོ འི་ གདུང་འཚོབ་ ། ། མཐའ་བྲལ་ གཉུག་མ འི་ དོན་ རྟོགས་ ཕྱི ར ། ། དཔེ་མེད་ ནམ་མཁ འི་ རྣལ་འབྱོར་པ ། ། མཚན་ མཻ་ཏྲི་ ཞེས་ བྱ ར་ ཡོངས་ སུ་ གྲགས ། །" }, { "source": "ཕ་རྗེ་བཙུན་དེ་ཡི་བཀའ་སྲོལ་འཛིན།། ལམ་འབྲལ་མེད་སྒོམ་གྱི་རྣལ་འབྱོར་པ།། མི་ང་རང་མར་པ་ལོ་ཙྪ་འདི།། སྐྱེ་ས་ཕམ་སྟེ་འགྲོ་ས་རྒྱལ།། རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན།། ལུས་སྲོག་ལ་མ་བལྟས་དམ་ཆོས་བཙལ།། རྗེ་སྤྲུལ་སྐུ་སངས་རྒྱས་རྣམས་དང་མཇལ།། དབང་གདམས་ངག་བཅས་པ་ཐུགས་ལ་བཏགས།། དུས་ད་ལན་དྲིན་ལན་སྐྱེལ་དུ་མཆིས།། ལར་ཁྱེད་ལ་བླ་མ་དུ་ཡོད་གསུང་།། ཆོས་སྨོན་ལམ་གྱི་འབྲེལ་པ་བཅུ་གསུམ་བཞུགས།། ཁྱད་པར་གྲུབ་ཐོབ་ཞལ་ལྔ་བཞུགས།། རྗེ་འགྲན་གྱི་དོ་མེད་རྣམས་གཉིས་བཞུགས།། གཙོ་བོ་པཎ་ཆེན་ནཱ་རོ་པ།། དེ་འོག་རྒྱལ་སྲས་མཻ་ཏྲི་པ།། ཁོང་ལྷག་པར་མ་བས་བརྩེ་བའི་ཕྱིར།། ཡང་ཡང་ཡིད་ལ་འཕྲེང་ནས་ཀྱང་།། ཤར་ཆུ་བོ་གང་གའི་འགྲམ་དུ་ཕྱིན།། རི་མེ་ལྟར་འབར་བའི་དགོན་པ་རུ།། ཤིང་ནྱ་གྲོ་ཏ་ཡི་བསིལ་གྲིབ་ལ།། རྗེ་མངའ་བདག་ཆེན་པོ་བཞུགས་པ་མཐོང་།། ས་དང་པོ་ལྟ་བུའི་དགའ་བ་སྐྱེས།། ཌཱ་ཀི་མཉེས་པའི་མཆོད་པ་ཕུལ།། བླ་མ་མཉེས་པའི་མཎྜལ་ལ།། གུ་ལང་གསེར་གྱི་མེ་ཏོག་བཀོད།། ལུས་ཀྱི་ཐལ་སྦྱར་བརྐྱང་ཕྱག་བཙལ།། སེམས་རྩེ་གཅིག་གདུང་བས་གསོལ་བ་བཏབ།། རྒྱུད་ཟབ་མོ་བསྟོད་པ་གླུར་བླངས་དང་།། ཡི་དམ་དགྱེས་པ་རྡོ་རྗེ་ཞུས།། དོན་མཐར་ཐུག་ཕྱག་རྒྱ་ཆེན་པོ་གནང་།། དཔལ་གཉིས་མེད་ཨ་ཝ་དྷཱུ་ཏི་པ།། རྗེ་བཙུན་དེ་ཡིས་ཐུགས་རྗེས་བཟུང་།། ནང་ཟབ་མོ་བརྡ་ཡི་དབང་བཞི་བསྐུར།། རྒྱུད་ཡོངས་སུ་དག་པར་བྱིན་གྱིས་བརླབས།། གཞི་འདུན་པའི་ས་བོན་གཏིང་ནས་གཡོས།། ནང་རིག་པ་སེམས་ཀྱི་འདུག་ཚུལ་དེ། འོད་གསལ་སྐྱེ་འགག་མེད་པའི་ཕྱིར།།", "target": "ཕ་ རྗེ་བཙུན་ དེ་ ཡི་ བཀའ་སྲོལ་ འཛིན ། ། ལམ་ འབྲལ་མེད་ སྒོམ་ གྱི་ རྣལ་འབྱོར་པ ། ། མི་ ང་ རང་ མར་པ་ ལོ་ཙྪ་ འདི ། ། སྐྱེ་ས་ ཕམ་ སྟེ་ འགྲོ་ས་ རྒྱལ ། ། རྒྱ་གར་ ཡུལ་ དུ་ ལན་ གསུམ་ ཕྱིན ། ། ལུས་སྲོག་ ལ་ མ་ བལྟས་ དམ་ཆོས་ བཙལ ། ། རྗེ་ སྤྲུལ་སྐུ་ སངས་རྒྱས་ རྣམས་ དང་ མཇལ ། ། དབང་ གདམས་ངག་ བཅས་པ་ ཐུགས་ ལ་ བཏགས ། ། དུས་ ད་ ལན་ དྲིན་ལན་ སྐྱེལ་ དུ་ མཆིས ། ། ལ ར་ ཁྱེད་ ལ་ བླ་མ་ དུ་ ཡོད་ གསུང་ ། ། ཆོས་ སྨོན་ལམ་ གྱི་ འབྲེལ་པ་ བཅུ་ གསུམ་ བཞུགས ། ། ཁྱད་པ ར་ གྲུབ་ཐོབ་ ཞལ་ ལྔ་ བཞུགས ། ། རྗེ་ འགྲན་ གྱི་ དོ་མེད་ རྣམས་ གཉིས་ བཞུགས ། ། གཙོ་བོ་ པཎ་ཆེན་ ནཱ་རོ་པ ། ། དེ་ འོག་ རྒྱལ་སྲས་ མཻ་ཏྲི་པ ། ། ཁོང་ ལྷག་པ ར་ མ་ བས་ བརྩེ་བ འི་ ཕྱི ར ། ། ཡང་ ཡང་ ཡིད་ ལ་ འཕྲེང་ ནས་ ཀྱང་ ། ། ཤར་ ཆུ་བོ་ གང་ག འི་ འགྲམ་ དུ་ ཕྱིན ། ། རི་ མེ་ ལྟ ར་ འབར་བ འི་ དགོན་པ་ རུ ། ། ཤིང་ ནྱ་གྲོ་ཏ་ ཡི་ བསིལ་གྲིབ་ ལ ། ། རྗེ་ མངའ་བདག་ ཆེན་པོ་ བཞུགས་པ་ མཐོང་ ། ། ས་ དང་པོ་ ལྟ་བུ འི་ དགའ་བ་ སྐྱེས ། ། ཌཱ་ཀི་ མཉེས་པ འི་ མཆོད་པ་ ཕུལ ། ། བླ་མ་ མཉེས་པ འི་ མཎྜལ་ ལ ། ། གུ་ལང་གསེར་ གྱི་ མེ་ཏོག་ བཀོད ། ། ལུས་ ཀྱི་ ཐལ་ སྦྱར་ བརྐྱང་ ཕྱག་ བཙལ ། ། སེམས་ རྩེ་གཅིག་ གདུང་བ ས་ གསོལ་བ་ བཏབ ། ། རྒྱུད་ ཟབ་མོ་ བསྟོད་པ་ གླུ ར་ བླངས་ དང་ ། ། ཡི་དམ་ དགྱེས་པ་རྡོ་རྗེ་ ཞུས ། ། དོན་ མཐ ར་ ཐུག་ ཕྱག་རྒྱ་ ཆེན་པོ་ གནང་ ། ། དཔལ་ གཉིས་མེད་ཨ་ཝ་དྷཱུ་ཏི་པ ། ། རྗེ་བཙུན་ དེ་ ཡིས་ ཐུགས་རྗེ ས་ བཟུང་ ། ། ནང་ ཟབ་མོ་ བརྡ་ ཡི་ དབང་ བཞི་ བསྐུར ། ། རྒྱུད་ ཡོངས་ སུ་ དག་པ ར་ བྱིན་ གྱིས་ བརླབས ། ། གཞི་ འདུན་པ འི་ ས་བོན་ གཏིང་ ནས་ གཡོས ། ། ནང་ རིག་པ་ སེམས་ ཀྱི་ འདུག་ཚུལ་ དེ ། འོད་གསལ་ སྐྱེ་འགག་ མེད་པ འི་ ཕྱི ར ། །" }, { "source": "མ་བཅོས་གཉུག་མའི་ངོ་བོར་བསྟན།། གློ་བུར་གྱི་རྣམ་རྟོག་དབྱིངས་སུ་ཐིམ།། ཟག་མེད་ཀྱི་བདེ་བ་ནང་ནས་ཤར།། གདོད་ནས་དག་པ་ཀུན་གཞིའི་རྒྱུད།། གཞི་ལ་སྐུ་གསུམ་གཏན་ལ་ཕབ།། སེམས་ཆོས་ཉིད་མ་དང་ཞལ་ཡང་མཇལ།། དུས་ད་རེས་ངོ་མཚར་ཆེ་བའི་ལྟས།། སྒྲོན་ཤིང་མར་མེ་མཛུབ་གང་ལ།། ཞག་བདུན་བར་དུ་སྣང་བ་བྱུང་།། བེམ་པོར་གྱུར་པའི་ལྗོན་ཤིང་དེས།། རབ་ཏུ་མ་བཟོད་གཡོ་འགུལ་བྱས།། སྤྲུལ་པའི་ལྕེ་སྤྱང་དམར་མོ་བདུན།། དངོས་སུ་གཏོར་མ་ལེན་པ་མཐོང་།། ས་གསུམ་གནས་པའི་མཁའ་འགྲོ་རྣམས།། གཟུགས་མེད་སྔགས་ཀྱི་རང་སྒྲ་སྒྲོག། བར་སྣང་གང་བའི་ཞིང་སྐྱོང་རྣམས།། སྣ་ཚོགས་རོལ་མོ་སྒྲོག་པ་ཐོས།། ཁྱེད་སྐྱེ་བ་གསུམ་གྱི་འོག་རོལ་དུ།། མཆོག་གི་དངོས་གྲུབ་ཐོབ་བོ་ཞེས།། རྗེ་མངའ་བདག་ཆེན་པོའི་ཞལ་ནས་ཐོས།། ལར་མི་ང་རང་ངན་ཏེ་བླ་མ་བཟང་།། ཆོས་ལྟ་བའི་ཡང་རྩེ་ཕུག་ཐག་ཆོད།། ལམ་གྲུབ་མཐའ་དམའ་བའི་དོགས་མ་མཆིས།། དེ་རྗེ་མཻ་ཏྲི་ཆེན་པོའི་བཞེད་པ་ལགས།། མི་ཁྱེད་ཀྱི་ཐུགས་དགྱེས་དེ་ལ་མཛོད།། ཅེས་བླ་མ་མི་མཉམ་རྡོ་རྗེས་དབུ་མཛད་པའི་མཆེད་གྲོགས་རྣམས་ལ་སྐྱེས་སུ་ཕུལ་བར་གདའ། དེའི་དགུན་རྗེ་མར་པས་ཐུགས་དགོངས་ལྟར་བལ་པོར་བསྙེལ་བསོ་ཞིང་བཞུགས་པ་ལས། དུར་ཁྲོད་ར་མ་དོ་ལིར། བླ་མ་ཡེ་རངས་པས་དབང་བསྐུར་དང་ཚོགས་འཁོར་མཛད་ཅིང་འདུག་པའི་ཚོགས་གྲལ་དུ་མར་པ་ཡང་སྤྱན་དྲངས་ཏེ་བྱོན་པ་ལས། བླ་མ་ཡེ་རངས་བ་ན་རེ། ལོ་ཙྪ་ཁྱོད་ཀྱིས་བླ་མ་ནཱ་རོ་པ་དང་ལན་མང་དུ་མཇལ།", "target": "མ་བཅོས་ གཉུག་མ འི་ ངོ་བོ ར་ བསྟན ། ། གློ་བུ ར་ གྱི་ རྣམ་རྟོག་ དབྱིངས་ སུ་ ཐིམ ། ། ཟག་མེད་ ཀྱི་ བདེ་བ་ ནང་ ནས་ ཤར ། ། གདོད་ ནས་ དག་པ་ ཀུན་གཞི འི་ རྒྱུད ། ། གཞི་ ལ་ སྐུ་ གསུམ་ གཏན་ ལ་ ཕབ ། ། སེམས་ ཆོས་ཉིད་ མ་ དང་ ཞལ་ ཡང་ མཇལ ། ། དུས་ ད་ རེས་ ངོ་མཚར་ ཆེ་བ འི་ ལྟས ། ། སྒྲོན་ཤིང་མར་མེ་ མཛུབ་ གང་ ལ ། ། ཞག་ བདུན་ བར་ དུ་ སྣང་བ་ བྱུང་ ། ། བེམ་པོ ར་ གྱུར་པ འི་ ལྗོན་ཤིང་ དེ ས ། ། རབ་ ཏུ་ མ་ བཟོད་ གཡོ་འགུལ་ བྱས ། ། སྤྲུལ་པ འི་ ལྕེ་སྤྱང་ དམར་མོ་ བདུན ། ། དངོས་ སུ་ གཏོར་མ་ ལེན་པ་ མཐོང་ ། ། ས་ གསུམ་ གནས་པ འི་ མཁའ་འགྲོ་ རྣམས ། ། གཟུགས་མེད་ སྔགས་ ཀྱི་ རང་སྒྲ་ སྒྲོག ། བར་སྣང་ གང་བ འི་ ཞིང་སྐྱོང་ རྣམས ། ། སྣ་ཚོགས་ རོལ་མོ་ སྒྲོག་པ་ ཐོས ། ། ཁྱེད་ སྐྱེ་བ་ གསུམ་ གྱི་ འོག་རོལ་ དུ ། ། མཆོག་ གི་ དངོས་གྲུབ་ ཐོབ་ བོ་ ཞེས ། ། རྗེ་ མངའ་བདག་ ཆེན་པོ འི་ ཞལ་ ནས་ ཐོས ། ། ལ ར་ མི་ ང་ རང་ ངན་ ཏེ་ བླ་མ་ བཟང་ ། ། ཆོས་ ལྟ་བ འི་ ཡང་རྩེ་ ཕུག་ ཐག་ ཆོད ། ། ལམ་ གྲུབ་མཐའ་ དམའ་བ འི་ དོགས་ མ་ མཆིས ། ། དེ་ རྗེ་ མཻ་ཏྲི་ ཆེན་པོ འི་ བཞེད་པ་ ལགས ། ། མི་ ཁྱེད་ ཀྱི་ ཐུགས་ དགྱེས་ དེ་ ལ་ མཛོད ། ། ཅེས་ བླ་མ་ མི་མཉམ་རྡོ་རྗེ ས་ དབུ་ མཛད་པ འི་ མཆེད་གྲོགས་ རྣམས་ ལ་ སྐྱེས་ སུ་ ཕུལ་བ ར་ གདའ ། དེ འི་ དགུན་ རྗེ་ མར་པ ས་ ཐུགས་དགོངས་ ལྟ ར་ བལ་པོ ར་ བསྙེལ་ བསོ་ ཞིང་ བཞུགས་པ་ ལས ། དུར་ཁྲོད་ ར་མ་དོ་ལི ར ། བླ་མ་ ཡེ་རངས་པ ས་ དབང་བསྐུར་ དང་ ཚོགས་འཁོར་ མཛད་ ཅིང་ འདུག་པ འི་ ཚོགས་གྲལ་ དུ་ མར་པ་ ཡང་ སྤྱན་ དྲངས་ ཏེ་ བྱོན་པ་ ལས ། བླ་མ་ ཡེ་རངས་བ་ ན་རེ ། ལོ་ཙྪ་ ཁྱོད་ ཀྱིས་ བླ་མ་ ནཱ་རོ་པ་ དང་ ལན་ མང་ དུ་ མཇལ །" }, { "source": "ཆོས་དང་ཕྱག་ལེན་མང་པོ་ཐོབ་ཡོད་འདུག་པ་ངོ་མཚར་ཆེ། དེ་དག་བསྒོམས་པས་ཁྱེད་རང་ལ་ཉམས་རྟོགས་ཅི་འདྲ་འཁྲུངས། ནཱ་རོ་པ་ལ་ངོ་མཚར་ཆེ་བའི་ཡོན་ཏན་གང་འདྲ་མཐོང་། ཁྱེད་རང་གིས་དང་པོ་ཆོས་དང་མཇལ་ཚུལ་ལ་སོགས་པ་རྣམས་མདོར་བསྡུས་པ་ཞིག་གསུངས་དང་། ཞེས་འདྲིར་བྱུང་བའི་ལན་དུ་རྗེ་མར་པས་མགུར་འདི་བཞེངས་པར་གདའ།།།། རྗེ་གོང་མ་རྣམས་ཀྱིས་བྱིན་བརླབས་པ།། བོད་ཀྱི་སྒྲ་སྒྱུར་ལོ་ཙྪ་ང་།། སྐྱེས་པ་མོན་བོད་མཚམས་སུ་སྐྱེས།། ལས་འཕྲོ་མང་མཁར་ཕྱོགས་སུ་སད།། སྒྲ་སྒྱུར་འབྲོག་མི་ལོ་ཙྪ་ལ།། སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚང་བསླབས།། དམ་ཆོས་རྒྱ་གར་ཡུལ་ནས་བཙལ།། རྐང་པ་རླུང་གི་འཁོར་ལོ་འདིས།། ཡོང་པ་བོད་ཀྱི་ཡུལ་ནས་འོངས།། ཁོང་སངས་རྒྱས་ནཱ་རོ་པཎ་ཆེན་དང་།། ང་བོད་ཀྱི་མར་པ་ལོ་ཙྪ་གཉིས།། སངས་རྒྱས་སེམས་ཅན་གཉིས་སུ་མཇལ།། དབང་ཡོངས་སུ་རྫོགས་པ་ལན་བདུན་ཞུས།། ལར་ནི་བླ་མ་བཅུ་གསུམ་ལ།། ནཱ་རོ་མཻ་ཏྲི་ཉི་ཟླ་འདྲ།། གཙོ་བོ་ནཱ་རོ་པཎ་ཆེན་བཞུགས།། ངོ་མཚར་ཆེ་བ་འདི་འདྲ་མཐོང་།། ཤིང་ཙན་དན་སྨན་གྱི་སྡོང་པོ་ལ།། དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དང་།། ཡུམ་ལྷན་ཅིག་སྐྱེས་མའི་ཐུགས་ཀ་ནས།། ཨཥྚ་སྔགས་ཀྱི་འཁོར་ལོ་མཐོང་།། ལྟང་དགའ་ལ་ཉ་ཡི་ཁོག་པ་ནས།། རོ་བརྒྱ་ལྡན་བའི་ཁ་ཟས་དང་།། རང་བྱུང་ལོངས་སྤྱོད་རྫོགས་སྐུར་མཐོང་།། ནང་སེམས་ཉིད་ཆོས་ཀྱི་སྐུ་རུ་མཐོང་།། ཕྱི་སྣང་བ་སྤྲུལ་པའི་སྐུ་རུ་མཐོང་།། སངས་རྒྱས་ནཱ་རོའི་སྤྲུལ་པ་དེ།། བར་སྣང་ཀུན་གཤེགས་པ་མཐོང་།།", "target": "ཆོས་ དང་ ཕྱག་ལེན་ མང་པོ་ ཐོབ་ ཡོད་ འདུག་པ་ ངོ་མཚར་ ཆེ ། དེ་ དག་ བསྒོམས་པ ས་ ཁྱེད་ རང་ ལ་ ཉམས་རྟོགས་ ཅི་ འདྲ་ འཁྲུངས ། ནཱ་རོ་པ་ ལ་ ངོ་མཚར་ ཆེ་བ འི་ ཡོན་ཏན་ གང་ འདྲ་ མཐོང་ ། ཁྱེད་ རང་ གིས་ དང་པོ་ ཆོས་ དང་ མཇལ་ཚུལ་ ལ་ སོགས་པ་ རྣམས་ མདོ ར་ བསྡུས་པ་ ཞིག་ གསུངས་ དང་ ། ཞེས་ འདྲི ར་ བྱུང་བ འི་ ལན་ དུ་ རྗེ་ མར་པ ས་ མགུར་ འདི་ བཞེངས་པ ར་ གདའ ། ། ། ། རྗེ་ གོང་མ་ རྣམས་ ཀྱིས་ བྱིན་ བརླབས་པ ། ། བོད་ ཀྱི་ སྒྲ་སྒྱུར་ ལོ་ཙྪ་ ང་ ། ། སྐྱེས་པ་ མོན་བོད་ མཚམས་ སུ་ སྐྱེས ། ། ལས་འཕྲོ་ མང་མཁར་ ཕྱོགས་ སུ་ སད ། ། སྒྲ་སྒྱུར་ འབྲོག་མི་ ལོ་ཙྪ་ ལ ། ། སྒྲ་ ཐད་ ཀློག་སྐད་ ཀྱི་ ཡིག་ཚང་ བསླབས ། ། དམ་ཆོས་ རྒྱ་གར་ ཡུལ་ ནས་ བཙལ ། ། རྐང་པ་ རླུང་ གི་ འཁོར་ལོ་ འདི ས ། ། ཡོང་པ་ བོད་ ཀྱི་ ཡུལ་ ནས་ འོངས ། ། ཁོང་ སངས་རྒྱས་ ནཱ་རོ་ པཎ་ཆེན་ དང་ ། ། ང་ བོད་ ཀྱི་ མར་པ་ ལོ་ཙྪ་ གཉིས ། ། སངས་རྒྱས་ སེམས་ཅན་ གཉིས་ སུ་ མཇལ ། ། དབང་ ཡོངས་ སུ་ རྫོགས་པ་ ལན་ བདུན་ ཞུས ། ། ལ ར་ ནི་ བླ་མ་ བཅུ་ གསུམ་ ལ ། ། ནཱ་རོ་མཻ་ཏྲི་ ཉི་ཟླ་ འདྲ ། ། གཙོ་བོ་ ནཱ་རོ་ པཎ་ཆེན་ བཞུགས ། ། ངོ་མཚར་ ཆེ་བ་ འདི་ འདྲ་ མཐོང་ ། ། ཤིང་ ཙན་དན་ སྨན་ གྱི་ སྡོང་པོ་ ལ ། ། དགྱེས་རྡོར་ སྤྲུལ་པ འི་ ལྷ་ དགུ་ དང་ ། ། ཡུམ་ ལྷན་ ཅིག་ སྐྱེས་མ འི་ ཐུགས་ ཀ་ ནས ། ། ཨཥྚ་སྔགས་ ཀྱི་ འཁོར་ལོ་ མཐོང་ ། ། ལྟང་དགའ་ ལ་ ཉ་ ཡི་ ཁོག་པ་ ནས ། ། རོ་ བརྒྱ་ ལྡན་བ འི་ ཁ་ཟས་ དང་ ། ། རང་བྱུང་ ལོངས་སྤྱོད་ རྫོགས་སྐུ ར་ མཐོང་ ། ། ནང་ སེམས་ཉིད་ ཆོས་ ཀྱི་ སྐུ་ རུ་ མཐོང་ ། ། ཕྱི་ སྣང་བ་ སྤྲུལ་པ འི་ སྐུ་ རུ་ མཐོང་ ། ། སངས་རྒྱས་ ནཱ་རོ འི་ སྤྲུལ་པ་ དེ ། ། བར་སྣང་ ཀུན་ གཤེགས་པ་ མཐོང་ ། །" }, { "source": "རང་བྱུང་ཤེལ་གྱི་ཕ་བོང་ལ།། ནཱ་རོ་གཤེགས་པའི་ཞབས་རྗེས་མཐོང་།། ངོ་མཚར་དེ་ལས་ཆེ་བ་མེད།། མངའ་བདག་རྒྱལ་སྲས་མཻ་ཏྲི་པ།། ནགས་སུ་དབང་བསྐུར་མཛད་པའི་ཚེ།། དུར་ཁྲོད་རྒྱུ་བའི་ཅེ་སྤྱང་རྣམས།། དངོས་སུ་གཏོར་མ་ལེན་པ་མཐོང་།། ས་གསུམ་གནས་པའི་ཌཱ་ཀི་རྣམས།། དངོས་སུ་མཛད་སྤྱོད་བྱེད་པ་མཐོང་།། ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་འདིར།། གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད།། བག་ཆགས་རྨི་ལམ་སྣང་བ་དེ།། འོད་གསལ་ངང་དུ་ཡལ་ཏེ་ཐལ།། སྒྲོན་ཤིང་མར་མེ་མཛུབ་གང་ལ།། ཞག་བདུན་བར་དུ་སྣང་བ་བྱུང་།། ལམ་འབྲལ་མེད་སྒོམ་པའི་རྣལ་འབྱོར་བ།། མཻ་ཏྲི་ཆེན་པོའི་ཞབས་ལ་རེག། ཕ་བྲམ་ཟེ་ཆེན་པོའི་བརྒྱུད་པ་འཛིན།། ངོ་མཚར་ཆེ་བ་དེ་འདྲ་མཐོང་།། བདག་གི་རྟོགས་པ་བཤད་ན་ཡང་།། ཁྱེད་འགའི་ཐུགས་ལ་མི་ཤོང་སྟེ།། ཟུར་ཙམ་བཤད་ན་འདི་ལྟར་གདའ།། འོད་གསལ་གདེང་དང་ལྡན་ལགས་པས།། ལྟ་བ་ལ་ཕྱོགས་རིས་མེད་དོ་ཨང་།། སྒོམ་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་།། ཐུན་བཞིར་སྒོམ་དུ་མི་སྣང་གི། ཚུལ་འཆོས་རྟོགས་པ་བོར་བ་ཡིས།། མཉམ་རྗེས་རྟོག་པ་མི་འདུག་གི། རླུང་སེམས་གཉིས་ལ་དབང་ཐོབ་པས།། འཁོར་བའི་འཇིགས་པ་ཡལ་ནས་ཐལ།། དེ་རྣམས་བདག་གི་རྟོགས་པ་ལགས།། ཞེས་གསུངས་པས། དེར་ཚོགས་པ་རྣམས་རྗེ་མར་པ་ལ་བླ་མ་ལྟ་བུའི་མཐོང་སྐྱེས་སོ། དེ་ནས་དུར་ཁྲོད་དུ་ཅེ་སྤྱང་གི་སྐད་དང་འུར་སྒྲ་ཞིག་བྱུང་བས། ཁོང་རྣམས་ན་རེ། ཚོགས་སྲོད་ལ་ཐོན་པ་བྱེད་དགོས།", "target": "རང་བྱུང་ ཤེལ་ གྱི་ ཕ་བོང་ ལ ། ། ནཱ་རོ་ གཤེགས་པ འི་ ཞབས་རྗེས་ མཐོང་ ། ། ངོ་མཚར་ དེ་ ལས་ ཆེ་བ་ མེད ། ། མངའ་བདག་ རྒྱལ་སྲས་ མཻ་ཏྲི་པ ། ། ནགས་ སུ་ དབང་བསྐུར་ མཛད་པ འི་ ཚེ ། ། དུར་ཁྲོད་ རྒྱུ་བ འི་ ཅེ་སྤྱང་ རྣམས ། ། དངོས་ སུ་ གཏོར་མ་ ལེན་པ་ མཐོང་ ། ། ས་ གསུམ་ གནས་པ འི་ ཌཱ་ཀི་ རྣམས ། ། དངོས་ སུ་ མཛད་སྤྱོད་ བྱེད་པ་ མཐོང་ ། ། ཕྱི་ སྣང་བ་ སྒྱུ་མ འི་ འཁྲུལ་འཁོར་ འདི ར ། ། གཡོ་མེད་ནམ་མཁ འི་ ཁྱིམ་ དུ་ ཚུད ། ། བག་ཆགས་ རྨི་ལམ་ སྣང་བ་ དེ ། ། འོད་གསལ་ ངང་ དུ་ ཡལ་ ཏེ་ ཐལ ། ། སྒྲོན་ཤིང་མར་མེ་ མཛུབ་ གང་ ལ ། ། ཞག་ བདུན་ བར་ དུ་ སྣང་བ་ བྱུང་ ། ། ལམ་ འབྲལ་མེད་ སྒོམ་པ འི་ རྣལ་འབྱོར་བ ། ། མཻ་ཏྲི་ ཆེན་པོ འི་ ཞབས་ ལ་ རེག ། ཕ་ བྲམ་ཟེ་ ཆེན་པོ འི་ བརྒྱུད་པ་ འཛིན ། ། ངོ་མཚར་ ཆེ་བ་ དེ་ འདྲ་ མཐོང་ ། ། བདག་ གི་ རྟོགས་པ་ བཤད་ ན་ ཡང་ ། ། ཁྱེད་ འག འི་ ཐུགས་ ལ་ མི་ ཤོང་ སྟེ ། ། ཟུར་ ཙམ་ བཤད་ ན་ འདི་ ལྟ ར་ གདའ ། ། འོད་གསལ་ གདེང་ དང་ ལྡན་ ལགས་པ ས ། ། ལྟ་བ་ ལ་ ཕྱོགས་རིས་ མེད་ དོ་ ཨང་ ། ། སྒོམ་ རྒྱུན་ཆད་ མེད་པ་ ཆུ་བོ འི་ གཞུང་ ། ། ཐུན་ བཞི ར་ སྒོམ་ དུ་ མི་ སྣང་ གི ། ཚུལ་འཆོས་ རྟོགས་པ་ བོར་བ་ ཡིས ། ། མཉམ་རྗེས་ རྟོག་པ་ མི་ འདུག་ གི ། རླུང་སེམས་ གཉིས་ ལ་ དབང་ ཐོབ་པ ས ། ། འཁོར་བ འི་ འཇིགས་པ་ ཡལ་ ནས་ ཐལ ། ། དེ་ རྣམས་ བདག་ གི་ རྟོགས་པ་ ལགས ། ། ཞེས་ གསུངས་པ ས ། དེ ར་ ཚོགས་པ་ རྣམས་ རྗེ་ མར་པ་ ལ་ བླ་མ་ ལྟ་བུ འི་ མཐོང་ སྐྱེས་ སོ ། དེ་ ནས་ དུར་ཁྲོད་ དུ་ ཅེ་སྤྱང་ གི་ སྐད་ དང་ འུར་སྒྲ་ ཞིག་ བྱུང་བ ས ། ཁོང་ རྣམས་ ན་རེ ། ཚོགས་ སྲོད་ ལ་ ཐོན་པ་ བྱེད་ དགོས །" }, { "source": "དུར་ཁྲོད་འདི་ཤིན་ཏུ་གཉན་པས་མི་མ་ཡིན་གྱི་བར་ཆད་འབྱུང་ཉེན་ཡོད་ཟེར་འཇིགས་སྣང་ཆེན་པོ་བྱེད་ཅིང་འདུག་པས། རྗེ་མར་མའི་ཐུགས་དགོངས་ལ། ངའི་བླ་མ་ནཱ་རོ་མཻ་ཏྲི་ཡིན་ན་དུར་ཁྲོད་དུ་རོ་གདན་དང་། ཤ་ཆེན་དངོས་སུ་འབྱོར་ན་རབ། མ་འབྱོར་ན་ཏིང་ངེ་འཛིན་གྱིས་བསྐྱེད་ནས་ཀྱང་ལོངས་སྤྱོད་ཅིང་། ཞིང་སྐྱོང་གི་མཁའ་འགྲོ་རྣམས་མངོན་སུམ་དུ་གྲལ་ལ་བསྒྲིགས་ནས་གཏོར་མ་ལེན་པ་ལའང་མི་འཇིགས་པ་ཡིན་ཏེ། དོ་ནུབ་ཀྱི་འདི་ཀུན་ལུང་སྟོངས་གི་ཅེ་སྤྱང་གི་སྐད་དང་། འབྱུང་བའི་རང་སྒྲ་ལ་ཡང་འཇིགས་སྣང་བྱེད་པ་འདུག་སྙམ་ནས། ནཱ་རོ་མཻ་ཏྲི་གཉིས་ཀྱི་ཡོན་ཏན་ཏུར་དྲན་ཏེ། རྒྱ་གར་ནས་ཚུར་ཡོང་པ་ལ་འགྱོད་ཅིང་། སླར་ཡང་རྒྱ་གར་དུ་འབྱོན་པ་ལ་ཐུགས་ཐག་བཅད་ནས་མང་པོ་བཤུམ་ཞིང་བཞུགས་པ་ལས། དེ་ནུབ་ཐོ་རངས་ཀྱི་མཚན་ལམ་དུ་གོས་ཤིང་ལོ་གྱོན་པའི་བུད་མེད་མཛེས་མ་ཅིག་གི་ཕྱག་མར་པའི་དབུ་ཐོག་ཏུ་བཞག་ནས། ཁྱོད་རྒྱ་གར་དུ་ཕྱིན་པ་བས་བོད་དུ་ལོག་ན་འགྲོ་དོན་ཆེ་སྟེ། གདུལ་བྱ་སྐལ་སྡན་མང་པོ་ཡང་ཡོད་ཅིང་། བོད་དུ་མ་ཕྱིན་གྱི་བར་ལ་བར་ཆད་མི་འབྱུང་ངོ་ཞེས་ལུང་བསྟན་པ་ལས། མནལ་སད་པ་དང་ད་ཞིང་སྐྱོང་གི་མཁའ་འགྲོ་ནཱ་རོ་མཻ་ཏྲིའི་ཐུགས་རྗེས་བསྐུལ་ནས་བཏང་བར་ཐག་ཆོད་པས་ཐུགས་སྤྲོ་བའི་ཉམས་ཤིག་ཀྱང་ཤར་ཞིང་། བོད་ལ་འབྱོན་པར་ཐུགས་ཐག་བཅད་དེ། བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག་ཁང་ན་བླ་མ་སེན་ཏ་པ་ལས་རལ་གཅིག་མའི་མངོན་རྟོགས་དང་།", "target": "དུར་ཁྲོད་ འདི་ ཤིན་ ཏུ་ གཉན་པ ས་ མི་ མ་ ཡིན་ གྱི་ བར་ཆད་ འབྱུང་ ཉེན་ ཡོད་ ཟེར་ འཇིགས་སྣང་ ཆེན་པོ་ བྱེད་ ཅིང་ འདུག་པ ས ། རྗེ་ མར་མ འི་ ཐུགས་དགོངས་ ལ ། ང འི་ བླ་མ་ ནཱ་རོ་མཻ་ཏྲི་ ཡིན་ ན་ དུར་ཁྲོད་ དུ་ རོ་ གདན་ དང་ ། ཤ་ཆེན་ དངོས་ སུ་ འབྱོར་ ན་ རབ ། མ་ འབྱོར་ ན་ ཏིང་ངེ་འཛིན་ གྱིས་ བསྐྱེད་ ནས་ ཀྱང་ ལོངས་ སྤྱོད་ ཅིང་ ། ཞིང་སྐྱོང་ གི་ མཁའ་འགྲོ་ རྣམས་ མངོན་སུམ་ དུ་ གྲལ་ ལ་ བསྒྲིགས་ ནས་ གཏོར་མ་ ལེན་པ་ ལ འང་ མི་ འཇིགས་པ་ ཡིན་ ཏེ ། དོ་ནུབ་ ཀྱི་ འདི་ ཀུན་ ལུང་སྟོངས་ གི་ ཅེ་སྤྱང་ གི་ སྐད་ དང་ ། འབྱུང་བ འི་ རང་སྒྲ་ ལ་ ཡང་ འཇིགས་སྣང་ བྱེད་པ་ འདུག་ སྙམ་ ནས ། ནཱ་རོ་མཻ་ཏྲི་ གཉིས་ ཀྱི་ ཡོན་ཏན་ ཏུར་ དྲན་ ཏེ ། རྒྱ་གར་ ནས་ ཚུ ར་ ཡོང་པ་ ལ་ འགྱོད་ ཅིང་ ། སླ ར་ ཡང་ རྒྱ་གར་ དུ་ འབྱོན་པ་ ལ་ ཐུགས་ཐག་ བཅད་ ནས་ མང་པོ་ བཤུམ་ ཞིང་ བཞུགས་པ་ ལས ། དེ་ ནུབ་ ཐོ་རངས་ ཀྱི་ མཚན་ལམ་ དུ་ གོས་ ཤིང་ལོ་ གྱོན་པ འི་ བུད་མེད་ མཛེས་མ་ ཅིག་ གི་ ཕྱག་ མར་པ འི་ དབུ་ ཐོག་ ཏུ་ བཞག་ ནས ། ཁྱོད་ རྒྱ་གར་ དུ་ ཕྱིན་པ་ བས་ བོད་ དུ་ ལོག་ ན་ འགྲོ་དོན་ ཆེ་ སྟེ ། གདུལ་བྱ་ སྐལ་སྡན་ མང་པོ་ ཡང་ ཡོད་ ཅིང་ ། བོད་ དུ་ མ་ ཕྱིན་ གྱི་ བར་ ལ་ བར་ཆད་ མི་ འབྱུང་ ངོ་ ཞེས་ ལུང་ བསྟན་པ་ ལས ། མནལ་ སད་པ་ དང་ ད་ ཞིང་སྐྱོང་ གི་ མཁའ་འགྲོ་ ནཱ་རོ་མཻ་ཏྲི འི་ ཐུགས་རྗེ ས་ བསྐུལ་ ནས་ བཏང་བ ར་ ཐག་ ཆོད་པ ས་ ཐུགས་ སྤྲོ་བ འི་ ཉམས་ ཤིག་ ཀྱང་ ཤར་ ཞིང་ ། བོད་ ལ་ འབྱོན་པ ར་ ཐུགས་ ཐག་ བཅད་ དེ ། བལ་ཡུལ་ རིན་ཆེན་ཚུལ་ གྱི་ གཙུག་ལག་ཁང་ ན་ བླ་མ་ སེན་ཏ་པ་ ལས་ རལ་གཅིག་མ འི་ མངོན་རྟོགས་ དང་ །" }, { "source": "བདུད་རྩི་འོད་ལྡན་གྱི་སྒྲུབ་ཐབས་དང་། རྫོགས་རིམ་ཁ་འཐོར་བ་འགའ་གསན་ཅིང་བཞུགས་པ་ལས། ནུབ་གཅིག་གི་མནལ་ལམ་དུ་རྗེ་མངའ་བདག་མཻ་ཏྲི་པ་སེང་གེ་ལ་ཆིབས་ནས་ནམ་མཁའ་ལ་གཤེགས་པ་རྨིས། ཕ་རྗེ་བཙུན་ཐུགས་རྗེས་བཟུང་དུ་གསོལ། ཞེས་འོ་དོད་བོས་པ་ལས། མདུན་གྱི་ནམ་མཁའ་ལ་བྱོན་ནས་མཚོན་པའི་བརྡ་བསྟན། དཔེ་དང་བྲལ་བའི་ཆོས་གསུངས། མཐའ་ལས་འདས་པའི་དོན་རྟོགས། སྔར་མ་སྐྱེས་པའི་ཉམས་ཤར་བ་རྨིས། དེར་མནལ་སད་པ་དང་ནམ་ལངས་འདུག་པས། བླ་མ་དྲན་ནས་མང་དུ་བཤུམས། དེའི་ཕྱི་ནུབ་བླ་མ་སེན་ཏ་བ་ལ་ཆོས་ཐོན་པའི་གཏང་རག་དང་། མཻ་ཏྲི་པ་ལ་གསོལ་བ་འདེབས་པའི་ཚོགས་མཆོད་བཟང་པོ་ཞིག་བཤམས་པའི་གྲལ་དུ་སེན་ཏ་བའི་ཞལ་ནས། དོ་ནུབ་ཀྱི་ཚོགས་གྲལ་འདིར་ཁྱེད། རང་གི་ཐུགས་ལ་འཁྲུངས་པའི་མགུར་ཅིག་ཅིས་ཀྱང་ལེན་དགོས་གསུངས་པས། རྗེ་མར་པས་མཚན་ལྟས་ཟློས་པའི་མགུར། ཡིད་བྱིང་བ་གསེང་བར་བྱེད་པ་ཆུ་ལྕགས་ཟིལ་པ་ཅན་གྱི་སྐད་ལ་རྟ་དྲངས་པའི་མགུར་ཆེན་འདི་གསུངས་སོ།།།། རྗེ་སྙིང་པོའི་དོན་རྟོགས་ཆོས་ཀྱི་སྐུ།། མཚན་ཡོངས་སུ་གྲགས་པའི་མཻ་ཏྲི་པ།། ཁོང་བསམ་ཞིང་སྐུ་དྲིན་ཆེན་བོའི་ཕྱིར།། མི་ཁོ་བོས་ཡིད་ལ་ཤིན་ཏུ་གཅགས།། ང་རྩེ་གཅིག་གདུང་བ་རྒྱུན་མི་འཆད།། ཕ་བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ།། ཁྱེད་འདྲེན་པའི་བླ་མ་སྐུ་དྲིན་ཅན།། དཔལ་སེན་ཏ་པ་ཡི་དབུ་མཛད་ནས།། ཁྱེད་འདིར་བཞུགས་ཀྱི་རྣལ་འབྱོར་ཕོ་མོ་རྣམས།།", "target": "བདུད་རྩི་ འོད་ལྡན་ གྱི་ སྒྲུབ་ཐབས་ དང་ ། རྫོགས་རིམ་ ཁ་ འཐོར་བ་ འགའ་ གསན་ ཅིང་ བཞུགས་པ་ ལས ། ནུབ་ གཅིག་ གི་ མནལ་ལམ་ དུ་ རྗེ་ མངའ་བདག་ མཻ་ཏྲི་པ་ སེང་གེ་ ལ་ ཆིབས་ ནས་ ནམ་མཁའ་ ལ་ གཤེགས་པ་ རྨིས ། ཕ་ རྗེ་བཙུན་ ཐུགས་རྗེ ས་ བཟུང་ དུ་ གསོལ ། ཞེས་ འོ་དོད་ བོས་པ་ ལས ། མདུན་ གྱི་ ནམ་མཁའ་ ལ་ བྱོན་ ནས་ མཚོན་པ འི་ བརྡ་ བསྟན ། དཔེ་ དང་ བྲལ་བ འི་ ཆོས་ གསུངས ། མཐའ་ ལས་ འདས་པ འི་ དོན་ རྟོགས ། སྔ ར་ མ་ སྐྱེས་པ འི་ ཉམས་ ཤར་བ་ རྨིས ། དེ ར་ མནལ་ སད་པ་ དང་ ནམ་ལངས་ འདུག་པ ས ། བླ་མ་ དྲན་ ནས་ མང་ དུ་ བཤུམས ། དེ འི་ ཕྱི་ནུབ་ བླ་མ་ སེན་ཏ་བ་ ལ་ ཆོས་ ཐོན་པ འི་ གཏང་རག་ དང་ ། མཻ་ཏྲི་པ་ ལ་ གསོལ་བ་ འདེབས་པ འི་ ཚོགས་མཆོད་ བཟང་པོ་ ཞིག་ བཤམས་པ འི་ གྲལ་ དུ་ སེན་ཏ་བ འི་ ཞལ་ ནས ། དོ་ནུབ་ ཀྱི་ ཚོགས་གྲལ་ འདི ར་ ཁྱེད ། རང་ གི་ ཐུགས་ ལ་ འཁྲུངས་པ འི་ མགུར་ ཅིག་ ཅི ས་ ཀྱང་ ལེན་ དགོས་ གསུངས་པ ས ། རྗེ་ མར་པ ས་ མཚན་ལྟས་ ཟློས་པ འི་ མགུར ། ཡིད་ བྱིང་བ་ གསེང་བ ར་ བྱེད་པ་ ཆུ་ལྕགས་ ཟིལ་པ་ཅན་ གྱི་ སྐད་ ལ་ རྟ་ དྲངས་པ འི་ མགུར་ཆེན་ འདི་ གསུངས་ སོ ། ། ། ། རྗེ་ སྙིང་པོ འི་ དོན་ རྟོགས་ ཆོས་ ཀྱི་ སྐུ ། ། མཚན་ ཡོངས་ སུ་ གྲགས་པ འི་ མཻ་ཏྲི་པ ། ། ཁོང་ བསམ་ ཞིང་ སྐུ་དྲིན་ ཆེན་བོ འི་ ཕྱི ར ། ། མི་ ཁོ་བོ ས་ ཡིད་ ལ་ ཤིན་ ཏུ་ གཅགས ། ། ང་ རྩེ་ གཅིག་ གདུང་བ་ རྒྱུན་ མི་ འཆད ། ། ཕ་ བྱིན་ གྱིས་ རློབས་ ཤིག་ སྤྲུལ་པ འི་ སྐུ ། ། ཁྱེད་ འདྲེན་པ འི་ བླ་མ་ སྐུ་དྲིན་ཅན ། ། དཔལ་སེན་ཏ་པ་ ཡི་ དབུ་ མཛད་ ནས ། ། ཁྱེད་ འདི ར་ བཞུགས་ ཀྱི་ རྣལ་འབྱོར་ ཕོ་མོ་ རྣམས ། །" }, { "source": "གླུ་འདི་ལ་དར་ཅིག་སྙན་གསན་མཛོད།། དབྱངས་འདི་ལ་མཁའ་འགྲོའི་བྱིན་རླབས་ཆགས།། ང་མར་སྟོན་ཆོས་ཀྱི་བློ་གྲོས་འདི།། ཚེ་སུམ་ཆ་རྒྱ་གར་ཡུལ་དུ་བསྐྱལ།། ལོ་བཞི་བཅུའི་བར་དུ་ཐོས་བསམ་བྱས།། དུས་ན་ནིང་གདུག་པ་སྦྲུལ་གྱི་ལོ།། ཆོ་འཕྲུལ་ཁྲ་ཡི་ཟླ་བ་ལ།། མི་ཁོ་བོས་ལམ་ལ་ཞུགས་ནས་མཆིས།། ཆུ་འཇིགས་སུ་རུང་བའི་གང་ག་བརྒལ།། རིགས་ངན་ཤི་སྐྱིད་ཀྱི་ཇག་པ་གཉིས།། ཆུ་ལ་ཉ་ལྟར་འཛུམ་ཞིང་བྱུང་།། ཐང་ལ་རྟ་ལྟར་རྒྱུག་ཅིང་བྱུང་།། ཚེ་སྔ་ཕྱི་དྲན་པའི་དངངས་སྐྲག་མྱོང་།། ཕ་རྗེ་བཙུན་སྤྱི་བོར་བསྒོམས་པ་ལས།། ཁོང་ཡང་ཡང་ལྟ་ཞིང་ལོག་ནས་ཐལ།། སྲོག་ཆུ་ནས་བཏོན་ནོ་སྐུ་དྲིན་ཅན།། ཕ་ཁྱེད་ཀྱི་དྲིན་ལ་འཁོར་ཐབས་མེད།། དུས་ཁ་སང་ཟླ་བ་སྔ་མ་ཡི།། ཁྱད་པར་ཡར་ངོའི་ཚེས་བཅུ་ལ།། དུར་ཁྲོད་ར་མ་དོ་ལི་དེར།། བླ་མ་མཉེས་པའི་མཆོད་པ་ཕུལ།། མཁའ་འགྲོ་མཉེས་པའི་ཚོགས་འཁོར་བསྐོར།། ཁོང་དེར་འཚོགས་ཀྱི་རྣལ་འབྱོར་མཐོང་བའི་ཚེ།། རྗེ་ནཱ་རོ་མཻ་ཏྲི་ཏུར་གྱིས་དྲན།། ཐུགས་བརྩེ་བས་འབྲལ་མེད་བསྐྱངས་པའི་ཕྱིར།། སའི་མཛད་སྤྱོད་བསམས་ཞིང་ཡིད་ལ་དྲན།། སེམས་གདུང་པས་མ་བཟོད་མཆི་མ་ཤོར།། སླར་རྒྱ་གར་ཡུལ་དུ་ལྡོག་གམ་བསམ།། ནམ་ཐོ་རངས་ཐམ་ཐུམ་རྨི་ལམ་ན།། གོས་ཤིང་ལོ་གྱོན་པའི་བུད་མེད་ཅིག། ཕྱག་གཡས་པ་བརྐྱང་མཛད་སོར་མོ་རྣམས།། མི་ཁོ་བོའི་མགོ་ལ་རེག་མཛད་དེ།། ཁྱོད་རྒྱ་གར་ཡུལ་དུ་མ་ལྡོག་པར།། སླར་བོད་ཡུལ་དབུས་སུ་སོངས་ཤོག་གསུངས།། ལྗོངས་ཁ་བ་ཅན་དུ་མ་ཕྱིན་བར།།", "target": "གླུ་ འདི་ ལ་ དར་ ཅིག་ སྙན་ གསན་ མཛོད ། ། དབྱངས་ འདི་ ལ་ མཁའ་འགྲོ འི་ བྱིན་རླབས་ ཆགས ། ། ང་ མར་སྟོན་ ཆོས་ ཀྱི་ བློ་གྲོས་ འདི ། ། ཚེ་ སུམ་ཆ་ རྒྱ་གར་ ཡུལ་ དུ་ བསྐྱལ ། ། ལོ་ བཞི་ བཅུ འི་ བར་ དུ་ ཐོས་བསམ་ བྱས ། ། དུས་ ན་ནིང་ གདུག་པ་སྦྲུལ་ གྱི་ ལོ ། ། ཆོ་འཕྲུལ་ ཁྲ་ ཡི་ ཟླ་བ་ ལ ། ། མི་ ཁོ་བོ ས་ ལམ་ ལ་ ཞུགས་ ནས་ མཆིས ། ། ཆུ་ འཇིགས་ སུ་ རུང་བ འི་ གང་ག་ བརྒལ ། ། རིགས་ངན་ ཤི་སྐྱིད་ ཀྱི་ ཇག་པ་ གཉིས ། ། ཆུ་ ལ་ ཉ་ ལྟ ར་ འཛུམ་ ཞིང་ བྱུང་ ། ། ཐང་ ལ་ རྟ་ ལྟ ར་ རྒྱུག་ ཅིང་ བྱུང་ ། ། ཚེ་ སྔ་ཕྱི་ དྲན་པ འི་ དངངས་སྐྲག་ མྱོང་ ། ། ཕ་ རྗེ་བཙུན་ སྤྱི་བོ ར་ བསྒོམས་པ་ ལས ། ། ཁོང་ ཡང་ ཡང་ ལྟ་ ཞིང་ ལོག་ ནས་ ཐལ ། ། སྲོག་ ཆུ་ ནས་ བཏོན་ ནོ་ སྐུ་དྲིན་ཅན ། ། ཕ་ ཁྱེད་ ཀྱི་ དྲིན་ ལ་ འཁོར་ཐབས་ མེད ། ། དུས་ ཁ་སང་ ཟླ་བ་ སྔ་མ་ ཡི ། ། ཁྱད་པ ར་ ཡར་ངོ འི་ ཚེས་ བཅུ་ ལ ། ། དུར་ཁྲོད་ ར་མ་དོ་ལི་ དེ ར ། ། བླ་མ་ མཉེས་པ འི་ མཆོད་པ་ ཕུལ ། ། མཁའ་འགྲོ་ མཉེས་པ འི་ ཚོགས་འཁོར་ བསྐོར ། ། ཁོང་ དེ ར་ འཚོགས་ ཀྱི་ རྣལ་འབྱོར་ མཐོང་བ འི་ ཚེ ། ། རྗེ་ ནཱ་རོ་མཻ་ཏྲི་ ཏུར་ གྱིས་ དྲན ། ། ཐུགས་ བརྩེ་བ ས་ འབྲལ་མེད་ བསྐྱངས་པ འི་ ཕྱི ར ། ། ས འི་ མཛད་སྤྱོད་ བསམས་ ཞིང་ ཡིད་ ལ་ དྲན ། ། སེམས་ གདུང་པ ས་ མ་ བཟོད་ མཆི་མ་ ཤོར ། ། སླ ར་ རྒྱ་གར་ ཡུལ་ དུ་ ལྡོག་ གམ་ བསམ ། ། ནམ་ ཐོ་རངས་ ཐམ་ཐུམ་རྨི་ལམ་ ན ། ། གོས་ ཤིང་ལོ་ གྱོན་པ འི་ བུད་མེད་ ཅིག ། ཕྱག་ གཡས་པ་ བརྐྱང་ མཛད་ སོར་མོ་ རྣམས ། ། མི་ ཁོ་བོ འི་ མགོ་ ལ་ རེག་ མཛད་ དེ ། ། ཁྱོད་ རྒྱ་གར་ ཡུལ་ དུ་ མ་ ལྡོག་པ ར ། ། སླ ར་ བོད་ཡུལ་ དབུས་ སུ་ སོངས་ ཤོག་ གསུངས ། ། ལྗོངས་ ཁ་བ་ཅན་ དུ་ མ་ ཕྱིན་བ ར ། །" }, { "source": "ཕྱི་ནང་གི་བར་ཆད་མི་འབྱུང་ཞིང་།། གདུལ་བྱ་སྣོད་ལྡན་ཡོད་དོ་ཞེས།། ལུང་བསྟན་བྱིན་གྱིས་བརླབས་པར་མཛད།། དེ་ཞིང་སྐྱོང་གི་མཁའ་འགྲོ་ཡིན་པར་ངེས།། དེ་ཡང་རྗེ་བཙུན་ཁྱེད་ཀྱི་དྲིན།། མདང་བག་ཆགས་གཉིད་ཀྱི་རྨི་ལམ་ན།། རྗེ་མངའ་བདག་རྒྱལ་སྲས་མཻ་ཏྲི་པ།། ཁོང་སེང་གེ་ཆིབས་ནས་མཁའ་ལ་གཤེགས།། མི་ཁོ་བོའི་མདུན་དུ་བྱོན་ནས་ཀྱང་།། སྐྱེ་མེད་མཚོན་པའི་བརྡ་གསུམ་བསྟན།། ཡི་གེ་མེད་པའི་ཆོས་གཅིག་གསུངས། བརྗོད་དུ་མེད་པའི་དོན་གཅིག་རྟོགས།། སྔོན་ཆད་མེད་པའི་ཉམས་གཅིག་ཤར།། ནམ་ལངས་གཉིད་དེ་སད་ཙ་ན།། རྗེ་ཡང་ཡང་དྲན་ནོ་མཻ་ཏྲི་པ།། མི་ཁོ་བོའི་མིག་སྔར་འབྲལ་མ་ཕོད།། གདོང་མཆི་མས་གང་བའི་ངུ་འབོད་ཤོར།། དབུགས་ཁ་ནས་མ་ཐོན་བྱང་ཁོག་རྒྱངས།། ཕ་སྙིང་ལ་འདོད་དོ་སྐོམ་ཆུ་ལྟར།། མི་ཁོ་བོའི་གདུང་སེམས་མཁྱེན་ལགས་སམ།། ཕ་ཡིས་ལམ་སྣ་དྲོངས་ཤིག་སྤྲུལ་པའི་སྐུ།། ལར་རྨི་ལམ་བག་ཆགས་ཡིན་མོད་ཀྱང་།། ཕ་རྗེ་བཙུན་བྱོན་པ་ངོ་མཚར་ཆེ།། སེམས་དགའ་ལ་མི་དགའ་མཐོ་དམན་བྱུང་།། ཁྱེད་འདིར་བཞུགས་ཀྱི་སྙན་དུ་ཞུས་པ་ལགས།། ཞེས་གསུངས་པ་དང་། ཡང་བླ་མ་སེན་ཏ་བས། རྗེ་མར་པ་ལ་བྲོད་པ་བསྐྱེད་ཅིང་། བླ་མའི་ངོ་བོ་གཅིག་ལ་རང་རང་གི་མཐོང་སྣང་ལྟར་ལས་ཡོན་ཏན་ཐ་དད་དུ་འབྱུང་བ་དང་། རྨི་ལམ་དེ་རྣམས་ཇི་ལྟར་བྱུང་ཚུལ་དྲི་བའི་ཕྱིར་ལན་གསུངས་པ། གྲོགས་སྙིང་དང་འདྲ་བའི་ལོ་ཙྪ་བ།། བུ་ཁྱེད་ལ་དད་པ་གཏིང་ནས་ཡོད།། གཞི་རང་དབང་ཐོབ་པའི་འདུན་པ་ཡོད།།", "target": "ཕྱི་ནང་ གི་ བར་ཆད་ མི་ འབྱུང་ ཞིང་ ། ། གདུལ་བྱ་ སྣོད་ལྡན་ ཡོད་ དོ་ ཞེས ། ། ལུང་བསྟན་ བྱིན་ གྱིས་ བརླབས་པ ར་ མཛད ། ། དེ་ ཞིང་སྐྱོང་ གི་ མཁའ་འགྲོ་ ཡིན་པ ར་ ངེས ། ། དེ་ ཡང་ རྗེ་བཙུན་ ཁྱེད་ ཀྱི་ དྲིན ། ། མདང་ བག་ཆགས་ གཉིད་ ཀྱི་ རྨི་ལམ་ ན ། ། རྗེ་ མངའ་བདག་ རྒྱལ་སྲས་ མཻ་ཏྲི་པ ། ། ཁོང་ སེང་གེ་ ཆིབས་ ནས་ མཁའ་ ལ་ གཤེགས ། ། མི་ ཁོ་བོ འི་ མདུན་ དུ་ བྱོན་ ནས་ ཀྱང་ ། ། སྐྱེ་མེད་ མཚོན་པ འི་ བརྡ་ གསུམ་ བསྟན ། ། ཡི་གེ་ མེད་པ འི་ ཆོས་ གཅིག་ གསུངས ། བརྗོད་ དུ་ མེད་པ འི་ དོན་ གཅིག་ རྟོགས ། ། སྔོན་ཆད་ མེད་པ འི་ ཉམས་ གཅིག་ ཤར ། ། ནམ་ལངས་ གཉིད་ དེ་ སད་ ཙ་ ན ། ། རྗེ་ ཡང་ ཡང་ དྲན་ ནོ་ མཻ་ཏྲི་པ ། ། མི་ ཁོ་བོ འི་ མིག་ སྔ ར་ འབྲལ་ མ་ ཕོད ། ། གདོང་ མཆི་མ ས་ གང་བ འི་ ངུ་འབོད་ ཤོར ། ། དབུགས་ ཁ་ ནས་ མ་ ཐོན་ བྱང་ཁོག་ རྒྱངས ། ། ཕ་ སྙིང་ ལ་ འདོད་ དོ་ སྐོམ་ ཆུ་ ལྟ ར ། ། མི་ ཁོ་བོ འི་ གདུང་སེམས་ མཁྱེན་ ལགས་ སམ ། ། ཕ་ ཡིས་ ལམ་སྣ་ དྲོངས་ ཤིག་ སྤྲུལ་པ འི་ སྐུ ། ། ལ ར་ རྨི་ལམ་ བག་ཆགས་ ཡིན་ མོད་ ཀྱང་ ། ། ཕ་ རྗེ་བཙུན་ བྱོན་པ་ ངོ་མཚར་ ཆེ ། ། སེམས་ དགའ་ ལ་ མི་ དགའ་ མཐོ་དམན་ བྱུང་ ། ། ཁྱེད་ འདི ར་ བཞུགས་ ཀྱི་ སྙན་ དུ་ ཞུས་པ་ ལགས ། ། ཞེས་ གསུངས་པ་ དང་ ། ཡང་ བླ་མ་ སེན་ཏ་བ ས ། རྗེ་ མར་པ་ ལ་ བྲོད་པ་ བསྐྱེད་ ཅིང་ ། བླ་མ འི་ ངོ་བོ་ གཅིག་ ལ་ རང་ རང་ གི་ མཐོང་སྣང་ ལྟ ར་ ལས་ ཡོན་ཏན་ ཐ་དད་ དུ་ འབྱུང་བ་ དང་ ། རྨི་ལམ་ དེ་ རྣམས་ ཇི་ ལྟ ར་ བྱུང་ཚུལ་ དྲི་བ འི་ ཕྱི ར་ ལན་ གསུངས་པ ། གྲོགས་ སྙིང་ དང་ འདྲ་བ འི་ ལོ་ཙྪ་བ ། ། བུ་ ཁྱེད་ ལ་ དད་པ་ གཏིང་ ནས་ ཡོད ། ། གཞི་རང་དབང་ ཐོབ་པ འི་ འདུན་པ་ ཡོད ། །" }, { "source": "ཡིད་ལྷག་པར་བརྩེ་བའི་སྙིང་རྗེ་ཡོད།། རྒྱུད་ཡོངས་སུ་དག་པའི་སེམས་བསྐྱེད་ཡོད།། རིགས་ཁྱད་པར་ཅན་གྱི་སྐྱེས་བུ་ཁྱོད།། སྔོན་ཆད་བླ་མ་མ་བརྙས་པས།། ད་ལྟ་གྲུབ་ཐོབ་དངོས་དང་མཇལ།། དེ་ཡང་གྲོགས་པོ་ང་ཡི་དྲིན། བྱས་པ་དྲིན་གཟོ་ཡོད་པའི་ཕྱིར།། མིང་ཡང་གཙུག་གི་ནོར་བུར་མཐོང་།། བུ་བྱས་པ་ཤེས་པ་ངོ་མཚར་ཆེ།། གསང་སྔགས་རྒྱལ་པོ་མཆོག་གི་ལམ།། བགྲོད་པ་ཀུན་གྱི་གཞིར་གྱུར་པ།། ལྟག་པའི་དམ་ཚིག་ཁྱེད་ལ་ཡོད།། ལྷ་དང་མཁའ་འགྲོས་རྗེས་གནང་ཞིང་།། བླ་མའི་མན་ངག་སྙིང་ལ་ཞུགས།། དུས་འདིར་བདེ་བ་ཐོབ་པར་རིགས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། དངོས་སྒྲུབ་ཀྱི་རྩ་བ་བླ་མ་རྗེ།། སྤྲུལ་སྐུ་མཆོག་གི་རྗེ་བཙུན་ལ།། ནམ་མཁའ་ལྟ་བུར་ངོ་ཤེས་ན།། སྐྱེ་བ་མེད་པའི་དོན་རྟོགས་འགྱུར།། ཉི་མ་ལྟ་བུར་ངོ་ཤེས་ན།། གདལ་བའི་སྙིང་རྗེ་ཆེན་པོ་འབྱུང་།། ཟླ་བ་ལྟ་བུར་ངོ་ཤེས་ན།། ཉོན་མོངས་གདུང་བ་སེལ་བར་བྱེད།། རྒྱ་མཚོ་ལྟ་བུར་ངོ་ཤེས་ན།། མི་གཡོ་མཆོག་གི་ཏིང་འཛིན་བརྙེས།། ནོར་བུ་ལྟ་བུར་ངོ་ཤེས་ན།། དགོས་འདོད་རེ་བ་ལྷུན་གྱིས་གྲུབ།། དེད་དཔོན་ལྟ་བུར་ངོ་ཤེས་ན།། ཐར་པའི་རིན་ཆེན་གླིང་དུ་སྐྱེལ།། དམག་དཔོན་ལྟ་བུར་ངོ་ཤེས་ན།། ལོག་ལྟ་དགྲ་ཡི་གཡུལ་ངོ་འཇོམས།། རལ་གྲི་ལྟ་བུར་ངོ་ཤེས་ན།། དངོས་འཛིན་འཆིང་བ་གཅོད་པར་བྱེད།། འཁོར་ལོ་ལྟ་བུར་ངོ་ཤེས་ན།། མཐའ་ལ་མི་གནས་དོན་རྟོགས་འགྱུར།། སེང་གེ་ལྟ་བུར་ངོ་ཤེས་ན།། གཟུང་འཛིན་རི་དྭགས་ཟིལ་གྱིས་གནོན།། གླང་པོ་ལྟ་བུར་ངོ་ཤེས་ན།། ཉམ་ངའི་བདུད་ལས་ཐར་བར་བྱེད།། རྟ་མཆོག་ལྟ་བུར་ངོ་ཤེས་ན།། མྱ་ངན་འདས་པའི་དབྱིངས་སུ་སྐྱེལ།།", "target": "ཡིད་ ལྷག་པ ར་ བརྩེ་བ འི་ སྙིང་རྗེ་ ཡོད ། ། རྒྱུད་ ཡོངས་ སུ་ དག་པ འི་ སེམས་བསྐྱེད་ ཡོད ། ། རིགས་ ཁྱད་པར་ཅན་ གྱི་ སྐྱེས་བུ་ ཁྱོད ། ། སྔོན་ཆད་ བླ་མ་ མ་ བརྙས་པ ས ། ། ད་ ལྟ་ གྲུབ་ཐོབ་ དངོས་ དང་ མཇལ ། ། དེ་ ཡང་ གྲོགས་པོ་ ང་ ཡི་ དྲིན ། བྱས་པ་ དྲིན་གཟོ་ ཡོད་པ འི་ ཕྱི ར ། ། མིང་ ཡང་ གཙུག་ གི་ ནོར་བུ ར་ མཐོང་ ། ། བུ་ བྱས་པ་ ཤེས་པ་ ངོ་མཚར་ ཆེ ། ། གསང་སྔགས་རྒྱལ་པོ་ མཆོག་ གི་ ལམ ། ། བགྲོད་པ་ ཀུན་ གྱི་ གཞི ར་ གྱུར་པ ། ། ལྟག་པ འི་ དམ་ཚིག་ ཁྱེད་ ལ་ ཡོད ། ། ལྷ་ དང་ མཁའ་འགྲོ ས་ རྗེས་ གནང་ ཞིང་ ། ། བླ་མ འི་ མན་ངག་ སྙིང་ ལ་ ཞུགས ། ། དུས་ འདི ར་ བདེ་བ་ ཐོབ་པ ར་ རིགས ། ། དུས་གསུམ་སངས་རྒྱས་ ཐམས་ཅད་ ཀྱི ། ། དངོས་སྒྲུབ་ ཀྱི་ རྩ་བ་ བླ་མ་ རྗེ ། ། སྤྲུལ་སྐུ་ མཆོག་ གི་ རྗེ་བཙུན་ ལ ། ། ནམ་མཁའ་ ལྟ་བུ ར་ ངོ་ ཤེས་ ན ། ། སྐྱེ་བ་ མེད་པ འི་ དོན་ རྟོགས་ འགྱུར ། ། ཉི་མ་ ལྟ་བུ ར་ ངོ་ ཤེས་ ན ། ། གདལ་བ འི་ སྙིང་རྗེ་ ཆེན་པོ་ འབྱུང་ ། ། ཟླ་བ་ ལྟ་བུ ར་ ངོ་ ཤེས་ ན ། ། ཉོན་མོངས་ གདུང་བ་ སེལ་བ ར་ བྱེད ། ། རྒྱ་མཚོ་ ལྟ་བུ ར་ ངོ་ ཤེས་ ན ། ། མི་གཡོ་ མཆོག་ གི་ ཏིང་འཛིན་ བརྙེས ། ། ནོར་བུ་ ལྟ་བུ ར་ ངོ་ ཤེས་ ན ། ། དགོས་ འདོད་ རེ་བ་ ལྷུན་ གྱིས་ གྲུབ ། ། དེད་དཔོན་ ལྟ་བུ ར་ ངོ་ ཤེས་ ན ། ། ཐར་པ འི་ རིན་ཆེན་གླིང་ དུ་ སྐྱེལ ། ། དམག་དཔོན་ ལྟ་བུ ར་ ངོ་ ཤེས་ ན ། ། ལོག་ལྟ་ དགྲ་ ཡི་ གཡུལ་ངོ་ འཇོམས ། ། རལ་གྲི་ ལྟ་བུ ར་ ངོ་ ཤེས་ ན ། ། དངོས་འཛིན་ འཆིང་བ་ གཅོད་པ ར་ བྱེད ། ། འཁོར་ལོ་ ལྟ་བུ ར་ ངོ་ ཤེས་ ན ། ། མཐའ་ ལ་ མི་ གནས་ དོན་ རྟོགས་ འགྱུར ། ། སེང་གེ་ ལྟ་བུ ར་ ངོ་ ཤེས་ ན ། ། གཟུང་འཛིན་རི་དྭགས་ ཟིལ་ གྱིས་ གནོན ། ། གླང་པོ་ ལྟ་བུ ར་ ངོ་ ཤེས་ ན ། ། ཉམ་ ང འི་ བདུད་ ལས་ ཐར་བ ར་ བྱེད ། ། རྟ་མཆོག་ ལྟ་བུ ར་ ངོ་ ཤེས་ ན ། ། མྱ་ངན་ འདས་པ འི་ དབྱིངས་ སུ་ སྐྱེལ ། །" }, { "source": "རྒྱལ་པོ་ལྟ་བུར་ངོ་ཤེས་ན།། ཀུན་གྱིས་མཆོད་ཅིང་བཀུར་བར་བྱེད།། རིགས་ལྡན་ཁྱེད་ཀྱིས་གང་མཐོང་བ།། དྲིན་ཅན་ཕ་ལྟར་ངོ་ཤེས་པས།། ཆོས་ཀྱི་རྒྱལ་སྲིད་རྒྱུན་མི་ཆད།། བུ་ཁྱོད་ཀྱི་བག་ཆགས་རྨི་ལམ་ན།། རྗེ་མངའ་བདག་ཆེན་པོ་བྱོན་ནས་ཀྱང་།། སྐྱེ་མེད་མཚོན་པའི་བརྡ་བསྟན་ཞིང་།། ཡི་གེ་མེད་པའི་ཆོས་གསུངས་པས།། མཐའ་ལས་འདས་པའི་དོན་རྟོགས་ནས།། སྔར་མ་སྐྱེས་པའི་ཉམས་ཤར་བ།། དེ་དོན་གང་ལགས་སྨྲ་བར་རིག།། ཞེས་གསུངས་པས། ཡང་རྗེ་མར་པས། རྨི་ལམ་དུ་གསན་ཞིང་ཐུགས་ཉམས་སུ་བྱོན་པ་རྣམས། བླ་མ་སེན་ཏ་བས་དབུ་མཛད་པའི་མཆེད་གྲོགས་རྣམས་ལ་རྟོགས་པར་ཕུལ་བ།།།། རྗེ་བརྟུལ་ཞུགས་སྤྱོད་པའི་སེན་ཏ་པ།། མཚན་ལྷ་ཡིས་ལུང་བསྟན་ངོ་མཚར་ཆེ།། དཔལ་གཉིས་མེད་རོལ་པའི་ཕྱག་འོག་ན།། སེམས་ཐ་དད་མེད་པའི་རྡོ་རྗེའི་སྤུན།། ཤྲཱི་གུན་མ་དྷིས་དབུ་།། མཛད་གྲལ་གཡས་ལ་བཞུགས་པའི་དཔའ་བོ་གསོན།། དེ་འོག་སྦས་པའི་རྣལ་འབྱོར་མ།། ལྕམ་སུ་ཀ་བདྲ་དབུ་།། མཛད་གྲལ་གཡོན་ན་བཞུགས་པའི་དཔའ་མོ་གསོན།། སྤྱིར་ཆོས་རྣམས་ཐམས་ཅད་སྒྱུ་མ་སྟེ།། རྨི་ལམ་སྒྱུ་མ་ཁྱད་པར་འཕགས།། ནམ་སྲོད་ལ་བག་ཆགས་རྨི་ལམ་བྱུང་།། དེ་ལ་བཟའ་གཏད་ཅི་ཡང་མེད།། ནམ་གུང་བདུད་ཀྱི་སྤྲུལ་པ་སྟོན།། དེ་ལ་ཡིད་བརྟན་བྱར་མི་རུང་།། ཐོ་རངས་ལྷ་ཡི་ལུང་བསྟན་པ།། ཆེ་ན་ངོ་མཚར་དེ་ཆེ་མོད། དགུང་ད་ནང་སྐྱ་རེངས་ཤར་བ་ལ།། རྗེ་མངའ་བདག་ཆེན་པོ་བྱོན་ནས་ཀྱང་།། མཐར་ཐུག་སྟོན་པའི་ཆོས་གསུངས་པ།།", "target": "རྒྱལ་པོ་ ལྟ་བུ ར་ ངོ་ ཤེས་ ན ། ། ཀུན་ གྱིས་ མཆོད་ ཅིང་ བཀུར་བ ར་ བྱེད ། ། རིགས་ལྡན་ ཁྱེད་ ཀྱིས་ གང་ མཐོང་བ ། ། དྲིན་ཅན་ ཕ་ ལྟ ར་ ངོ་ ཤེས་པ ས ། ། ཆོས་ ཀྱི་ རྒྱལ་སྲིད་ རྒྱུན་ མི་ ཆད ། ། བུ་ ཁྱོད་ ཀྱི་ བག་ཆགས་ རྨི་ལམ་ ན ། ། རྗེ་ མངའ་བདག་ ཆེན་པོ་ བྱོན་ ནས་ ཀྱང་ ། ། སྐྱེ་མེད་ མཚོན་པ འི་ བརྡ་ བསྟན་ ཞིང་ ། ། ཡི་གེ་ མེད་པ འི་ ཆོས་ གསུངས་པ ས ། ། མཐའ་ ལས་ འདས་པ འི་ དོན་ རྟོགས་ ནས ། ། སྔ ར་ མ་ སྐྱེས་པ འི་ ཉམས་ ཤར་བ ། ། དེ་ དོན་ གང་ ལགས་ སྨྲ་བ ར་ རིག ། ། ཞེས་ གསུངས་པ ས ། ཡང་ རྗེ་ མར་པ ས ། རྨི་ལམ་ དུ་ གསན་ ཞིང་ ཐུགས་ ཉམས་ སུ་ བྱོན་པ་ རྣམས ། བླ་མ་ སེན་ཏ་བ ས་ དབུ་ མཛད་པ འི་ མཆེད་གྲོགས་ རྣམས་ ལ་ རྟོགས་པ ར་ ཕུལ་བ ། ། ། ། རྗེ་ བརྟུལ་ཞུགས་ སྤྱོད་པ འི་ སེན་ཏ་པ ། ། མཚན་ ལྷ་ ཡིས་ ལུང་བསྟན་ ངོ་མཚར་ ཆེ ། ། དཔལ་གཉིས་མེད་རོལ་པ འི་ ཕྱག་ འོག་ ན ། ། སེམས་ ཐ་དད་ མེད་པ འི་ རྡོ་རྗེ འི་ སྤུན ། ། ཤྲཱི་གུན་མ་དྷི ས་ དབུ་ ། ། མཛད་ གྲལ་གཡས་ ལ་ བཞུགས་པ འི་ དཔའ་བོ་ གསོན ། ། དེ་ འོག་ སྦས་པ འི་ རྣལ་འབྱོར་མ ། ། ལྕམ་ སུ་ཀ་བདྲ་ དབུ་ ། ། མཛད་ གྲལ་གཡོན་ ན་ བཞུགས་པ འི་ དཔའ་མོ་ གསོན ། ། སྤྱི ར་ ཆོས་ རྣམས་ ཐམས་ཅད་ སྒྱུ་མ་ སྟེ ། ། རྨི་ལམ་སྒྱུ་མ་ ཁྱད་པ ར་ འཕགས ། ། ནམ་སྲོད་ ལ་ བག་ཆགས་ རྨི་ལམ་ བྱུང་ ། ། དེ་ ལ་ བཟའ་གཏད་ ཅི་ ཡང་ མེད ། ། ནམ་གུང་ བདུད་ ཀྱི་ སྤྲུལ་པ་ སྟོན ། ། དེ་ ལ་ ཡིད་བརྟན་ བྱ ར་ མི་ རུང་ ། ། ཐོ་རངས་ ལྷ་ ཡི་ ལུང་ བསྟན་པ ། ། ཆེ་ ན་ ངོ་མཚར་ དེ་ ཆེ་ མོད ། དགུང་ ད་ ནང་ སྐྱ་རེངས་ ཤར་བ་ ལ ། ། རྗེ་ མངའ་བདག་ ཆེན་པོ་ བྱོན་ ནས་ ཀྱང་ ། ། མཐ ར་ ཐུག་ སྟོན་པ འི་ ཆོས་ གསུངས་པ ། །" }, { "source": "ད་མ་བརྗེད་དྲན་པ་འདི་ལྟར་གདའ།། སྤྱིར་ཆོས་རྣམས་ཐམས་ཅད་སེམས་ཉིད་དེ།། རང་སེམས་ཉིད་ལས་བླ་མ་བྱུང་།། སེམས་ལས་གུད་ན་གཞན་མེད་པས།། ཅིར་སྣང་ཐམས་ཅད་སེམས་ཀྱི་ངང་།། དེ་ཡང་གདོད་ནས་མ་གྲུབ་པ།། མ་སྐྱེས་གཉུག་མའི་གནས་ལུགས་ལས།། རྣམ་རྟོག་རྩོལ་བས་སྤང་དུ་མེད།། མ་བཅིངས་རང་སོ་ལྷུག་པར་ཞོགས།། དེ་ཉིད་བརྡ་ཡིས་མཚོན་པའི་ཕྱིར།། མི་རོ་གདོལ་པ་ཁྱི་དང་ཕག། བུ་ཆུང་སྨྱོན་པ་གླང་ཆེན་དང་།། ནོར་བུ་རིན་ཆེན་ཨུད་པ་ལ།། དངུལ་ཆུ་རི་དྭགས་སེང་གེ་དང་།། བྲམ་ཟེ་ཁྲི་སྙན་མཐོང་ངམ་གསུངས།། བརྡ་ཡིས་མཚོན་པའི་དོན་རྟོགས་པ།། འཁོར་འདས་གཉིས་སུ་མི་འཛིན་ཅིང་།། སྤང་བླང་རྒྱུད་ལ་མི་སྦྱོར་བ།། གཞན་ནས་འབྲས་བུ་མི་རེ་ཞིང་།། མེད་ལ་བྱར་མེད་སྦྲོས་དང་བྲལ།། མཐའ་བཞི་དག་ཏུ་ལྷུང་བ་མེད།། སྒོམ་དུ་མེད་ཅིང་ཡེངས་སུ་མེད།། དྲན་དུ་མེད་ཅིང་བརྗོད་དུའང་མེད།། གང་གིས་ཀྱང་ནི་མཚོན་དུ་མེད།། བླ་མའི་དྲིན་གྱིས་དེ་ལྟར་རྟོགས།། དེ་དོན་རྟོགས་པའི་ཉམས་ཤར་བས།། སེམས་དང་སེམས་བྱུང་འགགས་པ་ཡི།། དབྱིངས་དང་རིག་པ་དབྱེར་མེད་དེ།། སྐྱོན་དང་ཡོན་ཏན་སྐྱེ་བྲི་མེད།། བདེ་སྟོང་གསལ་ལ་མ་འགགས་པ།། འོད་གསལ་འགྲོ་འོང་མེད་པར་ཤར།། གཉུག་མ་ངོ་སྤྲོད་ལྟ་བའི་གནད།། སྐྱེ་མེད་མཚོན་པའི་བརྡ་དོན་རྣམས།། རྗེ་མངའ་བདག་ཆེན་པོའི་ཞལ་ནས་ཐོས།། ངག་བརྗོད་པ་གླུ་རུ་མི་བླང་དུ།། རྗེ་གོང་དུ་བཀའ་ནན་ཆེས་པ་དང་།། མཆེད་གྲོགས་རྣམས་ཀྱི་ཞལ་མ་ལྕོག། མཁའ་འགྲོས་ཀོ་ལོང་མི་མཛད་ཞུ།། ཞེས་སེན་ཏ་པས་དབུ་མཛད་པའི་མཆེད་གྲོགས་རྣམས་ལ་བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག་ཁང་དུ་མངའ་བདག་མཻ་ཏྲི་པ་རྨི་ལམ་དུ་བྱོན་ནས་ཕྱག་རྒྱ་ཆེན་པོ་བརྡའི་དོན་བསྟན་པ་རྣམས་མགུར་དུ་བཞེངས་པའོ།།", "target": "ད་ མ་ བརྗེད་ དྲན་པ་ འདི་ ལྟ ར་ གདའ ། ། སྤྱི ར་ ཆོས་ རྣམས་ ཐམས་ཅད་ སེམས་ཉིད་ དེ ། ། རང་སེམས་ཉིད་ ལས་ བླ་མ་ བྱུང་ ། ། སེམས་ ལས་ གུད་ ན་ གཞན་ མེད་པ ས ། ། ཅི ར་ སྣང་ ཐམས་ཅད་ སེམས་ ཀྱི་ ངང་ ། ། དེ་ ཡང་ གདོད་ ནས་ མ་ གྲུབ་པ ། ། མ་ སྐྱེས་ གཉུག་མ འི་ གནས་ལུགས་ ལས ། ། རྣམ་རྟོག་རྩོལ་བ ས་ སྤང་ དུ་ མེད ། ། མ་ བཅིངས་ རང་སོ་ ལྷུག་པ ར་ ཞོགས ། ། དེ་ ཉིད་ བརྡ་ ཡིས་ མཚོན་པ འི་ ཕྱི ར ། ། མི་རོ་ གདོལ་པ་ ཁྱི་ དང་ ཕག ། བུ་ཆུང་ སྨྱོན་པ་ གླང་ཆེན་ དང་ ། ། ནོར་བུ་ རིན་ཆེན་ ཨུད་པ་ལ ། ། དངུལ་ཆུ་ རི་དྭགས་ སེང་གེ་ དང་ ། ། བྲམ་ཟེ་ ཁྲི་སྙན་ མཐོང་ ངམ་ གསུངས ། ། བརྡ་ ཡིས་ མཚོན་པ འི་ དོན་ རྟོགས་པ ། ། འཁོར་འདས་ གཉིས་ སུ་ མི་ འཛིན་ ཅིང་ ། ། སྤང་བླང་ རྒྱུད་ ལ་ མི་ སྦྱོར་བ ། ། གཞན་ ནས་ འབྲས་བུ་ མི་ རེ་ ཞིང་ ། ། མེད་ ལ་ བྱ ར་ མེད་ སྦྲོས་ དང་ བྲལ ། ། མཐའ་ བཞི་ དག་ ཏུ་ ལྷུང་བ་ མེད ། ། སྒོམ་ དུ་ མེད་ ཅིང་ ཡེངས་ སུ་ མེད ། ། དྲན་ དུ་ མེད་ ཅིང་ བརྗོད་ དུ འང་ མེད ། ། གང་ གིས་ ཀྱང་ ནི་ མཚོན་ དུ་ མེད ། ། བླ་མ འི་ དྲིན་ གྱིས་ དེ་ ལྟ ར་ རྟོགས ། ། དེ་ དོན་ རྟོགས་པ འི་ ཉམས་ ཤར་བ ས ། ། སེམས་ དང་ སེམས་བྱུང་ འགགས་པ་ ཡི ། ། དབྱིངས་ དང་ རིག་པ་ དབྱེར་ མེད་ དེ ། ། སྐྱོན་ དང་ ཡོན་ཏན་ སྐྱེ་བྲི་ མེད ། ། བདེ་སྟོང་གསལ་ ལ་ མ་ འགགས་པ ། ། འོད་གསལ་ འགྲོ་འོང་ མེད་པ ར་ ཤར ། ། གཉུག་མ་ ངོ་སྤྲོད་ ལྟ་བ འི་ གནད ། ། སྐྱེ་མེད་ མཚོན་པ འི་ བརྡ་དོན་ རྣམས ། ། རྗེ་ མངའ་བདག་ ཆེན་པོ འི་ ཞལ་ ནས་ ཐོས ། ། ངག་ བརྗོད་པ་ གླུ་ རུ་ མི་ བླང་ དུ ། ། རྗེ་ གོང་ དུ་ བཀའ་ ནན་ ཆེས་པ་ དང་ ། ། མཆེད་གྲོགས་ རྣམས་ ཀྱི་ ཞལ་ མ་ ལྕོག ། མཁའ་འགྲོ ས་ ཀོ་ལོང་ མི་ མཛད་ ཞུ ། ། ཞེས་ སེན་ཏ་པ ས་ དབུ་ མཛད་པ འི་ མཆེད་གྲོགས་ རྣམས་ ལ་ བལ་ཡུལ་ རིན་ཆེན་ཚུལ་ གྱི་ གཙུག་ལག་ཁང་ དུ་ མངའ་བདག་ མཻ་ཏྲི་པ་ རྨི་ལམ་ དུ་ བྱོན་ ནས་ ཕྱག་རྒྱ་ ཆེན་པོ་ བརྡ འི་ དོན་ བསྟན་པ་ རྣམས་ མགུར་ དུ་ བཞེངས་པ འོ ། །" }, { "source": "གསུང་མགུར་འདི་ཉིད་རྗེ་མར་པས་བོད་དུ་རྗེ་བཙུན་མི་ལ་དང་། མར་པ་མགོ་ལེགས་གཉིས་མ་གཏོགས་གཞན་ལ་མ་གནང་ཞིང་། རྗེ་མཆེད་གཉིས་ཀྱིས་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ་ལ་གནང་བ། སེམས་ཅན་གྱི་དོན་དུ་ཀུན་ལ་གྲགས་པ་བགྱིས་པ་ལགས་སོ།།།། དེ་ནས་རྗེ་མར་པས་བལ་ཡུལ་གྱི་བླ་མ་རྣམས་ལ་ཕྱི་ཕྱག་ཕུལ་ནས་བོད་ལ་བྱོན་པར་གདའ། དེའི་ཚེ་ལྷོ་བྲག་གི་བུ་སློབ་རྣམས་བླ་མ་ཕེབས་སུ་རེ་བའི་ཐུགས་འདུན་དྲག་པོ་ལ་བརྟེན། བལ་པོར་མཇལ་བའང་སྲིད་དམ། མ་མཇལ་རུང་སྐད་ཆ་འདྲ་ཐོས་སུ་རབས་མ་ཟུག་པར། མར་པ་མགོ་ལེགས་ཀྱིས་བལ་པོར་འབྱོན་དགོངས་ནས་བྱོན་པ་དང་། བླ་མ་ཚུར་བྱོན་པ་སྐྱིད་གྲོང་གི་མ་ཟད་མ་མ་ཞེས་བྱ་བའི་ཡུལ་དགོན་ཞིག་ཏུ་དཔོན་སློབ་གཉིས་མཇལ་ཏེ་ཆག་ཕྱི་བྱས་བྱོན་པ་ལས། མང་ཡུལ་གླང་པོ་མཁར་དུ་སྔར་གྱི་བུ་སློབ་རྣམས་ཀྱིས་སྣ་ལེན་བྱས་ཆོས་ཞུས། ཞག་ཤས་བསྙེལ་གསོ་མཛད་ཅིང་བཞུགས་པའི་བར་ལ་གཡུ་ལ་སོགས་པའི་འབུལ་བ་མང་དག་བྱུང་། དེ་ནས་གཙང་དུ་བྱོན་པས་ཉང་སྟོད་སྟག་ཚལ་གི་མེ་སྟོན་ཚོན་པོའི་དགོན་པ་རུ་ཕེབས་པས། སྣ་ལེན་གྱི་ཚོགས་མཆོད་བཟང་པོ་ཞིག་བཤམས་པའི་ཚེ། མེས་སྟོན་གྱིས་བླ་མ་ལགས། དོ་ནུབ་ཀྱི་ཚོགས་འཁོར་འདི་ལ་བླ་མ་འབྱོན་ལམ་ས་ཐག་རིང་པོ་ནས་བྱོན་པའི་སྟོབས་ཀྱིས་སྐུ་འོ་བརྒྱལ་ནའང་། གསང་སྔགས་ཕྱག་ལེན་གྱིས་ཆེ་བ་ལགས་པས། ཚོགས་ཕྱག་ལེན་དང་ཆོ་ག་རྒྱས་པ་ཕྱིས་ཀྱི་མིག་ལྟོས་ལ་ཕན་ཐོགས་པ་ཞིག་ཐུགས་རྗེས་འཛིན་པར་ཞུ། ཞེས་ཞུས་པས།", "target": "གསུང་མགུར་ འདི་ ཉིད་ རྗེ་ མར་པ ས་ བོད་ དུ་ རྗེ་བཙུན་ མི་ལ་ དང་ ། མར་པ་མགོ་ལེགས་ གཉིས་ མ་ གཏོགས་ གཞན་ ལ་ མ་ གནང་ ཞིང་ ། རྗེ་མཆེད་ གཉིས་ ཀྱིས་ ངན་རྫོང་ སྟོན་པ་ བྱང་ཆུབ་རྒྱལ་པོ་ ལ་ གནང་བ ། སེམས་ཅན་ གྱི་ དོན་ དུ་ ཀུན་ ལ་ གྲགས་པ་ བགྱིས་པ་ ལགས་ སོ ། ། ། ། དེ་ ནས་ རྗེ་ མར་པ ས་ བལ་ཡུལ་ གྱི་ བླ་མ་ རྣམས་ ལ་ ཕྱི་ཕྱག་ ཕུལ་ ནས་ བོད་ ལ་ བྱོན་པ ར་ གདའ ། དེ འི་ ཚེ་ ལྷོ་བྲག་ གི་ བུ་སློབ་ རྣམས་ བླ་མ་ ཕེབས་ སུ་ རེ་བ འི་ ཐུགས་འདུན་ དྲག་པོ་ ལ་ བརྟེན ། བལ་པོ ར་ མཇལ་བ འང་ སྲིད་ དམ ། མ་ མཇལ་ རུང་ སྐད་ཆ་ འདྲ་ ཐོས་ སུ་ རབས་ མ་ ཟུག་པ ར ། མར་པ་མགོ་ལེགས་ ཀྱིས་ བལ་པོ ར་ འབྱོན་ དགོངས་ ནས་ བྱོན་པ་ དང་ ། བླ་མ་ ཚུ ར་ བྱོན་པ་ སྐྱིད་གྲོང་ གི་ མ་ཟད་མ་མ་ ཞེས་ བྱ་བ འི་ ཡུལ་དགོན་ ཞིག་ ཏུ་ དཔོན་སློབ་ གཉིས་ མཇལ་ ཏེ་ ཆག་ཕྱི་ བྱས་ བྱོན་པ་ ལས ། མང་ཡུལ་ གླང་པོ་མཁར་ དུ་ སྔ ར་ གྱི་ བུ་སློབ་ རྣམས་ ཀྱིས་ སྣ་ལེན་ བྱས་ ཆོས་ ཞུས ། ཞག་ ཤས་ བསྙེལ་གསོ་ མཛད་ ཅིང་ བཞུགས་པ འི་ བར་ ལ་ གཡུ་ ལ་ སོགས་པ འི་ འབུལ་བ་ མང་ དག་ བྱུང་ ། དེ་ ནས་ གཙང་ དུ་ བྱོན་པ ས་ ཉང་སྟོད་སྟག་ཚལ་ གི་ མེ་སྟོན་ཚོན་པོ འི་ དགོན་པ་ རུ་ ཕེབས་པ ས ། སྣ་ལེན་ གྱི་ ཚོགས་མཆོད་ བཟང་པོ་ ཞིག་ བཤམས་པ འི་ ཚེ ། མེས་སྟོན་ གྱིས་ བླ་མ་ ལགས ། དོ་ནུབ་ ཀྱི་ ཚོགས་འཁོར་ འདི་ ལ་ བླ་མ་ འབྱོན་ལམ་ ས་ ཐག་ རིང་པོ་ ནས་ བྱོན་པ འི་ སྟོབས་ ཀྱིས་ སྐུ་ འོ་བརྒྱལ་ ན འང་ ། གསང་སྔགས་ཕྱག་ལེན་ གྱིས་ ཆེ་བ་ ལགས་པ ས ། ཚོགས་ ཕྱག་ལེན་ དང་ ཆོ་ག་ རྒྱས་པ་ ཕྱི ས་ ཀྱི་ མིག་ ལྟོས་ ལ་ ཕན་ ཐོགས་པ་ ཞིག་ ཐུགས་རྗེ ས་ འཛིན་པ ར་ ཞུ ། ཞེས་ ཞུས་པ ས །" }, { "source": "རྗེ་མར་པས་ཀྱང་ཕྱག་ལེན་དང་ཆོ་ག་རྒྱས་པ་མཛད་པས། ཚོགས་གྲལ་དུ་མེ་སྟོན་སྔར་མོས་བཞིན་པའི་ཁར་སྣང་བ་འགྱུར་ནས་བླ་མ་ལགས། སར་ཡང་ཚོགས་འཁོར་ཇི་ཙམ་ཞིག་མཛད་པ་ལས། བདག་ལ་དོ་ནུབ་ཀྱི་འདི་ཡིད་འགྱུར་སྟོབས་ཆེ་བ་ཅིག་བྱུང་།། རྗེ་རིན་པོ་ཆེས་རྒྱ་གར་དུ་ཚོགས་འཁོར་མང་པོ་གཟིགས་ཤིང་མཛད་ཡོད་པ་གཞིར་བཞག་པས། ཚོགས་འཁོར་དགོས་པའི་དུས་དང་། ངོ་མཚར་ཆེ་བ་གང་གཟིགས་པ་རྣམས་གསུང་དུ་གསོལ། ཅེས་གསོལ་བ་བཏབ་པས། དེའི་ལན་དུ། རྗེ་མར་པས་ཚོགས་ཀྱི་དགོས་པ་དང་གཟིགས་ཚུལ་གྱི་མགུར་འདི་གསུངས་སོ།།།། ཚོགས་ཀྱི་འཁོར་ལོ་སྐད་པ་དེ།། སྨིན་ལམ་དབང་བཞི་བསྐུར་བའི་ཚེ།། ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན།། རབ་ཏུ་གནས་པ་བྱེད་པའི་ཚེ།། ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན།། མཁའ་འགྲོའི་བྱིན་བརླབས་ཞུ་བའི་ཚེ།། ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན།། རྒྱུད་སྡེའི་ཉན་བཤད་བྱེད་པའི་ཚེ།། ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན།། གདམས་ངག་ཟབ་མོ་ཞུ་བའི་ཚེ།། ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན།། ཁོ་བོ་མར་པ་ལོ་ཙྪ་འདི།། རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན།། སྤྱིར་ཚོགས་ཀྱི་འཁོར་ལོ་བསམ་མི་ཁྱབ།། སྒོས་ངོ་མཚར་ཆེ་བ་འདི་འདྲ་མཐོང་།། རྗེ་བཙུན་ནཱ་རོ་པཎ་ཆེན་ལ།། རྗེ་རིགས་ཀྱི་དེད་དཔོན་འཁོར་ལོ་དང་།། ཆང་འཚོང་གི་བུ་མོ་ཀུཎྜ་ལིས།། རིན་ཆེན་འཁར་བའི་མཎྜལ་ལ།། ཀར་ཤ་པ་ནེའི་རྒྱན་བཀོད་ཕུལ།། ལོ་གཅིག་གོང་ནས་གསོལ་བ་བཏབ།།", "target": "རྗེ་ མར་པ ས་ ཀྱང་ ཕྱག་ལེན་ དང་ ཆོ་ག་ རྒྱས་པ་ མཛད་པ ས ། ཚོགས་གྲལ་ དུ་ མེ་སྟོན་ སྔ ར་ མོས་ བཞིན་པ འི་ ཁ ར་ སྣང་བ་ འགྱུར་ ནས་ བླ་མ་ ལགས ། ས ར་ ཡང་ ཚོགས་འཁོར་ ཇི་ ཙམ་ ཞིག་ མཛད་པ་ ལས ། བདག་ ལ་ དོ་ནུབ་ ཀྱི་ འདི་ ཡིད་ འགྱུར་ སྟོབས་ ཆེ་བ་ ཅིག་ བྱུང་ ། ། རྗེ་ རིན་པོ་ཆེ ས་ རྒྱ་གར་ དུ་ ཚོགས་འཁོར་ མང་པོ་ གཟིགས་ ཤིང་ མཛད་ ཡོད་པ་ གཞི ར་ བཞག་པ ས ། ཚོགས་འཁོར་ དགོས་པ འི་ དུས་ དང་ ། ངོ་མཚར་ ཆེ་བ་ གང་ གཟིགས་པ་ རྣམས་ གསུང་ དུ་ གསོལ ། ཅེས་ གསོལ་བ་ བཏབ་པ ས ། དེ འི་ ལན་ དུ ། རྗེ་ མར་པ ས་ ཚོགས་ ཀྱི་ དགོས་པ་ དང་ གཟིགས་ཚུལ་ གྱི་ མགུར་ འདི་ གསུངས་ སོ ། ། ། ། ཚོགས་ ཀྱི་ འཁོར་ལོ་ སྐད་པ་ དེ ། ། སྨིན་ལམ་ དབང་ བཞི་ བསྐུར་བ འི་ ཚེ ། ། ཚོགས་ ཀྱི་ འཁོར་ལོ་ དགོས་པ་ ཡིན ། ། རབ་ ཏུ་ གནས་པ་ བྱེད་པ འི་ ཚེ ། ། ཚོགས་ ཀྱི་ འཁོར་ལོ་ དགོས་པ་ ཡིན ། ། མཁའ་འགྲོ འི་ བྱིན་བརླབས་ ཞུ་བ འི་ ཚེ ། ། ཚོགས་ ཀྱི་ འཁོར་ལོ་ དགོས་པ་ ཡིན ། ། རྒྱུད་སྡེ འི་ ཉན་བཤད་ བྱེད་པ འི་ ཚེ ། ། ཚོགས་ ཀྱི་ འཁོར་ལོ་ དགོས་པ་ ཡིན ། ། གདམས་ངག་ ཟབ་མོ་ ཞུ་བ འི་ ཚེ ། ། ཚོགས་ ཀྱི་ འཁོར་ལོ་ དགོས་པ་ ཡིན ། ། ཁོ་བོ་ མར་པ་ ལོ་ཙྪ་ འདི ། ། རྒྱ་གར་ ཡུལ་ དུ་ ལན་ གསུམ་ ཕྱིན ། ། སྤྱི ར་ ཚོགས་ ཀྱི་ འཁོར་ལོ་ བསམ་ མི་ ཁྱབ ། ། སྒོས་ ངོ་མཚར་ ཆེ་བ་ འདི་ འདྲ་ མཐོང་ ། ། རྗེ་བཙུན་ ནཱ་རོ་ པཎ་ཆེན་ ལ ། ། རྗེ་རིགས་ ཀྱི་ དེད་དཔོན་ འཁོར་ལོ་ དང་ ། ། ཆང་འཚོང་ གི་ བུ་མོ་ ཀུཎྜ་ལི ས ། ། རིན་ཆེན་ འཁར་བ འི་ མཎྜལ་ ལ ། ། ཀར་ཤ་པ་ནེ འི་ རྒྱན་བཀོད་ ཕུལ ། ། ལོ་ གཅིག་ གོང་ ནས་ གསོལ་བ་ བཏབ ། །" }, { "source": "རྗེ་ནཱ་རོ་ཆེན་པོས་ཞལ་གྱིས་བཞེས།། སེང་ལྡེང་ནགས་ཀྱི་དུར་ཁྲོད་དུ།། ཚོགས་འཁོར་རིམ་པ་གསུམ་དུ་བསྐོར།། ལོངས་སྤྱོད་འབྱོར་པ་དཔག་མེད་པས།། ཚོགས་དང་གཏོར་མ་རྒྱ་ཆེན་བཤམས།། དཔལ་ལྡན་ནཱ་རོའི་བྱིན་རླབས་ཀྱིས།། དཔལ་བདེ་མཆོག་འཁོར་ལོའི་ལྷ་ཚོགས་དང་།། གྲངས་མཉམ་གསང་སྔགས་རྣལ་འབྱོར་པ།། ཕོ་མོ་དྲུག་ཅུ་རྩ་གཉིས་ཚོགས།། ཟབ་མོ་བརྡ་དང་སྐད་ཀྱིས་འདྲི།། རྗེ་ནཱ་རོ་ཆེན་པོའི་ཐུགས་ཀ་ནས།། བདེ་མཆོག་འཁོར་ལོའི་ལྷ་ཚོགས་རྣམས།། དཀྱིལ་འཁོར་གྱི་དབུས་སུ་ལེགས་པར་བཞུགས།། ཆོ་གའི་རིམ་པ་རྒྱས་པར་མཛད།། རྗེ་བཙུན་ནཱ་རོ་ཆེན་པོ་དེས།། རྡོ་རྗེ་དྲིལ་བུ་ཕྱག་ཏུ་བསྣམས།། རུས་པའི་རྒྱན་དྲུག་སྐུ་ལ་གསོལ།། ཁྲུ་གང་ཙམ་གྱི་ནམ་མཁའ་ལ།། གཡས་བརྐྱང་གར་གྱིས་རོལ་པས་བཞུགས།། རྣལ་འབྱོར་ཕོ་མོ་གཞན་རྣམས་ཀྱང་།། ཕྱག་གཡས་ཊ་མ་རུ་འཁྲོལ་ཞིང་།། གཡོན་པ་ཏིང་ཏིང་ཤགས་བསྣམས་ནས།། གར་གྱི་ཉམས་ཀྱིས་རོལ་པར་མཐོང་།། ཁོ་བོ་མར་པ་ལོ་ཙྪ་ངས།། ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ།། ཟབ་མོ་དབང་བཞིའི་ངོ་བོ་མཐོང་།། ང་དེ་འདྲའི་རྗེ་དང་མཇལ་བ་ཡིན།། ཚོགས་འཁོར་དེ་འདྲ་མཐོང་བ་ཡིན།། ཕལ་དང་ཕལ་གྱི་ཆོས་མ་ཡིན།། དེ་ངོ་མཚར་ཆེའམ་གཙང་སྟོན་པ།། ཞེས་གསུངས་པས་དད་པ་ལྷག་པར་སྐྱེས་ཏེ།། བླ་མ་ལགས། ད་ལན་གྱི་འབྱོན་སྐོར་འདི་ཡང་ཐོག་མར་བདག་རང་དང་མཇལ་བྱུང་བས། སྔར་མ་གསན་པའི་དབང་གདམས་པ་ཁྱད་པར་ཅན་ཡོད་ངེས་པས། བདག་ལ་ཐུགས་རྗེས་འཛིན་པ་ཞུ།། ཞེས་ཞུས་པས།", "target": "རྗེ་ ནཱ་རོ་ ཆེན་པོ ས་ ཞལ་ གྱིས་ བཞེས ། ། སེང་ལྡེང་ནགས་ ཀྱི་ དུར་ཁྲོད་ དུ ། ། ཚོགས་འཁོར་ རིམ་པ་ གསུམ་ དུ་ བསྐོར ། ། ལོངས་སྤྱོད་ འབྱོར་པ་ དཔག་ མེད་པ ས ། ། ཚོགས་ དང་ གཏོར་མ་ རྒྱ་ཆེན་ བཤམས ། ། དཔལ་ལྡན་ ནཱ་རོ འི་ བྱིན་རླབས་ ཀྱིས ། ། དཔལ་བདེ་མཆོག་འཁོར་ལོ འི་ ལྷ་ཚོགས་ དང་ ། ། གྲངས་མཉམ་ གསང་སྔགས་རྣལ་འབྱོར་པ ། ། ཕོ་མོ་ དྲུག་ ཅུ་ རྩ་ གཉིས་ ཚོགས ། ། ཟབ་མོ་བརྡ་ དང་ སྐད་ ཀྱིས་ འདྲི ། ། རྗེ་ ནཱ་རོ་ ཆེན་པོ འི་ ཐུགས་ ཀ་ ནས ། ། བདེ་མཆོག་འཁོར་ལོ འི་ ལྷ་ཚོགས་ རྣམས ། ། དཀྱིལ་འཁོར་ གྱི་ དབུས་ སུ་ ལེགས་པ ར་ བཞུགས ། ། ཆོ་ག འི་ རིམ་པ་ རྒྱས་པ ར་ མཛད ། ། རྗེ་བཙུན་ ནཱ་རོ་ ཆེན་པོ་ དེ ས ། ། རྡོ་རྗེ་དྲིལ་བུ་ ཕྱག་ ཏུ་ བསྣམས ། ། རུས་པ འི་ རྒྱན་ དྲུག་ སྐུ་ ལ་ གསོལ ། ། ཁྲུ་ གང་ ཙམ་ གྱི་ ནམ་མཁའ་ ལ ། ། གཡས་བརྐྱང་གར་ གྱིས་ རོལ་པ ས་ བཞུགས ། ། རྣལ་འབྱོར་ཕོ་མོ་ གཞན་ རྣམས་ ཀྱང་ ། ། ཕྱག་གཡས་ ཊ་མ་རུ་ འཁྲོལ་ ཞིང་ ། ། གཡོན་པ་ ཏིང་ཏིང་ཤགས་ བསྣམས་ ནས ། ། གར་ གྱི་ ཉམས་ ཀྱིས་ རོལ་པ ར་ མཐོང་ ། ། ཁོ་བོ་ མར་པ་ ལོ་ཙྪ་ ང ས ། ། ལྷན་ ཅིག་ སྐྱེས་པ་ ཆོས་ ཀྱི་ སྐུ ། ། ཟབ་མོ་དབང་བཞི འི་ ངོ་བོ་ མཐོང་ ། ། ང་ དེ་ འདྲ འི་ རྗེ་ དང་ མཇལ་བ་ ཡིན ། ། ཚོགས་འཁོར་ དེ་ འདྲ་ མཐོང་བ་ ཡིན ། ། ཕལ་ དང་ ཕལ་ གྱི་ ཆོས་ མ་ ཡིན ། ། དེ་ ངོ་མཚར་ ཆེ འམ་ གཙང་ སྟོན་པ ། ། ཞེས་ གསུངས་པ ས་ དད་པ་ ལྷག་པ ར་ སྐྱེས་ ཏེ ། ། བླ་མ་ ལགས ། ད་ ལན་ གྱི་ འབྱོན་སྐོར་ འདི་ ཡང་ ཐོག་མ ར་ བདག་ རང་ དང་ མཇལ་ བྱུང་བ ས ། སྔ ར་ མ་ གསན་པ འི་ དབང་ གདམས་པ་ ཁྱད་པར་ཅན་ ཡོད་ ངེས་པ ས ། བདག་ ལ་ ཐུགས་རྗེ ས་ འཛིན་པ་ ཞུ ། ། ཞེས་ ཞུས་པ ས །" }, { "source": "མཁའ་འགྲོ་སྙན་བརྒྱུད་ལ་ནི་བཀའ་རྒྱ་ཡོད་པས་མ་གནང་། གཞན་སྔར་མ་གནང་བའི་ཆོས་མང་དག་གནང་ཞིང་བཞུགས་ཏེ་ཐོན་པའི་ཚེ། རྗེ་མར་པས། རྒྱ་གར་ལན་གསུམ་པ་འཁོར་ནས། མེས་སྟོན་གྱིས་འབུལ་ཆེན་གསུམ་བྱས་པའི་དང་པོ་ལོངས་སྤྱོད་ཐུགས་སུ་བྱོན་པ་སྟོབས་ཆེ་བའི་འབུལ་བ་བགྱིས་ཏེ་ཞུ་བ་ཕུལ་བ་ནི། སྤྱན་ལམ་དུ་ཕབ་པའི་འབུལ་བ་འདི་དག་ད་ལན་བདག་རང་ལ་ཆོས་གནང་བའི་ཡོན་དང་། རྗེ་རིན་པོ་ཆེ་སྐུ་ན་བགྲེས་རུང་བར་ཆད་མེད་པར་རྒྱ་གར་འཁོར་བས། བུ་སློབ་རྣམས་ཀྱི་བསམ་པ་མཐར་ཕྱིན་པའི་དགའ་སྟོན་དང་གཏང་རག་ལགས་པས། འདི་དག་བཞེས་ནས་བླ་མ་གོང་མ་རྣམས་ལ་བསྟོད་པ་དང་བཅས་པའི་མགུར་ཅིག་གསུང་བ་ཞུ། ཞེས་གསོལ་བ་བཏབ་པའི་ལན་དུ་རྗེ་མར་པས་བླ་མ་རྣམས་ལ་བསྟོད་པའི་མགུར་འདི་གསུངས་སོ།།།། རྗེ་མི་བསྐྱོད་བདེ་བ་ཆེན་པོའི་སྐུ།། རྡོ་རྗེ་མཁའ་འགྲོས་མཉམ་སྦྱོར་བ།། དཔའ་བོ་རྣམས་ཀྱི་གཙོར་།། གྱུར་ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད།། བཀའ་གསང་སྔགས་མ་ལུས་སྡུད་པ་པོ།། གསང་བའི་བདག་པོ་ཉིད་དང་ནི།། དམ་ཆོས་མི་ཡུལ་རྒྱས་།། མཛད་རྗེ་ཀླུ་སྒྲུབ་ཡབ་སྲས་རྣམས་ལ་བསྟོད།། མི་ཟད་རྡོ་རྗེའི་ལྕེ་འབབ་པ།། འཇིགས་ལས་སྐྱོབ་པའི་ཐུགས་རྗེ་ཅན།། ས་གསུམ་དབང་ཕྱུག་ཏི་ལོ་པ།། མཆོག་གི་དངོས་གྲུབ་བརྙེས་ལ་བསྟོད།། བཅུ་གཉིས་དཀའ་སྤྱད་བླ་མ་བསྟེན།། སྡེ་སྣོད་རྒྱུད་སྡེ་མ་ལུས་པ།། སྐད་ཅིག་ཉིད་ལ་ཐུགས་སུ་ཆུད།། རྗེ་སངས་རྒྱས་མི་གཟུགས་ཁྱོད་ལ་བསྟོད།། མི་ཕྱེད་ཕྱག་རྒྱ་ཆེན་པོའི་གཟུགས།། མ་བཅོས་གཉུག་མའི་ངོ་བོ་འཆང་།། སྤྲོས་བྲལ་བདེ་བའི་དོན་རྟོགས་པ།། རྗེ་རྒྱལ་སྲས་མཻ་ཏྲིའི་ཞབས་ལ་བསྟོད།། བསྟན་པ་བཀའ་ཡི་བརྒྱུད་པ་འཆང་།། གསང་འདུས་ཟབ་མོའི་དངོས་གྲུབ་བརྙེས།། མཁྱེན་པ་ཐུགས་རྗེར་ལྡན་པ་ཡི།། ཡེ་ཤེས་སྙིང་པོའི་ཞབས་ལ་བསྟོད།། དུར་ཁྲོད་དགོན་དང་ཤིང་དྲུང་ན།། རོ་བཅུད་གསོལ་བའི་ཀུ་སུ་ལུ།། མཁའ་ལ་གཤེགས་པའི་རྫུ་འཕྲུལ་ཅན།། ཀུ་ཀུ་རི་པའི་སྐུ་ལ་བསྟོད།། ཕུན་སུམ་ཚོགས་པའི་དོན་རྟོགས་པས།། ཟླ་བ་འོད་ཀྱི་བཅུད་དང་ལྡན།། མཐོང་བའི་བདེ་བས་ཚིམ་མཛད་པ།། རྣལ་འབྱོར་མ་ཡི་སྐུ་ལ་བསྟོད།། གསེར་གྱི་།། ཅོད་པན་རབ་མཛེས་གདུགས་མཆོག་བསིལ་ན་བཞུགས་པ་ཡི།།།། མཁའ་གདན་ཉི་ཟླ་མངའ་བརྙེས་རྗེ་བཙུན་བལ་པོའི་སྐུ་ལ་བསྟོད།། འཇིག་རྟེན་གཟུང་འཛིན་འཁྲི་བ་ཆོད།། བླ་མ་བསྟེན་པའི་ཕན་ཡོན་ཅན།། བྱང་ཆུབ་སྒྲུབ་ལ་།། གཙོར་ལྡན་ཐེག་ཆེན་སློབ་གཉེར་མགོ་འདོན་དང་།། གེགས་དང་ལོག་འདྲེན་བར་ཆད་སེལ།། བླ་མ་བཟང་དང་སྤྲོད་པའི་གྲོགས།། འདྲེན་པའི་སློབ་དཔོན་རྣམས་ལ་བསྟོད།། བླ་མ་བསྟོད་པའི་ཕན་ཡོན་ནི།། དུས་གསུམ་སངས་རྒྱས་མཆོད་དང་མཚུངས།། སློབ་དཔོན་བསྟོད་པའི་བསོད་ནམས་དེས།། འགྲོ་ཀུན་བཤེས་གཉེན་བསྟེན་པར་ཤོག། ཅེས་གསུངས་པས།། མེ་སྟོན་འཁོར་བཅས་དགའ་མགུ་ཡི་རངས་པར་གྱུར་ཏོ།། རྗེ་མར་པ་མེ་སྟོན་ལ་ཆོས་གནང་བའི་བར་ལ་མར་པ་མགོ་ལེགས་ཀྱིས་ལྷོ་བྲག་ཏུ་གཏམ་སྙན་ཁྱེར་ཏེ་སྔོན་ལ་ཕྱིན། མགོ་ལེགས་རང་གི་ལོངས་སྤྱོད་ཀྱི་ཐོག་ནས་སྣ་ལེན་གྱི་སྟ་གོན་བྱས། གཞན་གྲྭ་པ་མང་པོས་ཉང་སྟོད་ནས་བསུ་སྟེ།", "target": "མཁའ་འགྲོ་སྙན་བརྒྱུད་ ལ་ ནི་ བཀའ་རྒྱ་ ཡོད་པ ས་ མ་ གནང་ ། གཞན་ སྔ ར་ མ་ གནང་བ འི་ ཆོས་ མང་ དག་ གནང་ ཞིང་ བཞུགས་ ཏེ་ ཐོན་པ འི་ ཚེ ། རྗེ་ མར་པ ས ། རྒྱ་གར་ ལན་ གསུམ་པ་ འཁོར་ ནས ། མེས་སྟོན་ གྱིས་ འབུལ་ཆེན་ གསུམ་ བྱས་པ འི་ དང་པོ་ ལོངས་སྤྱོད་ ཐུགས་ སུ་ བྱོན་པ་ སྟོབས་ ཆེ་བ འི་ འབུལ་བ་ བགྱིས་ ཏེ་ ཞུ་བ་ ཕུལ་བ་ ནི ། སྤྱན་ལམ་ དུ་ ཕབ་པ འི་ འབུལ་བ་ འདི་ དག་ ད་ ལན་ བདག་ རང་ ལ་ ཆོས་ གནང་བ འི་ ཡོན་ དང་ ། རྗེ་ རིན་པོ་ཆེ་ སྐུ་ན་ བགྲེས་ རུང་ བར་ཆད་ མེད་པ ར་ རྒྱ་གར་ འཁོར་བ ས ། བུ་སློབ་ རྣམས་ ཀྱི་ བསམ་པ་ མཐ ར་ ཕྱིན་པ འི་ དགའ་སྟོན་ དང་ གཏང་རག་ ལགས་པ ས ། འདི་ དག་ བཞེས་ ནས་ བླ་མ་ གོང་མ་ རྣམས་ ལ་ བསྟོད་པ་ དང་ བཅས་པ འི་ མགུར་ ཅིག་ གསུང་བ་ ཞུ ། ཞེས་ གསོལ་བ་ བཏབ་པ འི་ ལན་ དུ་ རྗེ་ མར་པ ས་ བླ་མ་ རྣམས་ ལ་ བསྟོད་པ འི་ མགུར་ འདི་ གསུངས་ སོ ། ། ། ། རྗེ་ མི་བསྐྱོད་ བདེ་བ་ ཆེན་པོ འི་ སྐུ ། ། རྡོ་རྗེ་མཁའ་འགྲོ ས་ མཉམ་ སྦྱོར་བ ། ། དཔའ་བོ་ རྣམས་ ཀྱི་ གཙོ ར་ ། ། གྱུར་ ཧེ་རུ་ཀ་དཔལ་ ཕྱག་ འཚལ་ བསྟོད ། ། བཀའ་ གསང་སྔགས་ མ་ལུས་ སྡུད་པ་པོ ། ། གསང་བ འི་ བདག་པོ་ ཉིད་ དང་ ནི ། ། དམ་ཆོས་ མི་ཡུལ་ རྒྱས་ ། ། མཛད་ རྗེ་ ཀླུ་སྒྲུབ་ ཡབ་སྲས་ རྣམས་ ལ་ བསྟོད ། ། མི་ཟད་རྡོ་རྗེ འི་ ལྕེ་ འབབ་པ ། ། འཇིགས་ ལས་ སྐྱོབ་པ འི་ ཐུགས་རྗེ་ཅན ། ། ས་གསུམ་དབང་ཕྱུག་ ཏི་ལོ་པ ། ། མཆོག་ གི་ དངོས་གྲུབ་ བརྙེས་ ལ་ བསྟོད ། ། བཅུ་ གཉིས་ དཀའ་སྤྱད་ བླ་མ་ བསྟེན ། ། སྡེ་སྣོད་ རྒྱུད་སྡེ་ མ་ ལུས་པ ། ། སྐད་ ཅིག་ ཉིད་ ལ་ ཐུགས་ སུ་ ཆུད ། ། རྗེ་ སངས་རྒྱས་ མི་གཟུགས་ ཁྱོད་ ལ་ བསྟོད ། ། མི་ ཕྱེད་ ཕྱག་རྒྱ་ ཆེན་པོ འི་ གཟུགས ། ། མ་བཅོས་ གཉུག་མ འི་ ངོ་བོ་ འཆང་ ། ། སྤྲོས་བྲལ་ བདེ་བ འི་ དོན་ རྟོགས་པ ། ། རྗེ་ རྒྱལ་སྲས་ མཻ་ཏྲི འི་ ཞབས་ ལ་ བསྟོད ། ། བསྟན་པ་ བཀའ་ ཡི་ བརྒྱུད་པ་ འཆང་ ། ། གསང་འདུས་ ཟབ་མོ འི་ དངོས་གྲུབ་ བརྙེས ། ། མཁྱེན་པ་ ཐུགས་རྗེ ར་ ལྡན་པ་ ཡི ། ། ཡེ་ཤེས་སྙིང་པོ འི་ ཞབས་ ལ་ བསྟོད ། ། དུར་ཁྲོད་དགོན་ དང་ ཤིང་ དྲུང་ ན ། ། རོ་བཅུད་ གསོལ་བ འི་ ཀུ་སུ་ལུ ། ། མཁའ་ ལ་ གཤེགས་པ འི་ རྫུ་འཕྲུལ་ཅན ། ། ཀུ་ཀུ་རི་པ འི་ སྐུ་ ལ་ བསྟོད ། ། ཕུན་སུམ་ཚོགས་པ འི་ དོན་ རྟོགས་པ ས ། ། ཟླ་བ་འོད་ ཀྱི་ བཅུད་ དང་ ལྡན ། ། མཐོང་བ འི་ བདེ་བ ས་ ཚིམ་ མཛད་པ ། ། རྣལ་འབྱོར་མ་ ཡི་ སྐུ་ ལ་ བསྟོད ། ། གསེར་ གྱི་ ། ། ཅོད་པན་ རབ་མཛེས་ གདུགས་ མཆོག་ བསིལ་ ན་ བཞུགས་པ་ ཡི ། ། ། ། མཁའ་གདན་ ཉི་ཟླ་ མངའ་ བརྙེས་ རྗེ་བཙུན་ བལ་པོ འི་ སྐུ་ ལ་ བསྟོད ། ། འཇིག་རྟེན་གཟུང་འཛིན་ འཁྲི་བ་ ཆོད ། ། བླ་མ་ བསྟེན་པ འི་ ཕན་ཡོན་ ཅན ། ། བྱང་ཆུབ་སྒྲུབ་ ལ་ ། ། གཙོ ར་ ལྡན་ ཐེག་ཆེན་ སློབ་གཉེར་ མགོ་འདོན་ དང་ ། ། གེགས་ དང་ ལོག་ འདྲེན་བ ར་ ཆད་ སེལ ། ། བླ་མ་བཟང་ དང་ སྤྲོད་པ འི་ གྲོགས ། ། འདྲེན་པ འི་ སློབ་དཔོན་ རྣམས་ ལ་ བསྟོད ། ། བླ་མ་ བསྟོད་པ འི་ ཕན་ཡོན་ ནི ། ། དུས་གསུམ་སངས་རྒྱས་ མཆོད་ དང་ མཚུངས ། ། སློབ་དཔོན་ བསྟོད་པ འི་ བསོད་ནམས་ དེ ས ། ། འགྲོ་ ཀུན་ བཤེས་གཉེན་ བསྟེན་པ ར་ ཤོག ། ཅེས་ གསུངས་པ ས ། ། མེ་སྟོན་ འཁོར་བཅས་ དགའ་ མགུ་ ཡི་ རངས་པ ར་ གྱུར་ ཏོ ། ། རྗེ་ མར་པ་ མེ་སྟོན་ ལ་ ཆོས་ གནང་བ འི་ བར་ ལ་ མར་པ་མགོ་ལེགས་ ཀྱིས་ ལྷོ་བྲག་ ཏུ་ གཏམ་སྙན་ ཁྱེར་ ཏེ་ སྔོན་ ལ་ ཕྱིན ། མགོ་ལེགས་ རང་ གི་ ལོངས་སྤྱོད་ ཀྱི་ ཐོག་ ནས་ སྣ་ལེན་ གྱི་ སྟ་གོན་ བྱས ། གཞན་ གྲྭ་པ་ མང་པོ ས་ ཉང་སྟོད་ ནས་ བསུ་ སྟེ །" }, { "source": "བར་ཆད་མེད་པར་ལྷོ་བྲག་ཏུ་ཕེབས་ཏེ། མར་པ་མགོ་ལེགས་ཀྱིས་གཏང་རག་གི་ཚོགས་མཆོད་བཟང་པོ་ཞིག་བཤམས་པའི་གྲལ་དུ། སྔར་ལམ་བར་ལ་ཞལ་ཏ་ཞིབ་རྒྱས་གནང་རུང་། ཚོགས་པ་སྤྱིའི་གོ་བར་བྱ་བའི་སླད་དུ། མར་པ་མགོ་ལེགས་ཀྱིས་རྗེ་མར་པ་ལ། བླ་མ་ལགས། རྗེ་བཙུན་ནཱ་རོ་པ་དེ་དང་མཇལ་ནས། བར་ཆད་མེད་པར་ཕེབས་པ་འདི་ལས་ངོ་མཚར་ཆེ་རྒྱུ་གཞན་མེད་པས། ཐུགས་རྗེས་ཚད་མེད་པ་བཟུང་།། བླ་མ་དང་མཇལ་རྟིང་སྔར་དང་ད་རེས་ལ་གདམས་ངག་གི་ཁྱད་ཅི་གདའ། ངོ་མཚར་ཆེ་བའི་ལྟས་ཅི་འདྲ་གཟིགས། བདག་འདིར་འཚོགས་རྣམས་སྤྲོ་བ་བསྐྱེད་པའི་སླད་དུ་གསུང་དུ་གསོལ། ཞེས་ཤུས་པའི་ལན་དུ། རྗེ་མར་པས་དཔལ་ནཱ་རོ་པ་ཆེན་པོ་དང་མཇལ་ནས་གདམས་ངག་ལྷག་ལུས་མེད་པར་གནང་ཞིང་ཐོབ་ལུགས་རྣམས། སྣང་བ་ཟིལ་གྱིས་གནོན་པ་དཔའ་བོ་སྣང་གྲུབ་བསྒྱུར་བའི་སྐད་ལ་རྟ་དྲངས་ཏེ། མཛད་སྤྱོད་རྫུ་འཕྲུལ་ཡོན་ཏན་ངོ་མཚར་ཅན་གྱི་མགུར་ཆེན་འདི་གསུངས་སོ།།།། རྗེ་སྤྲུལ་སྐུའི་བཞུགས་གནས་རྒྱ་གར་ཡུལ།། ལྗོངས་ཡངས་པ་ཅན་གྱི་མ་ག་དྷར།། མུ་སྟེགས་རྒོལ་བ་ཚར་བཅད་དེ།། སྒོ་སྲུང་ཆེན་པོར་མཚན་གསོལ་བ།། རྗེ་ནཱ་རོ་ཞེས་བྱར་གྲགས་པ་ཡི།། ཕ་སྤྲུལ་སྐུ་དེ་ཡི་ཞབས་ལ་འདུད།། ཤར་ཁྲི་སྒོ་བརྩེགས་པའི་ཕོ་བྲང་ན།། རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ།། མི་ང་རང་བལྟ་རྟོགས་བྱེད་པའི་ཚེ།། སེམས་ཤིག་མ་བདེ་ཡིད་ཅིག་འཕྱོ།། སེམས་གཞུ་ལྟར་བཀུག་ཀྱང་མདའ་ལྟར་ཤོར།། པཎ་ཆེན་ནཱ་རོ་ཏུར་གྱིས་དྲན། གདུངས་པའི་སེམས་ལ་བཟོད་བརླག་མེད།།", "target": "བར་ཆད་ མེད་པ ར་ ལྷོ་བྲག་ ཏུ་ ཕེབས་ ཏེ ། མར་པ་མགོ་ལེགས་ ཀྱིས་ གཏང་རག་ གི་ ཚོགས་མཆོད་ བཟང་པོ་ ཞིག་ བཤམས་པ འི་ གྲལ་ དུ ། སྔ ར་ ལམ་བར་ ལ་ ཞལ་ཏ་ ཞིབ་རྒྱས་ གནང་ རུང་ ། ཚོགས་པ་ སྤྱི འི་ གོ་བ ར་ བྱ་བ འི་ སླད་ དུ ། མར་པ་མགོ་ལེགས་ ཀྱིས་ རྗེ་ མར་པ་ ལ ། བླ་མ་ ལགས ། རྗེ་བཙུན་ ནཱ་རོ་པ་ དེ་ དང་ མཇལ་ ནས ། བར་ཆད་ མེད་པ ར་ ཕེབས་པ་ འདི་ ལས་ ངོ་མཚར་ ཆེ་རྒྱུ་ གཞན་ མེད་པ ས ། ཐུགས་རྗེ ས་ ཚད་ མེད་པ་ བཟུང་ ། ། བླ་མ་ དང་ མཇལ་ རྟིང་ སྔ ར་ དང་ ད་ རེས་ ལ་ གདམས་ངག་ གི་ ཁྱད་ ཅི་ གདའ ། ངོ་མཚར་ ཆེ་བ འི་ ལྟས་ ཅི་ འདྲ་ གཟིགས ། བདག་ འདི ར་ འཚོགས་ རྣམས་ སྤྲོ་བ་ བསྐྱེད་པ འི་ སླད་ དུ་ གསུང་ དུ་ གསོལ ། ཞེས་ ཤུས་པ འི་ ལན་ དུ ། རྗེ་ མར་པ ས་ དཔལ་ནཱ་རོ་པ་ ཆེན་པོ་ དང་ མཇལ་ ནས་ གདམས་ངག་ ལྷག་ལུས་ མེད་པ ར་ གནང་ ཞིང་ ཐོབ་ལུགས་ རྣམས ། སྣང་བ་ ཟིལ་ གྱིས་ གནོན་པ་ དཔའ་བོ་ སྣང་གྲུབ་ བསྒྱུར་བ འི་ སྐད་ ལ་ རྟ་ དྲངས་ ཏེ ། མཛད་སྤྱོད་ རྫུ་འཕྲུལ་ ཡོན་ཏན་ ངོ་མཚར་ཅན་ གྱི་ མགུར་ཆེན་ འདི་ གསུངས་ སོ ། ། ། ། རྗེ་ སྤྲུལ་སྐུ འི་ བཞུགས་གནས་ རྒྱ་གར་ ཡུལ ། ། ལྗོངས་ ཡངས་པ་ཅན་ གྱི་ མ་ག་དྷ ར ། ། མུ་སྟེགས་ རྒོལ་བ་ ཚར་ བཅད་ དེ ། ། སྒོ་སྲུང་ ཆེན་པོ ར་ མཚན་ གསོལ་བ ། ། རྗེ་ ནཱ་རོ་ ཞེས་ བྱ ར་ གྲགས་པ་ ཡི ། ། ཕ་ སྤྲུལ་སྐུ་ དེ་ ཡི་ ཞབས་ ལ་ འདུད ། ། ཤར་ཁྲི་སྒོ་བརྩེགས་པ འི་ ཕོ་བྲང་ ན ། ། རྒྱུད་ ཟབ་མོ་ དགྱེས་པ་རྡོ་རྗེ ། ། མི་ ང་ རང་ བལྟ་རྟོགས་ བྱེད་པ འི་ ཚེ ། ། སེམས་ ཤིག་ མ་ བདེ་ ཡིད་ ཅིག་ འཕྱོ ། ། སེམས་ གཞུ་ ལྟ ར་ བཀུག་ ཀྱང་ མདའ་ ལྟ ར་ ཤོར ། ། པཎ་ཆེན་ ནཱ་རོ་ ཏུར་ གྱིས་ དྲན ། གདུངས་པ འི་ སེམས་ ལ་ བཟོད་བརླག་ མེད ། །" }, { "source": "ས་མཐའ་ནགས་ལ་ཚོལ་དུ་ཕྱིན།། རྒྱུས་མེད་རིགས་ངན་གྲོང་དུ་ཆུད།། རྒྱལ་པོ་དྲེགས་པས་བཙོན་དུ་བཟུང་།། དཔལ་མེ་ཏོག་སྤུངས་པའི་ཕོ་བྲང་དུ།། ཞག་གསུམ་རྒྱལ་པོའི་མཆོད་གནས་བྱས།། འབར་བའི་སྦྱིན་སྲེག་ཐབ་ཁུང་དུ།། ཅི་འདོད་བཟའ་བཏུང་འབྱུང་བ་མཐོང་།། ཆེ་ན་ངོ་མཚར་དེ་ཆེ་སྙམ།། ཡང་ཅིག་བསྐུར་ནས་ཚོལ་དུ་ཕྱིན།། འབྲས་དཀར་མོ་བྲེ་གསུམ་བརྒྱགས་སུ་ཁྱེར།། ལྟང་དཀར་ཉ་ལ་བྱ་ན་བྱས།། རྗེ་བརྟུལ་ཤུགས་སྤྱོད་པའི་སེན་ཏ་བ།། ས་མཁན་ལམ་གྱི་གྲོགས་སུ་འཁྲིད།། ཟླ་ཕྱེད་བར་དུ་ཕྱོགས་བཞིར་བསྐོར།། དུར་ཁྲོད་ནགས་ཚལ་ཁྱབ་པར་ཉུལ།། དེར་ཡང་རྗེ་བཙུན་ཅུང་མ་རྙེད།། པཎ་ཆེན་ནཱ་རོ་མ་རྙེད་ཀྱང་།། ངོ་མཚར་ཆེ་བའི་ལྟས་རྣམས་མཐོང་།། ཤིང་ཙན་དན་སྨན་གྱི་སྡོང་པོ་ལ།། དགྱེས་རྡོར་སྤྲུལ་པའི་ལྷ་དགུ་རྣམས།། ཅུང་ཟད་མ་རེག་རེག་ལ་ཁད།། འཇའ་ཡི་གུར་ཕུབ་ལྟ་བུར་མཐོང་།། ལྟད་མོ་ངོ་མཚར་དེ་ཆེ་མོད།། ཡུམ་ལྷན་ཅིག་སྐྱེས་མའི་ཐུགས་ཀ་ནས། ཨཥྚ་སྔགས་ཀྱི་འཁོར་ལོ་དེ།། མེ་ལོང་ནང་གི་གཟུགས་བརྙན་བཞིན།། ཕྱི་སྐུ་ཡིས་མ་བསྒྲིབས་གསལ་བར་མཐོང་།། ལྟད་མོ་ངོ་མཚར་དེ་ཆེ་མོད།། ཤིན་ཏུ་སྲ་མཁྲེགས་རྡོ་རྗེའི་བྲག། དཀར་གོང་ཤེལ་གྱི་ཕ་བོང་ལ།། རྗེ་ན་རོ་ཆེན་པོའི་ཞབས་རྗེས་དེ།། སྤུ་ཤད་རི་མོ་རྫོགས་པར་མཐོང་།། ལྟད་མོ་ངོ་མཚར་དེ་ཆེ་མོད།། ད་ནི་རིང་པོར་མི་ཐོགས་སྙམ།། ཞག་བདུན་བར་དུ་གསོལ་བ་བཏབ།། ཕ་གཞན་རིག་མངོན་མཁྱེན་མངའ་བའི་ཕྱིར།། དེ་ནས་རྗེ་བཙུན་དངོས་སུ་བྱོན།། རབ་ཏུ་དགའ་ཆེས་ངུ་འབོད་ཤོར།།", "target": "ས་མཐའ་ནགས་ ལ་ ཚོལ་ དུ་ ཕྱིན ། ། རྒྱུས་མེད་རིགས་ངན་གྲོང་ དུ་ ཆུད ། ། རྒྱལ་པོ་ དྲེགས་པ ས་ བཙོན་ དུ་ བཟུང་ ། ། དཔལ་མེ་ཏོག་ སྤུངས་པ འི་ ཕོ་བྲང་ དུ ། ། ཞག་ གསུམ་ རྒྱལ་པོ འི་ མཆོད་གནས་ བྱས ། ། འབར་བ འི་ སྦྱིན་སྲེག་ ཐབ་ཁུང་ དུ ། ། ཅི་ འདོད་ བཟའ་བཏུང་ འབྱུང་བ་ མཐོང་ ། ། ཆེ་ ན་ ངོ་མཚར་ དེ་ ཆེ་ སྙམ ། ། ཡང་ ཅིག་ བསྐུར་ ནས་ ཚོལ་ དུ་ ཕྱིན ། ། འབྲས་ དཀར་མོ་ བྲེ་ གསུམ་ བརྒྱགས་ སུ་ ཁྱེར ། ། ལྟང་དཀར་ཉ་ ལ་ བྱ་ན་ བྱས ། ། རྗེ་ བརྟུལ་ཤུགས་ སྤྱོད་པ འི་ སེན་ཏ་བ ། ། ས་མཁན་ ལམ་ གྱི་ གྲོགས་ སུ་ འཁྲིད ། ། ཟླ་ཕྱེད་ བར་ དུ་ ཕྱོགས་ བཞི ར་ བསྐོར ། ། དུར་ཁྲོད་ནགས་ཚལ་ ཁྱབ་པ ར་ ཉུལ ། ། དེ ར་ ཡང་ རྗེ་བཙུན་ ཅུང་ མ་ རྙེད ། ། པཎ་ཆེན་ ནཱ་རོ་ མ་ རྙེད་ ཀྱང་ ། ། ངོ་མཚར་ ཆེ་བ འི་ ལྟས་ རྣམས་ མཐོང་ ། ། ཤིང་ ཙན་དན་ སྨན་ གྱི་ སྡོང་པོ་ ལ ། ། དགྱེས་རྡོར་ སྤྲུལ་པ འི་ ལྷ་ དགུ་ རྣམས ། ། ཅུང་ཟད་ མ་ རེག་ རེག་ ལ་ ཁད ། ། འཇའ་ ཡི་ གུར་ཕུབ་ ལྟ་བུ ར་ མཐོང་ ། ། ལྟད་མོ་ ངོ་མཚར་ དེ་ ཆེ་ མོད ། ། ཡུམ་ ལྷན་ ཅིག་ སྐྱེས་མ འི་ ཐུགས་ ཀ་ ནས ། ཨཥྚ་སྔགས་ ཀྱི་ འཁོར་ལོ་ དེ ། ། མེ་ལོང་ ནང་ གི་ གཟུགས་བརྙན་ བཞིན ། ། ཕྱི་སྐུ་ ཡིས་ མ་ བསྒྲིབས་ གསལ་བ ར་ མཐོང་ ། ། ལྟད་མོ་ ངོ་མཚར་ དེ་ ཆེ་ མོད ། ། ཤིན་ ཏུ་ སྲ་མཁྲེགས་ རྡོ་རྗེ འི་ བྲག ། དཀར་གོང་ཤེལ་ གྱི་ ཕ་བོང་ ལ ། ། རྗེ་ ན་རོ་ ཆེན་པོ འི་ ཞབས་རྗེས་ དེ ། ། སྤུ་ཤད་ རི་མོ་ རྫོགས་པ ར་ མཐོང་ ། ། ལྟད་མོ་ ངོ་མཚར་ དེ་ ཆེ་ མོད ། ། ད་ ནི་ རིང་པོ ར་ མི་ ཐོགས་ སྙམ ། ། ཞག་ བདུན་ བར་ དུ་ གསོལ་བ་ བཏབ ། ། ཕ་ གཞན་ རིག་མངོན་མཁྱེན་ མངའ་བ འི་ ཕྱི ར ། ། དེ་ ནས་ རྗེ་བཙུན་ དངོས་ སུ་ བྱོན ། ། རབ་ ཏུ་ དགའ་ཆེ ས་ ངུ་འབོད་ ཤོར ། །" }, { "source": "དམན་པས་ཞབས་མཐིལ་གཙུག་ཏུ་བླངས།། ཐུགས་རྗེ་ཆུང་ཞེས་སྨྲེ་སྔགས་བཏོན།། གདུང་བའི་མཆི་མ་ཁྲག་ལྟར་ཟགས།། ལྟད་མོ་ངོ་མཚར་དེ་ཆེ་མོད།། ལུས་བཙུན་མོ་ལྟ་བུར་སྐུ་ལ་འཁྱུད།། ཐུགས་ལ་སྙིང་གཏད་དཔྲལ་བར་གཏུགས།། དུས་དེར་དབང་རྫོགས་སེམས་ལ་བསྐུར།། ཆོས་རྫོགས་སེམས་ཀྱི་ཉིང་ཁུ་ཕྱུང་།། ལྟད་མོ་ངོ་མཚར་དེ་ཆེ་མོད།། ལར་རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་།། ང་བོད་ཀྱི་མར་སྟོན་བློ་གྲོས་གཉིས།། སངས་རྒྱས་དང་སེམས་ཅན་གཉིས་སུ་མཇལ།། གྲུབ་ཐོབ་མི་འབྱུང་གི་དོགས་མ་མཆིས།། ལྟད་མོ་ངོ་མཚར་དེ་ཆེ་མོད།། བུ་སྙིང་དང་འདྲ་བའི་དམ་ཚིག་ཅན།། དུས་གཞི་ནིང་རྒྱ་གར་དུ་འགྲོ་བའི་ཚེ།། ལོངས་སྤྱོད་འབྱོར་པས་ཕོངས་དུས་སུ།། རིན་ཆེན་གསེར་གྱིས་ཡོལ་མོ་བཀང་།། གཏམ་གྲགས་སུ་རུང་བས་ངོ་མཚར་ཆེ།། ཁྱེད་ལོངས་སྤྱོད་ལ་ཕོངས་སེམས་མེད་པའི་ཕྱིར།། གོས་དང་ལམ་གྱིས་མཇུག་བསྡུས་ནས།། ཅི་འདོད་ཐམས་ཅད་རྫོངས་སུ་བཏབ།། ཚེ་ཕྱི་མའི་རྒྱགས་ཕྱི་གཏེར་དུ་སྦས།། དེ་ཕྱིར་བསམ་ཞིང་ངོ་མཚར་ཆེ།། བུ་ཕ་བས་ལྷག་པའི་གདུང་སེམས་ཅན།། ཁྱེད་མར་པ་མགོ་ལེགས་མ་ལགས་སམ།། ནོར་སྒྱུ་མ་གཏོང་བ་སྨོས་ཅི་དགོས།། སྲོག་ཕོངས་པ་མེད་པ་ཁྱེད་ཀྱི་ལུགས།། ངོ་མཚར་དེ་ལས་ཆེ་ཐབས་མེད།། ལམ་ཤུལ་ཐག་རིང་བས་ག་ལ་བརྗེད།། ལྷོ་ཁ་ནགས་བལ་བོད་གཉིས་ཀྱི་མཚམས།། དགུན་ལོ་གསར་སྒང་ལ་མེ་ཏོག་སྐྱེ།། འབྲས་དཀར་སཱ་ལུ་འདེབས་པའི་ས།། མོན་སྐད་རིགས་མི་གཅིག་ཡུལ་ཁམས་སུ།། ནད་འཚོ་བར་དཀའ་བའི་ཚད་པ་ལ།། ཤི་ཆད་ཀྱིས་མི་འཇིགས་སྲོག་ལ་བསྡོས།།", "target": "དམན་པ ས་ ཞབས་མཐིལ་ གཙུག་ ཏུ་ བླངས ། ། ཐུགས་རྗེ་ ཆུང་ ཞེས་ སྨྲེ་སྔགས་ བཏོན ། ། གདུང་བ འི་ མཆི་མ་ ཁྲག་ ལྟ ར་ ཟགས ། ། ལྟད་མོ་ ངོ་མཚར་ དེ་ ཆེ་ མོད ། ། ལུས་ བཙུན་མོ་ ལྟ་བུ ར་ སྐུ་ ལ་ འཁྱུད ། ། ཐུགས་ ལ་ སྙིང་གཏད་ དཔྲལ་བ ར་ གཏུགས ། ། དུས་ དེ ར་ དབང་རྫོགས་ སེམས་ ལ་ བསྐུར ། ། ཆོས་རྫོགས་ སེམས་ ཀྱི་ ཉིང་ཁུ་ ཕྱུང་ ། ། ལྟད་མོ་ ངོ་མཚར་ དེ་ ཆེ་ མོད ། ། ལ ར་ རྒྱ་གར་ གྱི་ ནཱ་རོ་ པཎ་ཆེན་ དང་ ། ། ང་ བོད་ ཀྱི་ མར་སྟོན་བློ་གྲོས་ གཉིས ། ། སངས་རྒྱས་ དང་ སེམས་ཅན་ གཉིས་ སུ་ མཇལ ། ། གྲུབ་ཐོབ་ མི་ འབྱུང་ གི་ དོགས་ མ་ མཆིས ། ། ལྟད་མོ་ ངོ་མཚར་ དེ་ ཆེ་ མོད ། ། བུ་ སྙིང་ དང་ འདྲ་བ འི་ དམ་ཚིག་ ཅན ། ། དུས་ གཞི་ ནིང་ རྒྱ་གར་ དུ་ འགྲོ་བ འི་ ཚེ ། ། ལོངས་སྤྱོད་ འབྱོར་པ ས་ ཕོངས་ དུས་ སུ ། ། རིན་ཆེན་གསེར་ གྱིས་ ཡོལ་མོ་ བཀང་ ། ། གཏམ་ གྲགས་ སུ་ རུང་བ ས་ ངོ་མཚར་ ཆེ ། ། ཁྱེད་ ལོངས་སྤྱོད་ ལ་ ཕོངས་སེམས་ མེད་པ འི་ ཕྱི ར ། ། གོས་ དང་ ལམ་ གྱིས་ མཇུག་ བསྡུས་ ནས ། ། ཅི་ འདོད་ ཐམས་ཅད་ རྫོངས་ སུ་ བཏབ ། ། ཚེ་ ཕྱི་མ འི་ རྒྱགས་ ཕྱི་ གཏེར་ དུ་ སྦས ། ། དེ་ ཕྱི ར་ བསམ་ ཞིང་ ངོ་མཚར་ ཆེ ། ། བུ་ ཕ་ བས་ ལྷག་པ འི་ གདུང་སེམས་ཅན ། ། ཁྱེད་ མར་པ་མགོ་ལེགས་ མ་ ལགས་ སམ ། ། ནོར་ སྒྱུ་མ་ གཏོང་བ་ སྨོས་ ཅི་ དགོས ། ། སྲོག་ ཕོངས་པ་ མེད་པ་ ཁྱེད་ ཀྱི་ ལུགས ། ། ངོ་མཚར་ དེ་ ལས་ ཆེ་ཐབས་ མེད ། ། ལམ་ ཤུལ་ ཐག་ རིང་བ ས་ ག་ ལ་ བརྗེད ། ། ལྷོ་ཁ་ ནགས་ བལ་བོད་ གཉིས་ ཀྱི་ མཚམས ། ། དགུན་ ལོ་གསར་ སྒང་ ལ་ མེ་ཏོག་ སྐྱེ ། ། འབྲས་དཀར་ སཱ་ལུ་ འདེབས་པ འི་ ས ། ། མོན་ སྐད་རིགས་ མི་ གཅིག་ ཡུལ་ཁམས་ སུ ། ། ནད་ འཚོ་བ ར་ དཀའ་བ འི་ ཚད་པ་ ལ ། ། ཤི་ཆད་ ཀྱིས་ མི་ འཇིགས་ སྲོག་ ལ་ བསྡོས ། །" }, { "source": "བུ་དཀའ་བའི་དམ་ཚིག་བསྲུང་བའི་ཕྱིར།། ཕ་ངས་ཀྱང་མ་བརྗེད་སེམས་ལ་འཇོགས།། དུས་འདི་ལ་མི་འབྲལ་ཨ་ཅང་ཆེ།། ཚེ་ཕྱི་མ་མི་མཇལ་ཐབས་མེད་པས།། ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ།། འོ་སྐོལ་ཕ་བུས་སྨོན་ལམ་བཏབ།། ང་བྱས་པ་དྲིན་དུ་གཟོ་བའི་ཕྱིར།། གླུ་དེ་ཀུན་ཁྱོད་ཀྱི་ངོ་རུ་བླངས།། ཁོང་གཞན་ལ་མ་སྒྲོགས་གསང་བར་ཞུ།། དྲིན་ལན་གྱི་ཆོས་སྐྱེས་ད་གཟོད་སྟེར།། སྙིང་གཏམ་ཡོད་པ་ཁད་ཀྱིས་བཟློ།། འོ་སྐོལ་སྔོན་ལ་ཕྲད་པ་གྲོགས་ཀྱི་མཆོག། ད་མ་ཤི་བར་དུ་འགྲོགས་པར་བྱ།། ཞེས་པ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལྔའི་ལས་རྣམ་པ་ལྔའི་མཐོང་སྣང་ངོ་མཚར་ཅན་རྣམས་སྲས་ཀྱི་ཐུ་བོར་གྱུར་པ་མར་པ་མགོ་ལེགས་ལ་བྱས་པ་དྲིན་ལན་བསབས་པའི་མགུར་དུ་གསུངས་པའོ།། དེར་མར་པ་མགོ་ལེགས་ལ། རྗེ་ནཱ་རོ་པ་ཆེན་པོའི་ཐུགས་དམ་པདྨ་དམར་པོའི་ཕྲེང་བ་བརྒྱ་རྩ་བརྒྱད་པ་དང་། མངའ་བདག་མཻ་ཏྲི་པའི་ཕྱག་སོར་གྱི་རྡོ་རྗེའི་གུ་ཡ་ཟུང་གཅིག་གནང་ནས། བུ་ཁྱེད་ང་ལ་བྱས་པ་ཆེ་བ་ཡིན་པས། ད་མ་ཤི་བར་ལ་ལྷན་དུ་སྡོད་དགོས། ཚེ་ཕྱི་མར་མི་མཇལ་ཐབས་མེད་ཀྱི་སྨོན་ལམ་བཏབ།། དམ་ཚིག་གནད་ཀྱིས་བསྡུས་པའི་ཕྱིར། འོ་སྐོལ་ཕ་བུ་སྐྱེ་གནས་མཚུངས་ཏེ་མཆི། ཅེས་གསུངས་པ་ལྟར། མར་པ་མགོ་ལེགས་ཀྱིས་ཀྱང་བླ་མའི་ཕྱི་བཞིན་འབྲངས་ཏེ། བླ་མ་སྐུ་མ་གཤེགས་བར་ལ་ཞག་གཅིག་ཀྱང་མ་བྲལ་བར་ཞབས་ཏོག་བགྱིས་པ་ལགས་སོ། ནཱ་རོ་པ་དང་མཇལ་ལུགས་ངོ་མཚར་བའི་ལྟས་རྣམས་ཀྱི་མགུར་འདི་དག་དོན་གཅིག་ལ་ཚིག་མི་འདྲ་བ་ལན་གསུམ་བསྐྱར་བ་ནི།", "target": "བུ་ དཀའ་བ འི་ དམ་ཚིག་ བསྲུང་བ འི་ ཕྱི ར ། ། ཕ་ ང ས་ ཀྱང་ མ་ བརྗེད་ སེམས་ ལ་ འཇོགས ། ། དུས་ འདི་ ལ་ མི་ འབྲལ་ ཨ་ཅང་ ཆེ ། ། ཚེ་ ཕྱི་མ་ མི་ མཇལ་ཐབས་ མེད་པ ས ། ། ཡི་དམ་མཁའ་འགྲོ འི་ སྤྱན་ལམ་ དུ ། ། འོ་སྐོལ་ ཕ་བུ ས་ སྨོན་ལམ་ བཏབ ། ། ང་ བྱས་པ་ དྲིན་ དུ་ གཟོ་བ འི་ ཕྱི ར ། ། གླུ་ དེ་ ཀུན་ ཁྱོད་ ཀྱི་ ངོ་ རུ་ བླངས ། ། ཁོང་ གཞན་ ལ་ མ་ སྒྲོགས་ གསང་བ ར་ ཞུ ། ། དྲིན་ལན་ གྱི་ ཆོས་ སྐྱེས་ ད་ གཟོད་ སྟེར ། ། སྙིང་གཏམ་ ཡོད་པ་ ཁད་ ཀྱིས་ བཟློ ། ། འོ་སྐོལ་ སྔོན་ ལ་ ཕྲད་པ་ གྲོགས་ ཀྱི་ མཆོག ། ད་ མ་ ཤི་ བར་ དུ་ འགྲོགས་པ ར་ བྱ ། ། ཞེས་པ་ སྐུ་གསུང་ཐུགས་ ཀྱི་ ཡོན་ཏན་ ལྔ འི་ ལས་ རྣམ་པ་ ལྔ འི་ མཐོང་སྣང་ ངོ་མཚར་ཅན་ རྣམས་ སྲས་ ཀྱི་ ཐུ་བོ ར་ གྱུར་པ་ མར་པ་མགོ་ལེགས་ ལ་ བྱས་པ་ དྲིན་ལན་ བསབས་པ འི་ མགུར་ དུ་ གསུངས་པ འོ ། ། དེ ར་ མར་པ་མགོ་ལེགས་ ལ ། རྗེ་ ནཱ་རོ་པ་ ཆེན་པོ འི་ ཐུགས་དམ་ པདྨ་ དམར་པོ འི་ ཕྲེང་བ་ བརྒྱ་ རྩ་ བརྒྱད་པ་ དང་ ། མངའ་བདག་ མཻ་ཏྲི་པ འི་ ཕྱག་སོར་ གྱི་ རྡོ་རྗེ འི་ གུ་ཡ་ ཟུང་ གཅིག་ གནང་ ནས ། བུ་ ཁྱེད་ ང་ ལ་ བྱས་པ་ ཆེ་བ་ ཡིན་པ ས ། ད་ མ་ ཤི་བ ར་ ལ་ ལྷན་ དུ་ སྡོད་ དགོས ། ཚེ་ ཕྱི་མ ར་ མི་ མཇལ་ཐབས་ མེད་ ཀྱི་ སྨོན་ལམ་ བཏབ ། ། དམ་ཚིག་གནད་ ཀྱིས་ བསྡུས་པ འི་ ཕྱི ར ། འོ་སྐོལ་ ཕ་བུ་ སྐྱེ་གནས་ མཚུངས་ ཏེ་ མཆི ། ཅེས་ གསུངས་པ་ ལྟ ར ། མར་པ་མགོ་ལེགས་ ཀྱིས་ ཀྱང་ བླ་མ འི་ ཕྱི་བཞིན་ འབྲངས་ ཏེ ། བླ་མ་ སྐུ་ མ་ གཤེགས་ བར་ ལ་ ཞག་ གཅིག་ ཀྱང་ མ་ བྲལ་བ ར་ ཞབས་ཏོག་ བགྱིས་པ་ ལགས་ སོ ། ནཱ་རོ་པ་ དང་ མཇལ་ལུགས་ ངོ་ མཚར་བ འི་ ལྟས་ རྣམས་ ཀྱི་ མགུར་ འདི་ དག་ དོན་ གཅིག་ ལ་ ཚིག་ མི་ འདྲ་བ་ ལན་ གསུམ་ བསྐྱར་བ་ ནི །" }, { "source": "དོན་གཅིག་ལ་ཞུ་མཁན་མི་འདྲ་བ་གསུམ་གྱི་ལན་དུ་གསུངས་པས་ཤེས་པར་བྱའོ།། དེ་ནས་བླ་མ་རྔོག་པ་དང་།། མཚུར་སྟོན་ཡང་བུ་སློབ་མང་པོས་བསྐོར།། བླ་མ་སྐུ་མ་ནོངས་པར་སྙན་གྲགས་དང་བཅས་ཕེབས་པའི་དགའ་སྟོན་གཏང་རག་འབུལ་བ་དང་། ཆོས་ཞུ་བ་ལ་བྱོན་ཏེ། ཁོང་གཉིས་ཀྱིས་འབུལ་བ་བགྱིས་པའི་ཚོགས་གྲལ་དུ། བླ་མ་ལགས། ད་ལན་རྗེའི་སྐུ་ཚེ་ལ་བར་ཆད་མེད་པར་ཕེབས་པས། བདག་སློབ་འབངས་རྣམས་ཀྱིས་བསམ་བསམས་དོན་དུ་གྲུབ་ཅིང་སྐྱིད་པའི་ཉི་མ་ཤར། རྗེ་རིན་པོ་ཆེ་ལ་དཀའ་སྤྱད་དང་སྐུ་བསྙུང་བ་སོགས་འོ་རྒྱལ་མང་པོ་རང་བྱུང་འདུག་ཟེར་བ་ཐོས་པས་ཡིད་གདུངས་པ་སྐྱེས་ལགས་པ། དཀའ་སྤྱད་ཇི་ལྟར་མཛད་པ་དང་བསྙུང་ཚུལ་རྣམས། དེ་རིང་བདག་ཅག་རྣམས་ལ་མགུར་དུ་གསུང་བར་ཞུ་ཞེས་ཞུས་པས། ངས་ད་རེས་ཇོ་བོ་ནཱ་རོ་པ་ཚོལ་བའི་ཕྱིར་དཀའ་བ་སྤྱད་ཚུལ་རྣམས་དང་། དང་པོ་ཆོས་སྒོར་ཞུགས་ནས་ད་བར་གྱི་ལོ་རྒྱུས་རྣམས་གླུ་རུ་ལེན་པས་ཉོན་ཅིག་གསུངས།། མཉམ་བཞག་འཕྲོ་རྒོད་འཐོར་བ་སྡུད་པར་བྱེད་པ་རིག་པ་སེམས་ཀྱི་ལྕགས་ཀྱུ་མཁའ་འགྲོའི་སྨྲེ་སྔགས་ལ་རྟ་དྲངས་ནས། ཆོས་ཕྱིར་དཀའ་བ་སྤྱད་ཚུལ་གྱི་མགུར་ཆེན་འདི་གསུངས་སོ།།།། རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་།། མི་ཁོ་བོའི་སྤྱི་གཙུག་རྒྱན་དུ་བཞུགས།། མི་བདག་གི་དཀའ་ལས་ཀྱི་དཔེ་བཤད་ན།། ཁྱེད་འདིར་བཞུགས་ཀྱི་ཇོ་བོ་སྟོན་ཆེན་རྣམས།། ཆོས་སླ་བར་མ་དགོངས་ཚུལ་བཞིན་བསྒྲུབས།། ཁོ་བོ་མར་པ་ལོ་ཙྪ་འདི།། སྐྱེས་པ་ལྷོ་བྲག་མཐིལ་དུ་སྐྱེས།། ལས་འཕྲོ་དཀར་པོའི་ཆོས་ལ་སད།།", "target": "དོན་ གཅིག་ ལ་ ཞུ་མཁན་ མི་ འདྲ་བ་ གསུམ་ གྱི་ ལན་ དུ་ གསུངས་པ ས་ ཤེས་པ ར་ བྱ འོ ། ། དེ་ ནས་ བླ་མ་ རྔོག་པ་ དང་ ། ། མཚུར་སྟོན་ ཡང་ བུ་སློབ་ མང་པོ ས་ བསྐོར ། ། བླ་མ་ སྐུ་ མ་ ནོངས་པ ར་ སྙན་གྲགས་ དང་ བཅས་ ཕེབས་པ འི་ དགའ་སྟོན་ གཏང་རག་ འབུལ་བ་ དང་ ། ཆོས་ ཞུ་བ་ ལ་ བྱོན་ ཏེ ། ཁོང་ གཉིས་ ཀྱིས་ འབུལ་བ་ བགྱིས་པ འི་ ཚོགས་གྲལ་ དུ ། བླ་མ་ ལགས ། ད་ ལན་ རྗེ འི་ སྐུ་ཚེ་ ལ་ བར་ཆད་ མེད་པ ར་ ཕེབས་པ ས ། བདག་ སློབ་འབངས་ རྣམས་ ཀྱིས་ བསམ་ བསམས་ དོན་ དུ་ གྲུབ་ ཅིང་ སྐྱིད་པ འི་ ཉི་མ་ ཤར ། རྗེ་ རིན་པོ་ཆེ་ ལ་ དཀའ་སྤྱད་ དང་ སྐུ་ བསྙུང་བ་ སོགས་ འོ་རྒྱལ་ མང་པོ་ རང་ བྱུང་ འདུག་ ཟེར་བ་ ཐོས་པ ས་ ཡིད་ གདུངས་པ་ སྐྱེས་ ལགས་པ ། དཀའ་སྤྱད་ ཇི་ ལྟ ར་ མཛད་པ་ དང་ བསྙུང་ཚུལ་ རྣམས ། དེ་ རིང་ བདག་ཅག་ རྣམས་ ལ་ མགུར་ དུ་ གསུང་བ ར་ ཞུ་ ཞེས་ ཞུས་པ ས ། ང ས་ ད་ རེ ས་ ཇོ་བོ་ ནཱ་རོ་པ་ ཚོལ་བ འི་ ཕྱི ར་ དཀའ་བ་ སྤྱད་ཚུལ་ རྣམས་ དང་ ། དང་པོ་ ཆོས་སྒོ ར་ ཞུགས་ ནས་ ད་ བར་ གྱི་ ལོ་རྒྱུས་ རྣམས་ གླུ་ རུ་ ལེན་པ ས་ ཉོན་ ཅིག་ གསུངས ། ། མཉམ་བཞག་འཕྲོ་རྒོད་ འཐོར་བ་ སྡུད་པ ར་ བྱེད་པ་ རིག་པ་ སེམས་ ཀྱི་ ལྕགས་ཀྱུ་ མཁའ་འགྲོ འི་ སྨྲེ་སྔགས་ ལ་ རྟ་ དྲངས་ ནས ། ཆོས་ ཕྱི ར་ དཀའ་བ་ སྤྱད་ཚུལ་ གྱི་ མགུར་ཆེན་ འདི་ གསུངས་ སོ ། ། ། ། རྗེ་ མི་བསྐྱོད་ ཀྱི་ ངོ་བོ་ རྡོ་རྗེ་འཆང་ ། ། མི་ ཁོ་བོ འི་ སྤྱི་གཙུག་རྒྱན་ དུ་ བཞུགས ། ། མི་བདག་ གི་ དཀའ་ལས་ ཀྱི་ དཔེ་ བཤད་ ན ། ། ཁྱེད་ འདི ར་ བཞུགས་ ཀྱི་ ཇོ་བོ་ སྟོན་ཆེན་ རྣམས ། ། ཆོས་ སླ་བ ར་ མ་ དགོངས་ཚུལ་ བཞིན་ བསྒྲུབས ། ། ཁོ་བོ་ མར་པ་ ལོ་ཙྪ་ འདི ། ། སྐྱེས་པ་ ལྷོ་བྲག་ མཐིལ་ དུ་ སྐྱེས ། ། ལས་འཕྲོ་ དཀར་པོ འི་ ཆོས་ ལ་ སད ། །" }, { "source": "དཔལ་མྱུ་གུ་ལུང་གི་དགོན་པ་དེར།། སྒྲ་སྒྱུར་འབྲོག་མི་ལོ་ཙྪ་ལ།། སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚང་བསླབས།། ཁོང་སྐུ་དྲིན་མི་ཆུང་ཆེ་བར་ཁུམས།། དམ་ཆོས་རྒྱ་གར་ཡུལ་ནས་བཙལ།། བདག་བལ་པོའི་ལམ་དུ་ཞུགས་ཙ་ན།། བཅའ་འཕྲང་དང་ཆུ་ལ་ཐར་དུས་མེད།། ནགས་འཐུག་པོ་གཅིག་ལ་ཐོན་དུས་མེད།། ལམ་རིང་པོ་གཅིག་ལ་བགྲོད་དུས་མེད།། ཤིང་སྡོང་པོ་མི་རོ་རེངས་པ་འདྲ།། ལམ་དེ་ཀུན་གྱི་སྡུག་བསྔལ་མཐོང་ཙ་ན།། བྱ་དགུང་ལ་འཕུར་བ་གཤོག་པ་འདར།། འོན་ཀྱང་ངལ་དུབ་བྱས་རིན་ཆོག། ཡུལ་ལྷ་ལས་བབས་པའི་བལ་པོ་མཐོང་།། ཕྱི་འདོད་ཡོན་བལྟ་བས་ཆོག་མི་ཤེས།། མི་འདོད་ཁམས་ཀྱི་ལྷ་ཕྲན་ཡིན་ནོ་སྙམ།། དུས་བསྐལ་པ་བཟང་པོར་འདུག་གོ་སྙམ།། ལས་བགྲོད་པར་དཀའ་ཡང་ཕྱིན་པས་ལེགས།། ང་དེ་ནས་རྒྱ་གར་དུ་ཕྱིན་ཙ་ན།། མཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ།། སྲོག་ཅི་བདེར་ཐོན་པའི་རེ་མ་མཆིས།། གཅན་གཟན་གྱི་ངར་སྐད་ཐོས་ཙ་ན།། ལུས་གཙང་སར་ཐོན་པ་ཅུང་མ་བསམ།། སྦྲུལ་སྦྲམ་ཆེན་གྱི་ཁ་རླངས་མཐོང་བའི་ཚེ།། ཡིད་བརྟན་པར་ཕྱིན་ཡང་གོམ་ཚུགས་འཁྱོར།། ལམ་དེ་ཀུན་གྱི་འཇིགས་པ་མཐོང་བ་རྣམས།། དུས་ད་ལྟ་དྲན་ཡང་གློ་སྙིང་འདར།། ཆུ་གྲགས་པ་ཅན་གྱི་གང་ག་བརྒལ།། འོན་ཀྱང་དཀའ་བ་སྤྱད་རིན་ཆོག། ཡུལ་དབུས་འགྱུར་ཚལ་གྱི་བཀོད་པ་མཐོང་།། དཔལ་རྡོ་རྗེ་གདན་གྱིས་སྣ་།། རྟེན་ངོ་དྲངས་མཚར་ཅན་ལ་མཆོད་པ་བྱས།། ཁོ་བོ་ཕྱིན་པ་འཕྱིས་སོ་སྙམ།། ཆོས་སྙིང་ནས་ཚོལ་བའི་གདུང་སེམས་ཀྱིས།། ཡུལ་རྒྱ་གར་ཤར་ནུབ་ཆུ་བཞིན་ཉུལ།། ཐང་ཆེན་པོ་གཅིག་ལ་ཆོད་དུས་མེད།། མེ་འོབས་ཀྱི་ཐང་ལ་ཕྱིན་ཏོ་སྙམ།། ཡིད་ཆོས་ལ་བསམས་ཀྱང་སྙིང་རླུང་འཕྱོ།། ནད་འཚོ་བར་དཀའ་བའི་ཚད་པས་ཐེབས།། དེ་ཤི་དོ་ཆད་བཅུ་གསུམ་བྱུང་།། ཁ་ཆེམས་ཚིག་གསུམ་བཞག་ས་མེད།།", "target": "དཔལ་མྱུ་གུ་ལུང་ གི་ དགོན་པ་ དེ ར ། ། སྒྲ་སྒྱུར་ འབྲོག་མི་ ལོ་ཙྪ་ ལ ། ། སྒྲ་ ཐད་ ཀློག་སྐད་ ཀྱི་ ཡིག་ཚང་ བསླབས ། ། ཁོང་ སྐུ་དྲིན་ མི་ ཆུང་ ཆེ་བ ར་ ཁུམས ། ། དམ་ཆོས་ རྒྱ་གར་ ཡུལ་ ནས་ བཙལ ། ། བདག་ བལ་པོ འི་ ལམ་ དུ་ ཞུགས་ ཙ་ ན ། ། བཅའ་འཕྲང་ དང་ ཆུ་ ལ་ ཐར་ དུས་ མེད ། ། ནགས་ འཐུག་པོ་ གཅིག་ ལ་ ཐོན་ དུས་ མེད ། ། ལམ་ རིང་པོ་ གཅིག་ ལ་ བགྲོད་ དུས་ མེད ། ། ཤིང་ སྡོང་པོ་ མི་རོ་ རེངས་པ་ འདྲ ། ། ལམ་ དེ་ ཀུན་ གྱི་ སྡུག་བསྔལ་ མཐོང་ ཙ་ ན ། ། བྱ་ དགུང་ ལ་ འཕུར་བ་ གཤོག་པ་ འདར ། ། འོན་ ཀྱང་ ངལ་དུབ་ བྱས་ རིན་ ཆོག ། ཡུལ་ལྷ་ ལས་ བབས་པ འི་ བལ་པོ་ མཐོང་ ། ། ཕྱི་འདོད་ཡོན་ བལྟ་བ ས་ ཆོག་ མི་ ཤེས ། ། མི་ འདོད་ཁམས་ ཀྱི་ ལྷ་ཕྲན་ ཡིན་ ནོ་ སྙམ ། ། དུས་ བསྐལ་པ་ བཟང་པོ ར་ འདུག་ གོ་ སྙམ ། ། ལས་ བགྲོད་པ ར་ དཀའ་ ཡང་ ཕྱིན་པ ས་ ལེགས ། ། ང་ དེ་ ནས་ རྒྱ་གར་ དུ་ ཕྱིན་ ཙ་ ན ། ། མཐའ་འཁོབ་ ཀྱི་ ཇག་པ་ ཤི་ སྐྱིད་ ལ ། ། སྲོག་ ཅི་ བདེ ར་ ཐོན་པ འི་ རེ་ མ་ མཆིས ། ། གཅན་གཟན་ གྱི་ ངར་སྐད་ ཐོས་ ཙ་ ན ། ། ལུས་ གཙང་ས ར་ ཐོན་པ་ ཅུང་ མ་ བསམ ། ། སྦྲུལ་ སྦྲམ་ཆེན་ གྱི་ ཁ་རླངས་ མཐོང་བ འི་ ཚེ ། ། ཡིད་ བརྟན་པ ར་ ཕྱིན་ ཡང་ གོམ་ཚུགས་ འཁྱོར ། ། ལམ་ དེ་ ཀུན་ གྱི་ འཇིགས་པ་ མཐོང་བ་ རྣམས ། ། དུས་ ད་ ལྟ་ དྲན་ ཡང་ གློ་སྙིང་ འདར ། ། ཆུ་ གྲགས་པ་ཅན་ གྱི་ གང་ག་ བརྒལ ། ། འོན་ ཀྱང་ དཀའ་བ་ སྤྱད་ རིན་ ཆོག ། ཡུལ་ དབུས་འགྱུར་ཚལ་ གྱི་ བཀོད་པ་ མཐོང་ ། ། དཔལ་རྡོ་རྗེ་གདན་ གྱིས་ སྣ་ ། ། རྟེན་ ངོ་ དྲངས་ མཚར་ཅན་ ལ་ མཆོད་པ་ བྱས ། ། ཁོ་བོ་ ཕྱིན་པ་ འཕྱིས་ སོ་ སྙམ ། ། ཆོས་ སྙིང་ ནས་ ཚོལ་བ འི་ གདུང་སེམས་ ཀྱིས ། ། ཡུལ་ རྒྱ་གར་ ཤར་ནུབ་ ཆུ་ བཞིན་ ཉུལ ། ། ཐང་ ཆེན་པོ་ གཅིག་ ལ་ ཆོད་ དུས་ མེད ། ། མེ་འོབས་ ཀྱི་ ཐང་ ལ་ ཕྱིན་ ཏོ་ སྙམ ། ། ཡིད་ ཆོས་ ལ་ བསམས་ ཀྱང་ སྙིང་རླུང་ འཕྱོ ། ། ནད་ འཚོ་བ ར་ དཀའ་བ འི་ ཚད་པ ས་ ཐེབས ། ། དེ་ ཤི་ དོ་ཆད་ བཅུ་ གསུམ་ བྱུང་ ། ། ཁ་ཆེམས་ ཚིག་ གསུམ་ བཞག་ས་ མེད ། །" }, { "source": "དབུགས་འགྱུ་བ་ཆད་པ་ལན་གསུམ་མྱོང་།། དུས་དེ་ཀུན་གྱི་སྡུག་བསྔལ་མཐོང་ཙ་ན།། སྡང་དགྲའི་མིག་ནས་མཆི་མ་འཆོར།། འོན་ཀྱང་སྲོག་བསྡོས་བྱ་རིན་ཆོག། རྗེ་ན་རོ་པཎ་ཆེན་གྱིས་སྣ་།། དྲངས་བླ་མ་གྲུབ་ཐོབ་ལྔ་དང་མཇལ།། སྤྱིར་རྒྱུད་སྡེ་བཞི་ལ་ཉན་བཤད་བྱས།། ཁྱད་པར་མ་རྒྱུད་མཐའ་དག་དང་།། ཕ་རྒྱུད་གསང་བ་འདུས་པ་བསླབས།། ཤར་ཆུ་བོ་གང་གཱའི་འགྲམ་དུ་ཕྱིན།། རྗེ་མཻ་ཏྲི་པ་ཡི་བྱིན་བརླབས་ཀྱིས།། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས།། སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས།། དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་།། སྐུ་གསུམ་མ་དང་དངོས་སུ་མཇལ།། མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད།། སླར་བོད་ཡུལ་དབུས་སུ་ལོག་ཙ་ན།། གདམས་ངག་ཀྱང་ང་རང་ཆེའོ་སྙམ།། གྲུབ་ཐོབ་ཀྱང་འགའ་རེ་འབྱུང་ངོ་སྙམ།། འགྲོ་དོན་གྱི་ངོ་བོ་གྲུབ་བོ་སྙམ།། དེ་ཀུན་ཁོ་བོའི་ཞེ་གདེངས་ལགས།། དཀའ་བ་སྤྱད་པའི་སྤྱད་ལུགས་ལགས།། ཆོས་དེ་ཙམ་དུ་དཀའ་བར་ཐུགས་དགོངས་ལ།། ལེ་ལོ་མ་མཛད་བསྒྲུབ་པར་ཞུ།། ཞེས་གསུངས་པས། བུ་ཆེན་རྣམས་ཀྱིས་ཐོག་དྲངས་གྲལ་པ་མང་པོ་སྤྱན་ཆབ་ཤོར་རོ། རྒྱ་གར་ལ་འབྱོན་ཐེབས་ཕྱི་མའོ།།།། གསུམ་པ། གདམས་དག་ཐུགས་ཉམས་སུ་བཞེས་པ་ཐུགས་ལ་འཁྲུངས་ཚུལ་ནི། སྤྱིར་གྱིས་གདམས་ངག་ཞུས་པ་ཇི་བཞིན་ཐུགས་ཉམས་སུ་བླངས་པས། ཉམས་དང་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་ནས་རྟོགས་པའི་མགུར་དུ་མ་གསུངས་པ་རྣམས་ལགས་ཤིང་།། བྱེ་བྲག་ཏུ་གྲོང་འཇུག་ཐུགས་ཉམས་སུ་བཞེས་པས་གདེངས་ཐོབ་ཚུལ་ནི། རྒྱང་རོ་ཞང་སྟོན་གྱིས་ཐོག་དྲངས་པའི་སློབ་མ་དང་། ཡོན་བདག་མང་པོས་གཏང་རག་གི་ཚོགས་མཆོད་བཟང་པོ་ཞིག་ཕུལ་བའི་ཚེ་གཟིམས་ཁང་གི་ཉེ་འཁོར་ན་ཕུག་རོན་གྱི་ཚང་ཡོད་པ། ཕྲུ་གུ་མའི་ཕྱི་བཞིན་འཕུར་སོང་བ་ཁྲས་དེད་པ་ཚང་དུ་བྲོས་རུང་། ཧལ་ནས་ཤི་བའི་རོ་གཅིག་བྱུང་བ་ལ།", "target": "དབུགས་ འགྱུ་བ་ ཆད་པ་ ལན་ གསུམ་ མྱོང་ ། ། དུས་ དེ་ ཀུན་ གྱི་ སྡུག་བསྔལ་ མཐོང་ ཙ་ ན ། ། སྡང་དགྲ འི་ མིག་ ནས་ མཆི་མ་ འཆོར ། ། འོན་ ཀྱང་ སྲོག་ བསྡོས་ བྱ་ རིན་ ཆོག ། རྗེ་ ན་རོ་ པཎ་ཆེན་ གྱིས་ སྣ་ ། ། དྲངས་ བླ་མ་ གྲུབ་ཐོབ་ ལྔ་ དང་ མཇལ ། ། སྤྱི ར་ རྒྱུད་སྡེ་ བཞི་ ལ་ ཉན་བཤད་ བྱས ། ། ཁྱད་པ ར་ མ་རྒྱུད་ མཐའ་དག་ དང་ ། ། ཕ་རྒྱུད་ གསང་བ་འདུས་པ་ བསླབས ། ། ཤར་ ཆུ་བོ་ གང་གཱ འི་ འགྲམ་ དུ་ ཕྱིན ། ། རྗེ་ མཻ་ཏྲི་པ་ ཡི་ བྱིན་བརླབས་ ཀྱིས ། ། གཞི་ ཆོས་ཉིད་ སྐྱེ་བ་ མེད་པ ར་ རྟོགས ། ། སེམས་ སྟོང་པ་ཉིད་ ལ་ སྦར་ ཟིན་ བྱས ། ། དོན་ སྤྲོས་བྲལ་ གཉུག་མ འི་ ངོ་བོ་ མཐོང་ ། ། སྐུ་ གསུམ་ མ་ དང་ དངོས་ སུ་ མཇལ ། ། མི་ ཁོ་བོ འི་ སྤྲོས་པ་ དེ་ ནས་ ཆོད ། ། སླ ར་ བོད་ཡུལ་ དབུས་ སུ་ ལོག་ ཙ་ ན ། ། གདམས་ངག་ ཀྱང་ ང་ རང་ ཆེ འོ་ སྙམ ། ། གྲུབ་ཐོབ་ ཀྱང་ འགའ་ རེ་ འབྱུང་ ངོ་ སྙམ ། ། འགྲོ་དོན་ གྱི་ ངོ་བོ་ གྲུབ་ བོ་ སྙམ ། ། དེ་ ཀུན་ ཁོ་བོ འི་ ཞེ་གདེངས་ ལགས ། ། དཀའ་བ་ སྤྱད་པ འི་ སྤྱད་ལུགས་ ལགས ། ། ཆོས་ དེ་ ཙམ་ དུ་ དཀའ་བ ར་ ཐུགས་དགོངས་ ལ ། ། ལེ་ལོ་ མ་ མཛད་ བསྒྲུབ་པ ར་ ཞུ ། ། ཞེས་ གསུངས་པ ས ། བུ་ཆེན་ རྣམས་ ཀྱིས་ ཐོག་དྲངས་ གྲལ་པ་ མང་པོ་ སྤྱན་ཆབ་ ཤོར་ རོ ། རྒྱ་གར་ ལ་ འབྱོན་ ཐེབས་ ཕྱི་མ འོ ། ། ། ། གསུམ་པ ། གདམས་དག་ ཐུགས་ཉམས་ སུ་ བཞེས་པ་ ཐུགས་ ལ་ འཁྲུངས་ཚུལ་ ནི ། སྤྱི ར་ གྱིས་ གདམས་ངག་ ཞུས་པ་ ཇི་ བཞིན་ ཐུགས་ཉམས་ སུ་ བླངས་པ ས ། ཉམས་ དང་ རྟོགས་པ་ ཁྱད་པར་ཅན་ ཐུགས་ ལ་ འཁྲུངས་ ནས་ རྟོགས་པ འི་ མགུར་ དུ་ མ་ གསུངས་པ་ རྣམས་ ལགས་ ཤིང་ ། ། བྱེ་བྲག་ ཏུ་ གྲོང་འཇུག་ ཐུགས་ཉམས་ སུ་ བཞེས་པ ས་ གདེངས་ ཐོབ་ཚུལ་ ནི ། རྒྱང་རོ་ཞང་སྟོན་ གྱིས་ ཐོག་ དྲངས་པ འི་ སློབ་མ་ དང་ ། ཡོན་བདག་ མང་པོ ས་ གཏང་རག་ གི་ ཚོགས་མཆོད་ བཟང་པོ་ ཞིག་ ཕུལ་བ འི་ ཚེ་ གཟིམས་ཁང་ གི་ ཉེ་འཁོར་ ན་ ཕུག་རོན་ གྱི་ ཚང་ ཡོད་པ ། ཕྲུ་གུ་ མ འི་ ཕྱི་བཞིན་ འཕུར་ སོང་བ་ ཁྲ ས་ དེད་པ་ ཚང་ དུ་ བྲོས་ རུང་ ། ཧལ་ ནས་ ཤི་བ འི་ རོ་ གཅིག་ བྱུང་བ་ ལ །" }, { "source": "ངས་ཁྱེད་རྣམས་ལ་དེ་རིང་གྲོང་འཇུག་གི་ལྟད་མོ་བསྟན་ནམ་གསུངས་པ་ལ། ཀུན་གྱིས་ཕྱག་ཕུལ་ནས་གསོལ་བ་བཏབ་པས། ཕུག་རོན་གྱི་རོའི་རྐང་པ་ལ་ཐི་གུ་བཏགས་ནས་གཏོང་བ་ལ་གྲོང་འཇུག་མཛད་པས། ཕུག་རོན་ལངས་ནས་ཐེབ་ཐེབ་འཕུར་གྲབས་བྱེད་པའི་མདུན་དུ་ཕྲུག་གུ་ཡང་མ་ལ་འཁོར་ནས་སྙིང་རྗེ་རྗེ་ལྟར་བྱེད་པའི་ཚེ། རྒྱང་རོ་ཞང་སྟོན་གྱིས་བླ་མའི་སྐུ་ལ་བལྟས་པས། སྤུར་གྱི་རྣམ་པ་ཞིག་བྱུང་བ་མ་བཟོད་པར་འཇིགས་པའི་རྣམ་པ་དང་། ངུ་ངག་གིས་སྐུ་དྲུང་དུ། བླ་མ་རིན་པོ་ཆེ་ད་འདི་འདྲ་མི་མཛད་པར་ཞུ་ཞུས་པས། ཕན་གནོད་མ་བྱུང་བས། དེ་བས་ཀྱང་འཇིགས་སུ་སོང་སྟེ། ཡང་ཕུག་རོན་གྱི་དྲུང་དུ་ཕྱིན་ཞུ་བ་ཕུལ་བས། ཕུག་རོན་འགྱེལ་འཕྲལ་བླ་མ་བཞེངས་ནས། རང་ལུས་ཁང་སྟོང་བཞིན་བོར་ནས། ཕུག་རོན་གཞན་ལུས་གྲོང་དུ་ཞུགས།། གཤོག་བརྐྱང་མཁའ་ལ་ངོ་འཕུར་བྱས།། བྱ་མ་བུ་འཕྲད་ནས་རྩེ་བ་དེ།། ཀུན་ཀྱིས་མཐོང་བ་ངོ་མཚར་ཆེ། ཞེས་གསུངས་ཤིང་བཤད་པས། དེར་ཚོགས་པ་ཀུན་གྲོང་འཇུག་ལ་ངེས་ཤེས་འདྲོངས་པས་མཆོག་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། དེ་ལྟར་གྲོང་འཇུག་མཛད་པའི་ལོ་རྒྱུས་ཇོ་བོས་ཐོས་པས། ཟེར་ཟེར་མིན་པ་བདེན་རང་མི་བདེན་ནམ།། བདེན་ན་ཡ་མཚན་དེ་འདྲ་བས་ཆེ་བ་མི་འོང་ཟེར་ཞིང་། ཡིད་ལ་ཡང་ནར་མར་གྲོང་འཇུག་བདེན་རྫུན་ང་རང་གིས་མཐོང་བ་ཞིག་བྱེད་དགོས་སྙམ་ཡོད་པའི་ཚེ། ནམ་ཞིག་ཇོ་བོའི་ཐ་ག་མ་ཞིག་གི་རྩར་ལུ་གུ་ལྟང་དཀར་ཞིག་ཞེ་ཡིས་འགྲངས་དྲགས་ཤི་བའི་རོ་གཅིག་འདུག་པས།", "target": "ང ས་ ཁྱེད་ རྣམས་ ལ་ དེ་ རིང་ གྲོང་འཇུག་ གི་ ལྟད་མོ་ བསྟན་ ནམ་ གསུངས་པ་ ལ ། ཀུན་ གྱིས་ ཕྱག་ ཕུལ་ ནས་ གསོལ་བ་ བཏབ་པ ས ། ཕུག་རོན་ གྱི་ རོ འི་ རྐང་པ་ ལ་ ཐི་གུ་ བཏགས་ ནས་ གཏོང་བ་ ལ་ གྲོང་འཇུག་ མཛད་པ ས ། ཕུག་རོན་ ལངས་ ནས་ ཐེབ་ཐེབ་ འཕུར་གྲབས་ བྱེད་པ འི་ མདུན་ དུ་ ཕྲུག་གུ་ ཡང་ མ་ ལ་ འཁོར་ ནས་ སྙིང་རྗེ་རྗེ་ ལྟ ར་ བྱེད་པ འི་ ཚེ ། རྒྱང་རོ་ཞང་སྟོན་ གྱིས་ བླ་མ འི་ སྐུ་ ལ་ བལྟས་པ ས ། སྤུར་ གྱི་ རྣམ་པ་ ཞིག་ བྱུང་བ་ མ་ བཟོད་པ ར་ འཇིགས་པ འི་ རྣམ་པ་ དང་ ། ངུ་ངག་ གིས་ སྐུ་ དྲུང་ དུ ། བླ་མ་ རིན་པོ་ཆེ་ ད་ འདི་ འདྲ་ མི་ མཛད་པ ར་ ཞུ་ ཞུས་པ ས ། ཕན་གནོད་ མ་ བྱུང་བ ས ། དེ་ བས་ ཀྱང་ འཇིགས་ སུ་ སོང་ སྟེ ། ཡང་ ཕུག་རོན་ གྱི་ དྲུང་ དུ་ ཕྱིན་ ཞུ་བ་ ཕུལ་བ ས ། ཕུག་རོན་ འགྱེལ་ འཕྲལ་ བླ་མ་ བཞེངས་ ནས ། རང་ལུས་ ཁང་སྟོང་ བཞིན་ བོར་ ནས ། ཕུག་རོན་ གཞན་ལུས་ གྲོང་ དུ་ ཞུགས ། ། གཤོག་ བརྐྱང་ མཁའ་ ལ་ ངོ་ འཕུར་ བྱས ། ། བྱ་ མ་བུ་ འཕྲད་ ནས་ རྩེ་བ་ དེ ། ། ཀུན་ ཀྱིས་ མཐོང་བ་ ངོ་མཚར་ ཆེ ། ཞེས་ གསུངས་ ཤིང་ བཤད་པ ས ། དེ ར་ ཚོགས་པ་ ཀུན་ གྲོང་འཇུག་ ལ་ ངེས་ཤེས་ འདྲོངས་པ ས་ མཆོག་ ཏུ་ ངོ་མཚར་ སྐྱེས་པ ར་ གྱུར་ ཏོ ། དེ་ ལྟ ར་ གྲོང་འཇུག་ མཛད་པ འི་ ལོ་རྒྱུས་ ཇོ་བོ ས་ ཐོས་པ ས ། ཟེར་ཟེར་ མིན་པ་ བདེན་ རང་ མི་ བདེན་ ནམ ། ། བདེན་ ན་ ཡ་མཚན་ དེ་ འདྲ་བ ས་ ཆེ་བ་ མི་ འོང་ ཟེར་ ཞིང་ ། ཡིད་ ལ་ ཡང་ ནར་མ ར་ གྲོང་འཇུག་ བདེན་རྫུན་ ང་ རང་ གིས་ མཐོང་བ་ ཞིག་ བྱེད་ དགོས་ སྙམ་ ཡོད་པ འི་ ཚེ ། ནམ་ ཞིག་ ཇོ་བོ འི་ ཐ་ག་མ་ ཞིག་ གི་ རྩ ར་ ལུ་གུ་ ལྟང་དཀར་ ཞིག་ ཞེ་ ཡིས་ འགྲངས་ དྲགས་ ཤི་བ འི་ རོ་ གཅིག་ འདུག་པ ས །" }, { "source": "རྗེ་མར་པ་ལ། ཇོ་བོ་ན་རེ། ཁྱེད་ཀྱིས་འདི་ལ་ཕུག་རོན་ལྟར་གྲོང་འཇུག་གྱིས་དང་ཟེར་བས། ངས་རྒྱ་གར་ནས་ཡུམ་རྡོ་རྗེ་ཕག་མོའི་བཅུད་ལེན་ཤི་སོས་ཀྱི་གདམས་ངག་ཡེ་ཤེས་ཀྱི་སྨན་སྦྱོར་ཅིག་ཡོད་དེ་བྱེད་པ་ཡིན་གསུངས། ཇོ་བོ་ལ་སོགས་བུ་སློབ་དང་ཡོན་བདག་མང་པོ་རང་འཛོམ་པར། རྗེ་མར་པའི་ཞལ་ནས། ངས་འདིར་བསྡད་ནས་འཇུག་པས། ལུ་གུ་ཅི་བྱེད་ཅིང་འདུག་ལྟོས་ཤིག་གསུངས་བ་ལྟར། ཇོ་བོ་སོགས་མི་ཀུན་གྱིས་ལུ་གུའི་རོའི་སར་ཕྱིན། བླ་མ་ཏིང་ངེ་འཛིན་ལ་བཞུགས་ཚེ་ལུ་གུ་ཧར་ལངས་ཏེ་འཁྲབས་པས། ཐ་ག་མ་ཧ་ལས་ཏེ། གཡའ་འོ་ན། ཁོ་ཤི་ཚར་བ་ལངས་ཏེ་འཁྲབ་པ་འདི་འདྲ་ཟེར། འོལ་ལུ་བརྡེག་གྲབས་བྱེད་ཅིང་འདུག་དུས། ལྟས་མི་རྣམས་ཀྱིས་སླེབ་སྟེ་མ་བརྡེག་ཅིག། བླ་མ་མར་པས་གྲོང་འཇུག་མཛད་པ་ཡིན་ནོ་བྱས་པས། མོ་ན་རེ། སྔར་རྣ་བས་ཐོས་པ་དེ་རིང་མིག་གིས་མཐོང་བ་ཡ་མཚན་པ་ཨང་ཟེར། ཐགས་བཀྲོལ་ནས་ལུ་གུ་དང། རྗེ་མར་པའི་ཕྱོགས་ལ་ཕྱག་ཕུལ་ལོ། ཇོ་བོས་གྲྭ་པ་རྣམས་ལ་ལུ་གུ་སོས་པ་བླ་མ་ཡོད་སར་སླེབ་པའི་ཐབས་གྱིས་ཤིག་བྱས། ཇོ་བོ་རང་གིས་བླ་མའི་དྲུང་དུ་ཕྱིན་པས་གྲོངས་པའི་ཚུལ་དུ་འདུག། གྲྭ་པ་རྣམས་ཀྱིས་ལུ་གུ་སྐུ་ཡོད་སར་སླེབས་པར་མཛད་དགོས་པའི་གསོལ་བ་བཏབ་པས། སྐུ་ཡོད་སར་བྱོན་ནས་ཡང་འཁྲབ། དེ་ནས་སྐུ་བཞེངས་ཏེ། དུས་གསུམ་སངས་རྒྱས་བསྐྱེད་ཡུམ་གྱི། བཅུད་ལེན་འཆི་མེད་ཡེ་ཤེས་ནི།། གྲོང་འཇུག་བདུད་རྩིའི་སྨན་སྦྱར་བས།། ལུ་གུ་ཤི་སོས་གར་དང་ལྡན།། ཅེས་གསུངས་པས།", "target": "རྗེ་ མར་པ་ ལ ། ཇོ་བོ་ ན་རེ ། ཁྱེད་ ཀྱིས་ འདི་ ལ་ ཕུག་རོན་ ལྟ ར་ གྲོང་འཇུག་ གྱིས་ དང་ ཟེར་བ ས ། ང ས་ རྒྱ་གར་ ནས་ ཡུམ་ རྡོ་རྗེ་ཕག་མོ འི་ བཅུད་ལེན་ ཤི་སོས་ ཀྱི་ གདམས་ངག་ ཡེ་ཤེས་ ཀྱི་ སྨན་སྦྱོར་ ཅིག་ ཡོད་ དེ་ བྱེད་པ་ ཡིན་ གསུངས ། ཇོ་བོ་ ལ་ སོགས་ བུ་སློབ་ དང་ ཡོན་བདག་ མང་པོ་ རང་ འཛོམ་པ ར ། རྗེ་ མར་པ འི་ ཞལ་ ནས ། ང ས་ འདི ར་ བསྡད་ ནས་ འཇུག་པ ས ། ལུ་གུ་ ཅི་ བྱེད་ ཅིང་ འདུག་ ལྟོས་ ཤིག་ གསུངས་བ་ ལྟ ར ། ཇོ་བོ་ སོགས་ མི་ ཀུན་ གྱིས་ ལུ་གུ འི་ རོ འི་ ས ར་ ཕྱིན ། བླ་མ་ ཏིང་ངེ་འཛིན་ ལ་ བཞུགས་ ཚེ་ ལུ་གུ་ ཧར་ ལངས་ ཏེ་ འཁྲབས་པ ས ། ཐ་ག་མ་ ཧ་ ལས་ ཏེ ། གཡའ་ འོ་ ན ། ཁོ་ ཤི་ ཚར་བ་ ལངས་ ཏེ་ འཁྲབ་པ་ འདི་ འདྲ་ ཟེར ། འོལ་ལུ་ བརྡེག་གྲབས་ བྱེད་ ཅིང་ འདུག་ དུས ། ལྟས་མི་ རྣམས་ ཀྱིས་ སླེབ་ སྟེ་ མ་ བརྡེག་ ཅིག ། བླ་མ་ མར་པ ས་ གྲོང་འཇུག་ མཛད་པ་ ཡིན་ ནོ་ བྱས་པ ས ། མོ་ ན་རེ ། སྔ ར་ རྣ་བ ས་ ཐོས་པ་ དེ་ རིང་ མིག་ གིས་ མཐོང་བ་ ཡ་ མཚན་པ་ ཨང་ ཟེར ། ཐགས་ བཀྲོལ་ ནས་ ལུ་གུ་ དང ། རྗེ་ མར་པ འི་ ཕྱོགས་ ལ་ ཕྱག་ ཕུལ་ ལོ ། ཇོ་བོ ས་ གྲྭ་པ་ རྣམས་ ལ་ ལུ་གུ་ སོས་པ་ བླ་མ་ ཡོད་ས ར་ སླེབ་པ འི་ ཐབས་ གྱིས་ ཤིག་ བྱས ། ཇོ་བོ་ རང་ གིས་ བླ་མ འི་ དྲུང་ དུ་ ཕྱིན་པ ས་ གྲོངས་པ འི་ ཚུལ་ དུ་ འདུག ། གྲྭ་པ་ རྣམས་ ཀྱིས་ ལུ་གུ་ སྐུ་ ཡོད་ས ར་ སླེབས་པ ར་ མཛད་ དགོས་པ འི་ གསོལ་བ་ བཏབ་པ ས ། སྐུ་ ཡོད་ས ར་ བྱོན་ ནས་ ཡང་ འཁྲབ ། དེ་ ནས་ སྐུ་ བཞེངས་ ཏེ ། དུས་གསུམ་སངས་རྒྱས་ བསྐྱེད་ ཡུམ་ གྱི ། བཅུད་ལེན་ འཆི་མེད་ ཡེ་ཤེས་ ནི ། ། གྲོང་འཇུག་ བདུད་རྩི འི་ སྨན་ སྦྱར་བ ས ། ། ལུ་གུ་ ཤི་ སོས་ གར་ དང་ ལྡན ། ། ཅེས་ གསུངས་པ ས །" }, { "source": "ཇོ་བོ་དད་པ་ལྷག་པར་སྐྱེས་ཏེ། ཆོས་དབང་ཞུས་ཏེ་སློབ་འབངས་སུ་གྱུར་ཏོ། དེ་ལྟར་གྱུར་པ་མར་པ་བྱ་ཟེ་ཞེས་བྱ་བ། རྗེ་མར་པ་རང་གི་གདུང་ཚན་ཤིན་ཏུ་མི་མོས་ཤིང་སྡང་བ་ཞིག་ཡོད་པ་དེ་ན་རེ། ཇོ་བོ་ལ་ཡང་ཀླད་པ་ཡེ་མི་འདུག། ཁོས་རྒྱ་གར་ལ་ཕྱིན་པ་སྐད་བྱས། མིག་འཁྲུལ་བསླབས་ནས་བྱས་པས་མགོ་འཁོར་འདུག་སྟེ། གྲོང་འཇུག་ལམ་དེ་རྣམ་དག་ཅིག་ཡིན་ན། མར་པ་ཁོ། ད་ཉོན་མོངས་པ་གྲ་མ་ཆག་གྲུ་མ་ཉམས་པར་ཁྲ་ལམ་མེ་བའི་ངང་ནས་སངས་རྒྱས་ཀྱི་སར་འགྲོ་བ་ཡིན་ཟེར། ཁ་སྐྱུར་དྲི་ཆིལ་ཆིལ། འདོམ་སྲེ་དྲི་ཆིལ་ཆིལ་དཀོར་འདི་ཙམ་ཟ་ཞིང་ཅི་སྡོད། དེ་ཙམ་སངས་རྒྱས་ཐོབ་ནས་རང་རེ་ཚོས་མིག་ལ་ཡང་ཐོགས་རྒྱུ་མིན་ཟེར་ཞིང་སྐུར་འདེབས་བྱས་པ། རྗེ་མར་པས་གསན་ཚེ། གྲོང་འཇུག་རྣམ་དག་ཡིན་པས་ཀ་དེ་བཞིན་བྱེད་པ་ཡིན། འདོད་ཡོན་མ་སྤངས་ལམ་དུ་མི་ཁྱེར་ན། གསང་སྔགས་ཐབས་མང་ཞིང་དཀའ་ཚེགས་ཆུང་ངུས་སངས་རྒྱས་ཐོབ་པའི་ཆེ་ཁྱད་དང་ཟབ་ཁྱད་མི་ཐོན་པས། གསང་སྔགས་ཀྱི་ཟབ་ཁྱད་ཤེས་བཞིན་འདོད་ཡོན་ལམ་དུ་མི་འཁྱེར་བར་སྤོང་ན་རང་ལ་སྡིག་ཅེས། གསང་སྔགས་ལམ་གྱི་ཆེ་ཁྱད་དུ་མགུར་འདི་གསུངས་སོ།།།། ཁོ་བོ་མར་པ་ལོ་ཙྪ་ངས།། རྒྱུད་ཀྱི་རྒྱལ་པོ་དགྱེས་རྡོར་ཤེས།། ནཱ་རོ་པཎ་ཆེན་གྱི་གདམས་ངག་ཡོད།། དགོན་པར་མི་སྡོད་རང་ལ་སྡིག། རྒྱུད་ཀྱི་རྒྱལ་པོ་གདན་བཞི་ཤེས།། འཕོ་བ་གྲོང་འཇུག་གི་གདམས་ངག་ཡོད།། ཐ་མལ་དུ་ཤིན་རང་ལ་སྡིག། བསམ་གཏན་གཉིད་དང་བསྲེ་བ་ཤེས།། རྨི་ལམ་འོད་གསལ་གྱི་གདམས་ངག་ཡོད།།", "target": "ཇོ་བོ་ དད་པ་ ལྷག་པ ར་ སྐྱེས་ ཏེ ། ཆོས་དབང་ ཞུས་ ཏེ་ སློབ་འབངས་ སུ་ གྱུར་ ཏོ ། དེ་ ལྟ ར་ གྱུར་པ་ མར་པ་བྱ་ཟེ་ ཞེས་ བྱ་བ ། རྗེ་ མར་པ་ རང་ གི་ གདུང་ཚན་ ཤིན་ ཏུ་ མི་ མོས་ ཤིང་ སྡང་བ་ ཞིག་ ཡོད་པ་ དེ་ ན་རེ ། ཇོ་བོ་ ལ་ ཡང་ ཀླད་པ་ ཡེ་ མི་ འདུག ། ཁོ ས་ རྒྱ་གར་ ལ་ ཕྱིན་པ་ སྐད་ བྱས ། མིག་འཁྲུལ་ བསླབས་ ནས་ བྱས་པ ས་ མགོ་ འཁོར་ འདུག་ སྟེ ། གྲོང་འཇུག་ལམ་ དེ་ རྣམ་དག་ ཅིག་ ཡིན་ ན ། མར་པ་ ཁོ ། ད་ ཉོན་ མོངས་པ་ གྲ་ མ་ ཆག་ གྲུ་ མ་ ཉམས་པ ར་ ཁྲ་ལམ་མེ་བ འི་ ངང་ ནས་ སངས་རྒྱས་ ཀྱི་ ས ར་ འགྲོ་བ་ ཡིན་ ཟེར ། ཁ་སྐྱུར་ དྲི་ཆིལ་ཆིལ ། འདོམ་སྲེ་ དྲི་ཆིལ་ཆིལ་ དཀོར་ འདི་ ཙམ་ ཟ་ ཞིང་ ཅི་ སྡོད ། དེ་ ཙམ་ སངས་རྒྱས་ ཐོབ་ ནས་ རང་རེ་ ཚོ ས་ མིག་ ལ་ ཡང་ ཐོགས་རྒྱུ་ མིན་ ཟེར་ ཞིང་ སྐུར་ འདེབས་ བྱས་པ ། རྗེ་ མར་པ ས་ གསན་ ཚེ ། གྲོང་འཇུག་ རྣམ་དག་ ཡིན་པ ས་ ཀ་ དེ་ བཞིན་ བྱེད་པ་ ཡིན ། འདོད་ཡོན་ མ་ སྤངས་ ལམ་ དུ་ མི་ ཁྱེར་ ན ། གསང་སྔགས་ ཐབས་ མང་ ཞིང་ དཀའ་ཚེགས་ ཆུང་ངུ ས་ སངས་རྒྱས་ ཐོབ་པ འི་ ཆེ་ཁྱད་ དང་ ཟབ་ཁྱད་ མི་ ཐོན་པ ས ། གསང་སྔགས་ ཀྱི་ ཟབ་ཁྱད་ ཤེས་ བཞིན་ འདོད་ཡོན་ ལམ་ དུ་ མི་ འཁྱེར་བ ར་ སྤོང་ ན་ རང་ ལ་ སྡིག་ ཅེས ། གསང་སྔགས་ལམ་ གྱི་ ཆེ་ཁྱད་ དུ་ མགུར་ འདི་ གསུངས་ སོ ། ། ། ། ཁོ་བོ་ མར་པ་ ལོ་ཙྪ་ ང ས ། ། རྒྱུད་ ཀྱི་ རྒྱལ་པོ་ དགྱེས་རྡོར་ ཤེས ། ། ནཱ་རོ་ པཎ་ཆེན་ གྱི་ གདམས་ངག་ ཡོད ། ། དགོན་པ ར་ མི་ སྡོད་ རང་ ལ་ སྡིག ། རྒྱུད་ ཀྱི་ རྒྱལ་པོ་ གདན་བཞི་ ཤེས ། ། འཕོ་བ་གྲོང་འཇུག་ གི་ གདམས་ངག་ ཡོད ། ། ཐ་མལ་ དུ་ ཤིན་ རང་ ལ་ སྡིག ། བསམ་གཏན་ གཉིད་ དང་ བསྲེ་བ་ ཤེས ། ། རྨི་ལམ་འོད་གསལ་ གྱི་ གདམས་ངག་ ཡོད ། །" }, { "source": "ཐ་མལ་དུ་ཉལ་ན་རང་ལ་སྡིག། སེམས་འཛིན་གྱི་རྒྱལ་པོ་གཏུམ་མོ་ཤེས།། སེམས་གནད་དུ་བསྣུན་པའི་གདམས་ངག་ཡོད།། དོན་ཉམས་སུ་མི་ལེན་རང་ལ་སྡིག། རླུང་གི་དེ་ཉིད་བདུན་ཅུ་ཤེས།། ན་ཚ་བོགས་འདོན་གྱི་གདམས་ངག་ཡོད།། སྨན་པ་འགུགས་ན་རང་ལ་སྡིག། རང་ལུས་རྒྱལ་བའི་དཀྱིལ་འཁོར་ཤེས།། རྩ་རླུང་ཐིག་ལེ་རྒྱས་བྱའི་ཕྱིར།། ཤ་ཆང་མི་བསྟེན་རང་ལ་སྡིག། གཞན་ལུས་ལམ་དུ་སློང་ཙ་ན།། ལས་ཀྱི་ཕྱག་རྒྱའི་གདམས་ངག་ཡོད།། ཕྱག་རྒྱ་མི་བསྟེན་རང་ལ་སྡིག། ཅེས་གསུངས་པས། བུ་སློབ་ཀུན་རྒྱུད་སྡེ་ཟབ་མོའི་དགོངས་པར་ཐག་ཆོད་པས་མོས་གུས་ཆེར་སྐྱེས་ཀྱང་། མར་པ་བྱ་ཟེ་ན་རེ། ཁོ་རང་དེ་ལྟར་བྱེད་པའི་རྒྱབ་ཆོས་ལ་དེ་སྐད་ལོས་ཟེར། གཞན་ཡིད་ཆེས་སུ་སྐྱེ་ཟེར་བ་དེ། གྲྭ་པ་འགའ་ཐོས་པ་བློར་མ་འཐད་ནས། བླ་མ་རྔོག་པ་ལ་སོགས་པའི་བུ་སློབ་མང་དག་འཛོམ་པའི་ཚོགས་གྲལ་ཞིག་ཏུ། གྲྭ་པ་གཅིག་གིས། མར་པ་བྱ་ཟེའི་ཟེར་ལུགས་རྣམས་ཞུས་པས། བླ་མའི་ཞལ་ནས། རྔོག་པ་ལ་སོགས་པའི་ཆོས་གོ་བ་རྣམས་དེ་ཙམ་ལ་འཇིགས་མི་དགོས། སྐྱེ་བོ་ལོག་རྟོག་ཅན་སྡིག་གསོག་པ་རྣམས་ཀྱི་བྱེད་སྤྱོད་ལ་ཚད་བཟུང་མེད། དེའི་ནང་ནས་ཀྱང་རང་རང་གི་གྲུབ་མཐའི་ཁ་འཛིན་བྱེད་པ་རྣམས་ཚབས་ཆེ་ཞིང་། སེམས་ཅན་སྣང་བ་མ་དག་པ་རྣམས་ཀྱིས་སངས་རྒྱས་ལའང་སྐུར་འདེབས་ཚབས་ཆེན་བྱས་འདུག་ཅིང་། རང་གི་གྲིབ་མ་ལ་ཡང་གཤེ་ཞིང་རྨོད་མོ་བྱེད་མཁན་མང་དག་ཡོད་པས། དེ་དག་གི་རྗེས་སུ་རྟོག་པ་མི་འཇུག་པར་སྙིང་རྗེ་དང་སྒྱུ་ལུས་ཀྱི་ངང་དུ་གང་དགར་ཐོང་ཞོག། རང་དག་ལ་སོང་ནས་སྡིག་པ་མི་གསོག་སྟེ།", "target": "ཐ་མལ་ དུ་ ཉལ་ ན་ རང་ ལ་ སྡིག ། སེམས་འཛིན་ གྱི་ རྒྱལ་པོ་ གཏུམ་མོ་ ཤེས ། ། སེམས་གནད་ དུ་ བསྣུན་པ འི་ གདམས་ངག་ ཡོད ། ། དོན་ ཉམས་ སུ་ མི་ ལེན་ རང་ ལ་ སྡིག ། རླུང་ གི་ དེ་ཉིད་ བདུན་ ཅུ་ ཤེས ། ། ན་ཚ་ བོགས་འདོན་ གྱི་ གདམས་ངག་ ཡོད ། ། སྨན་པ་ འགུགས་ ན་ རང་ ལ་ སྡིག ། རང་ལུས་ རྒྱལ་བ འི་ དཀྱིལ་འཁོར་ ཤེས ། ། རྩ་རླུང་ ཐིག་ལེ་ རྒྱས་ བྱ འི་ ཕྱི ར ། ། ཤ་ཆང་ མི་ བསྟེན་ རང་ ལ་ སྡིག ། གཞན་ལུས་ ལམ་ དུ་ སློང་ ཙ་ ན ། ། ལས་ ཀྱི་ ཕྱག་རྒྱ འི་ གདམས་ངག་ ཡོད ། ། ཕྱག་རྒྱ་ མི་ བསྟེན་ རང་ ལ་ སྡིག ། ཅེས་ གསུངས་པ ས ། བུ་སློབ་ ཀུན་ རྒྱུད་སྡེ་ ཟབ་མོ འི་ དགོངས་པ ར་ ཐག་ ཆོད་པ ས་ མོས་གུས་ ཆེ ར་ སྐྱེས་ ཀྱང་ ། མར་པ་བྱ་ཟེ་ ན་རེ ། ཁོ་ རང་ དེ་ ལྟ ར་ བྱེད་པ འི་ རྒྱབ་ ཆོས་ ལ་ དེ་ སྐད་ ལོས་ ཟེར ། གཞན་ ཡིད་ ཆེས་ སུ་ སྐྱེ་ ཟེར་བ་ དེ ། གྲྭ་པ་ འགའ་ ཐོས་པ་ བློ ར་ མ་ འཐད་ ནས ། བླ་མ་ རྔོག་པ་ ལ་ སོགས་པ འི་ བུ་སློབ་ མང་ དག་ འཛོམ་པ འི་ ཚོགས་གྲལ་ ཞིག་ ཏུ ། གྲྭ་པ་ གཅིག་ གིས ། མར་པ་བྱ་ཟེ འི་ ཟེར་ལུགས་ རྣམས་ ཞུས་པ ས ། བླ་མ འི་ ཞལ་ ནས ། རྔོག་པ་ ལ་ སོགས་པ འི་ ཆོས་ གོ་བ་ རྣམས་ དེ་ ཙམ་ ལ་ འཇིགས་ མི་ དགོས ། སྐྱེ་བོ་ ལོག་རྟོག་ཅན་ སྡིག་ གསོག་པ་ རྣམས་ ཀྱི་ བྱེད་སྤྱོད་ ལ་ ཚད་བཟུང་མེད ། དེ འི་ ནང་ ནས་ ཀྱང་ རང་ རང་ གི་ གྲུབ་མཐ འི་ ཁ་འཛིན་ བྱེད་པ་ རྣམས་ ཚབས་ ཆེ་ ཞིང་ ། སེམས་ཅན་ སྣང་བ་ མ་ དག་པ་ རྣམས་ ཀྱིས་ སངས་རྒྱས་ ལ འང་ སྐུར་ འདེབས་ ཚབས་ཆེན་ བྱས་ འདུག་ ཅིང་ ། རང་ གི་ གྲིབ་མ་ ལ་ ཡང་ གཤེ་ ཞིང་ རྨོད་མོ་ བྱེད་མཁན་ མང་ དག་ ཡོད་པ ས ། དེ་ དག་ གི་ རྗེས་ སུ་ རྟོག་པ་ མི་ འཇུག་པ ར་ སྙིང་རྗེ་ དང་ སྒྱུ་ལུས་ ཀྱི་ ངང་ དུ་ གང་ དག ར་ ཐོང་ ཞོག ། རང་ དག་ ལ་ སོང་ ནས་ སྡིག་པ་ མི་ གསོག་ སྟེ །" }, { "source": "རྒྱུ་མཚན་འདི་ལྟར་ཡིན་གསུངས་མགུར་འདི་གསུངས་སོ།།།། བཅོམ་ལྡན་རྡོ་རྗེ་འཆང་ཆེན་དེ།། ལྔ་བརྒྱ་ཕྲག་བཅུའི་སྙིགས་མ་ལ།། ལས་ཅན་སྨིན་གྲོལ་མཛད་པའི་ཚེ།། རྗེ་ནཱ་རོ་ཆེན་པོར་སྐུ་སྤྲུལ་པས།། མཁས་ཆུང་མར་པ་ལོ་ཙྪ་འདི།། གསན་ནམ་གཟིགས་སམ་ཐུགས་ཀྱིས་མཁྱེན།། ཕ་ཐུགས་རྗེས་བཟུང་དང་སྤྲུལ་པའི་སྐུ།། དྷཱུ་ཏི་བྱང་ཆུབ་གསུང་ལམ་དུ།། རླུང་སེམས་བདེ་དྲོད་ཟུང་དུ་ཆུད།། ཟག་མེད་བདེ་བ་ཆེན་པོར་འགྲོ། སྒྲིབ་བྲལ་རིག་པའི་ཡེ་ཤེས་ཤར།། བླ་ན་མེད་དེ་བླ་མའི་གསུང་།། མ་རིག་མིན་པ་དབྱིངས་སུ་དག། གཟུང་དང་འཛིན་པའི་སྒྲིབ་གཉིས་བྲལ།། བདེ་གསལ་སྤྲོས་དང་བྲལ་བར་ཤར།། རྟེན་འབྲེལ་ཚོགས་པའི་སྣང་བ་འདི།། རང་བཞིན་མེད་པའི་གཟུགས་བརྙན་ཏེ།། དེ་ལྟར་རྟོགས་པའི་སྣང་བ་རྣམས།། རྨི་ལམ་སྣང་བ་ཇི་བཞིན་དུ།། ཆོས་རྣམས་སྒྱུ་མ་ལྟ་བུར་ཤར།། ལྷ་དང་ལྷ་མིན་མི་རྣམས་དང་།། དམྱལ་བ་ཡི་དྭགས་དུད་འགྲོ་དང་།། སྣ་ཚོགས་འཛིན་པའི་སྣང་བ་འདི།། སྒྱུ་མ་ལྟ་བུར་མེད་པར་རྟོགས།། ཡུལ་དང་ཡུལ་ཅན་དམིགས་པ་དང་།། འབྱུང་པའི་སྒོ་དང་རླུང་གནད་ཀྱིས།། གང་འདོད་ཀྱི་དོན་དུ་འགྱུར་འགྱུར་འདྲ།། བསྲེ་འཕོ་དྲི་མ་མེད་པར་ཤར།། སྐྱེ་བའི་དུས་སུ་མ་བཅོས་བཞག། རྨི་ལམ་དུས་སུ་མ་སློང་དྲན།། བར་དོའི་དུས་སུ་མ་བཅིངས་རིག། འབྲས་བུའི་དུས་སུ་མ་སྒྲིབས་ཤར།། ནཱ་རོའི་རྗེས་འབྲངས་སྐྱེས་བུ་རྣམས།། གདམས་ངག་ཟབ་པ་ཉམས་སུ་ལོངས།། རིགས་པ་ཡོད་ཀྱིས་ངེས་ཤེས་བསྐྱེད།། བློ་ཆུང་ལོག་པར་རྟོགས་པ་རྣམས།།", "target": "རྒྱུ་མཚན་ འདི་ ལྟ ར་ ཡིན་ གསུངས་ མགུར་ འདི་ གསུངས་ སོ ། ། ། ། བཅོམ་ལྡན་ རྡོ་རྗེ་འཆང་ཆེན་ དེ ། ། ལྔ་ བརྒྱ་ ཕྲག་ བཅུ འི་ སྙིགས་མ་ ལ ། ། ལས་ཅན་ སྨིན་གྲོལ་ མཛད་པ འི་ ཚེ ། ། རྗེ་ ནཱ་རོ་ ཆེན་པོ ར་ སྐུ་ སྤྲུལ་པ ས ། ། མཁས་ཆུང་ མར་པ་ ལོ་ཙྪ་ འདི ། ། གསན་ ནམ་ གཟིགས་ སམ་ ཐུགས་ ཀྱིས་ མཁྱེན ། ། ཕ་ ཐུགས་རྗེ ས་ བཟུང་ དང་ སྤྲུལ་པ འི་ སྐུ ། ། དྷཱུ་ཏི་ བྱང་ཆུབ་གསུང་ལམ་ དུ ། ། རླུང་སེམས་ བདེ་དྲོད་ ཟུང་ དུ་ ཆུད ། ། ཟག་མེད་ བདེ་བ་ ཆེན་པོ ར་ འགྲོ ། སྒྲིབ་བྲལ་ རིག་པ འི་ ཡེ་ཤེས་ ཤར ། ། བླ་ ན་ མེད་ དེ་ བླ་མ འི་ གསུང་ ། ། མ་རིག་ མིན་པ་ དབྱིངས་ སུ་ དག ། གཟུང་ དང་ འཛིན་པ འི་ སྒྲིབ་ གཉིས་ བྲལ ། ། བདེ་གསལ་ སྤྲོས་ དང་ བྲལ་བ ར་ ཤར ། ། རྟེན་འབྲེལ་ཚོགས་པ འི་ སྣང་བ་ འདི ། ། རང་བཞིན་ མེད་པ འི་ གཟུགས་བརྙན་ ཏེ ། ། དེ་ ལྟ ར་ རྟོགས་པ འི་ སྣང་བ་ རྣམས ། ། རྨི་ལམ་ སྣང་བ་ ཇི་ བཞིན་ དུ ། ། ཆོས་ རྣམས་ སྒྱུ་མ་ ལྟ་བུ ར་ ཤར ། ། ལྷ་ དང་ ལྷ་མིན་ མི་ རྣམས་ དང་ ། ། དམྱལ་བ་ ཡི་དྭགས་ དུད་འགྲོ་ དང་ ། ། སྣ་ཚོགས་ འཛིན་པ འི་ སྣང་བ་ འདི ། ། སྒྱུ་མ་ ལྟ་བུ ར་ མེད་པ ར་ རྟོགས ། ། ཡུལ་ དང་ ཡུལ་ཅན་ དམིགས་པ་ དང་ ། ། འབྱུང་པ འི་ སྒོ་ དང་ རླུང་གནད་ ཀྱིས ། ། གང་ འདོད་ ཀྱི་ དོན་ དུ་ འགྱུར་ འགྱུར་ འདྲ ། ། བསྲེ་འཕོ་ དྲི་མ་ མེད་པ ར་ ཤར ། ། སྐྱེ་བ འི་ དུས་ སུ་ མ་ བཅོས་ བཞག ། རྨི་ལམ་ དུས་ སུ་ མ་ སློང་ དྲན ། ། བར་དོ འི་ དུས་ སུ་ མ་ བཅིངས་ རིག ། འབྲས་བུ འི་ དུས་ སུ་ མ་ སྒྲིབས་ ཤར ། ། ནཱ་རོ འི་ རྗེས་འབྲངས་ སྐྱེས་བུ་ རྣམས ། ། གདམས་ངག་ ཟབ་པ་ ཉམས་ སུ་ ལོངས ། ། རིགས་པ་ ཡོད་ ཀྱིས་ ངེས་ཤེས་ བསྐྱེད ། ། བློ་ཆུང་ ལོག་པ ར་ རྟོགས་པ་ རྣམས ། །" }, { "source": "སངས་རྒྱས་ལ་ཡང་སྐུར་འདེབས་ཤིང་།། རང་གྲིབ་ལ་ཡང་།། གཤེ་བྱེད་སྐྱེ་བོ་གཡོམ་ལ་རྒྱུག་པ་ལ།། དོན་ལ་འདི་ཡིན་འདི་མིན་མེད།། བླུན་པོ་འབོད་རྒྱུག་བྱེད་པ་ལ།། མཁས་རྣམས་དེ་ཡི་རྗེས་མི་འབྲང་།། ཐ་སྙད་ཚིག་གི་ཆོས་རྣམས་སྟོང་།། ང་སྐུ་འདི་ལྷ་ཡི་འཁོར་ལོ་ཡིན།། གསུང་འདི་ཆོས་ཀྱི་རང་བཞིན་ཡིན།། ཐུགས་འདི་ཡེ་ཤེས་ངོ་བོ་ཡིན།། བུ་སུན་པ་མེད་པར་ཉམས་སུ་ལོངས།། ཐེ་ཚོམ་མེད་པར་བྱང་ཆུབ་འགྲུབ།། ཅེས་གསུངས་པས་ངེས་ཤེས་སྐྱེས་སོ།། ཡང་ལན་ཅིག་རྗེ་མར་པ་ཆག་ཕྱི་བ་དང་བཅས་པ་ཆུ་འགྲམ་ཞིག་ན་ཕར་ཞབས་འཆག་ཏུ་བྱོན་པས། ཁྱི་ར་བའི་ཁྱིས་ཤ་བ་དེད་བྱུང་བ་ཆུ་ནང་དུ་ཤི་བ་ལ། ངས་གྲོང་འཇུག་བྱའོ། ཁྱེད་འགའ་ཞིག་གིས་ཤ་བའི་ཕྱི་བཞིན་ཤོག་ལ་ཁྱི་བསྲུངས། འགའ་ཞིག་ལུས་འདིའི་རྩ་རུ་སྡོད་གསུངས། ཤ་བ་ལ་གྲོང་འཇུག་མཛད་ནས་ཆུའི་རྗེས་ནར་མར་གཟིམས་ཁང་གི་བླ་གཡེའི་ཕྱི་རུ་ཤ་བའི་རོ་བསྐྱལ་ནས། བླ་མ་བཞེངས་བྱོན་ཏེ། བླ་མ་དང་བུ་སློབ་ཉེ་འཁོར་གྱི་མི་མང་པོ་ཤ་བའི་རོ་ལ་ལྟ་ཞིང་ཡོད་པའི་ཚེ། ཁྱི་ར་བ་རྣམས་ཀྱིས་སླེབས་ནས་བཤའ་གྲབས་བྱས་པའི་ཚེ། བླ་མའི་ཞལ་ནས། ང་རང་གིས་ཆུའི་ཁད་ནས་རྙེད་པའི་ཤ་བའི་རོ་ཁྱེད་ཀྱིས་འཕྲོག་ཏུ་མི་འདོད་གསུངས་བྲེ་མོ་མཛད། གྲ་པ་དང་མི་མང་གིས། བླ་མས་གྲོང་འཇུག་མཛད་པའི་ལོ་རྒྱུས་བྱས་པས། ཁྱི་ར་བ་རྣམས་ལ་ལ་ན་རེ། འོ་ན་ངེད་ཀྱིས་མཐོང་སར་གྲོང་འཇུག་མཛད་པ་ཞུ། ཤ་བའི་རོ་ཕུལ་བས་ཆོག་ཟེར། ལ་ལ་ན་རེ། དེ་འདྲ་བྱུང་ཞིང་མཐོང་ན་དགཤ་བའི་རོར་མ་ཟད། གཞན་ཡང་ཕུལ་བས་ཆོག་ཟེར་བ་ལ།", "target": "སངས་རྒྱས་ ལ་ ཡང་ སྐུར་ འདེབས་ ཤིང་ ། ། རང་གྲིབ་ ལ་ ཡང་ ། ། གཤེ་བྱེད་སྐྱེ་བོ་ གཡོམ་ ལ་ རྒྱུག་པ་ ལ ། ། དོན་ ལ་ འདི་ ཡིན་ འདི་ མིན་ མེད ། ། བླུན་པོ་ འབོད་ རྒྱུག་ བྱེད་པ་ ལ ། ། མཁས་ རྣམས་ དེ་ ཡི་ རྗེས་ མི་ འབྲང་ ། ། ཐ་སྙད་ཚིག་ གི་ ཆོས་ རྣམས་ སྟོང་ ། ། ང་ སྐུ་ འདི་ ལྷ་ ཡི་ འཁོར་ལོ་ ཡིན ། ། གསུང་ འདི་ ཆོས་ ཀྱི་ རང་བཞིན་ ཡིན ། ། ཐུགས་ འདི་ ཡེ་ཤེས་ ངོ་བོ་ ཡིན ། ། བུ་ སུན་པ་ མེད་པ ར་ ཉམས་ སུ་ ལོངས ། ། ཐེ་ཚོམ་ མེད་པ ར་ བྱང་ཆུབ་ འགྲུབ ། ། ཅེས་ གསུངས་པ ས་ ངེས་ཤེས་ སྐྱེས་ སོ ། ། ཡང་ ལན་ ཅིག་ རྗེ་ མར་པ་ ཆག་ཕྱི་བ་ དང་ བཅས་པ་ ཆུ་འགྲམ་ ཞིག་ ན་ ཕ ར་ ཞབས་ འཆག་ ཏུ་ བྱོན་པ ས ། ཁྱི་ར་བ འི་ ཁྱི ས་ ཤ་བ་ དེད་ བྱུང་བ་ ཆུ་ ནང་ དུ་ ཤི་བ་ ལ ། ང ས་ གྲོང་འཇུག་ བྱ འོ ། ཁྱེད་ འགའ་ ཞིག་ གིས་ ཤ་བ འི་ ཕྱི་བཞིན་ ཤོག་ ལ་ ཁྱི་ བསྲུངས ། འགའ་ ཞིག་ ལུས་ འདི འི་ རྩ་ རུ་ སྡོད་ གསུངས ། ཤ་བ་ ལ་ གྲོང་འཇུག་ མཛད་ ནས་ ཆུ འི་ རྗེས་ ནར་མ ར་ གཟིམས་ཁང་ གི་ བླ་གཡེ འི་ ཕྱི་ རུ་ ཤ་བ འི་ རོ་ བསྐྱལ་ ནས ། བླ་མ་ བཞེངས་ བྱོན་ ཏེ ། བླ་མ་ དང་ བུ་སློབ་ ཉེ་འཁོར་ གྱི་ མི་ མང་པོ་ ཤ་བ འི་ རོ་ ལ་ ལྟ་ ཞིང་ ཡོད་པ འི་ ཚེ ། ཁྱི་ར་བ་ རྣམས་ ཀྱིས་ སླེབས་ ནས་ བཤའ་གྲབས་ བྱས་པ འི་ ཚེ ། བླ་མ འི་ ཞལ་ ནས ། ང་ རང་ གིས་ ཆུ འི་ ཁད་ ནས་ རྙེད་པ འི་ ཤ་བ འི་ རོ་ ཁྱེད་ ཀྱིས་ འཕྲོག་ ཏུ་ མི་ འདོད་ གསུངས་ བྲེ་མོ་ མཛད ། གྲ་པ་ དང་ མི་མང་ གིས ། བླ་མ ས་ གྲོང་འཇུག་ མཛད་པ འི་ ལོ་རྒྱུས་ བྱས་པ ས ། ཁྱི་ར་བ་ རྣམས་ ལ་ལ་ ན་རེ ། འོ་ ན་ ངེད་ ཀྱིས་ མཐོང་ས ར་ གྲོང་འཇུག་ མཛད་པ་ ཞུ ། ཤ་བ འི་ རོ་ ཕུལ་བ ས་ ཆོག་ ཟེར ། ལ་ལ་ ན་རེ ། དེ་ འདྲ་ བྱུང་ ཞིང་ མཐོང་ ན་ དག ཤ་བ འི་ རོ ར་ མ་ ཟད ། གཞན་ ཡང་ ཕུལ་བ ས་ ཆོག་ ཟེར་བ་ ལ །" }, { "source": "ཡང་རྗེ་མར་པས། ཤ་བ་ལ་གྲོང་འཇུག་མཛད་དེ། སྒོ་ལ་འཛུལ། བླ་དབྱེའི་ནང་དུ་བསྐྱལ་ནས་བཞེངས་ཏེ། བླ་མའི་བཀའ་དྲིན་གྲོང་འཇུག་གིས།། ཚོགས་ཀྱི་ཡོ་བྱད་དམ་ཚིག་རྫས། དགོས་འདོད་ཐམས་ཅད་འབྱུང་བ་ཡི།། ཤ་བ་ཡིད་བཞིན་ནོར་བུ་རྙེད། ཅེས་དང་། དུད་འགྲོའི་ལུས་ལ་སེམས་ཞུགས་པའི་བར་ལ་རང་ཡང་བློ་རྨོངས་པའི་སྣང་བ་འཆར་ཞིང་འདུག་གསུངས། དེ་ལྟར་མཛད་པས་སྤྱིར་དེར་ཚོགས་པ་ཀུན་ཡ་མཚན་དང་ངོ་མཚར་ཏུ་གྱུར་ཅིང་དགའ་མགུ་ཡིད་རངས་ནས། ཁྱི་ར་བ་རྣམས་ཀྱིས་ཤ་བའི་རོ་དང་བསྙེན་བཀུར་ཕུལ། གཞན་ཆོས་སྒོར་ཞུགས་པ་ཡང་མང་དག་བྱུང་ཞིང་། ཁྱད་པར་མར་པ་བྱ་ཟེ་ཡོད་པ་ཡང་དད་པ་སྐྱེས་ཏེ། སྔར་ལོག་ལྟ་བྱས་པ་ལ་འགྱོད་པས་མཐོལ་བཤགས་བྱས། ཁྱེད་ཤ་ཆང་བུད་མེད་མ་བསྟེན་ན་རང་ལ་སྡིག་གསུངས་པ་དེ། ངེད་རྣམས་ཀྱི་སྣང་ངོར་ངེད་ཚོ་དང་ཁྱད་མེད་པ་ཞིག་ལས་མི་ཡོང་བར་འདུག་སྟེ། ད་ཁྱེད་རང་ལ་གདེངས་ཞིག་ཡོད་པར་འདུག་པ་དེ་གསུང་བ་ཞུ་དང་ཞུས་པས། ཁྱེད་རྣམས་ཀྱིས་ལྷ་ཡབ་ཡུམ་མཐོང་བ་ལ་ཡང་དེ་དང་ཀ་འདྲ་སྟེ། མ་གོ་བས་བདེན་ཡོང་། ངས་འདོད་ཡོན་ལ་སྤྱད་རུང་མི་འཆིང་བའི་གདེངས་འདི་འདྲ་ཡོད་གསུངས། རྟོགས་པ་ཀློང་དུ་གྱུར་ཅིང། ཆོས་ལ་རང་བྱན་ཆུད་པ་གདེང་དང་ལྡན་པའི་མགུར་འདི་གསུངས་སོ།།།། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ།། རྗེ་གོང་མ་རྣམས་ཀྱི་བཀའ་དྲིན་ནི།། ངས་སོས་དལ་དབེན་ཚེ་རྩ་རླུང་བསྒོམས།། ལུས་སེམས་གཅུན་ཞིང་གཅུན་ཞིང་བསྒོམས།།", "target": "ཡང་ རྗེ་ མར་པ ས ། ཤ་བ་ ལ་ གྲོང་འཇུག་ མཛད་ དེ ། སྒོ་ ལ་ འཛུལ ། བླ་དབྱེ འི་ ནང་ དུ་ བསྐྱལ་ ནས་ བཞེངས་ ཏེ ། བླ་མ འི་ བཀའ་དྲིན་ གྲོང་འཇུག་ གིས ། ། ཚོགས་ ཀྱི་ ཡོ་བྱད་ དམ་ཚིག་རྫས ། དགོས་འདོད་ ཐམས་ཅད་ འབྱུང་བ་ ཡི ། ། ཤ་བ་ ཡིད་ བཞིན་ ནོར་བུ་ རྙེད ། ཅེས་ དང་ ། དུད་འགྲོ འི་ ལུས་ ལ་ སེམས་ ཞུགས་པ འི་ བར་ ལ་ རང་ ཡང་ བློ་ རྨོངས་པ འི་ སྣང་བ་ འཆར་ ཞིང་ འདུག་ གསུངས ། དེ་ ལྟ ར་ མཛད་པ ས་ སྤྱི ར་ དེ ར་ ཚོགས་པ་ ཀུན་ ཡ་མཚན་ དང་ ངོ་མཚར་ ཏུ་ གྱུར་ ཅིང་ དགའ་ མགུ་ ཡིད་ རངས་ ནས ། ཁྱི་ར་བ་ རྣམས་ ཀྱིས་ ཤ་བ འི་ རོ་ དང་ བསྙེན་བཀུར་ ཕུལ ། གཞན་ ཆོས་སྒོ ར་ ཞུགས་པ་ ཡང་ མང་ དག་ བྱུང་ ཞིང་ ། ཁྱད་པ ར་ མར་པ་བྱ་ཟེ་ ཡོད་པ་ ཡང་ དད་པ་ སྐྱེས་ ཏེ ། སྔ ར་ ལོག་ལྟ་ བྱས་པ་ ལ་ འགྱོད་པ ས་ མཐོལ་བཤགས་ བྱས ། ཁྱེད་ ཤ་ ཆང་ བུད་མེད་ མ་ བསྟེན་ ན་ རང་ ལ་ སྡིག་ གསུངས་པ་ དེ ། ངེད་ རྣམས་ ཀྱི་ སྣང་ངོ ར་ ངེད་ ཚོ་ དང་ ཁྱད་ མེད་པ་ ཞིག་ ལས་ མི་ ཡོང་བ ར་ འདུག་ སྟེ ། ད་ ཁྱེད་ རང་ ལ་ གདེངས་ ཞིག་ ཡོད་པ ར་ འདུག་པ་ དེ་ གསུང་བ་ ཞུ་ དང་ ཞུས་པ ས ། ཁྱེད་ རྣམས་ ཀྱིས་ ལྷ་ཡབ་ཡུམ་ མཐོང་བ་ ལ་ ཡང་ དེ་ དང་ ཀ་ འདྲ་ སྟེ ། མ་ གོ་བ ས་ བདེན་ ཡོང་ ། ང ས་ འདོད་ཡོན་ ལ་ སྤྱད་ རུང་ མི་ འཆིང་བ འི་ གདེངས་ འདི་ འདྲ་ ཡོད་ གསུངས ། རྟོགས་པ་ ཀློང་ དུ་ གྱུར་ ཅིང ། ཆོས་ ལ་ རང་བྱན་ ཆུད་པ་ གདེང་ དང་ ལྡན་པ འི་ མགུར་ འདི་ གསུངས་ སོ ། ། ། ། ཕ་ བླ་མ་ རྣམས་ ལ་ ཕྱག་ འཚལ་ ལོ ། ། རྗེ་ གོང་མ་ རྣམས་ ཀྱི་ བཀའ་དྲིན་ ནི ། ། ང ས་ སོས་ དལ་ དབེན་ ཚེ་ རྩ་རླུང་ བསྒོམས ། ། ལུས་ སེམས་ གཅུན་ ཞིང་ གཅུན་ ཞིང་ བསྒོམས ། །" }, { "source": "འབྱུང་བ་འཁྲུགས་ཀྱང་ཉམ་ང་མེད།། བོགས་འདོན་དུ་ཤེས་པའི་གདེང་གཅིག་ཡོད།། གཉིད་ཀྱི་དུས་སུ་འོད་གསལ་བསྒོམས།། སྣང་བ་སྡུད་ཅིང་སྡུད་ཅིང་སྒོམ།། གཏི་མུག་དུ་སོང་ཡང་ཉམ་ང་མེད།། ཟུང་འཇུག་ཏུ་ཤེས་པའི་གདེང་གཅིག་ཡོད།། རྨི་ལམ་གྱི་དུས་སུ་སྒྱུ་ལུས་བསྒོམས།། སྣང་བ་སྤྲོ་ཞིང་སྤྲོ་ཞིང་སྒོམ། རྣམ་རྟོག་ཏུ་སོང་ཡང་ཉམ་ང་མེད།། སྒྱུ་མར་ཤེས་པའི་གདེང་གཅིག་ཡོད།། འདོད་ཡོན་སྤྱོད་ཚེ་ལྷ་སྐུར་བསྒོམས།། རོ་བྲོ་མྱང་ཞིང་མྱང་ཞིང་བསྒོམས།། བཟའ་བཏུང་དུ་མཐོང་རུང་ཉམ་ང་མེད།། ཚོགས་མཆོད་དུ་ཤེས་པའི་གདེངས་གཅིག་ཡོད།། ཐབས་ལམ་གྱི་སྐབས་སུ་གཞན་ལུས་བསྒོམས།། བདེ་བ་བསྐྱེད་ཅིང་བསྐྱེད་ཅིང་བསྒོམས།། ཐ་མལ་དུ་འདུག་ཀྱང་ཉམ་ང་མེད།། ལྷན་སྐྱེས་སུ་ཤེས་པའི་གདེངས་གཅིག་ཡོད།། འཆི་བའི་དུས་སུ་འཕོ་བ་བསྒོམས།། འཕོ་བ་སྦྱོང་ཞིང་སྦྱོང་ཞིང་བསྒོམས།། འཆི་ལྟས་བྱུང་ཡང་ཉམ་ང་མེད།། རྫོགས་རིམ་དུ་ཤེས་པའི་གདེངས་གཅིག་ཡོད།། ཤི་བའི་དུས་སུ་བར་དོ་འཛིན།། བར་དོ་སྤྲིན་དང་ན་བུན་འདྲ།། ཚགས་སྡང་སྐྱེས་ཀྱང་ཉམ་ང་མེད།། རང་གྲོལ་དུ་ཤེས་པའི་གདེངས་གཅིག་ཡོད།། ཅེས་གསུངས་པས། བྱ་ཟེ་མི་ཕྱེད་པའི་དད་པ་སྐྱེས་ནས་ཆོས་དབང་ཞུས། ཕྱིས་ཞབས་ཏོག་ཕུལ་ཕྱིན་བགྱིད་པའི་ཡོན་བདག་ཅིག་བྱུང་བ་ལགས་སོ། ཡང་སྟོན་ཞིག་གི་ཚེ། མི་མང་པོ་འཚོགས་པའི་སར། གཡག་གམ་ནས་ཤི་བའི་རོ་གཅིག་བྱུང་དུས་ལས་མི་ཀུན་གཡག་རོ་ལེན་དུ་འགྲོ་བར་ཆས་པ་ལ། ངའི་ལས་སྐལ་ལ་གཡག་རོ་བླང་གི་གསུངས། གྲོང་འཇུག་མཛད་དེ་གཡག་རོ་བླ་དབྱེ་རུ་བསྐྱལ་ནས།", "target": "འབྱུང་བ་ འཁྲུགས་ ཀྱང་ ཉམ་ང་ མེད ། ། བོགས་ འདོན་ དུ་ ཤེས་པ འི་ གདེང་ གཅིག་ ཡོད ། ། གཉིད་ ཀྱི་ དུས་ སུ་ འོད་གསལ་ བསྒོམས ། ། སྣང་བ་ སྡུད་ ཅིང་ སྡུད་ ཅིང་ སྒོམ ། ། གཏི་མུག་ དུ་ སོང་ ཡང་ ཉམ་ང་ མེད ། ། ཟུང་ འཇུག་ ཏུ་ ཤེས་པ འི་ གདེང་ གཅིག་ ཡོད ། ། རྨི་ལམ་ གྱི་ དུས་ སུ་ སྒྱུ་ལུས་ བསྒོམས ། ། སྣང་བ་ སྤྲོ་ ཞིང་ སྤྲོ་ ཞིང་ སྒོམ ། རྣམ་རྟོག་ ཏུ་ སོང་ ཡང་ ཉམ་ང་ མེད ། ། སྒྱུ་མ ར་ ཤེས་པ འི་ གདེང་ གཅིག་ ཡོད ། ། འདོད་ཡོན་ སྤྱོད་ ཚེ་ ལྷ་སྐུ ར་ བསྒོམས ། ། རོ་བྲོ་ མྱང་ ཞིང་ མྱང་ ཞིང་ བསྒོམས ། ། བཟའ་བཏུང་ དུ་ མཐོང་ རུང་ ཉམ་ང་ མེད ། ། ཚོགས་མཆོད་ དུ་ ཤེས་པ འི་ གདེངས་ གཅིག་ ཡོད ། ། ཐབས་ལམ་ གྱི་ སྐབས་ སུ་ གཞན་ལུས་ བསྒོམས ། ། བདེ་བ་ བསྐྱེད་ ཅིང་ བསྐྱེད་ ཅིང་ བསྒོམས ། ། ཐ་མལ་ དུ་ འདུག་ ཀྱང་ ཉམ་ང་ མེད ། ། ལྷན་སྐྱེས་ སུ་ ཤེས་པ འི་ གདེངས་ གཅིག་ ཡོད ། ། འཆི་བ འི་ དུས་ སུ་ འཕོ་བ་ བསྒོམས ། ། འཕོ་བ་ སྦྱོང་ ཞིང་ སྦྱོང་ ཞིང་ བསྒོམས ། ། འཆི་ལྟས་ བྱུང་ ཡང་ ཉམ་ང་ མེད ། ། རྫོགས་རིམ་ དུ་ ཤེས་པ འི་ གདེངས་ གཅིག་ ཡོད ། ། ཤི་བ འི་ དུས་ སུ་ བར་དོ་ འཛིན ། ། བར་དོ་ སྤྲིན་ དང་ ན་བུན་ འདྲ ། ། ཚགས་སྡང་ སྐྱེས་ ཀྱང་ ཉམ་ང་ མེད ། ། རང་གྲོལ་ དུ་ ཤེས་པ འི་ གདེངས་ གཅིག་ ཡོད ། ། ཅེས་ གསུངས་པ ས ། བྱ་ཟེ་ མི་ ཕྱེད་པ འི་ དད་པ་ སྐྱེས་ ནས་ ཆོས་ དབང་ ཞུས ། ཕྱི ས་ ཞབས་ཏོག་ ཕུལ་ ཕྱིན་ བགྱིད་པ འི་ ཡོན་བདག་ ཅིག་ བྱུང་བ་ ལགས་ སོ ། ཡང་ སྟོན་ ཞིག་ གི་ ཚེ ། མི་ མང་པོ་ འཚོགས་པ འི་ ས ར ། གཡག་ གམ་ ནས་ ཤི་བ འི་ རོ་ གཅིག་ བྱུང་ དུས་ ལས་མི་ ཀུན་ གཡག་རོ་ ལེན་ དུ་ འགྲོ་བ ར་ ཆས་པ་ ལ ། ང འི་ ལས་སྐལ་ ལ་ གཡག་རོ་ བླང་ གི་ གསུངས ། གྲོང་འཇུག་ མཛད་ དེ་ གཡག་རོ་ བླ་དབྱེ་ རུ་ བསྐྱལ་ ནས །" }, { "source": "མཁའ་འགྲོ་སྐུ་གསུང་ཐུགས་ཀྱི་གསང་།། རྩ་རླུང་བྱང་ཆུབ་སེམས་ཀྱི་རྟ།། རོ་སྙོམས་ལྕགས་ཀྱིས་ཡོངས་བསྐུལ་ནས།། གཡག་རྒན་འཇིགས་པའི་འཕྲང་ལས་ཕྲལ།། ཅེས་གསུངས་པས། གྲོང་འཇུག་ལ་ངེས་ཤེས་འདྲོངས་པ་རང་གིས་ཀྱང་ཀུན་གྱིས་རྩོད་མེད་ཀྱི་གྲུབ་ཐོབ་ཏུ་ཡོངས་སུ་གྲགས་པར་གྱུར་ཏོ། དེ་ལྟར་གྲོང་འཇུག་གི་གདམས་པ་ཟབ་མོ་ཆིག་བརྒྱུད་ཁྱད་པར་ཅན་དེ་སྲས་དར་མ་མདོ་སྡེ་ལ་གནང་བ་ལགས་སོ།།།། བཞི་པ། ཐུགས་དམ་མངོན་དུ་གྱུར་པའི་སྒོ་ནས། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་མཛད་ཚུལ་ནི། སྤྱིར་གྱི་བླ་མ་རྔོག་པ་ལ་སོགས་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་འདུས་པ་ཇི་བཞིན་དབང་དང་གདམས་པས་སྨིན་གྲོལ་ལ་བཀོད་པ་རྣམས་ལགས་ཤིང་ཁྱད་པར་མདོར་བསྡུས་བཀོད་པ་ལ། སྲས་སྐུ་ཡལ་བས་སྐྱོ་ཤས་དང་ངེས་འབྱུང་གི་སྒོ་ནས་ཀུན་གྱི་ཐུགས་དམ་ལ་བོགས་ཐོན་ཚུལ། བསྟན་པ་ལ་དར་རྒྱལ་འབྱུང་བར་ལུང་བསྟན་ནས་གདམས་ངག་དང་བྱིན་རླུབས་ཀྱི་རྟེན་ཞལ་གདམས་དང་བཅས་ཏེ་གནང་ཚུལ། འགྲོ་ཀུན་དང་བ་འདྲེན་ཕྱིར་བཀོད་པ་སྐུའི་རྫུ་འཕྲུལ་བསྟན་ཚུལ་དང་གསུམ་གྱི་དང་པོ། སྲས་སྐུ་ཡལ་བས་སྐྱོ་ཤས་དང་ངེས་འབྱུང་གི་སྒོ་ནས་ཀུན་གྱི་ཐུགས་དམ་ལ་བོགས་ཐོན་ཚུལ་ནི། བླ་མས་རྒྱ་གར་འཁོར་བའི་གཏང་རག་རྣམས་གྲུབ་ནས་སློབ་འབངས་ཕལ་ཆེར་རང་རང་གི་གནས་སུ་ཕེབས་ཤིང་། བླ་མ་ཡབ་སྲས་ཀུན་ནཱ་རོ་པའི་བཀའ་ལུང་ལྟར་སྐུ་མཚམས་དམ་པོ་ལ་བཞུགས།།", "target": "མཁའ་འགྲོ་སྐུ་གསུང་ཐུགས་ ཀྱི་ གསང་ ། ། རྩ་རླུང་ བྱང་ཆུབ་སེམས་ ཀྱི་ རྟ ། ། རོ་སྙོམས་ ལྕགས་ ཀྱིས་ ཡོངས་ བསྐུལ་ ནས ། ། གཡག་རྒན་ འཇིགས་པ འི་ འཕྲང་ ལས་ ཕྲལ ། ། ཅེས་ གསུངས་པ ས ། གྲོང་འཇུག་ ལ་ ངེས་ཤེས་ འདྲོངས་པ་ རང་ གིས་ ཀྱང་ ཀུན་ གྱིས་ རྩོད་མེད་ ཀྱི་ གྲུབ་ཐོབ་ ཏུ་ ཡོངས་ སུ་ གྲགས་པ ར་ གྱུར་ ཏོ ། དེ་ ལྟ ར་ གྲོང་འཇུག་ གི་ གདམས་པ་ ཟབ་མོ་ ཆིག་བརྒྱུད་ ཁྱད་པར་ཅན་ དེ་ སྲས་ དར་མ་མདོ་སྡེ་ ལ་ གནང་བ་ ལགས་ སོ ། ། ། ། བཞི་པ ། ཐུགས་དམ་ མངོན་ དུ་ གྱུར་པ འི་ སྒོ་ ནས ། བསྟན་པ་ དང་ སེམས་ཅན་ ལ་ ཕན་ ཐོགས་ མཛད་ཚུལ་ ནི ། སྤྱི ར་ གྱི་ བླ་མ་ རྔོག་པ་ ལ་ སོགས་པ འི་ སྐལ་ལྡན་ གྱི་ གདུལ་བྱ་ རྣམས་ འདུས་པ་ ཇི་ བཞིན་ དབང་ དང་ གདམས་པ ས་ སྨིན་གྲོལ་ ལ་ བཀོད་པ་ རྣམས་ ལགས་ ཤིང་ ཁྱད་པར་ མདོ ར་ བསྡུས་ བཀོད་པ་ ལ ། སྲས་ སྐུ་ ཡལ་བ ས་ སྐྱོ་ཤས་ དང་ ངེས་འབྱུང་ གི་ སྒོ་ ནས་ ཀུན་ གྱི་ ཐུགས་དམ་ ལ་ བོགས་ ཐོན་ཚུལ ། བསྟན་པ་ ལ་ དར་རྒྱལ་ འབྱུང་བ ར་ ལུང་ བསྟན་ ནས་ གདམས་ངག་ དང་ བྱིན་རླུབས་ ཀྱི་ རྟེན་ ཞལ་གདམས་ དང་ བཅས་ ཏེ་ གནང་ཚུལ ། འགྲོ་ ཀུན་ དང་བ་ འདྲེན་ ཕྱི ར་ བཀོད་པ་ སྐུ འི་ རྫུ་འཕྲུལ་ བསྟན་ཚུལ་ དང་ གསུམ་ གྱི་ དང་པོ ། སྲས་ སྐུ་ ཡལ་བ ས་ སྐྱོ་ཤས་ དང་ ངེས་འབྱུང་ གི་ སྒོ་ ནས་ ཀུན་ གྱི་ ཐུགས་དམ་ ལ་ བོགས་ ཐོན་ཚུལ་ ནི ། བླ་མ ས་ རྒྱ་གར་ འཁོར་བ འི་ གཏང་རག་ རྣམས་ གྲུབ་ ནས་ སློབ་འབངས་ ཕལ་ཆེ ར་ རང་ རང་ གི་ གནས་ སུ་ ཕེབས་ ཤིང་ ། བླ་མ་ ཡབ་སྲས་ ཀུན་ ནཱ་རོ་པ འི་ བཀའ་ལུང་ ལྟ ར་ སྐུ་མཚམས་ དམ་པོ་ ལ་ བཞུགས ། །" }, { "source": "དེ་ཡང་བླ་མ་སྲས་མཁར་གྱི་སྟེང་དུ་བཞུགས། དེའི་འོག་ཏུ་སྲས་དར་མ་མདོ་སྡེ་བཞུགས། དེའི་འོག་ཏུ་བུ་ཆེན་འགའ་བཞུགས་ཤིང་སྲས་གཞན་རྣམས་ཀྱང་སྐུ་མཚམས་དམ་པོའི་ནང་ནས་བསྙེན་སྒྲུབ་ལ་བཞུགས། ཡུམ་དང་མར་པ་མགོ་ལེགས། བ་རང་ཝ་བ་ཅན་རྣམས་ཀྱིས་ཕྱག་ཕྱི་བགྱིད་པ་ལས། ཡབ་ཀྱིས་སྲས་དར་མ་མདོ་སྡེ་ལ་འཕོ་བ་གྲོང་འཇུག་གི་གདམས་པ་གནང་ནས་གདམས་ངག་ལ་རང་བྱན་ཆུད་ཅིང་གདེངས་ཐོབ་པའི་ཚེ། ཁྱི་སྒྲ་དང་བཅས་གཟིམས་ཁང་གི་སྒོ་བརྡུང་བ་ཞིག་བྱུང་བ་ལས། སྲས་ཀྱིས་རྒྱ་དཀར་ནས་གཟིགས་པས། མི་རེང་དཀར་པོ་མདའ་གཞུ་ཁྱེར་བ་ཞིག་གི་ཙ་ན། ཡུམ་ཕེབས་འདུག་པ་ལ། མི་དེ་ན་རེ། རྔ་མོ་ཆུ་ཤུལ་གྱི་ལྟད་མོ་ལོ་རེ་ལ་ལན་རེ་ཡོང་བ་དེ་གནངས་ཡོད་པས། ཁྱེད་རང་གི་ཇོ་ཇོས་ཡོན་བདག་བྱས། ལྟད་མོ་དང་སྟོན་མོ་གཉིས་ཀ་བྱེད་པའི་གྲལ་དབུ་ལ་སྔར་སྙན་གཅགས་ཕུལ་བ་ལྟར། བླ་མ་ཡབ་སྲས་གཉིས་གང་རུང་ཞིག་གདན་འདྲེན་དུ་ཡོང་པ་ཡིན་པས་ཅིས་ཀྱང་ཕེབས་དགོས་ཟེར་ནན་ཏན་ལབ་ཅིང་འདུག་པ་ལ། ཟས་ཆང་བཟང་པོ་གནང་བ་ཟ་བའི་བར་ལ། ཡུམ་གྱི་ཞལ་ནས། ཁྱེད་རྣམས་ལྟད་མོ་དང་སྟོན་མོ་གཉིས་ཀ་བྱེད་པ་ངོ་མཚར་ཆེ་སྟེ། སྔར་བྱས་པ་ལྟར་ངེད་ཀྱི་བླ་མ་མར་པ་ལ། ཇོ་བོ་ནཱ་རོ་པའི་བཀའ་ལུང་ཡིན་གསུངས་ཡབ་སྲས་ཀུན་སྐུ་མཚམས་དམ་པོ་ལ་ལོ་གསུམ་བཞུགས་དགོས་པ་ལ། སྔར་ལོ་གཅིག་ལས་མ་སོང་བས། ཡབ་སྲས་གཉིས་འབྱོན་པ་མི་འོང་། དེ་འོག་གི་བུ་ཆེན་དྲག་པ་ཅན་གཅིག་བཏང་གི་གསུངས།", "target": "དེ་ ཡང་ བླ་མ་ སྲས་མཁར་ གྱི་ སྟེང་ དུ་ བཞུགས ། དེ འི་ འོག་ ཏུ་ སྲས་ དར་མ་མདོ་སྡེ་ བཞུགས ། དེ འི་ འོག་ ཏུ་ བུ་ཆེན་ འགའ་ བཞུགས་ ཤིང་ སྲས་ གཞན་ རྣམས་ ཀྱང་ སྐུ་མཚམས་ དམ་པོ འི་ ནང་ ནས་ བསྙེན་སྒྲུབ་ ལ་ བཞུགས ། ཡུམ་ དང་ མར་པ་མགོ་ལེགས ། བ་རང་ཝ་བ་ཅན་ རྣམས་ ཀྱིས་ ཕྱག་ཕྱི་ བགྱིད་པ་ ལས ། ཡབ་ ཀྱིས་ སྲས་ དར་མ་མདོ་སྡེ་ ལ་ འཕོ་བ་གྲོང་འཇུག་ གི་ གདམས་པ་ གནང་ ནས་ གདམས་ངག་ ལ་ རང་བྱན་ ཆུད་ ཅིང་ གདེངས་ ཐོབ་པ འི་ ཚེ ། ཁྱི་ སྒྲ་ དང་ བཅས་ གཟིམས་ཁང་ གི་ སྒོ་ བརྡུང་བ་ ཞིག་ བྱུང་བ་ ལས ། སྲས་ ཀྱིས་ རྒྱ་དཀར་ ནས་ གཟིགས་པ ས ། མི་རེང་ དཀར་པོ་ མདའ་གཞུ་ ཁྱེར་བ་ ཞིག་ གི་ ཙ་ ན ། ཡུམ་ ཕེབས་ འདུག་པ་ ལ ། མི་ དེ་ ན་རེ ། རྔ་མོ་ཆུ་ཤུལ་ གྱི་ ལྟད་མོ་ ལོ་ རེ་ ལ་ ལན་ རེ་ ཡོང་བ་ དེ་ གནངས་ ཡོད་པ ས ། ཁྱེད་ རང་ གི་ ཇོ་ཇོ ས་ ཡོན་བདག་ བྱས ། ལྟད་མོ་ དང་ སྟོན་མོ་ གཉིས་ ཀ་ བྱེད་པ འི་ གྲལ་དབུ་ ལ་ སྔ ར་ སྙན་གཅགས་ ཕུལ་བ་ ལྟ ར ། བླ་མ་ ཡབ་སྲས་ གཉིས་ གང་ རུང་ ཞིག་ གདན་ འདྲེན་ དུ་ ཡོང་པ་ ཡིན་པ ས་ ཅི ས་ ཀྱང་ ཕེབས་ དགོས་ ཟེར་ ནན་ཏན་ ལབ་ ཅིང་ འདུག་པ་ ལ ། ཟས་ཆང་ བཟང་པོ་ གནང་བ་ ཟ་བ འི་ བར་ ལ ། ཡུམ་ གྱི་ ཞལ་ ནས ། ཁྱེད་ རྣམས་ ལྟད་མོ་ དང་ སྟོན་མོ་ གཉིས་ ཀ་ བྱེད་པ་ ངོ་མཚར་ ཆེ་ སྟེ ། སྔ ར་ བྱས་པ་ ལྟ ར་ ངེད་ ཀྱི་ བླ་མ་ མར་པ་ ལ ། ཇོ་བོ་ ནཱ་རོ་པ འི་ བཀའ་ལུང་ ཡིན་ གསུངས་ ཡབ་སྲས་ ཀུན་ སྐུ་མཚམས་ དམ་པོ་ ལ་ ལོ་ གསུམ་ བཞུགས་ དགོས་པ་ ལ ། སྔ ར་ ལོ་ གཅིག་ ལས་ མ་ སོང་བ ས ། ཡབ་སྲས་ གཉིས་ འབྱོན་པ་ མི་ འོང་ ། དེ་ འོག་ གི་ བུ་ཆེན་ དྲག་པ་ཅན་ གཅིག་ བཏང་ གི་ གསུངས །" }, { "source": "ཡུམ་གྱིས་ཀྱང་ཞལ་ཏ་ནན་ཅན་གནང་བ་ལ། ཁོ་བཟི་བའི་གཏམ་ལ། ཡབ་སྲས་གཉིས་དགོས་པ་མ་གཏོགས་གྲལ་དབུ་མ་འབྱོར་བ་མིན། བླ་མ་འབྱོན་ནས་ཕྱག་ཕྱི་བྱས་ན་འགྲོ་རྒྱུ་ཡིན་ཏེ། མི་འབྱོན་ན་ང་འགྲོངས་འཕྲིན་འཁྱོལ་ཡོད་དོ།། མ་འཁྱོལ་མ་ཟེར་ཅིག་ཟེར་ཐུ་བ་སྤྲུགས་ནས་སོང་ངོ་། དེར་སྲས་ཀྱི་ཐུགས་ལ་ང་ད་ལྟ་འཇིག་རྟེན་ཐད་ནས་ཕ་མ་བཟང་པོ་ནི་འཛོམ། ཕ་སྤུན་དང་ཉེ་འབྲེལ་གྲུང་གསུམ་གྱི་སྒོ་ནས་མྱ་ངན་དང་སེམས་ལས་ནི་མེད། ཆོས་ནི་མཁས། ད་ལན་གྱི་ལྟད་མོ་ལ་འགྲོ་བའི་འོས་སུ་ང་བཟང་བ་འདུག་སྟེ། ཡབ་ཡུམ་གཉིས་ལ་ཞུས་རུང་གནང་ནི་མི་གནང་། བྲོས་ནས་འགྲོ་དགོས་དགོངས་པ་ལམ། དེའི་གནངས་ཉིན་དུ་སོང་ཚེ། ཕུའི་མི་ཐམས་ཅད་རྒྱན་བཀོད་གཟབས་པ་དང་བཅས་ལྟད་མོ་ལ་འགྲོ་ཞིང་འདུག་པ་ལ། སྲས་ཀྱང་ཡབ་ཡུམ་གཉིས་ཀྱིས་མ་ཚོར་བར་འབྱོན་དགོས་དགོངས་གཟིམས་མལ་ནས་བཞེངས་འབྱོན་གྲབས་མཛད་པས། ཡང་ཐུགས་དགོངས་ཕྱི་མ་གཅིག་ལ། རི་ཆེས་ན་གཡང་ཆེ། ཁེ་ཆེས་ན་ཉེན་ཆེ། ཆོས་ཟབ་ན་བདུད་ཟབ་བྱ་བ་ཡིན། ཡབ་ཀྱི་བཀའ་བཀྱོན་ཡང་ཡོང་། བདུད་ཀྱི་བར་ཆད་བྱུང་ཉེན་ཡང་ཡོད་དགོངས་གཟིམས་མལ་དུ་བཞུགས་པ་ལས། རྒན་མོ་ཁ་ན་སོ་མེད་པ། མགོ་དུང་ལྟར་སོང་བ་གསུམ་ཡང་ལྷོ་བྲག་རྔ་མོ་ཆུ་ཤུལ་གྱི་ལྟད་མོ་ཆེན་པོ་འདི་སྔར་ཡང་ཡང་མཐོང་སྟེ། ཚིམ་པ་རང་མི་འདུག་ཅིང་། ད་ནམ་འཆི་ཆ་མེད་པས་ད་ལན་ལས་ཨེ་མཐོང་མི་ཤེས་ཟེར།", "target": "ཡུམ་ གྱིས་ ཀྱང་ ཞལ་ཏ་ ནན་ཅན་ གནང་བ་ ལ ། ཁོ་ བཟི་བ འི་ གཏམ་ ལ ། ཡབ་སྲས་ གཉིས་ དགོས་པ་ མ་ གཏོགས་ གྲལ་དབུ་ མ་ འབྱོར་བ་ མིན ། བླ་མ་ འབྱོན་ ནས་ ཕྱག་ཕྱི་ བྱས་ ན་ འགྲོ་རྒྱུ་ ཡིན་ ཏེ ། མི་ འབྱོན་ ན་ ང་ འགྲོ ང ས་ འཕྲིན་ འཁྱོལ་ ཡོད་ དོ ། ། མ་ འཁྱོལ་ མ་ ཟེར་ ཅིག་ ཟེར་ ཐུ་བ་ སྤྲུགས་ ནས་ སོང་ ངོ་ ། དེ ར་ སྲས་ ཀྱི་ ཐུགས་ ལ་ ང་ ད་ ལྟ་ འཇིག་རྟེན་ ཐད་ ནས་ ཕ་མ་ བཟང་པོ་ ནི་ འཛོམ ། ཕ་སྤུན་ དང་ ཉེ་འབྲེལ་གྲུང་ གསུམ་ གྱི་ སྒོ་ ནས་ མྱ་ངན་ དང་ སེམས་ལས་ ནི་ མེད ། ཆོས་ ནི་ མཁས ། ད་ ལན་ གྱི་ ལྟད་མོ་ ལ་ འགྲོ་བ འི་ འོས་ སུ་ ང་ བཟང་བ་ འདུག་ སྟེ ། ཡབ་ཡུམ་ གཉིས་ ལ་ ཞུས་ རུང་ གནང་ ནི་ མི་ གནང་ ། བྲོས་ ནས་ འགྲོ་ དགོས་ དགོངས་པ་ ལམ ། དེ འི་ གནངས་ཉིན་ དུ་ སོང་ ཚེ ། ཕུ འི་ མི་ ཐམས་ཅད་ རྒྱན་བཀོད་ གཟབས་པ་ དང་ བཅས་ ལྟད་མོ་ ལ་ འགྲོ་ ཞིང་ འདུག་པ་ ལ ། སྲས་ ཀྱང་ ཡབ་ཡུམ་ གཉིས་ ཀྱིས་ མ་ ཚོར་བ ར་ འབྱོན་ དགོས་ དགོངས་ གཟིམས་མལ་ ནས་ བཞེངས་ འབྱོན་གྲབས་ མཛད་པ ས ། ཡང་ ཐུགས་དགོངས་ ཕྱི་མ་ གཅིག་ ལ ། རི་ ཆེས་ ན་ གཡང་ ཆེ ། ཁེ་ ཆེས་ ན་ ཉེན་ ཆེ ། ཆོས་ ཟབ་ ན་ བདུད་ ཟབ་ བྱ་བ་ ཡིན ། ཡབ་ ཀྱི་ བཀའ་བཀྱོན་ ཡང་ ཡོང་ ། བདུད་ ཀྱི་ བར་ཆད་ བྱུང་ ཉེན་ ཡང་ ཡོད་ དགོངས་ གཟིམས་མལ་ དུ་ བཞུགས་པ་ ལས ། རྒན་མོ་ ཁ་ ན་ སོ་ མེད་པ ། མགོ་ དུང་ ལྟ ར་ སོང་བ་ གསུམ་ ཡང་ ལྷོ་བྲག་ རྔ་མོ་ཆུ་ཤུལ་ གྱི་ ལྟད་མོ་ ཆེན་པོ་ འདི་ སྔ ར་ ཡང་ ཡང་ མཐོང་ སྟེ ། ཚིམ་པ་ རང་ མི་ འདུག་ ཅིང་ ། ད་ ནམ་ འཆི་ ཆ་ མེད་པ ས་ ད་ ལན་ ལས་ ཨེ་ མཐོང་ མི་ ཤེས་ ཟེར །" }, { "source": "འཁར་སྟབས་ལིང་ངེ་སྒྱིད་པ་གྱོ་ལེར་འགྲོ་བ་གཟིགས་ཏེ། རྒན་མོ་གསུམ་པོ་བདུད་ཀྱི་ཆོ་འཕྲུལ་ཡིན་པ་དེ་མ་དགོངས་པར། སྲས་ཀྱི་ཐུགས་ལ་རྒན་མོ་མ་གི་འདྲ་བ་ཚོ་ཡང་འགྲོ་ན། ང་གཞོན་པ་ཕ་མ་གཉིས་འཛོམ་གྱི་གཅེས་ཕྲུག་ཅིའི་ཕྱིར་མི་འགྲོ་དགོངས་ནས་མཚམས་ལ་ཧར་འདོན་བྱས། ན་བཟའ་བེར་དཀར་གཅིག་ཡོད་པ་དེ་ཕྲག་ལ་བཀལ་ནས་བྱོན་པ་དང་། ཡུམ་ཚ་བ་འདྲེན་དུ་བྱུང་བ་ཐུག་བྱུང་བས། ཡུམ་གྱི་ཞལ་ནས། བུ་མཚམས་ལ་ཧར་འདོན་བྱས་པའི་ཁྲིམས་མེད། གང་དུ་འགྲོ་བསམ་པ་ཡིན། ཡར་ལོག་ལ་སྒྲུབ་པ་ལ་སྡོད་གསུངས་པ་ལས། སྲས་ཡུམ་གྱིས་བཟུང་གིས་དོགས་པས་སྐས་ལ་ཕྱི་འབབ་ཞོལ་ལེ་བྱོན་སོང་། ཡུམ་གྱི་ཕྱག་གསོལ་གྱིས་འགགས་པས་འཛིན་པ་མ་བྱུང་བར་སྲས་བྲོས་པས། སྲས་ཀྱི་ཐུགས་ལ་ག་རེ། ཡུམ་གྱིས་བསླབ་བྱ་མཛད་ན་ནི་ཉན་དགོས། སྡོད་གསུངས་ན་ནི་འགྲོས་དགོས་དགོངས། སྒོའི་ཐེམ་པ་ལ་རྟ་ཞོན་ལོག་གེར་བཞུགས་དུས། ཡུམ་གྱི་ཐུགས་ལ། ངས་བུ་ཟིན་པ་དང་ཉན་པ་བྱུང་ན་བཟུང་ནས་བསྐྱིལ་དགོས། མ་ཟིན་ཞིང་མི་ཉན་ན་བསླབ་བྱ་ཞིག་བྱེད་དགོངས། བུ་ཨ་མ་ལ་གསན་ལ་ཡར་ལོག་བྱོན་དང་གསུངས་པས། སྲས་ཀྱི་ཞལ་ནས། ཡུམ་ལགས། བདག་ཟླ་བ་དཀར་བ་ཟླ་སྟོད་ཡིན། ཕ་མ་ཚང་བ་ཚེ་སྟོད་ཡིན། བྱ་བ་ལགས་པས། བདག་ལ་ན་ཚ་དང་སྡུག་བསྔལ་ནི་མེད། ལྟད་མོ་ལ་འགྲོ་འོས་སུ་བདག་བཟང་བ་གདའ་བས་ད་རེས་ཅིས་ཀྱང་འགྲོ་བ་ཞུ་ཞུས་པས། ཡུམ་གྱི་ཞལ་ནས། ཁྱོད་ཀྱིས་ཡབ་ལ་ཞུས་སམ་གསུངས་པས།", "target": "འཁར་སྟབས་ ལིང་ངེ་ སྒྱིད་པ་ གྱོ་ལེ ར་ འགྲོ་བ་ གཟིགས་ ཏེ ། རྒན་མོ་ གསུམ་པོ་ བདུད་ ཀྱི་ ཆོ་འཕྲུལ་ ཡིན་པ་ དེ་ མ་ དགོངས་པ ར ། སྲས་ ཀྱི་ ཐུགས་ ལ་ རྒན་མོ་ མ་གི་ འདྲ་བ་ ཚོ་ ཡང་ འགྲོ་ ན ། ང་ གཞོན་པ་ ཕ་མ་ གཉིས་ འཛོམ་ གྱི་ གཅེས་ཕྲུག་ ཅི འི་ ཕྱི ར་ མི་ འགྲོ་ དགོངས་ ནས་ མཚམས་ ལ་ ཧར་འདོན་ བྱས ། ན་བཟའ་ བེར་དཀར་ གཅིག་ ཡོད་པ་ དེ་ ཕྲག་ ལ་ བཀལ་ ནས་ བྱོན་པ་ དང་ ། ཡུམ་ ཚ་བ་ འདྲེན་ དུ་ བྱུང་བ་ ཐུག་ བྱུང་བ ས ། ཡུམ་ གྱི་ ཞལ་ ནས ། བུ་ མཚམས་ ལ་ ཧར་འདོན་ བྱས་པ འི་ ཁྲིམས་ མེད ། གང་ དུ་ འགྲོ་ བསམ་པ་ ཡིན ། ཡ ར་ ལོག་ ལ་ སྒྲུབ་པ་ ལ་ སྡོད་ གསུངས་པ་ ལས ། སྲས་ ཡུམ་ གྱིས་ བཟུང་ གིས་ དོགས་པ ས་ སྐས་ ལ་ ཕྱི་འབབ་ཞོལ་ལེ་ བྱོན་ སོང་ ། ཡུམ་ གྱི་ ཕྱག་ གསོལ་ གྱིས་ འགགས་པ ས་ འཛིན་པ་ མ་ བྱུང་བ ར་ སྲས་ བྲོས་པ ས ། སྲས་ ཀྱི་ ཐུགས་ ལ་ ག་རེ ། ཡུམ་ གྱིས་ བསླབ་བྱ་ མཛད་ ན་ ནི་ ཉན་ དགོས ། སྡོད་ གསུངས་ ན་ ནི་ འགྲོས་ དགོས་ དགོངས ། སྒོ འི་ ཐེམ་པ་ ལ་ རྟ་ ཞོན་ ལོག་གེ ར་ བཞུགས་ དུས ། ཡུམ་ གྱི་ ཐུགས་ ལ ། ང ས་ བུ་ ཟིན་པ་ དང་ ཉན་པ་ བྱུང་ ན་ བཟུང་ ནས་ བསྐྱིལ་ དགོས ། མ་ ཟིན་ ཞིང་ མི་ ཉན་ ན་ བསླབ་བྱ་ ཞིག་ བྱེད་ དགོངས ། བུ་ ཨ་མ་ ལ་ གསན་ ལ་ ཡ ར་ ལོག་ བྱོན་ དང་ གསུངས་པ ས ། སྲས་ ཀྱི་ ཞལ་ ནས ། ཡུམ་ ལགས ། བདག་ ཟླ་བ་ དཀར་བ་ ཟླ་སྟོད་ ཡིན ། ཕ་མ་ ཚང་བ་ ཚེ་སྟོད་ ཡིན ། བྱ་བ་ ལགས་པ ས ། བདག་ ལ་ ན་ཚ་ དང་ སྡུག་བསྔལ་ ནི་ མེད ། ལྟད་མོ་ ལ་ འགྲོ་ འོས་ སུ་ བདག་ བཟང་བ་ གདའ་བ ས་ ད་ རེ ས་ ཅི ས་ ཀྱང་ འགྲོ་བ་ ཞུ་ ཞུས་པ ས ། ཡུམ་ གྱི་ ཞལ་ ནས ། ཁྱོད་ ཀྱིས་ ཡབ་ ལ་ ཞུས་ སམ་ གསུངས་པ ས །" }, { "source": "མ་ཞུས་ལགས་ཏེ། ཡུམ་ལ་ཞུས་པས་ཁྱབ་མཆི་ཟེར། གཤེགས་གྲབས་མཛད་ཅིང་འདུག་པ་ལ། ཡུམ་གྱི་ཞལ་ནས། བུ་ཅིས་ཀྱང་མི་གསན་པར་འབྱོན་ན་འོ་ཅག་མ་བུ་གཉིས་དམ་བཅའ་ཞིག་བྱེད་པ་ཡིན་པས། འདི་དག་སྙིང་གི་དཀྱིལ་དུ་ཆོངས་ཤིགདེ་རིང་གི་ཉིན་མོ་ལ་བུ་གྲལ་མགོ་རུ་མ་སྡོད། འབུལ་བ་བླ་སྡེར་མ་ལེན། བསྔོ་བ་ཡོན་བཤད་མ་བྱེད། ཆོས་གཏམ་མ་བྱེད། ཆང་མ་འཐུང་། རྟ་མ་རྒྱུག་ཉི་མ་ཕྱེད་ཚུན་ནས་ལོག་བྱོན་ཅིགབདུན་པོ་འདི་འུ་ཅག་མ་བུ་གཉིས་ཀྱི་དམ་ཚིག་ལགས་པས་ཐུགས་ལ་ཅིས་ཀྱང་དགོངས་འཚལ་ལོ་གསུངས་པས། སྲས་ཀྱིས་དེ་ལྟར་འཚལ་ལོ་ཞེས་གསུངས་ནས་བྲོས་མ་ཐབས་སུ་གཤེགས་སོ།། དེར་ཡུམ་གྱིས་སྲས་ཀྱི་ཕྱི་བཞིན་རྗེ་བཙུན་མི་ལ་དང་། མར་པ་མགོ་ལེགས་ཀྱི་གཙོ་བྱས་པའི་གྲྭ་པ་རགས་པ་བཞི་ལ་དམ་བཅའ་བདུན་པོ་རྣམས་ནན་ཆེ་བར་བསླབས་ནས་ཕྱག་ཕྱི་ལ་བརྫངས་ཏེ། ཡུམ་རང་གཅིག་པུར་བཞུགས་པས། སྔར་དང་མི་འདྲ་བའི་ཐུགས་ཚ་ཕྱོད་དེ་བ་དང་། སྤྱན་ཆབ་མང་པོ་ཤོར་ཞིང་། ཐུགས་ལ་ངའི་བུ་འདི་སྔར་ཟླ་བ་རེ་ཙམ་གཞན་དོན་ལ་འགྲོ་བ་ལ་འདི་སྟ་བུའི་སྙིང་མི་དགའ་བ་མ་བྱུང་སྟེ། ད་ལན་ཉིན་གཅིག་འགྲོ་བ་དང་འདི་ལྟ་བུའི་སེམས་མི་དགའ་བ་ཡོང་ལུགས་ཀྱིས་བར་ཆད་ཡོད་བ་མིན་འོང་སྙམ་པ་ཐུགས་ལ་ཤར་བར་གདའ། སྲས་དཔོན་སློབ་རྣམས་ཀྱིས་རྔ་མོ་ཆུ་ཤུལ་དུ་ཕེབས་པ་ལ། གྲལ་པ་མང་པོ་ཚོགས་འདུག་པ་ལས། དཔོན་སློབ་རྣམས་ཀྱིས་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་གྲལ་འོགསྐྱེ་བོ་མི་ནག་པ་རྣམས་ཀྱི་གྲལ་མགོ་ཞིག་ཏུ་བཞུགས་པ་ལས་གྲལ་མགོ་ན་ཡོད་པའི་བླ་མ་བགྲེས་ཤིང་ཐུགས་དགོངས་མཐོ་བ་རྣམས་སྲས་དར་མ་མདོ་སྡེ་ཡིན་མིན་གྱི་ཐེ་ཚོམ་ཞིག་ཟོས་ནས།", "target": "མ་ ཞུས་ ལགས་ ཏེ ། ཡུམ་ ལ་ ཞུས་པ ས་ ཁྱབ་ མཆི་ ཟེར ། གཤེགས་གྲབས་ མཛད་ ཅིང་ འདུག་པ་ ལ ། ཡུམ་ གྱི་ ཞལ་ ནས ། བུ་ ཅི ས་ ཀྱང་ མི་ གསན་པ ར་ འབྱོན་ ན་ འོ་ཅག་ མ་བུ་ གཉིས་ དམ་བཅའ་ ཞིག་ བྱེད་པ་ ཡིན་པ ས ། འདི་ དག་ སྙིང་ གི་ དཀྱིལ་ དུ་ ཆོངས་ ཤིག དེ་ རིང་ གི་ ཉིན་མོ་ ལ་ བུ་ གྲལ་མགོ་ རུ་ མ་ སྡོད ། འབུལ་བ་ བླ་སྡེ ར་ མ་ ལེན ། བསྔོ་བ་ ཡོན་བཤད་ མ་ བྱེད ། ཆོས་གཏམ་ མ་ བྱེད ། ཆང་ མ་ འཐུང་ ། རྟ་ མ་ རྒྱུག་ ཉི་མ་ ཕྱེད་ ཚུན་ ནས་ ལོག་ བྱོན་ ཅིག བདུན་པོ་ འདི་ འུ་ཅག་ མ་བུ་ གཉིས་ ཀྱི་ དམ་ཚིག་ ལགས་པ ས་ ཐུགས་ ལ་ ཅི ས་ ཀྱང་ དགོངས་ འཚལ་ ལོ་ གསུངས་པ ས ། སྲས་ ཀྱིས་ དེ་ ལྟ ར་ འཚལ་ ལོ་ ཞེས་ གསུངས་ ནས་ བྲོས་མ་ ཐབས་ སུ་ གཤེགས་ སོ ། ། དེ ར་ ཡུམ་ གྱིས་ སྲས་ ཀྱི་ ཕྱི་བཞིན་ རྗེ་བཙུན་ མི་ལ་ དང་ ། མར་པ་མགོ་ལེགས་ ཀྱི་ གཙོ་ བྱས་པ འི་ གྲྭ་པ་ རགས་པ་ བཞི་ ལ་ དམ་བཅའ་ བདུན་པོ་ རྣམས་ ནན་ ཆེ་བ ར་ བསླབས་ ནས་ ཕྱག་ཕྱི་ ལ་ བརྫངས་ ཏེ ། ཡུམ་ རང་ གཅིག་པུ ར་ བཞུགས་པ ས ། སྔ ར་ དང་ མི་ འདྲ་བ འི་ ཐུགས་ཚ་ཕྱོད་དེ་བ་ དང་ ། སྤྱན་ཆབ་ མང་པོ་ ཤོར་ ཞིང་ ། ཐུགས་ ལ་ ང འི་ བུ་ འདི་ སྔ ར་ ཟླ་བ་ རེ་ ཙམ་ གཞན་དོན་ ལ་ འགྲོ་བ་ ལ་ འདི་ སྟ་བུ འི་ སྙིང་ མི་ དགའ་བ་ མ་ བྱུང་ སྟེ ། ད་ ལན་ ཉིན་ གཅིག་ འགྲོ་བ་ དང་ འདི་ ལྟ་བུ འི་ སེམས་ མི་ དགའ་བ་ ཡོང་ལུགས་ ཀྱིས་ བར་ཆད་ ཡོད་བ་ མིན་ འོང་ སྙམ་པ་ ཐུགས་ ལ་ ཤར་བ ར་ གདའ ། སྲས་ དཔོན་སློབ་ རྣམས་ ཀྱིས་ རྔ་མོ་ཆུ་ཤུལ་ དུ་ ཕེབས་པ་ ལ ། གྲལ་པ་ མང་པོ་ ཚོགས་ འདུག་པ་ ལས ། དཔོན་སློབ་ རྣམས་ ཀྱིས་ བླ་མ་ དགེ་བ འི་ བཤེས་གཉེན་ རྣམས་ ཀྱི་ གྲལ་ འོག སྐྱེ་བོ་ མི་ ནག་པ་ རྣམས་ ཀྱི་ གྲལ་མགོ་ ཞིག་ ཏུ་ བཞུགས་པ་ ལས་ གྲལ་མགོ་ ན་ ཡོད་པ འི་ བླ་མ་ བགྲེས་ ཤིང་ ཐུགས་དགོངས་ མཐོ་བ་ རྣམས་ སྲས་ དར་མ་མདོ་སྡེ་ ཡིན་ མིན་ གྱི་ ཐེ་ཚོམ་ ཞིག་ ཟོས་ ནས །" }, { "source": "ལྟར་བཏང་བས་སྲས་ཡིན་པར་ཤེས་ནས། གྲལ་དབུ་ལ་གདན་དྲངས་པ་འབྱོན་དུ་མ་འདོད་པས། གྲལ་མགོ་མ་རྣམས་ན་རེ། རྗེ་བཙུན་མར་པའི་སྲས་ཀྱི་གྲལ་མགོ་རུ་སྡོད་པ་འདི་གང་ནས་བལྟས་ཀྱང་མི་འཐད་ཟེར། བླ་མ་གྲལ་མགོ་མ་རྣམས་ཀྱིས་རང་རང་གི་གདན་ཁྱེར་ནས་སྲས་ཀྱི་གྲལ་འོག་ཏུ་བྱ་འཕུར་བསྐྱས་བྱས་བྱུང་བས། སྲས་གྲལ་འགོ་རུ་བྱུང་། དེའི་སྟོབས་ཀྱིས་བླ་སྡེར་དང་། འབུལ་བ་ལེན་དགོས་དང་། བསྔོ་བ་ཡོན་བཤད་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དྲི་བ་བྱས་པའི་ལན་དུ་ཆོས་གཏམ་མཛད་དགོས་བྱུང་བས་མཁས་པའི་ཐོག་ཆོད། དེར་མི་དྲག་པ་རྣམས་ཀྱིས་རིམ་པ་བཞིན་ཆང་དྲངས་པ་ནན་ཆེས་པས་ཅུང་ཟད་རེ་འཐུང་དགོས་བྱུང་། དེའི་ཚེ་ཉི་མ་ཡང་ཕྱེད་ཡོལ་དུ་སོང་བ་ལ། རྗེ་བཙུན་མི་ལས། བླ་མ་རིན་པོ་ཆེ། ལྟད་མོ་དང་སྟོན་མོ་ཆེ་ཁར་གྱེས། ཁྲོམ་གཞུག་འཐབ་མོས་སྡུད་བྱ་བ་ལགས། ཡུམ་གྱི་བཀའ་གནང་ཕལ་ཆེར་ཐལ་གདའ། ད་ཉི་མ་ཡང་ཕྱེད་ཡོལ་ཙམ་དུ་སོང་གདའ་བས་ཅིས་ཀྱང་ཕེབས་པར་ཞུ་ཞུས་པས། སྲས་ཀྱི་ཞལ་ནས། ཨ་ཕོ་མཐུ་ཆེན་ཅིས་ཀྱང་བདེན་གསུངས་འབྱོན་པར་ཆས་པ་ལས། སྲས་རང་གི་སྐུ་ཞང་ལྷོ་བྲག་ན་ནོར་ཕྱུག་པ་དང་རོ་རྩ་བའི་ཐོག་ཆོད་ཅིང་བུ་མེད་པ་དེས། རྟ་ཕོ་རོག་དཔུང་དཀར་ཞེས་བྱ་བ་ལྷོ་བྲག་ན་མགྱོགས་པ་ཞིག་ཡོད་པ་དེ་ལ་ཆས་ལེགས་པ་གཅིག་བྱས་སྲས་ཀྱི་དྲུང་དུ་ཁྲིད་ཡོང་སྟེ། ཚ་བོ་ཡར་བཞེངས་ཤིགབསྔོ་བ་ཡོན་བཤད་སོགས་ཆོས་མཁས་པའི་ཐོག་ཆོད།", "target": "ལྟ ར་ བཏང་བ ས་ སྲས་ ཡིན་པ ར་ ཤེས་ ནས ། གྲལ་དབུ་ ལ་ གདན་ དྲངས་པ་ འབྱོན་ དུ་ མ་ འདོད་པ ས ། གྲལ་མགོ་མ་ རྣམས་ ན་རེ ། རྗེ་བཙུན་ མར་པ འི་ སྲས་ ཀྱི་ གྲལ་མགོ་ རུ་ སྡོད་པ་ འདི་ གང་ ནས་ བལྟས་ ཀྱང་ མི་ འཐད་ ཟེར ། བླ་མ་ གྲལ་མགོ་མ་ རྣམས་ ཀྱིས་ རང་ རང་ གི་ གདན་ ཁྱེར་ ནས་ སྲས་ ཀྱི་ གྲལ་ འོག་ ཏུ་ བྱ་ འཕུར་ བསྐྱས་ བྱས་ བྱུང་བ ས ། སྲས་ གྲལ་འགོ་ རུ་ བྱུང་ ། དེ འི་ སྟོབས་ ཀྱིས་ བླ་སྡེ ར་ དང་ ། འབུལ་བ་ ལེན་ དགོས་ དང་ ། བསྔོ་བ་ ཡོན་བཤད་ དང་ བླ་མ་ དགེ་བ འི་ བཤེས་གཉེན་ རྣམས་ ཀྱིས་ དྲི་བ་ བྱས་པ འི་ ལན་ དུ་ ཆོས་གཏམ་ མཛད་ དགོས་ བྱུང་བ ས་ མཁས་པ འི་ ཐོག་ ཆོད ། དེ ར་ མི་ དྲག་པ་ རྣམས་ ཀྱིས་ རིམ་པ་ བཞིན་ ཆང་ དྲངས་པ་ ནན་ ཆེས་པ ས་ ཅུང་ཟད་ རེ་ འཐུང་ དགོས་ བྱུང་ ། དེ འི་ ཚེ་ ཉི་མ་ ཡང་ ཕྱེད་ ཡོལ་ དུ་ སོང་བ་ ལ ། རྗེ་བཙུན་ མི་ལ ས ། བླ་མ་ རིན་པོ་ཆེ ། ལྟད་མོ་ དང་ སྟོན་མོ་ ཆེ་ཁ ར་ གྱེས ། ཁྲོམ་གཞུག་ འཐབ་མོ ས་ སྡུད་ བྱ་བ་ ལགས ། ཡུམ་ གྱི་ བཀའ་གནང་ ཕལ་ཆེ ར་ ཐལ་ གདའ ། ད་ ཉི་མ་ ཡང་ ཕྱེད་ ཡོལ་ ཙམ་ དུ་ སོང་ གདའ་བ ས་ ཅི ས་ ཀྱང་ ཕེབས་པ ར་ ཞུ་ ཞུས་པ ས ། སྲས་ ཀྱི་ ཞལ་ ནས ། ཨ་ཕོ་ མཐུ་ཆེན་ ཅི ས་ ཀྱང་ བདེན་ གསུངས་ འབྱོན་པ ར་ ཆས་པ་ ལས ། སྲས་ རང་ གི་ སྐུ་ཞང་ ལྷོ་བྲག་ ན་ ནོར་ ཕྱུག་པ་ དང་ རོ་ རྩ་བ འི་ ཐོག་ ཆོད་ ཅིང་ བུ་ མེད་པ་ དེ ས ། རྟ་ ཕོ་རོག་དཔུང་དཀར་ ཞེས་ བྱ་བ་ ལྷོ་བྲག་ ན་ མགྱོགས་པ་ ཞིག་ ཡོད་པ་ དེ་ ལ་ ཆས་ ལེགས་པ་ གཅིག་ བྱས་ སྲས་ ཀྱི་ དྲུང་ དུ་ ཁྲིད་ ཡོང་ སྟེ ། ཚ་བོ་ ཡ ར་ བཞེངས་ ཤིག བསྔོ་བ་ ཡོན་བཤད་ སོགས་ ཆོས་ མཁས་པ འི་ ཐོག་ ཆོད །" }, { "source": "ད་རྟ་ལ་བདེ་བའི་ཐོག་ཆོད་པ་ཅིག་བྱེད་པས། རྟ་རྒྱུག་ཅིག་ཟེར་སྲབ་མདའ་ཕྱག་ཏུ་ཕུལ་བས། སྲས་ཀྱི་ཞལ་ནས། ཕྱིས་ནས་ཞང་པོས་གང་ཟེར་གྱི་ཁ་ལ་ཉན། ད་ལན་རྟ་རྒྱུགས་མི་གསུང་བར་ཞུ། བདག་ཡོང་དུས་ཡུམ་གྱི་ཞལ་ཏ་འགའ་ཡོད་པ་ལགས་ཏེ། ཕལ་ཆེར་ཤོར་ཐལ། ད་ལྟ་རྒྱུག་ན་ཀུན་འཆོར་བ་འདུག་གསུངས་པས། ཞང་པོ་ན་རེ། ཡུམ་བདག་མེད་མ་དབང་ཆེ་ཡང་ངའི་སྲིང་མོ་ཡིན། ང་ཇི་ལྟར་ཞན་རུང་ཇོ་ཇོ་ཡིན། མོའི་ཁ་ལ་ཉན་ན་ངའི་ཁ་ལ་ཅི་ལ་མི་ཉན། གཏམ་དཔེ་ལ་ཡང་། ཞང་པོ་ཆུས་ཁྱེར་བའི་སྐྲ་ནས་མ་འཛིན་བྱ་བ། ཁ་དྲག་པའི་དོན་ཡིན་པས། ཅིས་ཀྱང་རྟ་རྒྱུག་དགོས་རྒྱུག་རྟིང་སྒ་ཆ་དང་བཅས་པ་འབུལ་བར་འབུལ་ཟེར། ཕྱག་ནས་འཐེན་ཏེ་རྟ་ལ་བསྐྱོན་ནས་མི་རྒྱུག་པའི་དབང་མ་བྱུང་བར། རྟ་རྒྱུགས་པས། སྐུ་འབྲས་མཚར་བ་རྩལ་ཆེ་བ་ལ་སོགས་ཏེ། ཆོས་འཇིག་རྟེན་གཉིས་ཀའི་ཁྲོམ་ཐོག་ཀུན་ཆོད་དོ། དེ་ནས་སྲས་ལ་ཕུད་ཞུ་བ་མང་པོ་རུབ་རུབ་ལ་བྱུང་བས། ཅུང་ཟད་བདེ་བའི་ཉམས་ཡང་བྱུང་བའི་ཚེ། རྗེ་བཙུན་མི་ལས་སྲས་ལ། བླ་མ་ལགས། ད་ནང་ཡུམ་གྱིས་གནང་བའི་དམ་བཅའ་ནི་ཀུན་ཤོར་ཐལ། ད་ཁྲོམ་ཐོག་ཆོད་ཁར་རྟ་ཁ་འཐེན་བྱ་བ་ལགས་པས། ཁྲོམ་མཇུག་མ་བསྡུས་པར་ཅིས་ཀྱང་ཕེབས་པ་དྲག་ཞུས་ནས་ནན་གྱིས་སྤྱན་དྲངས་ཏེ། ཞང་པོས་ཕུལ་བའི་རྟ་ལ་ཆིབས། དཔོན་སློབ་རྣམས་བསྡེབས་ནས་རྗེ་བཙུན་མི་ལས་ཆབས་མཐུར་བཟུང་བྱོན་པས། ང་རྒས་འཁོགས་དང་ནད་པ་རྟ་ལ་མི་ཆགས་པ་ནི་མིན།", "target": "ད་ རྟ་ ལ་ བདེ་བ འི་ ཐོག་ ཆོད་པ་ ཅིག་ བྱེད་པ ས ། རྟ་ རྒྱུག་ ཅིག་ ཟེར་ སྲབ་མདའ་ ཕྱག་ ཏུ་ ཕུལ་བ ས ། སྲས་ ཀྱི་ ཞལ་ ནས ། ཕྱི ས་ ནས་ ཞང་པོ ས་ གང་ ཟེར་ གྱི་ ཁ་ ལ་ ཉན ། ད་ ལན་ རྟ་ རྒྱུགས་ མི་ གསུང་བ ར་ ཞུ ། བདག་ ཡོང་ དུས་ ཡུམ་ གྱི་ ཞལ་ཏ་ འགའ་ ཡོད་པ་ ལགས་ ཏེ ། ཕལ་ཆེ ར་ ཤོར་ ཐལ ། ད་ ལྟ་ རྒྱུག་ ན་ ཀུན་ འཆོར་བ་ འདུག་ གསུངས་པ ས ། ཞང་པོ་ ན་རེ ། ཡུམ་ བདག་མེད་མ་ དབང་ ཆེ་ ཡང་ ང འི་ སྲིང་མོ་ ཡིན ། ང་ ཇི་ ལྟ ར་ ཞན་ རུང་ ཇོ་ཇོ་ ཡིན ། མོ འི་ ཁ་ ལ་ ཉན་ ན་ ང འི་ ཁ་ ལ་ ཅི་ ལ་ མི་ ཉན ། གཏམ་དཔེ་ ལ་ ཡང་ ། ཞང་པོ་ ཆུ ས་ ཁྱེར་བ འི་ སྐྲ་ ནས་ མ་ འཛིན་ བྱ་བ ། ཁ་ དྲག་པ འི་ དོན་ ཡིན་པ ས ། ཅི ས་ ཀྱང་ རྟ་ རྒྱུག་ དགོས་ རྒྱུག་ རྟིང་ སྒ་ ཆ་ དང་ བཅས་པ་ འབུལ་བ ར་ འབུལ་ ཟེར ། ཕྱག་ ནས་ འཐེན་ ཏེ་ རྟ་ ལ་ བསྐྱོན་ ནས་ མི་ རྒྱུག་པ འི་ དབང་ མ་ བྱུང་བ ར ། རྟ་ རྒྱུགས་པ ས ། སྐུ་འབྲས་ མཚར་བ་ རྩལ་ ཆེ་བ་ ལ་ སོགས་ ཏེ ། ཆོས་ འཇིག་རྟེན་ གཉིས་ ཀ འི་ ཁྲོམ་ཐོག་ ཀུན་ ཆོད་ དོ ། དེ་ ནས་ སྲས་ ལ་ ཕུད་ ཞུ་བ་ མང་པོ་ རུབ་རུབ་ ལ་ བྱུང་བ ས ། ཅུང་ཟད་ བདེ་བ འི་ ཉམས་ ཡང་ བྱུང་བ འི་ ཚེ ། རྗེ་བཙུན་ མི་ལ ས་ སྲས་ ལ ། བླ་མ་ ལགས ། ད་ ནང་ ཡུམ་ གྱིས་ གནང་བ འི་ དམ་བཅའ་ ནི་ ཀུན་ ཤོར་ ཐལ ། ད་ ཁྲོམ་ ཐོག་ ཆོད་ ཁ ར་ རྟ་ཁ་ འཐེན་ བྱ་བ་ ལགས་པ ས ། ཁྲོམ་ མཇུག་མ་ བསྡུས་པ ར་ ཅི ས་ ཀྱང་ ཕེབས་པ་ དྲག་ ཞུས་ ནས་ ནན་ གྱིས་ སྤྱན་ དྲངས་ ཏེ ། ཞང་པོ ས་ ཕུལ་བ འི་ རྟ་ ལ་ ཆིབས ། དཔོན་སློབ་ རྣམས་ བསྡེབས་ ནས་ རྗེ་བཙུན་ མི་ལ ས་ ཆབས་མཐུར་ བཟུང་ བྱོན་པ ས ། ང་ རྒས་འཁོགས་ དང་ ནད་པ་ རྟ་ ལ་ མི་ ཆགས་པ་ ནི་ མིན །" }, { "source": "རྟ་མཐུར་ནས་བཟུང་མི་དགོས། ཁྱེད་རང་རྣམས་སྔོན་ལ་སོང་ཞིག་གསུངས། གྲྭ་པ་རྣམས་ཀྱི་སྔོན་ལ་རྒྱང་ངེ་བྱོན་པས། ལུང་པ་ཞན་ཞེས་བྱ་བའི་ནང་ན་མར་ཕེབས་པ་ལས། དེའི་ལམ་གྱི་ཕྱོགས་གཅིག་ན་བྲག་ལ་ཆུ་འཐབ་ཀྱི་འཕྲང་ཡོད་པ་ཕྱོགས་གཅིག་ལ་རྫ་བྲག་གི་གསེབ་ལ་བྲ་མའི་ནགས་ཡོད་པ། དེའི་གསེབ་ན་སྲེག་པའི་ཚང་ཡོད་པ་དེར་ཕེབས་པས་རྟའི་རྨིག་སྒྲས་སྲེག་པ་མ་བུ་བདུན་འགྲགས་པའི་གཤོག་པའི་སྒྲ་དང་། རྩ་སྒྲས་ཆིབས་འདྲོགས་སྲས་ཆིབས་ཐོག་ནས་ཡེར། ཞབས་ཀྱི་ཡོབ་བྱ་འདས་ནས་རྫ་གསེབ་ལ་སྲས་རྟ་ཡིས་མདའ་རྒྱང་གང་ཙམ་དྲུད་པས་དབུ་ཆགདབུ་ཀླད་དང་ཁྲག་མང་པོ་འཐོར་ཞིང་རྟ་བང་རྒྱུགས་པའི་ཚེ། རྫེ་བཙུན་མི་ལས། ཕྱི་མིག་གཟིགས་པས། མི་མེད་པའི་རྟ་དེ་རྒྱང་རྒྱང་རྒྱུག་པ་གཟིགས་པས། སྲས་ཆིབས་ཀྱིས་བསྐྱུར་བ་དགོངས་ཏེ། རླུང་བཟུང་ནས་རྒྱུགས་པས་ཆིབས་ཟིན་པ་ནགས་ལ་བཏགས། ཞབས་ཡོབ་ནང་ནས་བཏོན་ཏེ་ཐུགས་དྲན་མེད་དུ་སོང་བའི་དབུ་པང་དུ་བླངས་ནས་གཟིགས་པས་ཚལ་པ་བརྒྱད་དུ་ཆགདབུ་ཀླད་དང་མཚལ་ཁྲག་ཚབས་ཆེ་བ་འདུག་པསགཞན་བྱ་ཐབས་ནི་མ་བྱུང་། སྤྱན་ཆབ་འདོན་གྱིན་བཞུགས་ཚེ། གཞན་བུ་ཆེན་རྣམས་ཀྱང་ཕེབས་བྱུང་སྟེ། ཕྱག་ཞབས་ནས་བཟུང་མཚན་ནས་བོས་ཏེ་མང་དུ་བཤུམས་པའི་མཐར། བཀའ་གྲོས་ལ་ཆིབས་ལ་ནི་མི་ཆགས་པ་འདུག་པས། འདོ་ལེ་ལ་གདན་འདྲེན་རྩིས་ཀྱིས་འབུལ་བ་ལ་བྱུང་བའི་དར་ཡུག་དབུ་ལ་དཀྲིས་པ་དེ་ལ་འདོ་ལི་འཚེམ་ཞིང་ཡོད་ཚེ། བསེར་བུ་རྒྱུག་སྟབས་ཀྱིས་སྲས་ཐུགས་དྲན་རྙེད་ནས་སྤྱན་ཧྲིག་གེ་བྱུང་བ་རྗེ་བཙུན་མི་ལ་ལ་གཟིགས་ནས་ཨ་ཕོ་མཐུ་ཆེན་སླེབས་པ་དེ་ལེགས་ཏེ།", "target": "རྟ་མཐུར་ ནས་ བཟུང་ མི་ དགོས ། ཁྱེད་ རང་ རྣམས་ སྔོན་ ལ་ སོང་ ཞིག་ གསུངས ། གྲྭ་པ་ རྣམས་ ཀྱི་ སྔོན་ ལ་ རྒྱང་ངེ་ བྱོན་པ ས ། ལུང་པ་ ཞན་ ཞེས་ བྱ་བ འི་ ནང་ ན་ མ ར་ ཕེབས་པ་ ལས ། དེ འི་ ལམ་ གྱི་ ཕྱོགས་ གཅིག་ ན་ བྲག་ ལ་ ཆུ་འཐབ་ ཀྱི་ འཕྲང་ ཡོད་པ་ ཕྱོགས་ གཅིག་ ལ་ རྫ་བྲག་ གི་ གསེབ་ ལ་ བྲ་མ འི་ ནགས་ ཡོད་པ ། དེ འི་ གསེབ་ ན་ སྲེག་པ འི་ ཚང་ ཡོད་པ་ དེ ར་ ཕེབས་པ ས་ རྟ འི་ རྨིག་སྒྲ ས་ སྲེག་པ་ མ་བུ་ བདུན་ འགྲགས་པ འི་ གཤོག་པ འི་ སྒྲ་ དང་ ། རྩ་སྒྲ ས་ ཆིབས་ འདྲོགས་ སྲས་ ཆིབས་ ཐོག་ ནས་ ཡེར ། ཞབས་ ཀྱི་ ཡོབ་བྱ་ འདས་ ནས་ རྫ་གསེབ་ ལ་ སྲས་ རྟ་ ཡིས་ མདའ་རྒྱང་ གང་ ཙམ་ དྲུད་པ ས་ དབུ་ ཆག དབུ་ཀླད་ དང་ ཁྲག་ མང་པོ་ འཐོར་ ཞིང་ རྟ་ བང་ རྒྱུགས་པ འི་ ཚེ ། རྫེ་བཙུན་ མི་ལ ས ། ཕྱི་མིག་ གཟིགས་པ ས ། མི་ མེད་པ འི་ རྟ་ དེ་ རྒྱང་རྒྱང་ རྒྱུག་པ་ གཟིགས་པ ས ། སྲས་ ཆིབས་ ཀྱིས་ བསྐྱུར་བ་ དགོངས་ ཏེ ། རླུང་ བཟུང་ ནས་ རྒྱུགས་པ ས་ ཆིབས་ ཟིན་པ་ ནགས་ ལ་ བཏགས ། ཞབས་ ཡོབ་ ནང་ ནས་ བཏོན་ ཏེ་ ཐུགས་དྲན་ མེད་ དུ་ སོང་བ འི་ དབུ་ པང་ དུ་ བླངས་ ནས་ གཟིགས་པ ས་ ཚལ་པ་ བརྒྱད་ དུ་ ཆག དབུ་ཀླད་ དང་ མཚལ་ཁྲག་ ཚབས་ ཆེ་བ་ འདུག་པ ས གཞན་ བྱ་ཐབས་ ནི་ མ་ བྱུང་ ། སྤྱན་ཆབ་ འདོན་ གྱིན་ བཞུགས་ ཚེ ། གཞན་ བུ་ཆེན་ རྣམས་ ཀྱང་ ཕེབས་ བྱུང་ སྟེ ། ཕྱག་ཞབས་ ནས་ བཟུང་ མཚན་ ནས་ བོས་ ཏེ་ མང་ དུ་ བཤུམས་པ འི་ མཐ ར ། བཀའ་གྲོས་ ལ་ ཆིབས་ ལ་ ནི་ མི་ ཆགས་པ་ འདུག་པ ས ། འདོ་ལེ་ ལ་ གདན་ འདྲེན་ རྩིས་ ཀྱིས་ འབུལ་བ་ ལ་ བྱུང་བ འི་ དར་ཡུག་ དབུ་ ལ་ དཀྲིས་པ་ དེ་ ལ་ འདོ་ལི་ འཚེམ་ ཞིང་ ཡོད་ ཚེ ། བསེར་བུ་ རྒྱུག་སྟབས་ ཀྱིས་ སྲས་ ཐུགས་དྲན་ རྙེད་ ནས་ སྤྱན་ ཧྲིག་གེ་ བྱུང་བ་ རྗེ་བཙུན་ མི་ལ་ ལ་ གཟིགས་ ནས་ ཨ་ཕོ་ མཐུ་ཆེན་ སླེབས་པ་ དེ་ ལེགས་ ཏེ །" }, { "source": "ད་རྟས་བསྐྱུར་ནས་མགོ་བསྣད་ཡོད་པ་འདྲ། ཁྱེད་རྣམས་ཅི་བྱེད་ཅིང་ཡོད་པ་ཡིན་གསུངས་པ་ལ། བླ་མས་ཆིབས་པ་ལ་ནི་མི་ཆགས་ཤིང་འབྱོན་པ་ནི་མི་ཡོང་བ་འདུག་པས། འདོ་ལི་གཅིག་གྲབས་བྱེད་ཀྱི་ཡོད་ཞུས་པས། ཕོ་ལྟོགས་ཀྱང་ཁྱུང་རུ་དེང་ངེ་བྱ་བ་ཡིན་པས། ངས་རྟ་ལ་ཨེ་ཆགས་ལྟ་ཡིས་སྐེ་རགས་འདི་ཁྲོལ་ལ་ཕྱེད་མར་གཤོག་ཅིག་གསུངས། གསུངས་པ་ལྟར་བཀྲོལ་ནས་གཤགས་པའི་ཕྱེད་དབུ་ལ་བཅིངས། ཕྱེད་སྐུ་སྐེད་ལ་བཅིངས་ཏེ། ད་ང་རྟ་ལ་བསྐྱོན་ཅིག་གསུངས་ཆིབས་པ་ལ་བསྐྱོན་པས་ཨ་ཁུ་མགོ་ལེགས་ན་ཐོན་པས་ངའི་རྟ་སྣ་ཁྲིད། གཞན་གཉིས་ཀྱིས་གཡས་གཡོན་བསྐྱོར། ཨ་ཕོ་མཐུ་ཆེན་སྔོན་ལ་སོང་ལ་ཡབ་ཡུམ་གཉིས་ལ་ང་ཅུང་ཟད་སྣད་པའི་རྒྱུ་མཚན་དང་ལོ་རྒྱུས་ཞུས་ཤོག་ཅིག་གསུངས་པ་ལྟར་དཔོན་སློབ་རྣམས་ཀྱིས་ཕྱི་ནས་གུལ་ལེ་བྱོན། རྗེ་བཙུན་མི་ལས་སྔོན་ལ་བྱོན་ནས་སྐུ་མཁར་གྱི་རྩེ་མོར་བླ་མའི་དྲུང་དུ་ཕེབས་ཏེ། ཕྱག་བཙལ་ནས། བླ་མ་རིན་པོ་ཆེ། བདག་ལ་ཞུ་མི་སྤོབས་པའི་གཏམ་ཚིག་གསུམ་པ་ཅིག་ཞུ་རྒྱུ་མཆིས་ཞུས་པས། བླ་མའི་ཞལ་ནས། སྔར་ཡིན་ན་ཁྱོད་སླེབས་ཚེ་དགའ་བའི་ཉམས་ཤིག་ཡོང་གི་ཡོད་པ་ཡིན་ཏེ། ད་ལན་སྙིང་མི་དགའ་ལྷང་བ་ཞིག་བྱུང་ཅི་ཡོད་དམ་ཤོད་ཅིག་གསུངས། དེར་རྗེ་བཙུན་མི་ལས། གསུང་མ་ཐོན་ཞིང་སྤྱན་ཆབ་ཤོར།", "target": "ད་ རྟ ས་ བསྐྱུར་ ནས་ མགོ་ བསྣད་ ཡོད་པ་ འདྲ ། ཁྱེད་ རྣམས་ ཅི་ བྱེད་ ཅིང་ ཡོད་པ་ ཡིན་ གསུངས་པ་ ལ ། བླ་མ ས་ ཆིབས་པ་ ལ་ ནི་ མི་ ཆགས་ ཤིང་ འབྱོན་པ་ ནི་ མི་ ཡོང་བ་ འདུག་པ ས ། འདོ་ལི་ གཅིག་ གྲབས་ བྱེད་ ཀྱི་ ཡོད་ ཞུས་པ ས ། ཕོ་ ལྟོགས་ ཀྱང་ ཁྱུང་རུ་ དེང་ ངེ་ བྱ་བ་ ཡིན་པ ས ། ང ས་ རྟ་ ལ་ ཨེ་ ཆགས་ ལྟ་ ཡིས་ སྐེ་རགས་ འདི་ ཁྲོལ་ ལ་ ཕྱེད་མ ར་ གཤོག་ ཅིག་ གསུངས ། གསུངས་པ་ ལྟ ར་ བཀྲོལ་ ནས་ གཤགས་པ འི་ ཕྱེད་ དབུ་ ལ་ བཅིངས ། ཕྱེད་ སྐུ་སྐེད་ ལ་ བཅིངས་ ཏེ ། ད་ ང་ རྟ་ ལ་ བསྐྱོན་ ཅིག་ གསུངས་ ཆིབས་པ་ ལ་ བསྐྱོན་པ ས་ ཨ་ཁུ་ མགོ་ལེགས་ ན་ ཐོན་པ ས་ ང འི་ རྟ་ སྣ་ ཁྲིད ། གཞན་ གཉིས་ ཀྱིས་ གཡས་ གཡོན་ བསྐྱོར ། ཨ་ཕོ་ མཐུ་ཆེན་ སྔོན་ ལ་ སོང་ ལ་ ཡབ་ཡུམ་ གཉིས་ ལ་ ང་ ཅུང་ཟད་ སྣད་པ འི་ རྒྱུ་མཚན་ དང་ ལོ་རྒྱུས་ ཞུས་ ཤོག་ ཅིག་ གསུངས་པ་ ལྟ ར་ དཔོན་སློབ་ རྣམས་ ཀྱིས་ ཕྱི་ ནས་ གུལ་ལེ་ བྱོན ། རྗེ་བཙུན་ མི་ལ ས་ སྔོན་ ལ་ བྱོན་ ནས་ སྐུ་མཁར་ གྱི་ རྩེ་མོ ར་ བླ་མ འི་ དྲུང་ དུ་ ཕེབས་ ཏེ ། ཕྱག་ བཙལ་ ནས ། བླ་མ་ རིན་པོ་ཆེ ། བདག་ ལ་ ཞུ་ མི་ སྤོབས་པ འི་ གཏམ་ཚིག་ གསུམ་པ་ ཅིག་ ཞུ་རྒྱུ་ མཆིས་ ཞུས་པ ས ། བླ་མ འི་ ཞལ་ ནས ། སྔ ར་ ཡིན་ ན་ ཁྱོད་ སླེབས་ ཚེ་ དགའ་བ འི་ ཉམས་ ཤིག་ ཡོང་ གི་ ཡོད་པ་ ཡིན་ ཏེ ། ད་ ལན་ སྙིང་ མི་དགའ་ལྷང་བ་ ཞིག་ བྱུང་ ཅི་ ཡོད་ དམ་ ཤོད་ ཅིག་ གསུངས ། དེ ར་ རྗེ་བཙུན་ མི་ལ ས ། གསུང་ མ་ ཐོན་ ཞིང་ སྤྱན་ཆབ་ ཤོར །" }, { "source": "དར་ཅིག་ནས་ལོ་རྒྱུས་རྣམས་ཞུས་པས། བུ་དེས་ད་ནང་ལྟད་མོ་ལ་ཕྱིན་ནམ་གསུངས། ཕྱིན་ལགས་ཞུས་པས། མགོ་གང་དུ་ཆག་གསུངས། ཞན་ལུང་པའི་ནང་དུ་ཆག་ཞུས་པས། ལུང་པ་ཞན་ཟེར་བ་རང་གིས་ཆོགད་ལྟ་ཤི་བ་མེད་དམ་གསུངས། མ་གྲོངས་པར་འབྱོན་ཞིང་ཡོད་ཞུས་པས། རྨ་ཆས་ཇི་ལྟར་བྱས་གསུངས། སྐུ་ཆིངས་རྒྱ་མ་དེ་ཕྱེད་མར་གཤགས་ནས་ཕྱེད་ཀྱིས་དབུ་བསྡམས། ཕྱེད་སྐུ་ལ་བཅིངས་ཡོད་ཞུས་པས། རྟེན་འབྲེལ་རང་ཕ་བུ་འགྱེས་དགོས་པར་འདུགབཞིང་ངའི་རྨི་ལམ་དུ་ཡང་མི་ནག་པོ་གཅིག་བྱུང་སྟེ། ཁོ་ན་རེ། ནཱ་རོ་པའི་བཀའ་ཞལ་ལ། ཁྱོད་ཀྱི་སྙིང་ཐོན་ལ་ང་ལ་བསྐུར་གསུངས་བ་ཡིན་ཟེར་བ་ལ། ངས་ཀྱང་བླ་མའི་བཀའ་སྒྲུབ་སྙམ། སྙིང་བཏོན་ནས་ཁོ་ལ་སྤྲད་པས། ཁོ་དགའ་ནས། ཐོད་པའི་ནང་དུ་བཅུགགྲི་གུག་གིས་ཁ་བཅད་ནས་སོང་བ་ཞིག་རྨིས། གཞན་ཡང་མཎྜལ་གྱི་དཀྱིལ་རྡོལ་བ། ཉི་ཟླ་ནམ་མཁའི་དབྱིངས་སུ་རྒས་པ། རཀྟའི་མཚོ་སྐམས་པ་རྣམས་རྨིས། ང་རང་ཕྱིན་རུང་ཕན་གནོད་ཅིག་མེད་པ་འདྲ། འོན་ཀྱང་ངས་མ་ཕྱིན་ན་ཕ་བུའི་དམ་ཚིག་ཡིན་པས་སྙིང་རྗེ་ཕྱིར་འགྲོ་དགོས་གསུངས་བྱོན་པ་དང་། སྲས་བླ་ཡེར་ཕེབས་པ་མཇལ་བ་ལས། སྲས་ཀྱི་ཞལ་ནས་བདག་གིས་ད་ནང་ལྟད་མོ་ལ་ཕྱིན་པ་ལགས་ཏེ་མགོ་སྣད་གདའ་བས། སྐྱོན་མི་སྐྱོན་གཟིགས་པ་ཞུ་ཞེས་དབུ་ཡབ་ཀྱི་སྐུ་པང་དུ་ཕུལ་བས། ཡབ་ཀྱིས་དབུ་ཆིངས་ཀྱི་སྐེ་རགས་བཀྲོལ་ནས་གཟིགས་པས། དབུ་ཐག་ཚལ་པ་བརྒྱད་དུ་ཆགདབུ་ཀླད་ཀྱི་རྒྱ་རལ་ཞིང་འཐོར་བ་གཟིགས་པས།", "target": "དར་ ཅིག་ ནས་ ལོ་རྒྱུས་ རྣམས་ ཞུས་པ ས ། བུ་ དེ ས་ ད་ ནང་ ལྟད་མོ་ ལ་ ཕྱིན་ ནམ་ གསུངས ། ཕྱིན་ ལགས་ ཞུས་པ ས ། མགོ་ གང་ དུ་ ཆག་ གསུངས ། ཞན་ ལུང་པ འི་ ནང་ དུ་ ཆག་ ཞུས་པ ས ། ལུང་པ་ ཞན་ ཟེར་བ་ རང་ གིས་ ཆོག ད་ ལྟ་ ཤི་བ་ མེད་ དམ་ གསུངས ། མ་ གྲོངས་པ ར་ འབྱོན་ ཞིང་ ཡོད་ ཞུས་པ ས ། རྨ་ཆས་ ཇི་ ལྟ ར་ བྱས་ གསུངས ། སྐུ་ཆིངས་རྒྱ་མ་ དེ་ ཕྱེད་མ ར་ གཤགས་ ནས་ ཕྱེད་ ཀྱིས་ དབུ་ བསྡམས ། ཕྱེད་ སྐུ་ ལ་ བཅིངས་ ཡོད་ ཞུས་པ ས ། རྟེན་འབྲེལ་ རང་ ཕ་བུ་ འགྱེས་ དགོས་པ ར་ འདུག བཞིང་ ང འི་ རྨི་ལམ་ དུ་ ཡང་ མི་ ནག་པོ་ གཅིག་ བྱུང་ སྟེ ། ཁོ་ ན་རེ ། ནཱ་རོ་པ འི་ བཀའ་ཞལ་ ལ ། ཁྱོད་ ཀྱི་ སྙིང་ ཐོན་ ལ་ ང་ ལ་ བསྐུར་ གསུངས་བ་ ཡིན་ ཟེར་བ་ ལ ། ང ས་ ཀྱང་ བླ་མ འི་ བཀའ་ སྒྲུབ་ སྙམ ། སྙིང་ བཏོན་ ནས་ ཁོ་ ལ་ སྤྲད་པ ས ། ཁོ་ དགའ་ ནས ། ཐོད་པ འི་ ནང་ དུ་ བཅུག གྲི་གུག་ གིས་ ཁ་ བཅད་ ནས་ སོང་བ་ ཞིག་ རྨིས ། གཞན་ ཡང་ མཎྜལ་ གྱི་ དཀྱིལ་ རྡོལ་བ ། ཉི་ཟླ་ ནམ་མཁ འི་ དབྱིངས་ སུ་ རྒས་པ ། རཀྟ འི་ མཚོ་ སྐམས་པ་ རྣམས་ རྨིས ། ང་ རང་ ཕྱིན་ རུང་ ཕན་གནོད་ ཅིག་ མེད་པ་ འདྲ ། འོན་ ཀྱང་ ང ས་ མ་ ཕྱིན་ ན་ ཕ་བུ འི་ དམ་ཚིག་ ཡིན་པ ས་ སྙིང་རྗེ་ ཕྱི ར་ འགྲོ་ དགོས་ གསུངས་ བྱོན་པ་ དང་ ། སྲས་ བླ་ཡེ ར་ ཕེབས་པ་ མཇལ་བ་ ལས ། སྲས་ ཀྱི་ ཞལ་ ནས་ བདག་ གིས་ ད་ ནང་ ལྟད་མོ་ ལ་ ཕྱིན་པ་ ལགས་ ཏེ་ མགོ་ སྣད་ གདའ་བ ས ། སྐྱོན་ མི་ སྐྱོན་ གཟིགས་པ་ ཞུ་ ཞེས་ དབུ་ ཡབ་ ཀྱི་ སྐུ་པང་ དུ་ ཕུལ་བ ས ། ཡབ་ ཀྱིས་ དབུ་ཆིངས་ ཀྱི་ སྐེ་རགས་ བཀྲོལ་ ནས་ གཟིགས་པ ས ། དབུ་ཐག་ ཚལ་པ་ བརྒྱད་ དུ་ ཆག དབུ་ཀླད་ ཀྱི་ རྒྱ་ རལ་ ཞིང་ འཐོར་བ་ གཟིགས་པ ས །" }, { "source": "དབུ་འདི་ཡུན་རིང་མི་འགོར་བ་འདུག་དགོངས་པའི་ཚེ། སླར་ཡང་སྲས་རླུང་གི་རྣམ་པས་ཐུགས་དྲན་ཉམས་པ་ལས། ཡབ་ཀྱི་སྐུ་པང་དུ་སྲས་ཀྱི་དབུ་བཞགགཞོགས་གཡས་འོག་ཏུ་བཅུག་པའི་སྙན་ཁུང་ན་མར། འཕོ་བ་གསལ་འདེབས་ཀྱི་མགུར་འདི་གསུངས་སོ།།།། བུ་གསན་ཅིག་ཇོ་སྲས་མདོ་སྡེ་འབུམ།། ཁོ་བོ་མར་པ་ལོ་ཙྪ་ངས།། རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན།། མཚན་ལྡན་བླ་མ་གུས་པས་བསྟེན།། རྗེ་ནཱ་རོ་མཻ་ཏྲི་རྣམ་གཉིས་ལ།། རྒྱུད་འགྲེལ་གདམས་པ་མང་དུ་ཞུས།། དབང་བཞིའི་གནད་ལ་ངོ་སྤྲོད་བྱས།། ཁྱད་པར་འཕོ་བ་གྲོང་འཇུག་ཞུས།། དེ་མ་གསང་གོང་དུ་བུ་ལ་བསྟན།། རྒྱུད་འགྲེལ་གདམས་པ་དྲན་ནམ་མདོ་སྡེ་འབུམ།། སྤྱིར་རང་འདུས་བྱས་ཀྱི་མཚན་ཉིད་འདི།། མི་རྟག་འཇིག་པའི་ཆོས་ཅན་ལས།། བུ་སྒྱུ་མ་ལུས་ཀྱིས་རྟག་མ་ཐུབ།། གློ་བུར་བདུད་ཀྱི་བར་ཆད་བྱུང་།། ཐོད་པ་དུང་དཀར་གྱི་འཁོར་ལོ་ཆག། ཀླད་རྒྱ་དར་དཀར་གྱི་ཡོལ་བ་རལ།། ཀླད་པ་བུདྡྷའི་ལྷ་ཚོགས་འཐོར།། བུ་སྒྱུ་ལུས་འཇིག་པ་ཤིན་ཏུ་བདེན།། ཕ་ཇོ་ལྷ་ཡི་དཀྱིལ་འཁོར་ཡིན།། རྣམ་ཤེས་ཚངས་པའི་ལམ་ནས་ཐོན།། ད་ལན་ཕ་ཇོའི་ཐུགས་ཀར་འཕོས།། ཞེས་གསུངས་པ་དེ། ཡུམ་ནང་ན་བཞུགས་པས་གསན་ཏེ། བླ་མ་སྐུ་མཁར་རྩེ་ན་བསྒྲུབ་པ་ལ་བཞུགས་པ་ལ། ད་ལྟ་བླ་ཡེ་ན་འཕོ་བ་གསལ་འདེབས་ཀྱི་མགུར་གསུང་གི་གྲགངའི་བུ་དེ་ལ་བར་ཆད་བྱུང་བ་ཡིན་ནམ་དགོངས། རིངས་སྟབས་སུ་བླ་ཡེར་བྱོན་པས། སྲས་ཀྱི་དབུ་ཁྲག་རལ་ཉིལ་ལེ་ཡབ་ཀྱི་པང་ན་འདུག་པ་གཟིགས་པས།", "target": "དབུ་ འདི་ ཡུན་རིང་ མི་ འགོར་བ་ འདུག་ དགོངས་པ འི་ ཚེ ། སླ ར་ ཡང་ སྲས་ རླུང་ གི་ རྣམ་པ ས་ ཐུགས་དྲན་ ཉམས་པ་ ལས ། ཡབ་ ཀྱི་ སྐུ་པང་ དུ་ སྲས་ ཀྱི་ དབུ་ བཞག གཞོགས་གཡས་ འོག་ ཏུ་ བཅུག་པ འི་ སྙན་ཁུང་ ན་ མ ར ། འཕོ་བ་ གསལ་འདེབས་ ཀྱི་ མགུར་ འདི་ གསུངས་ སོ ། ། ། ། བུ་ གསན་ ཅིག་ ཇོ་སྲས་ མདོ་སྡེ་འབུམ ། ། ཁོ་བོ་ མར་པ་ ལོ་ཙྪ་ ང ས ། ། རྒྱ་གར་ ཡུལ་ དུ་ ལན་ གསུམ་ ཕྱིན ། ། མཚན་ལྡན་ བླ་མ་ གུས་པ ས་ བསྟེན ། ། རྗེ་ ནཱ་རོ་མཻ་ཏྲི་ རྣམ་ གཉིས་ ལ ། ། རྒྱུད་འགྲེལ་ གདམས་པ་ མང་ དུ་ ཞུས ། ། དབང་ བཞི འི་ གནད་ ལ་ ངོ་སྤྲོད་ བྱས ། ། ཁྱད་པ ར་ འཕོ་བ་གྲོང་འཇུག་ ཞུས ། ། དེ་ མ་ གསང་ གོང་ དུ་ བུ་ ལ་ བསྟན ། ། རྒྱུད་འགྲེལ་ གདམས་པ་ དྲན་ ནམ་ མདོ་སྡེ་འབུམ ། ། སྤྱི ར་ རང་འདུས་ བྱས་ ཀྱི་ མཚན་ཉིད་ འདི ། ། མི་ རྟག་ འཇིག་པ འི་ ཆོས་ཅན་ ལས ། ། བུ་ སྒྱུ་མ་ལུས་ ཀྱིས་ རྟག་ མ་ ཐུབ ། ། གློ་བུ ར་ བདུད་ ཀྱི་ བར་ཆད་ བྱུང་ ། ། ཐོད་པ་ དུང་དཀར་ གྱི་ འཁོར་ལོ་ ཆག ། ཀླད་རྒྱ་ དར་དཀར་ གྱི་ ཡོལ་བ་ རལ ། ། ཀླད་པ་ བུདྡྷ འི་ ལྷ་ཚོགས་ འཐོར ། ། བུ་ སྒྱུ་ལུས་ འཇིག་པ་ ཤིན་ ཏུ་ བདེན ། ། ཕ་ཇོ་ ལྷ་ ཡི་ དཀྱིལ་འཁོར་ ཡིན ། ། རྣམ་ཤེས་ ཚངས་པ འི་ ལམ་ ནས་ ཐོན ། ། ད་ ལན་ ཕ་ཇོ འི་ ཐུགས་ཀ ར་ འཕོས ། ། ཞེས་ གསུངས་པ་ དེ ། ཡུམ་ ནང་ ན་ བཞུགས་པ ས་ གསན་ ཏེ ། བླ་མ་ སྐུ་མཁར་རྩེ་ ན་ བསྒྲུབ་པ་ ལ་ བཞུགས་པ་ ལ ། ད་ ལྟ་ བླ་ཡེ་ ན་ འཕོ་བ་ གསལ་འདེབས་ ཀྱི་ མགུར་ གསུང་ གི་ གྲག ང འི་ བུ་ དེ་ ལ་ བར་ཆད་ བྱུང་བ་ ཡིན་ ནམ་ དགོངས ། རིངས་སྟབས་ སུ་ བླ་ཡེ ར་ བྱོན་པ ས ། སྲས་ ཀྱི་ དབུ་ཁྲག་ རལ་ ཉིལ་ལེ་ ཡབ་ ཀྱི་ པང་ ན་ འདུག་པ་ གཟིགས་པ ས །" }, { "source": "རེ་ཞིག་ཐུགས་དྲན་མེད་དུ་བརྒྱལ། སངས་པ་དང་ཡབ་ལ། སྨན་ཡན་ལག་བརྒྱད་པ་ལ་ནི་ཁྱེད་རང་མཁས། བུ་འདི་འཚོ་བ་གདའ་འམ། མི་འཚོ་བ་གདའ་ཞུས་པས། བླ་མའི་ཞལ་ནས། སྨན་ཡན་ལག་བརྒྱད་པ་ལ་ང་མཁས་རུང་། རོ་མགོ་མེད་པ་ལ་གསོ་ཐབས་མི་འདུགཁམས་གསུམ་སེམས་ཅན་གྱི་ལས་སླེབས་ཚེ། དུས་གསུམ་སངས་རྒྱས་ཀྱི་མཐུ་རྡུགས་བྱ་བ་ལྟར་ངས་གསོ་ཐབས་མི་འདུག། ཤེས་ན་ཁྱོད་ཀྱིས་གསོས་དང་གསུངས། སྲས་ཀྱི་དབུ་ཡུམ་གྱི་པང་དུ་གནང་སྟེ། ཆུ་ཟངས་གང་གི་ནང་ན་ཞག་ཉ་མིག་ཙམ་ཞིག་ཡོད་པ་དེ་རྩིག་ལོགས་ལ་གཏོར་ཚར་འདུག། བུ་མཚམས་ཀྱི་སྒང་ལ་ལྟད་མོ་ལ་གཏོང་མཁན་ཁྱོད་མིན་པ་སུ་མང་། ལར་རང་བུད་མེད་ཀྱི་གྲོས་མགོརའི་ལམ་སྣ། ཕྱི་བའི་བྱ་ར། ཐལ་བའི་ལ་རྫས། མར་གྱི་ཉི་འོད་རྣམས་ལ་དགའ་མོ་བྱུང་བའི་དཔེ་མེད་གསུངས། དབུ་གཏུམས་ནས་བཞུགས་པར་གདའ། དེར་ཡུམ་གྱི་ཐུགས་ལ་ངས་ངག་མ་ཉེས་ཏེ། ད་ལན་ཤགས་འབུལ་བའི་དུས་སུ་མི་འདུག་ཅིང་། བུ་འདིའི་མཚམས་སྦྱོར་ལ་ཡང་གནོད་པ་འདུག། ཕ་ཇོ་ཁོང་སེམས་ངོ་སྤྲོད་པའི་བླ་མ་དང་ཡབ་ཡིན་པ་ལ་མ་འཕོས་རུང་། ང་ལུས་སེམས་བསྐྱེད་པའི་ཨ་མ་ཡིན་པས། སྙིང་བརྩེ་བས་འཕོས་ཏེ་འོང་སྙམ་ནས། ཡུམ་གྱིས་སྲས་ཀྱི་སྙན་ཁུང་ལ་ཞལ་གཏད་ནས་བཤུམས་ཤིང་འཕོ་བ་གསལ་འདེབས་ཀྱི་མགུར་འདི་གསུངས་སོ།། རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། མཆོག་གི་སྤྲུལ་པ་རིན་པོ་ཆེ།།", "target": "རེ་ ཞིག་ ཐུགས་དྲན་ མེད་ དུ་ བརྒྱལ ། སངས་པ་ དང་ ཡབ་ ལ ། སྨན་ ཡན་ལག་ བརྒྱད་པ་ ལ་ ནི་ ཁྱེད་ རང་ མཁས ། བུ་ འདི་ འཚོ་བ་ གདའ་ འམ ། མི་ འཚོ་བ་ གདའ་ ཞུས་པ ས ། བླ་མ འི་ ཞལ་ ནས ། སྨན་ ཡན་ལག་ བརྒྱད་པ་ ལ་ ང་ མཁས་ རུང་ ། རོ་ མགོ་ མེད་པ་ ལ་ གསོ་ཐབས་ མི་ འདུག ཁམས་ གསུམ་ སེམས་ཅན་ གྱི་ ལས་ སླེབས་ ཚེ ། དུས་གསུམ་སངས་རྒྱས་ ཀྱི་ མཐུ་ རྡུགས་ བྱ་བ་ ལྟ ར་ ང ས་ གསོ་ཐབས་ མི་ འདུག ། ཤེས་ ན་ ཁྱོད་ ཀྱིས་ གསོས་ དང་ གསུངས ། སྲས་ ཀྱི་ དབུ་ ཡུམ་ གྱི་ པང་ དུ་ གནང་ སྟེ ། ཆུ་ཟངས་ གང་ གི་ ནང་ ན་ ཞག་ཉ་མིག་ ཙམ་ ཞིག་ ཡོད་པ་ དེ་ རྩིག་ལོགས་ ལ་ གཏོར་ ཚར་ འདུག ། བུ་ མཚམས་ ཀྱི་ སྒང་ ལ་ ལྟད་མོ་ ལ་ གཏོང་མཁན་ ཁྱོད་ མིན་པ་ སུ་ མང་ ། ལ ར་ རང་ བུད་མེད་ ཀྱི་ གྲོས་མགོ ར འི་ ལམ་ སྣ ། ཕྱི་བ འི་ བྱ་ར ། ཐལ་བ འི་ ལ་རྫས ། མར་ གྱི་ ཉི་འོད་ རྣམས་ ལ་ དགའ་མོ་ བྱུང་བ འི་ དཔེ་ མེད་ གསུངས ། དབུ་ གཏུམས་ ནས་ བཞུགས་པ ར་ གདའ ། དེ ར་ ཡུམ་ གྱི་ ཐུགས་ ལ་ ང ས་ ངག་ མ་ ཉེས་ ཏེ ། ད་ ལན་ ཤགས་ འབུལ་བ འི་ དུས་ སུ་ མི་ འདུག་ ཅིང་ ། བུ་ འདི འི་ མཚམས་སྦྱོར་ ལ་ ཡང་ གནོད་པ་ འདུག ། ཕ་ཇོ་ ཁོང་ སེམས་ ངོ་ སྤྲོད་པ འི་ བླ་མ་ དང་ ཡབ་ ཡིན་པ་ ལ་ མ་ འཕོས་ རུང་ ། ང་ ལུས་ སེམས་ བསྐྱེད་པ འི་ ཨ་མ་ ཡིན་པ ས ། སྙིང་བརྩེ་བ ས་ འཕོས་ ཏེ་ འོང་ སྙམ་ ནས ། ཡུམ་ གྱིས་ སྲས་ ཀྱི་ སྙན་ཁུང་ ལ་ ཞལ་ གཏད་ ནས་ བཤུམས་ ཤིང་ འཕོ་བ་ གསལ་འདེབས་ ཀྱི་ མགུར་ འདི་ གསུངས་ སོ ། ། རྗེ་ དུས་གསུམ་སངས་རྒྱས་ ཐམས་ཅད་ ཀྱིས ། ། མཆོག་ གི་ སྤྲུལ་པ་ རིན་པོ་ཆེ ། །" }, { "source": "མཚན་ལྡན་མར་པ་ལོ་ཙྪ་ཡི།། ཞབས་ལ་གུས་པས་ཕྱག་འཚལ་ལོ།། བུ་གསན་དང་ཇོ་སྲས་མདོ་སྡེ་འབུམ།། བུ་འདི་ནས་ཕ་རོལ་གཤེགས་པའི་ཕྱིར།། འདུས་བྱས་ཕུང་པོ་འཇིག་པ་ལ།། ཐུགས་ཁྲལ་ཅུང་ཟད་ཡོད་དེ་མཆི།། ཕ་ཇོ་མར་པ་ལོ་ཙྪ་ཡིས།། རྒྱ་གར་ཡུལ་ལ་ལན་གསུམ་བྱོན།། སྐུ་སྲོག་ལ་མ་ལྟོས་དམ་ཆོས་བཙལ།། མཚན་ལྡན་བླ་མ་དུ་མ་བསྟེན།། ཁྱད་པར་ནཱ་རོ་པཎ་ཆེན་ལ།། སྙན་བརྒྱུད་ཀྱི་གདམས་པ་མ་ལུས་གསན།། ཕ་ཇོས་མ་གསང་བུ་ལ་གསུངས།། དུས་ད་ལྟ་ཐུགས་ལ་གསལ་མི་གསལ།། ནཱ་རོ་པཎ་ཆེན་གྱི་གདམས་ངག་རྣམས།། ད་ལྟ་གདེངས་དང་ལྡན་མི་ལྡན།། ཁྱད་ཆོས་བསྲེ་འཕོའི་གདམས་ངག་ལ།། ད་ལྟ་ངེས་ཤེས་སྐྱེས་མ་སྐྱེས།། སྐྱེ་མེད་ཕྱག་རྒྱ་ཆེན་པོ་ལ།། ད་ལྟ་མཉམ་གཞག་བརྟན་མི་བརྟན།། འཕོ་བ་གྲོང་འཇུག་གདམས་ངག་ལ།། ད་ལྟ་གདེངས་དང་ལྡན་མི་ལྡན།། འདུས་བྱས་ཤ་ཁྲག་ཕུང་པོ་འདི།། མི་རྟག་ནམ་མཁའི་འཇའ་ཚོན་འདྲ།། སྒྱུ་མ་ལུས་ཀྱིས་རྟག་མ་ཐུབ།། ཡུམ་ང་རང་ལྷ་མོ་བདག་མེད་མ།། དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ།། སྙིང་པདྨ་འདབ་བརྒྱད་སེང་གེའི་ཁྲི།། ཉི་ཟླ་པདྨའི་གདན་སྟེང་ན།། སྐྱེས་མཆོག་མར་པ་ལོ་ཙྪ་བཞུགས།། དགྱེས་རྡོར་སྤྲུལ་པའི་ལྷ་དགུ་ཡིན།། བུ་རྣམ་ཤེས་ཚངས་པའི་ལམ་ནས་ཐོན།། ད་ལན་ཨ་མའི་ཐུགས་ཀར་འཕོས།། ཞེས་ཡུམ་གྱིས་མགུར་དེ་ལྟར་གསུངས་པས་ཀྱང་། སྲས་དྲན་པ་ཉམས་པའི་སྟོབས་ཀྱིས་ཚིག་གཅིག་ཀྱང་མ་གསན་པར་འདུག་པ་ལས། ཡུམ་གྱི་སྤྱན་ཆབ་སྲན་མ་ཙམ་ཞིག་སྲས་ཀྱི་སྙན་ཁུང་ནས་མར་སོང་བས་རྒྱུ་དང་། ཉེ་བར་ལེན་པའི་རྐྱེན་གྱིས། སྲས་ཀྱིས་ཐུགས་དྲན་རྙེད་དེ་སྤྱན་ཁྲ་ཧྲིག་གེ་བྱུང་བ་ལ།", "target": "མཚན་ལྡན་ མར་པ་ ལོ་ཙྪ་ ཡི ། ། ཞབས་ ལ་ གུས་པ ས་ ཕྱག་ འཚལ་ ལོ ། ། བུ་ གསན་ དང་ ཇོ་སྲས་ མདོ་སྡེ་འབུམ ། ། བུ་ འདི་ ནས་ ཕ་རོལ་ གཤེགས་པ འི་ ཕྱི ར ། ། འདུས་བྱས་ ཕུང་པོ་ འཇིག་པ་ ལ ། ། ཐུགས་ཁྲལ་ ཅུང་ཟད་ ཡོད་ དེ་ མཆི ། ། ཕ་ཇོ་ མར་པ་ ལོ་ཙྪ་ ཡིས ། ། རྒྱ་གར་ ཡུལ་ ལ་ ལན་ གསུམ་ བྱོན ། ། སྐུ་སྲོག་ ལ་ མ་ ལྟོས་ དམ་ཆོས་ བཙལ ། ། མཚན་ལྡན་ བླ་མ་ དུ་མ་ བསྟེན ། ། ཁྱད་པ ར་ ནཱ་རོ་ པཎ་ཆེན་ ལ ། ། སྙན་བརྒྱུད་ ཀྱི་ གདམས་པ་ མ་ ལུས་ གསན ། ། ཕ་ཇོ ས་ མ་ གསང་ བུ་ ལ་ གསུངས ། ། དུས་ ད་ ལྟ་ ཐུགས་ ལ་ གསལ་ མི་ གསལ ། ། ནཱ་རོ་ པཎ་ཆེན་ གྱི་ གདམས་ངག་ རྣམས ། ། ད་ ལྟ་ གདེངས་ དང་ ལྡན་ མི་ ལྡན ། ། ཁྱད་ཆོས་ བསྲེ་འཕོ འི་ གདམས་ངག་ ལ ། ། ད་ ལྟ་ ངེས་ཤེས་ སྐྱེས་ མ་ སྐྱེས ། ། སྐྱེ་མེད་ ཕྱག་རྒྱ་ ཆེན་པོ་ ལ ། ། ད་ ལྟ་ མཉམ་གཞག་ བརྟན་ མི་ བརྟན ། ། འཕོ་བ་གྲོང་འཇུག་ གདམས་ངག་ ལ ། ། ད་ ལྟ་ གདེངས་ དང་ ལྡན་ མི་ ལྡན ། ། འདུས་བྱས་ ཤ་ཁྲག་ ཕུང་པོ་ འདི ། ། མི་ རྟག་ ནམ་མཁ འི་ འཇའ་ཚོན་ འདྲ ། ། སྒྱུ་མ་ལུས་ ཀྱིས་ རྟག་ མ་ ཐུབ ། ། ཡུམ་ ང་ རང་ ལྷ་མོ་ བདག་མེད་མ ། ། དུས་གསུམ་སངས་རྒྱས་ བསྐྱེད་པ འི་ ཡུམ ། ། སྙིང་ པདྨ་འདབ་ བརྒྱད་ སེང་གེ འི་ ཁྲི ། ། ཉི་ཟླ་པདྨ འི་ གདན་ སྟེང་ ན ། ། སྐྱེས་མཆོག་ མར་པ་ ལོ་ཙྪ་ བཞུགས ། ། དགྱེས་རྡོར་ སྤྲུལ་པ འི་ ལྷ་ དགུ་ ཡིན ། ། བུ་ རྣམ་ཤེས་ ཚངས་པ འི་ ལམ་ ནས་ ཐོན ། ། ད་ ལན་ ཨ་མ འི་ ཐུགས་ཀ ར་ འཕོས ། ། ཞེས་ ཡུམ་ གྱིས་ མགུར་ དེ་ ལྟ ར་ གསུངས་པ ས་ ཀྱང་ ། སྲས་ དྲན་པ་ ཉམས་པ འི་ སྟོབས་ ཀྱིས་ ཚིག་ གཅིག་ ཀྱང་ མ་ གསན་པ ར་ འདུག་པ་ ལས ། ཡུམ་ གྱི་ སྤྱན་ཆབ་ སྲན་མ་ ཙམ་ ཞིག་ སྲས་ ཀྱི་ སྙན་ཁུང་ ནས་ མ ར་ སོང་བ ས་ རྒྱུ་ དང་ ། ཉེ་བ ར་ ལེན་པ འི་ རྐྱེན་ གྱིས ། སྲས་ ཀྱིས་ ཐུགས་དྲན་ རྙེད་ དེ་ སྤྱན་ ཁྲ་ ཧྲིག་གེ་ བྱུང་བ་ ལ །" }, { "source": "ཡང་ཡུམ་གྱིས་གོང་ལྟར་འཕོ་བ་གསལ་འདེབས་ཀྱི་མགུར། གསུངས་པ་དགོངས་ཏེ། སྲས་ཀྱི་ཞལ་ནས། ཨ་བོ་མཐུ་ཆེན་ང་ཡར་སློང་ཞིག་གསུངས་ནས་ཡར་བཞེངས་ཏེ། དབུ་ཚལ་པ་བརྒྱད་དུ་སོང་བ་དེ་སྲས་རང་གིས་བསྡམས་ནས། ཨ་ཕོ་མཐུ་ཆེན་ངའི་གདོང་པ་འདི་མ་བདེ་བས་ཕྱིས་དང་གསུངས་པས། རྗེ་བཙུན་གྱི་ན་བཟས་སྲས་ཀྱི་ཞལ་རས་ཕྱིས་ཚེ། སྲས་དེ་ཉིད་ཀྱི་ཞལ་ནས། ངས་སྐྱེ་བ་འདི་ལ་ཕ་མ་གཉིས་པོའི་དྲིན་ལན་འཇོལ་བ་ཞིག་ཡོང་ངམ་བསམ་སྟེ། དྲིན་ལན་མ་འཇོལ་བའི་ཁར། ཡབ་ཡུམ་གཉིས་ཐུགས་ཁྲལ་ལ་བཀོད་པ་འདི་འདྲ་ཅིག་བྱུང་བས། ཡབ་ཡུམ་གཉིས་ལ་ཐུགས་ཁྲལ་མི་བགྱིད་པར་ཞུ་ཟེར་བའི་ཞུ་དོན་ཚིག་གསུམ་པ་ཞིག་འབུལ་བས། ངའི་རམ་བུ་ཐེག་གཅིག་གསུངས། རྗེ་བཙུན་གྱིས་དེ་ལྟ་བུ་མི་གསུང་བར་ཞུ། སྐུ་ཚེའི་བར་ཆད་དུ་འགྲོ་ཞུས་པས། ཨ་ཕོ་མཐུ་ཆེན་ཚེའི་བར་ཆད་བྱ་བ་ཅི་ལ་ཟེར། འདི་ཀ་མིན་པ་འདུག་གེསེམས་ཅན་སྤྱིའི་ལམ་པོ་ཆེ་འདི་ལ་ད་ང་ཡང་འགྲོ་བའི་དུས་ལ་བབས་འདུག་པས་འགྲོ་བ་ཡིན། ཕྱིན་ནས་འཇུར་མིག་ལྟ་བུའི་འཕྲང་རིངས་འཇིགས་པ་ཅན་སྲིད་པ་བར་དོ་བྱ་བ་དེར་སྐྱེ་འགྲོ་ཕལ་ཆེར་ལ་འཇིགས་སྐྲག་གི་སྡུག་བསྔལ་མྱོང་དགོས་ནའང་། ང་ལ་ཕ་ཇོ་མར་པའི་བཀའ་དྲིན་གྱིས་སྐྱེ་གནས་གར་སྐྱེའི་རང་དབང་ཡོད་པས། སྲིད་པ་བར་དོའི་སྡུག་བསྔལ་མྱོང་མི་དགོས་པ་འདུག་སྟེ།", "target": "ཡང་ ཡུམ་ གྱིས་ གོང་ ལྟ ར་ འཕོ་བ་ གསལ་འདེབས་ ཀྱི་ མགུར ། གསུངས་པ་ དགོངས་ ཏེ ། སྲས་ ཀྱི་ ཞལ་ ནས ། ཨ་བོ་ མཐུ་ཆེན་ ང་ ཡ ར་ སློང་ ཞིག་ གསུངས་ ནས་ ཡ ར་ བཞེངས་ ཏེ ། དབུ་ ཚལ་པ་ བརྒྱད་ དུ་ སོང་བ་ དེ་ སྲས་ རང་ གིས་ བསྡམས་ ནས ། ཨ་ཕོ་ མཐུ་ཆེན་ ང འི་ གདོང་པ་ འདི་ མ་ བདེ་བ ས་ ཕྱིས་ དང་ གསུངས་པ ས ། རྗེ་བཙུན་ གྱི་ ན་བཟ ས་ སྲས་ ཀྱི་ ཞལ་རས་ ཕྱིས་ ཚེ ། སྲས་ དེ་ ཉིད་ ཀྱི་ ཞལ་ ནས ། ང ས་ སྐྱེ་བ་ འདི་ ལ་ ཕ་མ་ གཉིས་པོ འི་ དྲིན་ལན་ འཇོལ་བ་ ཞིག་ ཡོང་ ངམ་ བསམ་ སྟེ ། དྲིན་ལན་ མ་ འཇོལ་བ འི་ ཁ ར ། ཡབ་ཡུམ་ གཉིས་ ཐུགས་ཁྲལ་ ལ་ བཀོད་པ་ འདི་ འདྲ་ ཅིག་ བྱུང་བ ས ། ཡབ་ཡུམ་ གཉིས་ ལ་ ཐུགས་ཁྲལ་ མི་ བགྱིད་པ ར་ ཞུ་ ཟེར་བ འི་ ཞུ་དོན་ ཚིག་ གསུམ་པ་ ཞིག་ འབུལ་བ ས ། ང འི་ རམ་བུ་ ཐེག་ གཅིག་ གསུངས ། རྗེ་བཙུན་ གྱིས་ དེ་ ལྟ་བུ་ མི་ གསུང་བ ར་ ཞུ ། སྐུ་ཚེ འི་ བར་ཆད་ དུ་ འགྲོ་ ཞུས་པ ས ། ཨ་ཕོ་ མཐུ་ཆེན་ ཚེ འི་ བར་ཆད་ བྱ་བ་ ཅི་ ལ་ ཟེར ། འདི་ ཀ་ མིན་པ་ འདུག་ གེ སེམས་ཅན་ སྤྱི འི་ ལམ་པོ་ཆེ་ འདི་ ལ་ ད་ ང་ ཡང་ འགྲོ་བ འི་ དུས་ ལ་ བབས་ འདུག་པ ས་ འགྲོ་བ་ ཡིན ། ཕྱིན་ ནས་ འཇུར་མིག་ ལྟ་བུ འི་ འཕྲང་རིངས་ འཇིགས་པ་ཅན་ སྲིད་པ་བར་དོ་ བྱ་བ་ དེ ར་ སྐྱེ་འགྲོ་ ཕལ་ཆེ ར་ ལ་ འཇིགས་སྐྲག་ གི་ སྡུག་བསྔལ་ མྱོང་ དགོས་ ན འང་ ། ང་ ལ་ ཕ་ཇོ་ མར་པ འི་ བཀའ་དྲིན་ གྱིས་ སྐྱེ་གནས་ ག ར་ སྐྱེ འི་ རང་དབང་ ཡོད་པ ས ། སྲིད་པ་བར་དོ འི་ སྡུག་བསྔལ་ མྱོང་ མི་ དགོས་པ་ འདུག་ སྟེ །" }, { "source": "ལར་རང་མི་ལུས་ཐོབ་ནས་ཆོས་མི་བྱེད་པ་འདི་ཀུན་སྙིང་རྗེ་སྟེ་བྱ་ཐབས་མི་འདུག། དེ་བས་ཡབ་ཡུམ་ཐུགས་ཁྲལ་དུ་མི་འགྲོ་བའི་ཞུ་བ་ཞིག་འབུལ་བས། ཨ་ཕོས་ངའི་རམ་ཐེག་ཅིག་གསུང་། ཞུ་དོན་གྱི་མགུར་འདི་ཕུལ་ལོ།།།། རྗེ་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ།། དཔལ་རྡོ་རྗེ་འཆང་དང་།། ཡབ་དབྱེར་མེད་དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དང་།། ཡུམ་སངས་རྒྱས་སྐྱེད་བྱེད་བདག་མེད་མ།། ཡབ་ཡུམ་གཉིས་ལ་གུས་ཕྱག་འཚལ།། ཡབ་ཡུམ་གྱིས་དབང་བསྐུར་བྱིན་གྱིས་རློབས།། ང་འདི་ནས་ཕ་རོལ་འགྲོ་བ་ལ།། ཡ་ང་དང་བག་ཚ་མི་བདོག་སྟེ།། ཡབ་ཡུམ་དྲིན་ལན་མ་ཁྱེར་འཆི་བ་འདི།། ཅུང་ཙམ་སེམས་ལ་འཕྲེང་བར་གདའ།། འོན་ཀྱང་མ་ཕན་འཆི་བ་ལ།། ཡབ་ཡུམ་ཐུགས་ཁྲལ་མི་བགྱིད་འཚལ།། ཡབ་ཕ་ཇོས་གསུངས་པའི་རྒྱུད་འགྲེལ་རྣམས།། དུས་ད་ལྟ་སེམས་ལ་གསལ་བར་གདའ།། ཐབས་ལམ་ནཱ་རོ་ཆོས་དྲུག་ལ།། ད་ལྟ་གདེངས་དང་ལྡན་པར་གདའ།། ཁྱད་ཆོས་བསྲེ་འཕོའི་གདམས་ངག་ལ།། ད་ལྟ་ངེས་ཤེས་འདྲོངས་པར་གདའ།། སྐྱེ་མེད་ཕྱག་རྒྱ་ཆེན་པོ་ལ།། ད་ལྟ་མཉམ་གཞག་བརྟན་པར་གདའ།། ཁྱད་ཆོས་འཕོ་བ་གྲོང་འཇུག་ལ།། ད་ལྟ་གདེངས་དང་ལྡན་པར་གདའ།། ཡབ་ཡུམ་གཉིས་སྤྱན་ཆབ་མི་གཏོང་འཚལ།། སྐྱེ་མེད་སྤྲོས་བྲལ་ཕྱག་རྒྱ་ཆེ།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། ལྷ་དང་ལྷ་མོའི་རང་བཞིན་གསལ།། སྤྱིར་འཕོ་བྱ་འཕོ་བྱེད་རྟེན་དང་བྲལ།། སྐྱེ་མེད་ཆོས་ཀྱི་དབྱིངས་སུ་འཕོ།། ཡབ་ཡུམ་གྱི་ཐུགས་ཀར་བཏང་མི་འཚལ།།", "target": "ལ ར་ རང་ མི་ལུས་ ཐོབ་ ནས་ ཆོས་ མི་ བྱེད་པ་ འདི་ ཀུན་ སྙིང་རྗེ་ སྟེ་ བྱ་ཐབས་ མི་ འདུག ། དེ་ བས་ ཡབ་ཡུམ་ ཐུགས་ཁྲལ་ དུ་ མི་ འགྲོ་བ འི་ ཞུ་བ་ ཞིག་ འབུལ་བ ས ། ཨ་ཕོ ས་ ང འི་ རམ་ ཐེག་ ཅིག་ གསུང་ ། ཞུ་དོན་ གྱི་ མགུར་ འདི་ ཕུལ་ ལོ ། ། ། ། རྗེ་ གསུམ་ ལྡན་ གྱི་ བླ་མ་ རིན་པོ་ཆེ ། ། དཔལ་རྡོ་རྗེ་འཆང་ དང་ ། ། ཡབ་ དབྱེར་མེད་ དགྱེས་རྡོར་ སྤྲུལ་པ འི་ ལྷ་ དགུ་ དང་ ། ། ཡུམ་ སངས་རྒྱས་ སྐྱེད་བྱེད་ བདག་མེད་མ ། ། ཡབ་ཡུམ་ གཉིས་ ལ་ གུས་ ཕྱག་ འཚལ ། ། ཡབ་ཡུམ་ གྱིས་ དབང་ བསྐུར་ བྱིན་ གྱིས་ རློབས ། ། ང་ འདི་ ནས་ ཕ་རོལ་ འགྲོ་བ་ ལ ། ། ཡ་ང་ དང་ བག་ཚ་ མི་ བདོག་ སྟེ ། ། ཡབ་ཡུམ་ དྲིན་ལན་ མ་ ཁྱེར་ འཆི་བ་ འདི ། ། ཅུང་ཙམ་ སེམས་ ལ་ འཕྲེང་བ ར་ གདའ ། ། འོན་ ཀྱང་ མ་ ཕན་ འཆི་བ་ ལ ། ། ཡབ་ཡུམ་ ཐུགས་ཁྲལ་ མི་ བགྱིད་ འཚལ ། ། ཡབ་ ཕ་ཇོ ས་ གསུངས་པ འི་ རྒྱུད་འགྲེལ་ རྣམས ། ། དུས་ ད་ ལྟ་ སེམས་ ལ་ གསལ་བ ར་ གདའ ། ། ཐབས་ལམ་ ནཱ་རོ་ ཆོས་ དྲུག་ ལ ། ། ད་ ལྟ་ གདེངས་ དང་ ལྡན་པ ར་ གདའ ། ། ཁྱད་ཆོས་ བསྲེ་འཕོ འི་ གདམས་ངག་ ལ ། ། ད་ ལྟ་ ངེས་ཤེས་ འདྲོངས་པ ར་ གདའ ། ། སྐྱེ་མེད་ ཕྱག་རྒྱ་ ཆེན་པོ་ ལ ། ། ད་ ལྟ་ མཉམ་གཞག་ བརྟན་པ ར་ གདའ ། ། ཁྱད་ཆོས་ འཕོ་བ་གྲོང་འཇུག་ ལ ། ། ད་ ལྟ་ གདེངས་ དང་ ལྡན་པ ར་ གདའ ། ། ཡབ་ཡུམ་ གཉིས་ སྤྱན་ཆབ་ མི་ གཏོང་ འཚལ ། ། སྐྱེ་མེད་ སྤྲོས་བྲལ་ ཕྱག་རྒྱ་ ཆེ ། ། ཕུང་པོ་ཁམས་ དང་ སྐྱེ་མཆེད་ རྣམས ། ། ལྷ་ དང་ ལྷ་མོ འི་ རང་བཞིན་ གསལ ། ། སྤྱི ར་ འཕོ་བྱ་ འཕོ་བྱེད་ རྟེན་ དང་ བྲལ ། ། སྐྱེ་མེད་ཆོས་ ཀྱི་ དབྱིངས་ སུ་ འཕོ ། ། ཡབ་ཡུམ་ གྱི་ ཐུགས་ ཀ ར་ བཏང་ མི་ འཚལ ། །" }, { "source": "རྣམ་ཤེས་གྱེན་ལ་འཕང་མི་འཚལ།། བླ་མ་ནཱ་རོ་དང་མཻ་ཏྲིའི་རྒྱུད་འགྲེལ་རྣམས།། རྔོག་སྟོན་མཐུ་ཆེན་ལ་།། ཁོང་སོགས་བུ་ཆེན་རྣམས་ལ་གནང་མཛོད་ལ།། སངས་རྒྱས་ཀྱི་བསྟན་པ་སྤེལ་བར་ཞུ།། བདག་གསོན་ཡང་བྱེད་རྒྱུ་དེ་ལས་མེད།། ཤི་ཡང་ཞུ་རྒྱུ་དེ་ལས་མེད།། འོ་སྐོལ་ཡབ་ཡུམ་སྲས་བཅས་རྣམས།། སྐྱེ་བ་འདི་ལ་མཇལ་སྙམ་མི་གདའ་སྟེ།། ཨུ་རྒྱན་ཡུལ་ལམ་མཁའ་སྤྱོད་དུ།། ཕྱི་མ་ཅིས་ཀྱང་མཇལ་བར་ཞུ།། ཞེས་པའི་ལན་སྲས་ཀྱིས་ཕུལ་བས། ཡབ་ཀྱི་ཞལ་ནས། ངའི་བུ་འདི་བཞུགས་ན་ཕྱོགས་ཐམས་ཅད་དུ་ལོ་ཕྱུགས་རྟག་ཏུ་ལེགས་པ། ཆར་ཆུ་དུས་སུ་བབས་པ། མི་ནད་ཕྱུགས་ནད་རྒྱུན་ཆད་པ་དང་། ཁྱད་པར་དུ་མ་བསྒོམས་པར་སངས་རྒྱ་བ་འཕོ་བ་གྲོང་འཇུག་གི་གདམས་པ་འདི་བོད་ཡུལ་དུ་དར་བ་ཞིག་ཡོང་བ་ཡོད་ཅིང་། སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པའི་ཕན་ཐོགས་པ་ཞིག་ཡོང་བ་ཡོད་དེ། གློ་བུར་བདུད་ཀྱི་བར་ཆད་བྱུང་གསུངས། དེ་ནས་སྲས་ནང་དུ་གདན་དྲངས། ཡབ་ཡུམ་བུ་སློབ་རྣམས་ཀྱིས་མཐའ་བསྐོར་ནས་བཞུགས་པ་ལ། ཉ་མ་དཔལ་མོ་ལ་སོགས་པ་དད་ཅན་འགས་སེམས་ཅན་གྱི་དོན་དུ་གྲོང་འཇུག་མཛད་པར་ཞུ་ཞུས་པས། སྲས་ཀྱི་ཞལ་ནས། འོ་ན་མ་བསྒོམས་པར་སངས་རྒྱ་བ་འཕོ་བ་གྲོང་འཇུག་གི་གདམས་པ་འདི་བོད་དུ་དར་བ་ཞིག་འདོད་ན། ཁྱེའུ་གཙང་མའི་རོ་ལ་རྨ་མེད་པ་གཅིག་ཚོལ་གསུངས་པས། དེར་བུ་སློབ་རྣམས་ཀྱིས་ཕྱོགས་བཞིར་ཁ་བཀྲམ་ནས་བཙལ་བས། མ་བསྒོམས་པར་སངས་རྒྱ་བ་འཕོ་བ་གྲོང་འཇུག་གི་ཆོས་བོད་དུ་དར་བའི་སྐལ་བ་མེད་པ་ལ་བརྟེན་ནས།", "target": "རྣམ་ཤེས་ གྱེན་ ལ་ འཕང་ མི་ འཚལ ། ། བླ་མ་ ནཱ་རོ་ དང་ མཻ་ཏྲི འི་ རྒྱུད་འགྲེལ་ རྣམས ། ། རྔོག་སྟོན་ མཐུ་ཆེན་ ལ་ ། ། ཁོང་ སོགས་ བུ་ཆེན་ རྣམས་ ལ་ གནང་ མཛོད་ ལ ། ། སངས་རྒྱས་ ཀྱི་ བསྟན་པ་ སྤེལ་བ ར་ ཞུ ། ། བདག་ གསོན་ ཡང་ བྱེད་རྒྱུ་ དེ་ ལས་ མེད ། ། ཤི་ ཡང་ ཞུ་རྒྱུ་ དེ་ ལས་ མེད ། ། འོ་སྐོལ་ ཡབ་ཡུམ་ སྲས་ བཅས་ རྣམས ། ། སྐྱེ་བ་ འདི་ ལ་ མཇལ་ སྙམ་ མི་ གདའ་ སྟེ ། ། ཨུ་རྒྱན་ཡུལ་ ལམ་ མཁའ་སྤྱོད་ དུ ། ། ཕྱི་མ་ ཅི ས་ ཀྱང་ མཇལ་བ ར་ ཞུ ། ། ཞེས་པ འི་ ལན་ སྲས་ ཀྱིས་ ཕུལ་བ ས ། ཡབ་ ཀྱི་ ཞལ་ ནས ། ང འི་ བུ་ འདི་ བཞུགས་ ན་ ཕྱོགས་ ཐམས་ཅད་ དུ་ ལོ་ཕྱུགས་ རྟག་ ཏུ་ ལེགས་པ ། ཆར་ཆུ་ དུས་ སུ་ བབས་པ ། མི་ནད་ཕྱུགས་ནད་ རྒྱུན་ ཆད་པ་ དང་ ། ཁྱད་པ ར་ དུ་ མ་ བསྒོམས་པ ར་ སངས་ རྒྱ་བ་ འཕོ་བ་གྲོང་འཇུག་ གི་ གདམས་པ་ འདི་ བོད་ཡུལ་ དུ་ དར་བ་ ཞིག་ ཡོང་བ་ ཡོད་ ཅིང་ ། སེམས་ཅན་ ལ་ བདེ་སྐྱིད་ ཕུན་སུམ་ཚོགས་པ་ ཐོབ་པ འི་ ཕན་ ཐོགས་པ་ ཞིག་ ཡོང་བ་ ཡོད་ དེ ། གློ་བུ ར་ བདུད་ ཀྱི་ བར་ཆད་ བྱུང་ གསུངས ། དེ་ ནས་ སྲས་ ནང་ དུ་ གདན་ དྲངས ། ཡབ་ཡུམ་ བུ་སློབ་ རྣམས་ ཀྱིས་ མཐའ་ བསྐོར་ ནས་ བཞུགས་པ་ ལ ། ཉ་མ་ དཔལ་མོ་ ལ་ སོགས་པ་ དད་ཅན་ འག ས་ སེམས་ཅན་ གྱི་ དོན་ དུ་ གྲོང་འཇུག་ མཛད་པ ར་ ཞུ་ ཞུས་པ ས ། སྲས་ ཀྱི་ ཞལ་ ནས ། འོ་ ན་ མ་ བསྒོམས་པ ར་ སངས་ རྒྱ་བ་ འཕོ་བ་གྲོང་འཇུག་ གི་ གདམས་པ་ འདི་ བོད་ དུ་ དར་བ་ ཞིག་ འདོད་ ན ། ཁྱེའུ་ གཙང་མ འི་ རོ་ ལ་ རྨ་ མེད་པ་ གཅིག་ ཚོལ་ གསུངས་པ ས ། དེ ར་ བུ་སློབ་ རྣམས་ ཀྱིས་ ཕྱོགས་ བཞི ར་ ཁ་ བཀྲམ་ ནས་ བཙལ་བ ས ། མ་ བསྒོམས་པ ར་ སངས་ རྒྱ་བ་ འཕོ་བ་གྲོང་འཇུག་ གི་ ཆོས་ བོད་ དུ་ དར་བ འི་ སྐལ་བ་ མེད་པ་ ལ་ བརྟེན་ ནས །" }, { "source": "སྐྱེས་པ་ཁྱོ་གའི་རོ་རྨ་མེད་པ་ནི་གཅིག་ཀྱང་མ་རྙེད། སློབ་མ་སྔགས་པ་ཞིག་གིས་རྒན་མོ་ཝ་བ་ལོག་ནས་ཤི་བའི་རོ་གཅིག་ཁུར་བྱུང་སྟེ། འདི་ལ་འཕོ་བ་ཞུ་ཞུས་པས། འགྲོ་དོན་མི་ནུས་པས་མི་འཕོ་གསུངས། མ་འཕོས་པས། ཡང་སློབ་མ་ལུག་རྫི་གཅིག་གིས་ལྷ་ཁང་གོག་པོ་གཅིག་གི་ནང་ནས་ཕུག་རོན་ཁྲས་དེད་དེ་ཧལ་ནས་ཤི་བའི་རོ་གཅིག་རྙེད་པ་ཁྱེར་བྱུང་སྟེ། འདི་ལ་འཕོ་བ་ཞུ་ཞུས་པས། དུད་འགྲོ་ལ་འཕོས་ཀྱང་འགྲོ་དོན་མི་ཡོང་། ང་སྐྱེ་བ་ཇེ་དམའ་ལ་བཏང་བ་ལ་ཁྱེད་ལ་དགོས་པ་ཡོད་དམ། ང་ཕུག་རོན་ལ་མི་འཕོ་གསུངས། འཕོ་རུ་མ་འདོད་པས། དེར་སློབ་མ་འགའ་དང་ལུག་རྫི་ལོག་ལྟ་སྐྱེས་ཏེ། སྐྱེས་མཆོག་མར་པ་ལོ་ཙྪ་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་གདམས་ངག་ཡོད་ཟེར་ཏེ་མི་བདེན་པར་འདུག་གོ། སྔར་བླ་མ་རང་གིས་མཛད་པ་དེ་རྣམས་ཀྱང་མིག་འཕྲུལ་ཡིན་པ་འདུག་ཟེར་བྱུང་བས། དེར་སྲས་ཀྱི་ཞལ་ནས། སྤྱིར་གྱིས་རྒྱ་གར་ནས་བསྒྱུར་བའི་ཆོས་ལ་མི་བདེན་པ་ག་ལ་སྲིད། སྒོས་སུ་ཡང་ཕ་ཇོས་གསུངས་པའི་ཆོས་ལ་མི་བདེན་པ་ག་ལ་སྲིད། བླ་མ་ལ་ལོག་ལྟ་མ་བྱེད། བླ་མ་ལ་ལོག་པར་ལྟས་ན་ངན་སོང་འཁོར་བའི་རྒྱུ་ཡིན་ནོ།། ད་སྤྱིར་གྱི་སངས་རྒྱས་ཀྱི་བསྟན་པ་དང་བའི་ཕྱིར་དང་། སྒོས་སུ་ཡང་ཕ་ཇོས་གསུངས་པའི་ཆོས་རྣམས་བཀའ་བཙན་པའི་ཕྱིར་དང་། ཡང་སྒོས་སུའང་ལུག་རྫི་ཁྱོད་སོགས་ངན་སོང་དུ་མི་ལྟུང་བའི་ཕྱིར་དུ་ངས་ཕུག་རོན་ལ་འཕོ་བར་བྱའོ།། དེ་ལ་ད་ལྟ་ང་བསྐྱེད་རིམ་ལ་ཡོད།། རྫོགས་རིམ་དུ་བསྡུས་ནས་འཕོ་བ་ཡིན།", "target": "སྐྱེས་པ་ ཁྱོ་ག འི་ རོ་ རྨ་ མེད་པ་ ནི་ གཅིག་ ཀྱང་ མ་ རྙེད ། སློབ་མ་ སྔགས་པ་ ཞིག་ གིས་ རྒན་མོ་ ཝ་བ་ ལོག་ ནས་ ཤི་བ འི་ རོ་ གཅིག་ ཁུར་ བྱུང་ སྟེ ། འདི་ ལ་ འཕོ་བ་ ཞུ་ ཞུས་པ ས ། འགྲོ་དོན་ མི་ ནུས་པ ས་ མི་ འཕོ་ གསུངས ། མ་ འཕོས་པ ས ། ཡང་ སློབ་མ་ ལུག་རྫི་ གཅིག་ གིས་ ལྷ་ཁང་ གོག་པོ་ གཅིག་ གི་ ནང་ ནས་ ཕུག་རོན་ ཁྲ ས་ དེད་ དེ་ ཧལ་ ནས་ ཤི་བ འི་ རོ་ གཅིག་ རྙེད་པ་ ཁྱེར་ བྱུང་ སྟེ ། འདི་ ལ་ འཕོ་བ་ ཞུ་ ཞུས་པ ས ། དུད་འགྲོ་ ལ་ འཕོས་ ཀྱང་ འགྲོ་དོན་ མི་ ཡོང་ ། ང་ སྐྱེ་བ་ ཇེ་དམའ་ ལ་ བཏང་བ་ ལ་ ཁྱེད་ ལ་ དགོས་པ་ ཡོད་ དམ ། ང་ ཕུག་རོན་ ལ་ མི་ འཕོ་ གསུངས ། འཕོ་ རུ་ མ་ འདོད་པ ས ། དེ ར་ སློབ་མ་ འགའ་ དང་ ལུག་རྫི་ ལོག་ལྟ་ སྐྱེས་ ཏེ ། སྐྱེས་མཆོག་ མར་པ་ ལོ་ཙྪ་ ལ་ ཚེ་ གཅིག་ ལུས་ གཅིག་ ལ་ སངས་ རྒྱ་བ འི་ གདམས་ངག་ ཡོད་ ཟེར་ ཏེ་ མི་ བདེན་པ ར་ འདུག་ གོ ། སྔ ར་ བླ་མ་ རང་ གིས་ མཛད་པ་ དེ་ རྣམས་ ཀྱང་ མིག་འཕྲུལ་ ཡིན་པ་ འདུག་ ཟེར་ བྱུང་བ ས ། དེ ར་ སྲས་ ཀྱི་ ཞལ་ ནས ། སྤྱི ར་ གྱིས་ རྒྱ་གར་ ནས་ བསྒྱུར་བ འི་ ཆོས་ ལ་ མི་ བདེན་པ་ ག་ ལ་ སྲིད ། སྒོས་ སུ་ ཡང་ ཕ་ཇོ ས་ གསུངས་པ འི་ ཆོས་ ལ་ མི་ བདེན་པ་ ག་ ལ་ སྲིད ། བླ་མ་ ལ་ ལོག་ལྟ་ མ་ བྱེད ། བླ་མ་ ལ་ ལོག་པ ར་ ལྟས་ ན་ ངན་སོང་ འཁོར་བ འི་ རྒྱུ་ ཡིན་ ནོ ། ། ད་ སྤྱི ར་ གྱི་ སངས་རྒྱས་ ཀྱི་ བསྟན་པ་ དང་བ འི་ ཕྱི ར་ དང་ ། སྒོས་ སུ་ ཡང་ ཕ་ཇོ ས་ གསུངས་པ འི་ ཆོས་ རྣམས་ བཀའ་ བཙན་པ འི་ ཕྱི ར་ དང་ ། ཡང་ སྒོས་ སུ འང་ ལུག་རྫི་ ཁྱོད་ སོགས་ ངན་སོང་ དུ་ མི་ ལྟུང་བ འི་ ཕྱི ར་ དུ་ ང ས་ ཕུག་རོན་ ལ་ འཕོ་བ ར་ བྱ འོ ། ། དེ་ ལ་ ད་ ལྟ་ ང་ བསྐྱེད་རིམ་ ལ་ ཡོད ། ། རྫོགས་རིམ་ དུ་ བསྡུས་ ནས་ འཕོ་བ་ ཡིན །" }, { "source": "བསྐྱེད་རིམ་གྱི་ངང་ནས་འཕོས་ན་ཡི་དམ་གྱི་ལྷ་བསད་པའི་ལྟུང་བ་ཡོད་པ་ཡིན་པས། ངས་རྫོགས་རིམ་དུ་བསྡུས་ཀྱིས་ཕུག་རོན་དེ་ངའི་སྔས་མགོར་ཞོག་ལ་མཆོད་པ་ཤོམས་ཤིག་གསུངས་པ་ལྟར་མཆོད་པ་བཤམས་ནས། སྲས་ཀྱིས་བསྐྱེད་རིམ་གསལ་བཏབ་ཚེ། དགྱེས་པ་རྡོ་རྗེ་སྤྲུལ་པའི་ལྷ་དགུ་ཕྲ་ལམ་མེ་ཡོད་པ་ཐ་མལ་པ་ཀུན་གྱིས་ཀྱང་མཐོང་བ་བྱུང་ངོ་།། རྫོགས་རིམ་དུ་བསྡུས་ནས་འཕོ་བ་མཛད་ཚེ་སྐུའི་མདངས་ཡལ་སོང་བ་དང་ཕུག་རོན་ཅུང་ཟད་འགུལ་བ་བྱུང་། སྲས་སྐུ་ཡལ་བ་དང་། ཕུག་རོན་ཧར་ལངས་ནས་སྤྲུག་ཅིང་། ཡབ་ཡུམ་གཉིས་ལ་ཕྱག་འཚལ་བའི་ཚུལ་དང་། བསྐོར་བ་གསུམ་བྱས་ནས་གྲོ་བོ་ལུང་གི་ཕུ་ན་ཡར་འཕུར་སོང་བ་ལས། ཡབ་ཀྱི་ཞལ་ནས། བུ་ཚུར་ལོག་ཤོག་ཅིག་གསུངས་པ་དང་། འགྲོ་བའི་འཕྲོ་ལ་ལོག་བྱུང་སྟེ། སྲས་མཁར་ལ་བསྐོར་བ་བྱས་ནས། ཡབ་ཀྱི་སྐུ་དཔུང་གཡས་པའི་སྟེང་དུ་བབས་ནས་བཞུགས་པར་གདའ། དེར་ཡབ་ཀྱི་ཞལ་ནས། བདག་མེད་མ་འོ་སྐོལ་ལ་བུ་ཕུག་རོན་ལ་རེ་བའི་དུས་བྱུང་བས། ད་མཆོད་ཁང་དུ་གདན་དྲོངས་ལ་མཆོད་པ་ཕུལ་ཅིག་གསུངས། དབུ་རྩེར་གདན་དྲངས་མཆོད་པ་ཕུལ་ཏེ་བཞུགས་སུ་བཅུག། སྤུར་དང་གཤེགས་རྫོངས་དུས་གཅིག་མཛད་པ་ལས། སྲས་ཀྱིས་སྤུར་ཁང་རྩིགས་ནས་ཡབ་དང་བུ་ཆེན་རྣམས་ཀྱིས་མེ་མཆོད་མཛད་པས། ཕྱོགས་བཞི་མཚམས་བརྒྱད་ནས་འོད་ཟེར་མི་འདྲ་བ་སྣ་བརྒྱད་ཟུགལྷ་དང་ལྷ་མ་ཡིན་གྱི་སྒྲ་དང་། རོལ་མོ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་ཀྱི་ཆར་བབས་པ་མིས་མངོན་སུམ་དུ་མཐོང་བ་བྱུང་། དེའི་ཚེ་འཕོ་བ་མཛད་པའི་ཕུག་རོན་དེ་དར་ལམ་ལ་གདན་དྲངས་པ་ལ།", "target": "བསྐྱེད་རིམ་ གྱི་ ངང་ ནས་ འཕོས་ ན་ ཡི་དམ་ གྱི་ ལྷ་ བསད་པ འི་ ལྟུང་བ་ ཡོད་པ་ ཡིན་པ ས ། ང ས་ རྫོགས་རིམ་ དུ་ བསྡུས་ ཀྱིས་ ཕུག་རོན་ དེ་ ང འི་ སྔས་མགོ ར་ ཞོག་ ལ་ མཆོད་པ་ ཤོམས་ ཤིག་ གསུངས་པ་ ལྟ ར་ མཆོད་པ་ བཤམས་ ནས ། སྲས་ ཀྱིས་ བསྐྱེད་རིམ་ གསལ་ བཏབ་ ཚེ ། དགྱེས་པ་རྡོ་རྗེ་ སྤྲུལ་པ འི་ ལྷ་ དགུ་ ཕྲ་ ལམ་མེ་ ཡོད་པ་ ཐ་མལ་པ་ ཀུན་ གྱིས་ ཀྱང་ མཐོང་བ་ བྱུང་ ངོ་ ། ། རྫོགས་རིམ་ དུ་ བསྡུས་ ནས་ འཕོ་བ་ མཛད་ ཚེ་ སྐུ འི་ མདངས་ ཡལ་ སོང་བ་ དང་ ཕུག་རོན་ ཅུང་ཟད་ འགུལ་བ་ བྱུང་ ། སྲས་ སྐུ་ ཡལ་བ་ དང་ ། ཕུག་རོན་ ཧར་ ལངས་ ནས་ སྤྲུག་ ཅིང་ ། ཡབ་ཡུམ་ གཉིས་ ལ་ ཕྱག་ འཚལ་བ འི་ ཚུལ་ དང་ ། བསྐོར་བ་ གསུམ་ བྱས་ ནས་ གྲོ་བོ་ལུང་ གི་ ཕུ་ ན་ ཡ ར་ འཕུར་ སོང་བ་ ལས ། ཡབ་ ཀྱི་ ཞལ་ ནས ། བུ་ ཚུ ར་ ལོག་ ཤོག་ ཅིག་ གསུངས་པ་ དང་ ། འགྲོ་བ འི་ འཕྲོ་ ལ་ ལོག་ བྱུང་ སྟེ ། སྲས་ མཁར་ ལ་ བསྐོར་བ་ བྱས་ ནས ། ཡབ་ ཀྱི་ སྐུ་དཔུང་ གཡས་པ འི་ སྟེང་ དུ་ བབས་ ནས་ བཞུགས་པ ར་ གདའ ། དེ ར་ ཡབ་ ཀྱི་ ཞལ་ ནས ། བདག་མེད་མ་ འོ་སྐོལ་ ལ་ བུ་ ཕུག་རོན་ ལ་ རེ་བ འི་ དུས་ བྱུང་བ ས ། ད་ མཆོད་ཁང་ དུ་ གདན་ དྲོངས་ ལ་ མཆོད་པ་ ཕུལ་ ཅིག་ གསུངས ། དབུ་རྩེ ར་ གདན་ དྲངས་ མཆོད་པ་ ཕུལ་ ཏེ་ བཞུགས་ སུ་ བཅུག ། སྤུར་ དང་ གཤེགས་རྫོངས་ དུས་ གཅིག་ མཛད་པ་ ལས ། སྲས་ ཀྱིས་ སྤུར་ཁང་ རྩིགས་ ནས་ ཡབ་ དང་ བུ་ཆེན་ རྣམས་ ཀྱིས་ མེ་མཆོད་ མཛད་པ ས ། ཕྱོགས་ བཞི་ མཚམས་ བརྒྱད་ ནས་ འོད་ཟེར་ མི་ འདྲ་བ་ སྣ་ བརྒྱད་ ཟུག ལྷ་ དང་ ལྷ་མ་ཡིན་ གྱི་ སྒྲ་ དང་ ། རོལ་མོ་ སྣ་ཚོགས་ དང་ ། མེ་ཏོག་ སྣ་ཚོགས་ ཀྱི་ ཆར་ བབས་པ་ མི ས་ མངོན་སུམ་ དུ་ མཐོང་བ་ བྱུང་ ། དེ འི་ ཚེ་ འཕོ་བ་ མཛད་པ འི་ ཕུག་རོན་ དེ་ དར་ལམ་ ལ་ གདན་ དྲངས་པ་ ལ །" }, { "source": "ཡབ་ཀྱི་ཞལ་ནས། བུ་སྤུར་ཁང་ལ་བསྐོར་བ་གྱིས་ཤིག་གསུངས་བ་ལྟར། ཕུག་རོན་གྱིས་སྤུར་ཁང་ལ་བསྐོར་བ་མཛད་པས། དེར་ཚོགས་པའི་སྐྱེ་བོ་རྣམས་ཡ་མཚན་ཞིང་ངོ་མཚར་ཆེ་བས། བླ་མ་ཡབ་སྲས་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་པར་གྱུར་ཏོ།། དེའི་ཚེ་ཡུམ་བདག་མེད་མ་གང་ནས་བྱུང་ཆ་མེད་ལ་ཕེབས་ཏེ། སྤུར་ཁང་དུ་མཆོང་གྲབ་མཛད་པ་གྲྭ་པ་རྣམས་ཀྱིས་བཟུང་བའི་ཚེ། ང་མེ་ལ་མཆོང་དུ་མི་འཇུག་རུང་། བུའི་སྤུར་ལ་བསྐོར་བ་བྱེད་དུ་ཆུག་གསུངས། བཤུམས་པ་དང་བཅས་ཐུགས་འབྱུང་བའི་གསུང་སྣ་ཚོགས་འདོན་བཞིན་བུ་ཆེན་རྣམས་ཀྱིས་སྐུ་སྐྱོར་ཏེ་སྤུར་ཁང་ལ་བསྐོར་བ་མཛད་པས། དེ་ལ་རྟེན་ལྷོ་བྲག་གི་མི་དེར་འདུས་པ་ཐམས་ཅད་མཆི་མ་མ་ཤོར་བ་གཅིག་ཀྱང་མེད་དོ།། དེའི་ཚེ་རྗེ་མར་པས་ཀྱང་ཐུགས་ཁྲལ་གྱི་རྣམ་པ་ཅུང་ཟད་མཛད་པ་ལས། སྔར་རྒན་རྒོན་གཉིས་ལ་བུ་གཅིག་ཡོད་པ་དེ་ཤི་བའི་ཚེ། བླ་མས། ཕ་མ་གཉིས་མྱ་ངན་ཆུང་བ་ལ་དགོངས། སྤྱིར་ཆོས་བཤད་མང་པོ་མཛད། ཁྱད་པར་ཁྱེད་གཉིས་ལ་རྨི་ལམ་དུ་བུ་གཅིག་བྱུང་བ་དེ་ཤི་ན་དེ་ལ་སྡུག་བསྔལ་འབྱུང་སྟེ། མ་སྐྱེས་པ་ལ་ཤི་བའི་སྡུག་བསྔལ་བྱེད་པ་ཡིན། དེ་དང་ད་ལྟའི་བུ་ལ་ཁྱད་མེད་པས། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པ་གྱིས་ལ་སེམས་ཁྲལ་མ་བྱེད། ཅེས་གསུངས་པའི་རྒན་རྒོན་དེ་གཉིས་བྱུང་སྟེ། བླ་མ་ལགས། བདག་ཅག་གཉིས་ཀྱི་བུ་གཅིག་པོ་ཤི་བའི་ཚེ། རྨི་ལམ་ཡིན་སྒྱུ་མ་ཡིན་པས་སེམས་ཁྲལ་མ་བྱེད་གསུངས་གི་གདའ་བ། བླ་མ་ལ་ནི་ད་དུང་ཡང་སྲས་དར་མ་བསམ་གཏན་གྱིས་ཐོག་དྲངས་པའི་སྲས་པོ་དྲུག་ཙམ་གདའ་བས། སྲས་དར་མ་མདོ་སྡེ་གྲོངས་པ་ཡང་། རྨི་ལམ་ལགས་མོད།", "target": "ཡབ་ ཀྱི་ ཞལ་ ནས ། བུ་ སྤུར་ཁང་ ལ་ བསྐོར་བ་ གྱིས་ ཤིག་ གསུངས་བ་ ལྟ ར ། ཕུག་རོན་ གྱིས་ སྤུར་ཁང་ ལ་ བསྐོར་བ་ མཛད་པ ས ། དེ ར་ ཚོགས་པ འི་ སྐྱེ་བོ་ རྣམས་ ཡ་ མཚན་ ཞིང་ ངོ་མཚར་ ཆེ་བ ས ། བླ་མ་ ཡབ་སྲས་ ལ་ སངས་རྒྱས་ ཀྱི་ འདུ་ཤེས་ སྐྱེས་པ ར་ གྱུར་ ཏོ ། ། དེ འི་ ཚེ་ ཡུམ་ བདག་མེད་མ་ གང་ ནས་ བྱུང་ ཆ་མེད་ ལ་ ཕེབས་ ཏེ ། སྤུར་ཁང་ དུ་ མཆོང་གྲབ་ མཛད་པ་ གྲྭ་པ་ རྣམས་ ཀྱིས་ བཟུང་བ འི་ ཚེ ། ང་ མེ་ ལ་ མཆོང་ དུ་ མི་ འཇུག་ རུང་ ། བུ འི་ སྤུར་ ལ་ བསྐོར་བ་ བྱེད་ དུ་ ཆུག་ གསུངས ། བཤུམས་པ་ དང་ བཅས་ ཐུགས་ འབྱུང་བ འི་ གསུང་ སྣ་ཚོགས་ འདོན་ བཞིན་ བུ་ཆེན་ རྣམས་ ཀྱིས་ སྐུ་ སྐྱོར་ ཏེ་ སྤུར་ཁང་ ལ་ བསྐོར་བ་ མཛད་པ ས ། དེ་ ལ་ རྟེན་ ལྷོ་བྲག་ གི་ མི་ དེ ར་ འདུས་པ་ ཐམས་ཅད་ མཆི་མ་ མ་ ཤོར་བ་ གཅིག་ ཀྱང་ མེད་ དོ ། ། དེ འི་ ཚེ་ རྗེ་ མར་པ ས་ ཀྱང་ ཐུགས་ཁྲལ་ གྱི་ རྣམ་པ་ ཅུང་ཟད་ མཛད་པ་ ལས ། སྔ ར་ རྒན་རྒོན་ གཉིས་ ལ་ བུ་ གཅིག་ ཡོད་པ་ དེ་ ཤི་བ འི་ ཚེ ། བླ་མ ས ། ཕ་མ་ གཉིས་ མྱ་ངན་ ཆུང་བ་ ལ་ དགོངས ། སྤྱི ར་ ཆོས་ བཤད་ མང་པོ་ མཛད ། ཁྱད་པ ར་ ཁྱེད་ གཉིས་ ལ་ རྨི་ལམ་ དུ་ བུ་ གཅིག་ བྱུང་བ་ དེ་ ཤི་ ན་ དེ་ ལ་ སྡུག་བསྔལ་ འབྱུང་ སྟེ ། མ་ སྐྱེས་པ་ ལ་ ཤི་བ འི་ སྡུག་བསྔལ་ བྱེད་པ་ ཡིན ། དེ་ དང་ ད་ ལྟ འི་ བུ་ ལ་ ཁྱད་ མེད་པ ས ། རྨི་ལམ་ ཡིན་ སྒྱུ་མ་ ཡིན་ སྙམ་པ་ གྱིས་ ལ་ སེམས་ཁྲལ་ མ་ བྱེད ། ཅེས་ གསུངས་པ འི་ རྒན་རྒོན་ དེ་ གཉིས་ བྱུང་ སྟེ ། བླ་མ་ ལགས ། བདག་ཅག་ གཉིས་ ཀྱི་ བུ་ གཅིག་པོ་ ཤི་བ འི་ ཚེ ། རྨི་ལམ་ ཡིན་ སྒྱུ་མ་ ཡིན་པ ས་ སེམས་ཁྲལ་ མ་ བྱེད་ གསུངས་ གི་ གདའ་བ ། བླ་མ་ ལ་ ནི་ ད་དུང་ ཡང་ སྲས་ དར་མ་ བསམ་གཏན་ གྱིས་ ཐོག་ དྲངས་པ འི་ སྲས་པོ་ དྲུག་ ཙམ་ གདའ་བ ས ། སྲས་ དར་མ་མདོ་སྡེ་ གྲོངས་པ་ ཡང་ ། རྨི་ལམ་ ལགས་ མོད །" }, { "source": "སྒྱུ་མ་ལགས་མོད། ཐུགས་ཁྲལ་མི་མཛད་པར་ཞུ་ཟེར་བྱུང་བས། བླ་མའི་ཞལ་ནས། ངའི་དེ་ཁྱེད་གཉིས་ལ་ཡིན་ལུགས་ཀྱི་ཆོས་བཤད་པ་ཡིན། ང་ལ་བདེན་བདེན་མོ་དངོས་པོར་འཛིན་པའི་སྡུག་བསྔལ་མེད། ཁྱེད་གཉིས་ཀྱི་བུས། དང་པོ་ལུས་ཀྱི་མདངས་དང་ཁའི་ཟས་འཕྲོག། བར་དུ་ལག་གི་ནོར་དང་ཁང་གཞིས་འཕྲོག། མཐར་ངན་སོང་གསུམ་དུ་བསྒྱུར་བར་བྱེད་པ་དེ་དང་ངའི་བུ་མི་འདྲ། ངའི་བུ་དེ་མ་ཤི་ན་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་ལ་ཕན་ཐོགས་པ་ཞིག་ཡོང་བ་ཡོད་པས། རྨི་ལམ་གྱི་ནང་ནས་རྨི་རྒོད། སྒྱུ་མའི་ནང་ནས་སྒྱུ་རྒོད་ཅིགཡོང་བ་ཡོད་པ་ཡིན་ཏེ་གསུངས། དེ་ནས་མཆོད་འབུལ་རྣམས་གྲུབ་པའི་ཚེ། རྗེ་མར་པ་དགོངས་པ་ལ་བཞུགས་ཏེ། སྲས་ཀྱི་འགྲོ་དོན་གང་ན་ཡོད་གཟིགས་པས་རྒྱ་གར་ན་ཡོད་པ་མཁྱེན་ཏེ་ཕུག་རོན་ལ་མཆོད་པ་ཕུལ་ཞལ་བཀོད་མཛད་ནས། ཁྲོམ་ཀུན་གྱིས་མཐོང་སར་རྒྱ་གར་ལ་འཕུར་བཏང་སྟེ། དགོངས་པ་ལ་བཞུགས་པ་ལས། བླ་མའི་ཞལ་ནས། བདག་མེད་མ་མཆོད་པ་རྙིང་པ་རྣམས་བསྡུས་ལ། གསར་པ་ཤོམས་ཤིག། ངའི་བུའི་ལམ་ནོར་སོང་གསུངས་ཕྱག་ཐལ་མོ་བརྡབས་དབུ་བསྟུམས་ནས་དགོངས་པ་ལ་བཞུགས་པས་ཉི་མ་དགོངས་མོར་སོང་བ་དང་། ཕུག་རོན་དེ་ཐང་ཆད་པའི་ཚུལ་དང་བཅས་ཡབ་ཀྱི་པང་དུ་བཙངས་བྱུང་བས། དོ་ནུབ་ཕུག་རོན་མཆོད་ཁང་དུ་གདན་དྲོངས་ལ་མཆོད་པ་ཕུལ་གསུངས་པ་ལྟར་མཆོད་ཁང་དུ་གདན་དྲངས་མཆོད་པ་ཕུལ་བས། ནང་པར་ཡང་མི་མང་པོ་ཚོགས་པའི་སར་ཕུག་རོན་དེ་གདན་དྲངས་ཏེ། ཡབ་ཀྱི་ཞལ་ནས། བུ་ཁྱོད་ཀྱི་ཁ་སང་གི་ལམ་དེ་ནོར་བ་ཡིན་ནོ།། ད་དུང་ཡང་གཡོན་རི་དུག་སྦྲུལ་མཐུང་དུ་རྒྱུགས་པ་འདྲ་བ་འདི་ལ་ཕྱིན་ན་སླར་ཡང་མུ་སྟེགས་གླིང་དུ་སླེབ་ཡོང་བས་དེ་ལ་མ་འགྲོ་བར།", "target": "སྒྱུ་མ་ ལགས་ མོད ། ཐུགས་ཁྲལ་ མི་ མཛད་པ ར་ ཞུ་ ཟེར་ བྱུང་བ ས ། བླ་མ འི་ ཞལ་ ནས ། ང འི་ དེ་ ཁྱེད་ གཉིས་ ལ་ ཡིན་ལུགས་ ཀྱི་ ཆོས་ བཤད་པ་ ཡིན ། ང་ ལ་ བདེན་བདེན་མོ་ དངོས་པོ ར་ འཛིན་པ འི་ སྡུག་བསྔལ་ མེད ། ཁྱེད་ གཉིས་ ཀྱི་ བུ ས ། དང་པོ་ ལུས་ ཀྱི་ མདངས་ དང་ ཁ འི་ ཟས་ འཕྲོག ། བར་ དུ་ ལག་ གི་ ནོར་ དང་ ཁང་གཞིས་ འཕྲོག ། མཐ ར་ ངན་སོང་ གསུམ་ དུ་ བསྒྱུར་བ ར་ བྱེད་པ་ དེ་ དང་ ང འི་ བུ་ མི་ འདྲ ། ང འི་ བུ་ དེ་ མ་ ཤི་ ན་ སངས་རྒྱས་ ཀྱི་ བསྟན་པ་ དང་ ། སེམས་ཅན་ ལ་ ཕན་ ཐོགས་པ་ ཞིག་ ཡོང་བ་ ཡོད་པ ས ། རྨི་ལམ་ གྱི་ ནང་ ནས་ རྨི་རྒོད ། སྒྱུ་མ འི་ ནང་ ནས་ སྒྱུ་རྒོད་ ཅིག ཡོང་བ་ ཡོད་པ་ ཡིན་ ཏེ་ གསུངས ། དེ་ ནས་ མཆོད་འབུལ་ རྣམས་ གྲུབ་པ འི་ ཚེ ། རྗེ་ མར་པ་ དགོངས་པ་ ལ་ བཞུགས་ ཏེ ། སྲས་ ཀྱི་ འགྲོ་དོན་ གང་ ན་ ཡོད་ གཟིགས་པ ས་ རྒྱ་གར་ ན་ ཡོད་པ་ མཁྱེན་ ཏེ་ ཕུག་རོན་ ལ་ མཆོད་པ་ ཕུལ་ ཞལ་ བཀོད་ མཛད་ ནས ། ཁྲོམ་ ཀུན་ གྱིས་ མཐོང་ས ར་ རྒྱ་གར་ ལ་ འཕུར་ བཏང་ སྟེ ། དགོངས་པ་ ལ་ བཞུགས་པ་ ལས ། བླ་མ འི་ ཞལ་ ནས ། བདག་མེད་མ་ མཆོད་པ་ རྙིང་པ་ རྣམས་ བསྡུས་ ལ ། གསར་པ་ ཤོམས་ ཤིག ། ང འི་ བུ འི་ ལམ་ ནོར་ སོང་ གསུངས་ ཕྱག་ ཐལ་མོ་ བརྡབས་ དབུ་ བསྟུམས་ ནས་ དགོངས་པ་ ལ་ བཞུགས་པ ས་ ཉི་མ་ དགོངས་མོ ར་ སོང་བ་ དང་ ། ཕུག་རོན་ དེ་ ཐང་ ཆད་པ འི་ ཚུལ་ དང་ བཅས་ ཡབ་ ཀྱི་ པང་ དུ་ བཙངས་ བྱུང་བ ས ། དོ་ནུབ་ ཕུག་རོན་ མཆོད་ཁང་ དུ་ གདན་ དྲོངས་ ལ་ མཆོད་པ་ ཕུལ་ གསུངས་པ་ ལྟ ར་ མཆོད་ཁང་ དུ་ གདན་ དྲངས་ མཆོད་པ་ ཕུལ་བ ས ། ནང་པ ར་ ཡང་ མི་ མང་པོ་ ཚོགས་པ འི་ ས ར་ ཕུག་རོན་ དེ་ གདན་ དྲངས་ ཏེ ། ཡབ་ ཀྱི་ ཞལ་ ནས ། བུ་ ཁྱོད་ ཀྱི་ ཁ་སང་ གི་ ལམ་ དེ་ ནོར་བ་ ཡིན་ ནོ ། ། ད་དུང་ ཡང་ གཡོན་རི་ དུག་སྦྲུལ་ མཐུང་ དུ་ རྒྱུགས་པ་ འདྲ་བ་ འདི་ ལ་ ཕྱིན་ ན་ སླ ར་ ཡང་ མུ་སྟེགས་ གླིང་ དུ་ སླེབ་ ཡོང་བ ས་ དེ་ ལ་ མ་ འགྲོ་བ ར །" }, { "source": "གཡས་རི་གླང་པོ་ཆེ་གྲེས་ན་ཉལ་བ་འདྲ་བ་འདིའི་རྒྱུད་ཟུང་ལ་སོང་ཤིག། འདིའི་རི་རྒྱུད་རྫོགས་མཚམས་སུ་ཡི་དམ་གྱིས་འོད་ཀྱི་ལམ་སྣ་ཞིག་ཡོད། དེའི་ཕྱི་བཞིན་བྱོན་པས། བསིལ་བ་ཚལ་གྱི་དུར་ཁྲོད་ན། བྲམ་ཟེའི་ཁྱེའུ་ལོ་བཅུ་གསུམ་ཙམ་ལོན་པའི་རོ་བསྐྱེལ་བ་དང་འཕྲད་ཡོང་བར་འདུག་པས། དེ་ལ་གྲོང་འཇུག་མཛོད་ལ་སེམས་ཅན་གྱི་དོན་མཛོད་ཅིག་གསུངས་པས། ཕུག་རོན་དེས་ཡབ་ཡུམ་ལ་བསྐོར་བ་ལན་གསུམ་དང་། ཕྱི་ཕྱག་གི་ཚུལ་དུ་དབུ་གུག་གུག་པ་ལན་གསུམ་མཛད་ནས། ཡབ་ཀྱི་བཀའ་བཞིན་འཕུར་སོང་བས། མི་ཀུན་མཆི་མ་ཤོར་ཞིང་། གྲོང་འཇུག་ལ་ངེས་ཤེས་འགྲེངས་པས། རྗེ་བཙུན་མར་པ་ལ་ཀུན་གྱིས་སངས་རྒྱས་དངོས་སུ་མཐོང་བར་གྱུར་ཏོ། དེ་ནས་ཕུག་རོན་དེས་ཡབ་ཀྱི་བཀའ་བཞིན་བྱོན་པས། བར་ཆད་མེད་པར་སིལ་བ་ཚལ་གྱི་དུར་ཁྲོད་དུ། བྲམ་ཟེ་བཟའ་མི་གཉིས་ལ་བུ་གཅིག་ཡོད་པ་དེ་ཤི་བའི་རོ་སྐྱེལ་བ་དང་ཐུག་སྟེ། སྐྱེལ་མི་རྣམས་རོ་ཚོགས་བྱེད་ཚེ་ཕེབས་པ། དེ་མ་ཐག་རོ་ལ་གྲོང་འཇུག་མཛད་ནས་བཞེངས་པས། རོ་བསྐྱེལ་མི་རྣམས་འཇིགས་པ་ལས། སྔར་ཡབ་ཀྱི་ཐུགས་རྗེས་རྒྱ་སྐད་བརྡ་འཕྲོད་ཙམ་མཁྱེན་པས་ང་རོ་ལངས་མིན་ང་རང་སོས་པ་ཡིན། ཁྱིམ་དུ་འགྲོ་གསུངས་པས། ཁོང་རྣམས་དགའ་གྲགས་ཧ་ལས་ངོ་མཚར་དུ་གྱུར་པ་དང་བསྡེབས་བྱོན་པས། སྔར་གྱི་བྱིས་པ་རྩེད་གྲོགས་རྣམས་ན་རེ། ཁོ་མ་ཤི་བར་འདུག་ཟེར་མདུན་དུ་བྱུང་། ཡུལ་མི་རྣམས་ན་རེ་རིམ་འགྲོ་ལ་དུར་ཁྲོད་དུ་ཕྱིན་པར་འདུག་ཟེར། ཕ་མ་གཉིས་དང་ཕྲད་པས་འཚིངས་ཏེ་བརྒྱལ་བ་ལས་སངས་པ་དང་། ཤི་བ་སོས་པ་ལ་དགའ་ལུགས་ཇི་ལྟར་ཡོད་པ་ལྟར་དགའ་སྟེ།", "target": "གཡས་རི་ གླང་པོ་ཆེ་ གྲེས་ ན་ ཉལ་བ་ འདྲ་བ་ འདི འི་ རྒྱུད་ ཟུང་ ལ་ སོང་ ཤིག ། འདི འི་ རི་རྒྱུད་ རྫོགས་མཚམས་ སུ་ ཡི་དམ་ གྱིས་ འོད་ ཀྱི་ ལམ་སྣ་ ཞིག་ ཡོད ། དེ འི་ ཕྱི་བཞིན་ བྱོན་པ ས ། བསིལ་བ་ ཚལ་ གྱི་ དུར་ཁྲོད་ ན ། བྲམ་ཟེ འི་ ཁྱེའུ་ ལོ་ བཅུ་ གསུམ་ ཙམ་ ལོན་པ འི་ རོ་ བསྐྱེལ་བ་ དང་ འཕྲད་ ཡོང་བ ར་ འདུག་པ ས ། དེ་ ལ་ གྲོང་འཇུག་ མཛོད་ ལ་ སེམས་ཅན་ གྱི་ དོན་ མཛོད་ ཅིག་ གསུངས་པ ས ། ཕུག་རོན་ དེ ས་ ཡབ་ཡུམ་ ལ་ བསྐོར་བ་ ལན་ གསུམ་ དང་ ། ཕྱི་ཕྱག་ གི་ ཚུལ་ དུ་ དབུ་ གུག་ གུག་པ་ ལན་ གསུམ་ མཛད་ ནས ། ཡབ་ ཀྱི་ བཀའ་ བཞིན་ འཕུར་ སོང་བ ས ། མི་ ཀུན་ མཆི་མ་ ཤོར་ ཞིང་ ། གྲོང་འཇུག་ ལ་ ངེས་ཤེས་ འགྲེངས་པ ས ། རྗེ་བཙུན་ མར་པ་ ལ་ ཀུན་ གྱིས་ སངས་རྒྱས་ དངོས་ སུ་ མཐོང་བ ར་ གྱུར་ ཏོ ། དེ་ ནས་ ཕུག་རོན་ དེ ས་ ཡབ་ ཀྱི་ བཀའ་ བཞིན་ བྱོན་པ ས ། བར་ཆད་ མེད་པ ར་ སིལ་བ་ ཚལ་ གྱི་ དུར་ཁྲོད་ དུ ། བྲམ་ཟེ་ བཟའ་མི་ གཉིས་ ལ་ བུ་ གཅིག་ ཡོད་པ་ དེ་ ཤི་བ འི་ རོ་ སྐྱེལ་བ་ དང་ ཐུག་ སྟེ ། སྐྱེལ་མི་ རྣམས་ རོ་ཚོགས་ བྱེད་ ཚེ་ ཕེབས་པ ། དེ་ མ་ ཐག་ རོ་ ལ་ གྲོང་འཇུག་ མཛད་ ནས་ བཞེངས་པ ས ། རོ་ བསྐྱེལ་མི་ རྣམས་ འཇིགས་པ་ ལས ། སྔ ར་ ཡབ་ ཀྱི་ ཐུགས་རྗེ ས་ རྒྱ་སྐད་ བརྡ་འཕྲོད་ ཙམ་ མཁྱེན་པ ས་ ང་ རོ་ལངས་ མིན་ ང་ རང་ སོས་པ་ ཡིན ། ཁྱིམ་ དུ་ འགྲོ་ གསུངས་པ ས ། ཁོང་ རྣམས་ དགའ་ གྲགས་ ཧ་ ལས་ ངོ་ མཚར་ དུ་ གྱུར་པ་ དང་ བསྡེབས་ བྱོན་པ ས ། སྔ ར་ གྱི་ བྱིས་པ་ རྩེད་གྲོགས་ རྣམས་ ན་རེ ། ཁོ་ མ་ ཤི་བ ར་ འདུག་ ཟེར་ མདུན་ དུ་ བྱུང་ ། ཡུལ་མི་ རྣམས་ ན་རེ་ རིམ་འགྲོ་ ལ་ དུར་ཁྲོད་ དུ་ ཕྱིན་པ ར་ འདུག་ ཟེར ། ཕ་མ་ གཉིས་ དང་ ཕྲད་པ ས་ འཚིངས་ ཏེ་ བརྒྱལ་བ་ ལས་ སངས་པ་ དང་ ། ཤི་བ་ སོས་པ་ ལ་ དགའ་ལུགས་ ཇི་ ལྟ ར་ ཡོད་པ་ ལྟ ར་ དགའ་ སྟེ །" }, { "source": "རོ་སྐྱེལ་མི་རྣམས་ལ་སོས་ལུགས་ཇི་ལྟར་བྱུང་གྲིས་པས། བུའི་རོའི་གམ་དུ་ཕུག་རོན་གཅིག་འཕུར་བྱུང་བ་དེ་མགོ་གུག་གུག་བྱས་ཤི་སོས་བ་དང་། བུ་སོས་བྱུང་ཟེར་རོ། ཕ་མས་སྔར་ལྟར་བརྩེ་བས་སྐྱོང་ཞིང་འགྲོགས་པ་ལས། སྔར་གྱི་བུ་དེ་བས་ཤེས་རྒྱུད་དལ་ཞིང་ཆོས་ལ་དཀར་བ། ཕ་མ་ལ་གུས་ཤིང་དབུལ་ཕོངས་ལ་བྱམས་པ། དཀོན་མཆོག་ལ་མོས་ཤིང་དགེ་བ་ལ་བརྩོན་པ་ཞིག་འདུག་པས། སྔར་གྱི་བུ་དེ་མིན་པར་ཤེས་ཏེ། ཇི་ལྟར་ཡིན་དྲིས་པས། ཕུག་རོན་གྱིས་གྲོང་འཇུག་བྱས་པ་སོགས་ལོ་རྒྱུས་རྒྱས་པར་བཤད་པས། རྒྱ་གར་གྱི་ཡུལ་དེའི་སྐད་དུ། ཕུག་རོན་ལ་ཏེ་ཕུ་ཟེར་བས། དེ་ལ་ཡ་མཚན་པར་བྱས། མཚན་ཏེ་ཕུར་ཆགས་པ་ལས། བུའི་འདུ་ཤེས་མེད་པར་བླ་མ་ཟེར་ཏེ། རྒན་རྒོན་གཉིས་པོས་ཞབས་ཏོག་བྱས་པ་ལས། ཚེ་འདིར་ཡང་བུ་དང་འདྲ་བའི་ཕན་ཐོགས་བྱུང་ཞིང་། མཐར་རབ་ཏུ་བྱུང་ནས་ཐོས་བསམ་བསྒོམ་གསུམ་མཛད་པ། མཁས་གྲུབ་ཀྱི་སྐྱེས་ཆེན་ཏེ་ཕུ་གསང་སྔགས་ཀྱི་སྡོང་པོ་ཞེས་བྱ་བ་དེ་བྱུང་བར་གདའ། རྒྱ་གར་གྱི་ལོ་རྒྱུས་འདི་དག་ཕྱིས་རས་ཆུང་བ་ལ་ཏེ་ཕུ་པས་གནང་བ་ལགས་སོ།། དེ་ནས་སྲས་ཀྱི་སྤུར་ཁང་ཞལ་ཕྱེ་བས། དབུ་ཐོད་ཀྱི་དུམ་བུ་ལ་བདེ་མཆོག་ལྷ་ལྔ་སྐྱོན་པས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་རིང་སྲེལ་མང་པོ་བྱུང་བ་ལས། སེམས་ལས་མེད་པའི་མི་འགའ་ཞིག་ན་རེ། བླ་མ་མར་པ་ལ་གདུང་བརྒྱུད་འཛིན་པ་ལ་ནི་ད་དུང་ཇོ་སྲས་དྲུག་ཙམ་འདུགཆོས་བརྒྱུད་འཛིན་པ་ལ་ནི་བུ་ཆེན་བཟང་ལ་མང་བ་འདུགགྲོང་འཇུག་གི་ངོ་མཚར་ཡིད་ཆེས་པ་དེའམ། རྟེན་རིང་བསྲེལ་ངོ་མཚར་ཅན་འདི་དག་ལ་བསམ་ན་སྲས་དར་མ་མདོ་སྡེ་བཞུགས་པ་ལས། སྐུ་ཡལ་བ་སེམས་ཅན་གྱི་དོན་ཆེ་བ་འདུག་ཟེར་བ་ཡང་བྱུང་ངོ་།།", "target": "རོ་ སྐྱེལ་མི་ རྣམས་ ལ་ སོས་ལུགས་ ཇི་ ལྟ ར་ བྱུང་ གྲིས་པ ས ། བུ འི་ རོ འི་ གམ་ དུ་ ཕུག་རོན་ གཅིག་ འཕུར་ བྱུང་བ་ དེ་ མགོ་ གུག་ གུག་ བྱས་ ཤི་ སོས་བ་ དང་ ། བུ་ སོས་ བྱུང་ ཟེར་ རོ ། ཕ་མ ས་ སྔ ར་ ལྟ ར་ བརྩེ་བ ས་ སྐྱོང་ ཞིང་ འགྲོགས་པ་ ལས ། སྔ ར་ གྱི་ བུ་ དེ་ བས་ ཤེས་རྒྱུད་ དལ་ ཞིང་ ཆོས་ ལ་ དཀར་བ ། ཕ་མ་ ལ་ གུས་ ཤིང་ དབུལ་ཕོངས་ ལ་ བྱམས་པ ། དཀོན་མཆོག་ ལ་ མོས་ ཤིང་ དགེ་བ་ ལ་ བརྩོན་པ་ ཞིག་ འདུག་པ ས ། སྔ ར་ གྱི་ བུ་ དེ་ མིན་པ ར་ ཤེས་ ཏེ ། ཇི་ ལྟ ར་ ཡིན་ དྲིས་པ ས ། ཕུག་རོན་ གྱིས་ གྲོང་འཇུག་ བྱས་པ་ སོགས་ ལོ་རྒྱུས་ རྒྱས་པ ར་ བཤད་པ ས ། རྒྱ་གར་ གྱི་ ཡུལ་ དེ འི་ སྐད་ དུ ། ཕུག་རོན་ ལ་ ཏེ་ཕུ་ ཟེར་བ ས ། དེ་ ལ་ ཡ་ མཚན་པ ར་ བྱས ། མཚན་ ཏེ་ཕུ ར་ ཆགས་པ་ ལས ། བུ འི་ འདུ་ཤེས་ མེད་པ ར་ བླ་མ་ ཟེར་ ཏེ ། རྒན་རྒོན་ གཉིས་པོ ས་ ཞབས་ཏོག་ བྱས་པ་ ལས ། ཚེ་ འདི ར་ ཡང་ བུ་ དང་ འདྲ་བ འི་ ཕན་ ཐོགས་ བྱུང་ ཞིང་ ། མཐ ར་ རབ་ ཏུ་ བྱུང་ ནས་ ཐོས་བསམ་བསྒོམ་ གསུམ་ མཛད་པ ། མཁས་གྲུབ་ ཀྱི་ སྐྱེས་ཆེན་ ཏེ་ཕུ་ གསང་སྔགས་ ཀྱི་ སྡོང་པོ་ ཞེས་ བྱ་བ་ དེ་ བྱུང་བ ར་ གདའ ། རྒྱ་གར་ གྱི་ ལོ་རྒྱུས་ འདི་ དག་ ཕྱི ས་ རས་ཆུང་བ་ ལ་ ཏེ་ཕུ་པ ས་ གནང་བ་ ལགས་ སོ ། ། དེ་ ནས་ སྲས་ ཀྱི་ སྤུར་ཁང་ ཞལ་ ཕྱེ་བ ས ། དབུ་ཐོད་ ཀྱི་ དུམ་བུ་ ལ་ བདེ་མཆོག་ ལྷ་ ལྔ་ སྐྱོན་པ ས་ སོགས་ སྐུ་གསུང་ཐུགས་ ཀྱི་ རྟེན་ རིང་སྲེལ་ མང་པོ་ བྱུང་བ་ ལས ། སེམས་ལས་ མེད་པ འི་ མི་ འགའ་ ཞིག་ ན་རེ ། བླ་མ་ མར་པ་ ལ་ གདུང་བརྒྱུད་ འཛིན་པ་ ལ་ ནི་ ད་དུང་ ཇོ་སྲས་ དྲུག་ ཙམ་ འདུག ཆོས་བརྒྱུད་ འཛིན་པ་ ལ་ ནི་ བུ་ཆེན་ བཟང་ ལ་ མང་བ་ འདུག གྲོང་འཇུག་ གི་ ངོ་མཚར་ ཡིད་ ཆེས་པ་ དེ འམ ། རྟེན་ རིང་བསྲེལ་ ངོ་ མཚར་ཅན་ འདི་ དག་ ལ་ བསམ་ ན་ སྲས་ དར་མ་མདོ་སྡེ་ བཞུགས་པ་ ལས ། སྐུ་ ཡལ་བ་ སེམས་ཅན་ གྱི་ དོན་ ཆེ་བ་ འདུག་ ཟེར་བ་ ཡང་ བྱུང་ ངོ་ ། །" }, { "source": "དེ་ནས་ཕྱོགས་ཕྱོགས་ཀྱི་བུ་ཆེན་སྔར་མ་ཕེབས་པ་རྣམས་ཕེབས། འབུལ་བ་རྣམས་མཛད་ཐུགས་སོས་རུང་ཡུམ་བདག་མེད་མ་ཐུགས་ཁྲལ་ཤིན་ཏུ་ཆེ་བ་ལས། བུ་ཆེན་རྣམས་འཛོམ་ཚེ། སྲས་ཀྱི་དུས་མཆོད་ཅིག་མཛད་པའི་ཚོགས་གྲལ་དུ་བླ་མའི་ཞལ་ནས། བདག་མེད་མ་ཕྱོགས་ཕྱོགས་ཀྱི་གྲྭ་པ་རྣམས་ཀྱང་སེམས་ཚབས་པ་ལས་མི་ཡོང་བ་འདུགསྤྱིར་འདུས་བྱས་ཐམས་ཅད་ཀྱི་མཚན་ཉིད་འདི་ཀ་ཡིན་ཞིང་། རང་རེ་ལ་སྒོས་སུ་བྱུང་བ་ནི་མིན་ལ། བླ་མའི་ལུང་བསྟན་དང་ཡང་མཐུན་པར་འདུག་པས། བུ་ལ་ཕན་རྒྱུ་མེད་པའི་ཁར་ཁྱོད་རང་སྡུག་པ་དང་། གཞན་ལ་ཆོས་བཤད་པ་ལ་གནོད་པ་རྒན་རྒོན་གཉིས་ཀྱི་དཔེ་དང་མཚུངས་པས། ད་མྱ་ངན་མ་བྱེད་ཅིག་གསུངས་མྱ་ངན་སངས་བྱེད་ཀྱི་མགུར་འདི་གསུངས་སོ།།།། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཆོས་བཤད་ཅིང་གོ་བའི་ཤེས་རབ་མ།། བདག་མེད་མ་ལ་གྲོས་གཅིག་འདེབས།། ཐ་མལ་དང་མ་བསྲེས་དྲན་པ་བསྟེན།། ངེས་ཤེས་བསྐྱེད་ལ་མྱ་ངན་སྤོངས།། བུ་གཅེས་པར་བསྐྱངས་པའི་མདོ་སྡེ་འབུམ།། འོད་གསལ་དབྱིངས་སུ་གཤེགས་པ་དེ།། རྗེ་དང་བཀའ་དྲིན་མཉམ་པར་བྱུང་།། དྲན་འདུན་སྒྱུ་མའི་གསལ་ཐེབས་ཕྱིར།། མྱ་ངན་ལ་བྱ་ཡུལ་མི་འདུག་ཅིང་།། སེམས་ཅན་ལ་ཉེ་རིང་མི་འདུག་པས།། འགྲོ་ཀུན་བརྩེ་བས་སྐྱོངས་ཤིག་བདག་མེད་མ་།། བུའི་མྱ་ངན་སངས་སོ་བདག་མེད་མ་།།", "target": "དེ་ ནས་ ཕྱོགས་ ཕྱོགས་ ཀྱི་ བུ་ཆེན་ སྔ ར་ མ་ ཕེབས་པ་ རྣམས་ ཕེབས ། འབུལ་བ་ རྣམས་ མཛད་ ཐུགས་ སོས་ རུང་ ཡུམ་ བདག་མེད་མ་ ཐུགས་ཁྲལ་ ཤིན་ ཏུ་ ཆེ་བ་ ལས ། བུ་ཆེན་ རྣམས་ འཛོམ་ ཚེ ། སྲས་ ཀྱི་ དུས་མཆོད་ ཅིག་ མཛད་པ འི་ ཚོགས་གྲལ་ དུ་ བླ་མ འི་ ཞལ་ ནས ། བདག་མེད་མ་ ཕྱོགས་ ཕྱོགས་ ཀྱི་ གྲྭ་པ་ རྣམས་ ཀྱང་ སེམས་ ཚབས་པ་ ལས་ མི་ ཡོང་བ་ འདུག སྤྱི ར་ འདུས་བྱས་ ཐམས་ཅད་ ཀྱི་ མཚན་ཉིད་ འདི་ ཀ་ ཡིན་ ཞིང་ ། རང་རེ་ ལ་ སྒོས་ སུ་ བྱུང་བ་ ནི་ མིན་ ལ ། བླ་མ འི་ ལུང་བསྟན་ དང་ ཡང་ མཐུན་པ ར་ འདུག་པ ས ། བུ་ ལ་ ཕན་རྒྱུ་ མེད་པ འི་ ཁ ར་ ཁྱོད་ རང་ སྡུག་པ་ དང་ ། གཞན་ ལ་ ཆོས་ བཤད་པ་ ལ་ གནོད་པ་ རྒན་རྒོན་ གཉིས་ ཀྱི་ དཔེ་ དང་ མཚུངས་པ ས ། ད་ མྱ་ངན་ མ་ བྱེད་ ཅིག་ གསུངས་ མྱ་ངན་ སངས་བྱེད་ ཀྱི་ མགུར་ འདི་ གསུངས་ སོ ། ། ། ། རྗེ་ བླ་མ་ རྣམས་ ལ་ ཕྱག་ འཚལ་ ལོ ། ། ཆོས་ བཤད་ ཅིང་ གོ་བ འི་ ཤེས་རབ་མ ། ། བདག་མེད་མ་ ལ་ གྲོས་ གཅིག་ འདེབས ། ། ཐ་མལ་ དང་ མ་ བསྲེས་ དྲན་པ་ བསྟེན ། ། ངེས་ཤེས་ བསྐྱེད་ ལ་ མྱ་ངན་ སྤོངས ། ། བུ་ གཅེས་པ ར་ བསྐྱངས་པ འི་ མདོ་སྡེ་འབུམ ། ། འོད་གསལ་དབྱིངས་ སུ་ གཤེགས་པ་ དེ ། ། རྗེ་ དང་ བཀའ་དྲིན་ མཉམ་པ ར་ བྱུང་ ། ། དྲན་འདུན་སྒྱུ་མ འི་ གསལ་ ཐེབས་ ཕྱི ར ། ། མྱ་ངན་ ལ་ བྱ་ཡུལ་ མི་ འདུག་ ཅིང་ ། ། སེམས་ཅན་ ལ་ ཉེ་རིང་ མི་ འདུག་པ ས ། ། འགྲོ་ ཀུན་ བརྩེ་བ ས་ སྐྱོངས་ ཤིག་ བདག་མེད་མ་ ། ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། །" }, { "source": "གསེར་ལས་བཞེངས་པའི་མདོ་མང་སོགས།། སྐུ་གསུང་ཐུགས་ཀྱི་རྟེན་མཆོད་རྣམས།། བུ་མདོ་སྡེའི་དོན་དུ་བཞེངས་ལགས་ཀྱང་།། མདོ་སྡེ་འོད་གསལ་གྱི་དབྱིངས་སུ་གཤེགས།། རྟེན་བདག་མེད་ནམ་མཁའི་འཇའ་ཚོན་འདྲ།། སྣང་ཞིང་སྟོང་པར་རྟོགས་པ་དེས།། ཞབས་ཏོག་ལ་བྱ་ཡུལ་མ་རྙེད་རུང་།། ཀུན་གྱི་མཆོད་གནས་ཞུས་ཤིག་བདག་མེད་མ་།། བུའི་མྱ་ངན་སངས་སོ་བདག་མེད་མ་།། དཀའ་བ་སྤྱད་པའི་རྒྱུད་འགྲེལ་དང་།། ཐུགས་བཅུད་བསྡུས་པའི་མན་ངག་གནང་།། ཟབ་དགུ་འདུས་པའི་སྙིང་པོ་དང་།། སྒྲ་ཐད་ཀློག་སྐད་ཀྱི་ལོ་ཙྪ་རྣམས།། བུ་མདོ་སྡེའི་དོན་དུ་བསླབས་ལགས་ཀྱང་།། མདོ་སྡེའོད་གསལ་གྱི་དབྱིངས་སུ་གཤེགས།། ཆོས་བདག་མེད་གཏེར་གྱི་ཁ་བྱང་འདྲ།། ཆོས་མཉམ་པ་ཉིད་དུ་རྟོགས་པ་དེས།། ཀུན་ལ་སྟེར་རོ་བདག་མེད་མ། བུའི་མྱ་ངན་སངས་སོ་བདག་མེད་མ་།། སེར་སྣས་བསགས་པའི་ཟས་ནོར་དང་།། གྲྭ་པས་ཕུལ་བའི་གནག་ལུག་རྣམས།། བུ་མདོ་སྡེའི་དོན་དུ་སྤེལ་ལགས་ཀྱང་།། མདོ་སྡེའོད་གསལ་གྱི་དབྱིངས་སུ་གཤེགས།། ནོར་བདག་མེད་ས་འོག་གི་གཏེར་དང་འདྲ།། ཕྱུག་བདག་མེད་སྤང་ཁའི་རི་དྭགས་འདྲ།། ནོར་ཕྱག་རྒྱ་ཆེན་པོར་རྟོགས་པ་དེས།། འཚོ་སྐྱོང་ལ་བྱེད་དོན་མི་འདུག་པས།། ཀུན་སྦྱིན་པར་ཐོང་ཞིག་བདག་མེད་མ་།། བུའི་མྱ་ངན་སངས་སོ་བདག་མེད་མ་།། ཕ་ཡུལ་བེ་གསར་གྱི་མཁར་ཞིང་དང་།། མི་ལས་བརྩིགས་པའི་ས་མཁར་རྣམས།། བུ་མདོ་སྡེའི་དོན་དུ་བགྱིས་ལགས་ཀྱང་།། མཁར་བདག་མེད་དྲི་ཟའི་གྲོང་ཁྱེར་འདྲ།། ཡུལ་སྣང་སྟོང་སྒྱུ་མར་རྟོགས་པ་དེས།། འཛིན་སྤྲས་ལ་བྱེད་དོན་མི་འདུག་པས།། མཁར་གྱི་འཛིན་སྤྲས་བོར་ཅིག་བདག་མེད་མ།། བུའི་མྱ་ངན་སངས་སོ་བདག་མེད་མ་།།", "target": "གསེར་ ལས་ བཞེངས་པ འི་ མདོ་མང་ སོགས ། ། སྐུ་གསུང་ཐུགས་ ཀྱི་ རྟེན་མཆོད་ རྣམས ། ། བུ་ མདོ་སྡེ འི་ དོན་ དུ་ བཞེངས་ ལགས་ ཀྱང་ ། ། མདོ་སྡེ་ འོད་གསལ་ གྱི་ དབྱིངས་ སུ་ གཤེགས ། ། རྟེན་ བདག་མེད་ ནམ་མཁ འི་ འཇའ་ཚོན་ འདྲ ། ། སྣང་ ཞིང་ སྟོང་པ ར་ རྟོགས་པ་ དེ ས ། ། ཞབས་ཏོག་ ལ་ བྱ་ཡུལ་ མ་ རྙེད་ རུང་ ། ། ཀུན་ གྱི་ མཆོད་གནས་ ཞུས་ ཤིག་ བདག་མེད་མ་ ། ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། ། དཀའ་བ་ སྤྱད་པ འི་ རྒྱུད་འགྲེལ་ དང་ ། ། ཐུགས་བཅུད་ བསྡུས་པ འི་ མན་ངག་ གནང་ ། ། ཟབ་དགུ་ འདུས་པ འི་ སྙིང་པོ་ དང་ ། ། སྒྲ་ ཐད་ ཀློག་སྐད་ ཀྱི་ ལོ་ཙྪ་ རྣམས ། ། བུ་ མདོ་སྡེ འི་ དོན་ དུ་ བསླབས་ ལགས་ ཀྱང་ ། ། མདོ་སྡེ འོད་གསལ་ གྱི་ དབྱིངས་ སུ་ གཤེགས ། ། ཆོས་ བདག་མེད་ གཏེར་ གྱི་ ཁ་བྱང་ འདྲ ། ། ཆོས་ མཉམ་པ་ཉིད་ དུ་ རྟོགས་པ་ དེ ས ། ། ཀུན་ ལ་ སྟེར་ རོ་ བདག་མེད་མ ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། ། སེར་སྣ ས་ བསགས་པ འི་ ཟས་ནོར་ དང་ ། ། གྲྭ་པ ས་ ཕུལ་བ འི་ གནག་ལུག་ རྣམས ། ། བུ་ མདོ་སྡེ འི་ དོན་ དུ་ སྤེལ་ ལགས་ ཀྱང་ ། ། མདོ་སྡེ འོད་གསལ་ གྱི་ དབྱིངས་ སུ་ གཤེགས ། ། ནོར་ བདག་མེད་ ས་ འོག་ གི་ གཏེར་ དང་ འདྲ ། ། ཕྱུག་ བདག་མེད་ སྤང་ཁ འི་ རི་དྭགས་ འདྲ ། ། ནོར་ ཕྱག་རྒྱ་ ཆེན་པོ ར་ རྟོགས་པ་ དེ ས ། ། འཚོ་སྐྱོང་ ལ་ བྱེད་ དོན་ མི་ འདུག་པ ས ། ། ཀུན་ སྦྱིན་པ ར་ ཐོང་ ཞིག་ བདག་མེད་མ་ ། ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། ། ཕ་ཡུལ་ བེ་གསར་ གྱི་ མཁར་ཞིང་ དང་ ། ། མི་ལ ས་ བརྩིགས་པ འི་ ས་མཁར་ རྣམས ། ། བུ་ མདོ་སྡེ འི་ དོན་ དུ་ བགྱིས་ ལགས་ ཀྱང་ ། ། མཁར་ བདག་མེད་ དྲི་ཟ འི་ གྲོང་ཁྱེར་ འདྲ ། ། ཡུལ་ སྣང་སྟོང་སྒྱུ་མ ར་ རྟོགས་པ་ དེ ས ། ། འཛིན་སྤྲས་ ལ་ བྱེད་ དོན་ མི་ འདུག་པ ས ། ། མཁར་ གྱི་ འཛིན་སྤྲས་ བོར་ ཅིག་ བདག་མེད་མ ། ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། །" }, { "source": "ཕ་སྤུན་མར་ཚོའི་ངོ་འཛིན་དང་།། དགྲ་སུན་སྐྱེ་བོ་རྒྱབ་བསྒྱུར་ཚུལ།། བུ་མདོ་སྡེའི་དོན་དུ་བྱས་ལགས་ཀྱང་།། མདོ་སྡེ་འོད་གསལ་གྱི་དབྱིངས་སུ་གཤེགས།། སྣང་བ་སེམས་སུ་རྟོགས་པ་དེས།། དགྲ་གཉེན་ལ་ཁྱད་པར་མི་འདུག་པས།། ཐམས་ཅད་ཆོས་སྐུར་སྒོམས་ཤིག་བདག་མེད་མ་།། བུའི་མྱ་ངན་སངས་སོ་བདག་མེད་མ་།། སྤྱིར་འདུས་བྱས་ཆོས་ཀྱི་མཚན་ཉིད་ལ།། མཐར་ཐུག་རྟག་པ་ཀུན་ལ་མེད།། སྒོས་འོ་སྐོལ་དང་དར་མ་མདོ་སྡེ་ཡི།། གནས་སྐབས་ཀྱི་འབྲེལ་པ་རྫོགས་ནས་ཐལ།། བྱ་ཐབས་མེད་པའི་ལས་སྐལ་ལ།། མྱ་ངན་མ་བྱེད་བདག་མེད་མ་།། བུའི་མྱ་ངན་སངས་སོ་བདག་མེད་མ་།། རང་ལ་བྱ་རྒྱུ་ཆོས་ལས་མེད།། བརྩེ་བས་དབུལ་ཕོངས་ཀྱི་འགྲོ་བ་དང་།། ཤུལ་ན་ལུས་པའི་བུ་དྲུག་ལ།། བསྟན་འཛིན་གྱི་རེ་བཞིན་མ་མཆིས་ཏེ།། མདོ་སྡེ་བཞིན་དུ་བརྩེ་བས་སྐྱོངས།། བུའི་མྱ་ངན་སངས་སོ་བདག་མེད་མ་།། པཎ་ཆེན་ནཱ་རོའི་ལུང་བསྟན་ལྟར།། ཁོ་བོ་བུ་སློབ་བརྒྱུད་བཅས་རྣམས།། ཟླ་བ་ཡར་གྱི་ངོ་བཞིན་དུ།། གོང་ནས་གོང་དུ་འཕེལ་རྒྱས་བས།། བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་འབྱུང་།། བསྟན་དང་འགྲོ་བའི་དོན་ཆེན་གྲུབ།། ཉམས་དགའ་ཡོ་སྐྱིད་དོ་བདག་མེད་མ་།། བུའི་མྱ་ངན་སངས་སོ་བདག་མེད་མ་།། ཞེས་པའི་མགུར་གསུངས་པས། ཡུམ་བདག་མེད་མ་ལ་སོགས་པ་ཀུན་གྱིས་ཐུགས་ཁྲལ་སངས་ཤིང་ཐུགས་དམ་ལ་བོགས་ཐོན་པར་གྱུར་ཏོ།། གཉིས་པ། བསྟན་པ་ལ་དར་རྒྱས་འབྱུང་བར་ལུང་བསྟན་ནས་གདམས་ངག་བྱིན་རླབས་ཀྱི་རྟེན་ཞལ་གདམས་དང་བཅས་པ་གནང་ཚུལ་ནི། གྲྭ་བུ་སློབ་ཀུན་འཛོམ་ནས་སྲས་ཀྱི་དུས་མཆོད་ཅིག་བགྱིས་པའི་ཚོགས་གྲལ་དུ།", "target": "ཕ་སྤུན་ མར་ ཚོ འི་ ངོ་འཛིན་ དང་ ། ། དགྲ་སུན་ སྐྱེ་བོ་ རྒྱབ་ བསྒྱུར་ཚུལ ། ། བུ་ མདོ་སྡེ འི་ དོན་ དུ་ བྱས་ ལགས་ ཀྱང་ ། ། མདོ་སྡེ་ འོད་གསལ་ གྱི་ དབྱིངས་ སུ་ གཤེགས ། ། སྣང་བ་ སེམས་ སུ་ རྟོགས་པ་ དེ ས ། ། དགྲ་གཉེན་ ལ་ ཁྱད་པ ར་ མི་ འདུག་པ ས ། ། ཐམས་ཅད་ ཆོས་སྐུ ར་ སྒོམས་ ཤིག་ བདག་མེད་མ་ ། ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། ། སྤྱི ར་ འདུས་ བྱས་ ཆོས་ ཀྱི་ མཚན་ཉིད་ ལ ། ། མཐ ར་ ཐུག་ རྟག་པ་ ཀུན་ ལ་ མེད ། ། སྒོས་ འོ་སྐོལ་ དང་ དར་མ་མདོ་སྡེ་ ཡི ། ། གནས་སྐབས་ ཀྱི་ འབྲེལ་པ་ རྫོགས་ ནས་ ཐལ ། ། བྱ་ཐབས་ མེད་པ འི་ ལས་སྐལ་ ལ ། ། མྱ་ངན་ མ་ བྱེད་ བདག་མེད་མ་ ། ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། ། རང་ ལ་ བྱ་རྒྱུ་ ཆོས་ ལས་ མེད ། ། བརྩེ་བ ས་ དབུལ་ཕོངས་ ཀྱི་ འགྲོ་བ་ དང་ ། ། ཤུལ་ ན་ ལུས་པ འི་ བུ་ དྲུག་ ལ ། ། བསྟན་འཛིན་ གྱི་ རེ་ བཞིན་ མ་ མཆིས་ ཏེ ། ། མདོ་སྡེ་ བཞིན་ དུ་ བརྩེ་བ ས་ སྐྱོངས ། ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། ། པཎ་ཆེན་ ནཱ་རོ འི་ ལུང་བསྟན་ ལྟ ར ། ། ཁོ་བོ་ བུ་ སློབ་བརྒྱུད་ བཅས་ རྣམས ། ། ཟླ་བ་ཡར་ གྱི་ ངོ་ བཞིན་ དུ ། ། གོང་ ནས་ གོང་ དུ་ འཕེལ་ རྒྱས་བ ས ། ། བཀའ་བརྒྱུད་ ཀྱི་ བསྟན་པ་ དར་རྒྱས་ འབྱུང་ ། ། བསྟན་ དང་ འགྲོ་བ འི་ དོན་ཆེན་ གྲུབ ། ། ཉམས་དགའ་ ཡོ་ སྐྱིད་ དོ་ བདག་མེད་མ་ ། ། བུ འི་ མྱ་ངན་ སངས་ སོ་ བདག་མེད་མ་ ། ། ཞེས་པ འི་ མགུར་ གསུངས་པ ས ། ཡུམ་ བདག་མེད་མ་ ལ་ སོགས་པ་ ཀུན་ གྱིས་ ཐུགས་ཁྲལ་ སངས་ ཤིང་ ཐུགས་དམ་ ལ་ བོགས་ ཐོན་པ ར་ གྱུར་ ཏོ ། ། གཉིས་པ ། བསྟན་པ་ ལ་ དར་རྒྱས་ འབྱུང་བ ར་ ལུང་ བསྟན་ ནས་ གདམས་ངག་ བྱིན་རླབས་ ཀྱི་ རྟེན་ ཞལ་གདམས་ དང་ བཅས་པ་ གནང་ཚུལ་ ནི ། གྲྭ་བུ་སློབ་ ཀུན་ འཛོམ་ ནས་ སྲས་ ཀྱི་ དུས་མཆོད་ ཅིག་ བགྱིས་པ འི་ ཚོགས་གྲལ་ དུ །" }, { "source": "བླ་མ་ལ་སློབ་མ་བུ་ཆེན་རྣམས་ཀྱིས་ཞུས་པ། བླ་མ་རིན་པོ་ཆེ། སྲས་དུས་གསུམ་གྱི་སངས་རྒྱས་ལྟ་བུ་དེ་ནི་བདག་ཅག་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱིས་མ་ཐུབ། བླ་མ་རང་ནི་སྐུ་ན་བགྲེས་གདའ་བས། ད་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བར་འགྱུར་བ་དང་། བདག་ཅག་སློབ་མ་རྣམས་ལ་གདུལ་བྱ་ཕྲིན་ལས་ཇི་ལྟར་འབྱུང་བའི་ལུང་བསྟན་ཅིག་གནང་བར་ཞུ་ཞུས་པས། བླ་མའི་ཞལ་ནས། ང་ནཱ་རོ་པཎ་ཆེན་གྱི་བུ་བརྒྱུད་འདི་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་ཞིང་། བཀའ་བརྒྱུད་ཀྱི་བསྟན་པ་ལ་པཎ་ཆེན་ནཱ་རོའི་ལུང་བསྟན་བཟང་པོ་ཡང་ཡོད། ཁྱེད་བུ་ཆེན་རྣམས་ཀྱི་རྨི་ལམ་སྒུགས་ཤོག་ཅིག་གསུངས། དེར་བུ་ཆེན་རྣམས་ཀྱིས་རྨི་ལམ་བཟུང་ནས་བཞུགས་པས། ཀུན་ལ་རྨི་ལམ་བཟང་པོ་འགའ་བྱུང་ནའང།། ལུང་བསྟན་ཕོག་པ་མ་བྱུང་སྟེ། རྗེ་བཙུན་མི་ལ་ལ་ཀ་ཆེན་བཞིའི་རྨི་ལམ་བྱུང་ཚུལ་རྣམས་བླ་མའི་དྲུང་དུ་ཕུལ་བ་འདི་ལྟར་རོ།།།། རྗེ་རྡོ་རྗེ་འཆང་གི་བཀའ་བཞིན་དུ།། མདང་སུམ་ཉལ་བའི་རྨི་ལམ་ན།། བྱུང་ཚུལ་བླ་མའི་དྲུང་དུ་འབུལ།། སྙན་དར་ཅིག་བདག་ལ་གསན་པར་ཞུ།། འཛམ་གླིང་ཡངས་པའི་བྱང་ཕྱོགས་འདིར།། ལྷུན་སྟུག་གངས་རི་ཆགས་པ་རྨིས།། གངས་རྩེ་མོ་དགུང་ལ་རེག་པ་རྨི།། རྩེ་ལ་ཉི་ཟླ་འཁོར་བ་རྨི།། འོད་ཀྱིས་ནམ་མཁའ་གང་བ་རྨི།། རྩ་བས་ས་གཞི་ཁྱབ་པ་རྨིས།། ཕྱོགས་བཞིར་ཆུ་རྒྱུན་འབབ་པ་རྨི།། ཆུ་དེས་འགྲོ་ཀུན་ཚིམ་པ་རྨི།། ཆུ་སྣ་རྒྱ་མཚོར་འབབ་པ་རྨི།། མེ་ཏོག་སྣ་ཚོགས་བཀྲ་བ་རྨི།། སྤྱིར་གྱིས་རྨི་ལམ་དེ་ལྟར་རྨི།། བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས།། སྒོས་ལྷུན་སྟུག་གངས་རི་།། ཤར་དུ་ཀ་ཆེན་བཙུགས་པ་རྨི།།", "target": "བླ་མ་ ལ་ སློབ་མ་བུ་ཆེན་ རྣམས་ ཀྱིས་ ཞུས་པ ། བླ་མ་ རིན་པོ་ཆེ ། སྲས་ དུས་ གསུམ་ གྱི་ སངས་རྒྱས་ ལྟ་བུ་ དེ་ ནི་ བདག་ཅག་ སེམས་ཅན་ རྣམས་ ཀྱི་ བསོད་ནམས་ ཀྱིས་ མ་ ཐུབ ། བླ་མ་ རང་ ནི་ སྐུ་ན་ བགྲེས་ གདའ་བ ས ། ད་ བཀའ་བརྒྱུད་ ཀྱི་ བསྟན་པ་ རིན་པོ་ཆེ་ ཇི་ ལྟ ར་ དར་བ ར་ འགྱུར་བ་ དང་ ། བདག་ཅག་ སློབ་མ་ རྣམས་ ལ་ གདུལ་བྱ་ཕྲིན་ལས་ ཇི་ ལྟ ར་ འབྱུང་བ འི་ ལུང་བསྟན་ ཅིག་ གནང་བ ར་ ཞུ་ ཞུས་པ ས ། བླ་མ འི་ ཞལ་ ནས ། ང་ ནཱ་རོ་ པཎ་ཆེན་ གྱི་ བུ་བརྒྱུད་ འདི་ རྟེན་འབྲེལ་ ལ་ མངའ་ བརྙེས་པ་ ཡིན་ ཞིང་ ། བཀའ་བརྒྱུད་ ཀྱི་ བསྟན་པ་ ལ་ པཎ་ཆེན་ ནཱ་རོ འི་ ལུང་བསྟན་ བཟང་པོ་ ཡང་ ཡོད ། ཁྱེད་ བུ་ཆེན་ རྣམས་ ཀྱི་ རྨི་ལམ་ སྒུགས་ ཤོག་ ཅིག་ གསུངས ། དེ ར་ བུ་ཆེན་ རྣམས་ ཀྱིས་ རྨི་ལམ་ བཟུང་ ནས་ བཞུགས་པ ས ། ཀུན་ ལ་ རྨི་ལམ་ བཟང་པོ་ འགའ་ བྱུང་ ན འང ། ། ལུང་བསྟན་ ཕོག་པ་ མ་ བྱུང་ སྟེ ། རྗེ་བཙུན་ མི་ལ་ ལ་ ཀ་ཆེན་ བཞི འི་ རྨི་ལམ་ བྱུང་ཚུལ་ རྣམས་ བླ་མ འི་ དྲུང་ དུ་ ཕུལ་བ་ འདི་ ལྟ ར་ རོ ། ། ། ། རྗེ་ རྡོ་རྗེ་འཆང་ གི་ བཀའ་ བཞིན་ དུ ། ། མདང་སུམ་ ཉལ་བ འི་ རྨི་ལམ་ ན ། ། བྱུང་ཚུལ་ བླ་མ འི་ དྲུང་ དུ་ འབུལ ། ། སྙན་ དར་ ཅིག་ བདག་ ལ་ གསན་པ ར་ ཞུ ། ། འཛམ་གླིང་ ཡངས་པ འི་ བྱང་ཕྱོགས་ འདི ར ། ། ལྷུན་སྟུག་གངས་རི་ ཆགས་པ་ རྨིས ། ། གངས་རྩེ་མོ་ དགུང་ ལ་ རེག་པ་ རྨི ། ། རྩེ་ ལ་ ཉི་ཟླ་ འཁོར་བ་ རྨི ། ། འོད་ ཀྱིས་ ནམ་མཁའ་ གང་བ་ རྨི ། ། རྩ་བ ས་ ས་གཞི་ ཁྱབ་པ་ རྨིས ། ། ཕྱོགས་ བཞི ར་ ཆུ་རྒྱུན་ འབབ་པ་ རྨི ། ། ཆུ་ དེ ས་ འགྲོ་ ཀུན་ ཚིམ་པ་ རྨི ། ། ཆུ་སྣ་ རྒྱ་མཚོ ར་ འབབ་པ་ རྨི ། ། མེ་ཏོག་ སྣ་ཚོགས་ བཀྲ་བ་ རྨི ། ། སྤྱི ར་ གྱིས་ རྨི་ལམ་ དེ་ ལྟ ར་ རྨི ། ། བླ་མ་ དུས་གསུམ་སངས་རྒྱས་ ལ་ ཞུས་པ་ ལགས ། ། སྒོས་ ལྷུན་སྟུག་གངས་རི་ ། ། ཤར་ དུ་ ཀ་ཆེན་ བཙུགས་པ་ རྨི ། །" }, { "source": "ཀ་ཐོག་ཏུ་སེང་ཆེན་འགྱིང་བ་རྨི།། སེང་གཡུ་རལ་མཐའ་ནས་རྒྱས་པ་རྨི།། སྡེར་བཞི་གངས་ལ་བགྲད་པ་རྨི།། སྤྱན་མིག་གྱེན་དུ་གཟིགས་པ་རྨི།། སེང་གངས་དཀར་གྱི་ལྟོངས་སུ་འཕྱོ་བ་རྨི།། བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས།། ལྷོ་རུ་ཀ་ཆེན་བཙུགས་པ་རྨི།། ཀ་ཐོག་ཏུ་སྟག་མོ་ངར་བ་རྨི།། སྟག་གྲ་འཛུམ་མཐའ་ནས་རྒྱས་པ་རྨི།། ཁོང་འཛུམ་ལན་གསུམ་བྱས་པ་རྨི།། སྡེར་བཞི་ནགས་ལ་བགྲད་པ་རྨི།། སྤྱན་མིག་གྱེན་དུ་གཟིགས་པ་རྨི།། སྟག་ནགས་ཀྱི་གསེབ་ལ་འཕྱོ་བ་རྨི།། ནགས་ཐང་ཤིང་རྒྱུན་དུ་འབྲེལ་བ་རྨི།། བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས།། ནུབ་ཏུ་ཀ་ཆེན་བཙུགས་པ་རྨི།། ཀ་ཐོག་ཏུ་ཁྱུང་ཆེན་ལྡིང་བ་རྨི།། ཁྱུང་གཤོག་སྒྲོ་མཐའ་ནས་རྒྱས་པ་རྨི།། ཁྱུང་རྭ་གནམ་དུ་གཟེངས་པ་རྨི།། སྤྱན་མིག་གྱེན་དུ་གཟིགས་པ་རྨི།། ཁྱུང་ནམ་མཁའི་མཐོངས་ལ་འཕུར་བ་རྨི།། བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས།། བྱང་དུ་ཀ་ཆེན་བཙུགས་པ་རྨི།། ཀ་ཐོག་ཏུ་རྒོད་པོ་ལྡིང་བ་རྨི།། རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་རྨི།། རྒོད་ཚང་བྲག་ལ་བཅས་པ་རྨི།། རྒོད་དེ་ལ་བུ་གཅིག་བྱུང་བ་རྨི།། བྱ་ཕྲན་གྱིས་ནམ་མཁའ་གང་བ་རྨི།། སྤྱན་མིག་གྱེན་དུ་གཟིགས་པ་རྨི།། རྒོད་ནམ་མཁའི་མཐོངས་ལ་འཕུར་བ་རྨི།། བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས།། དེ་ལྟར་རྨི་བའི་རྟེན་འབྲེལ་གྱིས།། བཟང་བའི་དགེ་ལྟས་ཡིན་ནམ་སྙམ།། བདག་ནི་ཉམས་དགའ་ཤེས་པ་སྤྲོ།། ངོ་སྤྲོད་ལུང་བསྟན་གནང་དུ་གསོལ།། ཅེས་ཞུས་པས། བླ་མ་ཤིན་ཏུ་མཉེས་ཏེ། རྨི་ལམ་བཟང་འདུག་གསུངས། ཡུམ་ལ་བདག་མེད་མ་ཚོགས་ཀྱི་འཁོར་ལོ་བཟང་པོ་གཅིག་གི་གྲབས་གྱིས་གསུངས།", "target": "ཀ་ ཐོག་ ཏུ་ སེང་ཆེན་ འགྱིང་བ་ རྨི ། ། སེང་གཡུ་རལ་ མཐའ་ ནས་ རྒྱས་པ་ རྨི ། ། སྡེར་ བཞི་ གངས་ ལ་ བགྲད་པ་ རྨི ། ། སྤྱན་མིག་ གྱེན་ དུ་ གཟིགས་པ་ རྨི ། ། སེང་ གངས་དཀར་ གྱི་ ལྟོངས་ སུ་ འཕྱོ་བ་ རྨི ། ། བླ་མ་ དུས་གསུམ་སངས་རྒྱས་ ལ་ ཞུས་པ་ ལགས ། ། ལྷོ་ རུ་ ཀ་ཆེན་ བཙུགས་པ་ རྨི ། ། ཀ་ ཐོག་ ཏུ་ སྟག་མོ་ ངར་བ་ རྨི ། ། སྟག་ གྲ་འཛུམ་ མཐའ་ ནས་ རྒྱས་པ་ རྨི ། ། ཁོང་འཛུམ་ ལན་ གསུམ་ བྱས་པ་ རྨི ། ། སྡེར་ བཞི་ ནགས་ ལ་ བགྲད་པ་ རྨི ། ། སྤྱན་མིག་ གྱེན་ དུ་ གཟིགས་པ་ རྨི ། ། སྟག་ ནགས་ ཀྱི་ གསེབ་ ལ་ འཕྱོ་བ་ རྨི ། ། ནགས་ ཐང་ཤིང་ རྒྱུན་ དུ་ འབྲེལ་བ་ རྨི ། ། བླ་མ་ དུས་གསུམ་སངས་རྒྱས་ ལ་ ཞུས་པ་ ལགས ། ། ནུབ་ ཏུ་ ཀ་ཆེན་ བཙུགས་པ་ རྨི ། ། ཀ་ ཐོག་ ཏུ་ ཁྱུང་ཆེན་ ལྡིང་བ་ རྨི ། ། ཁྱུང་གཤོག་སྒྲོ་ མཐའ་ ནས་ རྒྱས་པ་ རྨི ། ། ཁྱུང་རྭ་ གནམ་ དུ་ གཟེངས་པ་ རྨི ། ། སྤྱན་མིག་ གྱེན་ དུ་ གཟིགས་པ་ རྨི ། ། ཁྱུང་ ནམ་མཁ འི་ མཐོངས་ ལ་ འཕུར་བ་ རྨི ། ། བླ་མ་ དུས་གསུམ་སངས་རྒྱས་ ལ་ ཞུས་པ་ ལགས ། ། བྱང་ དུ་ ཀ་ཆེན་ བཙུགས་པ་ རྨི ། ། ཀ་ ཐོག་ ཏུ་ རྒོད་པོ་ ལྡིང་བ་ རྨི ། ། རྒོད་རྩེ་སྒྲོ་ མཐའ་ ནས་ རྒྱས་པ་ རྨི ། ། རྒོད་ཚང་ བྲག་ ལ་ བཅས་པ་ རྨི ། ། རྒོད་ དེ་ ལ་ བུ་ གཅིག་ བྱུང་བ་ རྨི ། ། བྱ་ཕྲན་ གྱིས་ ནམ་མཁའ་ གང་བ་ རྨི ། ། སྤྱན་མིག་ གྱེན་ དུ་ གཟིགས་པ་ རྨི ། ། རྒོད་ ནམ་མཁ འི་ མཐོངས་ ལ་ འཕུར་བ་ རྨི ། ། བླ་མ་ དུས་གསུམ་སངས་རྒྱས་ ལ་ ཞུས་པ་ ལགས ། ། དེ་ ལྟ ར་ རྨི་བ འི་ རྟེན་འབྲེལ་ གྱིས ། ། བཟང་བ འི་ དགེ་ལྟས་ ཡིན་ ནམ་ སྙམ ། ། བདག་ ནི་ ཉམས་དགའ་ ཤེས་པ་ སྤྲོ ། ། ངོ་སྤྲོད་ལུང་བསྟན་ གནང་ དུ་ གསོལ ། ། ཅེས་ ཞུས་པ ས ། བླ་མ་ ཤིན་ ཏུ་ མཉེས་ ཏེ ། རྨི་ལམ་ བཟང་ འདུག་ གསུངས ། ཡུམ་ ལ་ བདག་མེད་མ་ ཚོགས་ ཀྱི་ འཁོར་ལོ་ བཟང་པོ་ གཅིག་ གི་ གྲབས་ གྱིས་ གསུངས །" }, { "source": "དེར་ཡུམ་གྱིས་ཡོ་བྱད་རྣམས་འཛོམས་པ་དང་།། སློབ་མ་བུ་ཆེན་རྣམས་བསགས་ནས་ཚོགས་འཁོར་བཟང་པོ་ཞིག་མཛད་པའི་གྲལ་དུ་བླ་མའི་ཞལ་ནས། མི་ལ་རྡོ་རྗེ་རྒྱལ་མཚན་ལ་རྨི་ལམ་བཟང་པོ་འདི་འདྲ་བྱུང་འདུག་པ་ངོ་མཚར་ཆེ་ཨང་གསུངས་པ་ལ། བུ་ཆེན་རྣམས་ཀྱིས་རྨི་ལམ་དེ་དག་གི་བརྡ་དོན་བཀྲོལ་ནས་ལུང་བསྟན་གནང་བར་ཞུ་ཞུས་པས། སྐྱེས་མཆོག་སྒྲ་སྒྱུར་ཆེན་པོས་བུ་སློབ་རྣམས་ལ་རྔ་སྒྲ་རྒྱལ་པོའི་སྐད་ལ་རྟ་དྲངས་ཏེ། བསྟན་པ་ལ་དར་རྒྱས་འབྱུང་བ་མ་འོངས་ལུང་བསྟན། རྨི་ལམ་ཀ་བཞི་བརྡ་འགྲོལ་གྱི་མགུར་ཆེན་འདི་གསུངས་སོ།།།། རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན།། པཎ་ཆེན་ནཱ་རོའི་ཞབས་ལ་འདུད། འདིར་བཞུགས་གདན་གང་བུ་སློབ་ཀུན།། རྨི་ལམ་བརྡ་ལས་བྱུང་བ་ཡི།། ངོ་མཚར་མ་འོངས་ལུང་བསྟན་འདི།། ཕ་རྒན་ང་ཡིས་བཤད་ཀྱིས་ཉོན།། འཛམ་གླིང་བྱང་ཕྱོགས་ས་སྟེངས་དེ།། བོད་ན་དར་བའི་ཐུབ་བསྟན་ཡིན།། དེ་སྟེང་གངས་རི་ཆགས་པ་དེ།། ཕ་རྒན་མར་པ་ལོ་ཙྪ་དང་། བཀའ་བརྒྱུད་ཡོངས་ཀྱི་བསྟན་པ་ཡིན།། གངས་རྩེ་མོ་དགུང་ལ་རེག་པ་དེ།། ལྟ་བ་འགྲན་ཟླ་མེད་པ་ཡིན།། རྩེ་ལ་ཉི་ཟླ་འཁོར་བ་དེ།། བསྒོམ་པ་འོད་གསལ་མཁྱེན་བརྩེ་ཡིན།། འོད་ཀྱིས་ནམ་མཁའ་གང་བ་དེ།། ཐུགས་རྗེ་མ་རིག་མུན་སེལ་ཡིན།། རྩ་བས་ས་གཞི་ཁྱབ་པ་དེ།། ཕྲིན་ལས་ཀྱིས་ས་གཞི་ཁྱབ་པ་ཡིན།། ཕྱོགས་བཞིར་ཆུ་རྒྱུན་འབབ་པ་དེ།། སྨིན་གྲོལ་དབང་བཞིའི་གདམས་ངག་ཡིན།། ཆུ་དེས་འགྲོ་ཀུན་ཚིམ་པ་དེ།། གདུལ་བྱ་སྨིན་ཅིང་གྲོལ་བ་ཡིན།། ཆུ་སྣ་རྒྱ་མཚོར་འབབ་པ་དེ།།", "target": "དེ ར་ ཡུམ་ གྱིས་ ཡོ་བྱད་ རྣམས་ འཛོམས་པ་ དང་ ། ། སློབ་མ་བུ་ཆེན་ རྣམས་ བསགས་ ནས་ ཚོགས་འཁོར་ བཟང་པོ་ ཞིག་ མཛད་པ འི་ གྲལ་ དུ་ བླ་མ འི་ ཞལ་ ནས ། མི་ལ་རྡོ་རྗེ་རྒྱལ་མཚན་ ལ་ རྨི་ལམ་ བཟང་པོ་ འདི་ འདྲ་ བྱུང་ འདུག་པ་ ངོ་མཚར་ ཆེ་ ཨང་ གསུངས་པ་ ལ ། བུ་ཆེན་ རྣམས་ ཀྱིས་ རྨི་ལམ་ དེ་ དག་ གི་ བརྡ་དོན་ བཀྲོལ་ ནས་ ལུང་བསྟན་ གནང་བ ར་ ཞུ་ ཞུས་པ ས ། སྐྱེས་མཆོག་ སྒྲ་སྒྱུར་ ཆེན་པོ ས་ བུ་སློབ་ རྣམས་ ལ་ རྔ་ སྒྲ་ རྒྱལ་པོ འི་ སྐད་ ལ་ རྟ་ དྲངས་ ཏེ ། བསྟན་པ་ ལ་ དར་རྒྱས་ འབྱུང་བ་ མ་ འོངས་ ལུང་ བསྟན ། རྨི་ལམ་ ཀ་ བཞི་ བརྡ་ འགྲོལ་ གྱི་ མགུར་ཆེན་ འདི་ གསུངས་ སོ ། ། ། ། རྗེ་ དུས་གསུམ་སངས་རྒྱས་ འགྲོ་བ འི་ མགོན ། ། པཎ་ཆེན་ ནཱ་རོ འི་ ཞབས་ ལ་ འདུད ། འདི ར་ བཞུགས་གདན་ གང་ བུ་སློབ་ ཀུན ། ། རྨི་ལམ་བརྡ་ ལས་ བྱུང་བ་ ཡི ། ། ངོ་མཚར་ མ་ འོངས་ ལུང་བསྟན་ འདི ། ། ཕ་རྒན་ ང་ ཡིས་ བཤད་ ཀྱིས་ ཉོན ། ། འཛམ་གླིང་ བྱང་ཕྱོགས་ ས་ སྟེངས་ དེ ། ། བོད་ ན་ དར་བ འི་ ཐུབ་བསྟན་ ཡིན ། ། དེ་ སྟེང་ གངས་རི་ ཆགས་པ་ དེ ། ། ཕ་རྒན་ མར་པ་ ལོ་ཙྪ་ དང་ ། བཀའ་བརྒྱུད་ ཡོངས་ ཀྱི་ བསྟན་པ་ ཡིན ། ། གངས་རྩེ་མོ་ དགུང་ ལ་ རེག་པ་ དེ ། ། ལྟ་བ་ འགྲན་ཟླ་ མེད་པ་ ཡིན ། ། རྩེ་ ལ་ ཉི་ཟླ་ འཁོར་བ་ དེ ། ། བསྒོམ་པ་ འོད་གསལ་མཁྱེན་བརྩེ་ ཡིན ། ། འོད་ ཀྱིས་ ནམ་མཁའ་ གང་བ་ དེ ། ། ཐུགས་རྗེ་ མ་རིག་མུན་སེལ་ ཡིན ། ། རྩ་བ ས་ ས་གཞི་ ཁྱབ་པ་ དེ ། ། ཕྲིན་ལས་ ཀྱིས་ ས་གཞི་ ཁྱབ་པ་ ཡིན ། ། ཕྱོགས་ བཞི ར་ ཆུ་རྒྱུན་ འབབ་པ་ དེ ། ། སྨིན་གྲོལ་དབང་ བཞི འི་ གདམས་ངག་ ཡིན ། ། ཆུ་ དེ ས་ འགྲོ་ ཀུན་ ཚིམ་པ་ དེ ། ། གདུལ་བྱ་ སྨིན་ ཅིང་ གྲོལ་བ་ ཡིན ། ། ཆུ་སྣ་ རྒྱ་མཚོ ར་ འབབ་པ་ དེ ། །" }, { "source": "འོད་གསལ་མ་བུ་མཇལ་བ་ཡིན།། མེ་ཏོག་སྣ་ཚོགས་བཀྲ་བ་དེ།། འབྲས་བུ་སྐྱོན་བྲལ་ཉམས་མྱོང་ཡིན།། སྤྱིར་རྨི་ལམ་མི་ངན་རྨི་ལམ་བཟང་།། འདིར་ཚོགས་གྲྭ་པ་བུ་སློབ་ཀུན།། སྒོས་ལྷུན་སྟུག་གངས་རི་མཐོན་པོ་།། ཤར་དུ་ཀ་ཆེན་བཙུགས་པ་དེ།། དོལ་གྱི་ཚུལ་སྟོང་དབང་ངེ་ཡིན།། ཀ་ཐོག་ཏུ་སེང་ཆེན་འགྱིང་བ་དེ།། སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན།། སྡེར་བཞི་གངས་ལ་བགྲད་པ་དེ།། ཚད་མེད་བཞི་དང་ལྡན་པ་ཡིན།། སྤྱན་མིག་གྱེན་དུ་གཟིགས་པ་དེ།། འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན།། སེང་གངས་དཀར་ལྟོངས་སུ་འཕྱོ་བ་དེ།། ཐར་པའི་གླིང་དུ་གཤེགས་པ་ཡིན།། ཤར་རྨི་ལམ་མི་ངན་རྨི་ལམ་བཟང་།། འདིར་ཚོགས་གྲྭ་པ་བུ་སློབ་ཀུན།། ལྷོ་རུ་ཀ་ཆེན་བཙུགས་པ་དེ།། གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན།། ཀ་ཐོག་ཏུ་སྟག་མོ་ངར་བ་དེ།། ཁོ་མི་གཞི་སྟག་དང་འདྲ་བ་ཡིན།། སྟག་གྲ་འཛུམ་མཐའ་ནས་རྒྱས་པ་དེ།། སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན།། ཁོང་འཛུམ་ལན་གསུམ་བྱས་པ་དེ།། སྐུ་གསུམ་རང་ངོ་འཕྲོད་པ་ཡིན།། སྡེར་བཞི་ནགས་ལ་བགྲད་པ་དེ།། ཕྲིན་ལས་རྣམ་བཞི་འགྲུབ་པ་ཡིན།། སྤྱན་མིག་གྱེན་དུ་གཟིགས་པ་དེ།། འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན།། སྟག་ནགས་ཀྱི་གསེབ་ཏུ་འཕྱོ་བ་དེ།། ཐར་པའི་གླིང་དུ་གཤེགས་པ་ཡིན།། ཐང་ཤིང་བརྒྱུད་དུ་འབྲེལ་བ་དེ།། བུ་ཚ་བོས་བརྒྱུད་པ་ཟིན་པ་ཡིན།། ལྷོ་རྨི་ལམ་མི་ངན་རྨི་ལམ་བཟང་།། འདིར་ཚོགས་གྲྭ་པ་བུ་སློབ་ཀུན།། ནུབ་ཏུ་ཀ་ཆེན་བཙུགས་པ་དེ།། གཙང་རོང་གི་མེས་སྟོན་ཚོན་པོ་ཡིན།།", "target": "འོད་གསལ་མ་བུ་ མཇལ་བ་ ཡིན ། ། མེ་ཏོག་ སྣ་ཚོགས་ བཀྲ་བ་ དེ ། ། འབྲས་བུ་ སྐྱོན་ བྲལ་ ཉམས་ མྱོང་ ཡིན ། ། སྤྱི ར་ རྨི་ལམ་ མི་ ངན་ རྨི་ལམ་ བཟང་ ། ། འདི ར་ ཚོགས་ གྲྭ་པ་བུ་སློབ་ ཀུན ། ། སྒོས་ ལྷུན་སྟུག་གངས་རི་ མཐོན་པོ་ ། ། ཤར་ དུ་ ཀ་ཆེན་ བཙུགས་པ་ དེ ། ། དོལ་ གྱི་ ཚུལ་སྟོང་དབང་ངེ་ ཡིན ། ། ཀ་ ཐོག་ ཏུ་ སེང་ཆེན་ འགྱིང་བ་ དེ ། ། སྙན་བརྒྱུད་ ཀྱི་ གདམས་ངག་ ཐེབས་པ་ ཡིན ། ། སྡེར་ བཞི་ གངས་ ལ་ བགྲད་པ་ དེ ། ། ཚད་མེད་ བཞི་ དང་ ལྡན་པ་ ཡིན ། ། སྤྱན་མིག་ གྱེན་ དུ་ གཟིགས་པ་ དེ ། ། འཁོར་བ་ ལ་ ཕྱི་ཕྱག་ འཚལ་བ་ ཡིན ། ། སེང་ གངས་དཀར་ ལྟོངས་ སུ་ འཕྱོ་བ་ དེ ། ། ཐར་པ འི་ གླིང་ དུ་ གཤེགས་པ་ ཡིན ། ། ཤར་རྨི་ལམ་ མི་ ངན་ རྨི་ལམ་ བཟང་ ། ། འདི ར་ ཚོགས་ གྲྭ་པ་བུ་སློབ་ ཀུན ། ། ལྷོ་ རུ་ ཀ་ཆེན་ བཙུགས་པ་ དེ ། ། གཞུང་ གི་ རྔོག་སྟོན་ཆོས་རྡོར་ ཡིན ། ། ཀ་ ཐོག་ ཏུ་ སྟག་མོ་ ངར་བ་ དེ ། ། ཁོ་ མི་གཞི་ སྟག་ དང་ འདྲ་བ་ ཡིན ། ། སྟག་ གྲ་འཛུམ་ མཐའ་ ནས་ རྒྱས་པ་ དེ ། ། སྙན་བརྒྱུད་ ཀྱི་ གདམས་ངག་ ཐེབས་པ་ ཡིན ། ། ཁོང་འཛུམ་ ལན་ གསུམ་ བྱས་པ་ དེ ། ། སྐུ་ གསུམ་ རང་ ངོ་ འཕྲོད་པ་ ཡིན ། ། སྡེར་ བཞི་ ནགས་ ལ་ བགྲད་པ་ དེ ། ། ཕྲིན་ལས་ རྣམ་ བཞི་ འགྲུབ་པ་ ཡིན ། ། སྤྱན་མིག་ གྱེན་ དུ་ གཟིགས་པ་ དེ ། ། འཁོར་བ་ ལ་ ཕྱི་ཕྱག་ འཚལ་བ་ ཡིན ། ། སྟག་ ནགས་ ཀྱི་ གསེབ་ ཏུ་ འཕྱོ་བ་ དེ ། ། ཐར་པ འི་ གླིང་ དུ་ གཤེགས་པ་ ཡིན ། ། ཐང་ཤིང་ བརྒྱུད་ དུ་ འབྲེལ་བ་ དེ ། ། བུ་ཚ་བོ ས་ བརྒྱུད་པ་ ཟིན་པ་ ཡིན ། ། ལྷོ་རྨི་ལམ་ མི་ ངན་ རྨི་ལམ་ བཟང་ ། ། འདི ར་ ཚོགས་ གྲྭ་པ་བུ་སློབ་ ཀུན ། ། ནུབ་ ཏུ་ ཀ་ཆེན་ བཙུགས་པ་ དེ ། ། གཙང་རོང་ གི་ མེས་སྟོན་ཚོན་པོ་ ཡིན ། །" }, { "source": "ཀ་ཐོག་ཏུ་ཁྱུང་ཆེན་ལྡིང་བ་དེ།། ཁོ་མི་གཞི་ཁྱུང་དང་འདྲ་བ་ཡིན།། ཁྱུང་གཤོག་མཐའ་ནས་རྒྱས་པ་དེ།། སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན།། ཁྱུང་རྭ་གནམ་དུ་གཟེངས་པ་དེ།། ལྟ་སྒོམ་གྱི་གོལ་ས་ཆོད་པ་ཡིན།། སྤྱན་མིག་གྱེན་དུ་གཟིགས་པ་དེ།། འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན།། ཁྱུང་ནམ་མཁའི་མཐོངས་ལ་འཕུར་བ་དེ།། ཐར་པའི་གླིང་དུ་གཤེགས་པ་ཡིན།། ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་།། འདིར་ཚོགས་གྲྭ་པ་བུ་སློབ་ཀུན།། བྱང་དུ་ཀ་ཆེན་བཙུགས་པ་དེ།། གུང་ཐང་གི་མི་ལ་རས་པ་ཡིན།། ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ།། སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན།། རྒོད་ཚང་བྲག་ལ་བཅས་པ་དེ།། ཚེ་སྲོག་བྲག་ལས་སྲ་བ་ཡིན།། རྒོད་དེ་ལ་བུ་གཅིག་བྱུང་བ་དེ།། འགྲན་གྱི་དོ་མེད་གཅིག་ཡོང་བ་ཡིན།། བྱ་ཕྲན་གྱིས་ནམ་མཁའ་གང་བ་དེ།། བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན།། སྤྱན་མིག་གྱེན་དུ་གཟིགས་པ་དེ།། འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན།། རྒོད་ནམ་མཁའི་མཐོངས་སུ་འཕུར་བ་དེ།། ཐར་པའི་གླིང་དུ་གཤེགས་པ་ཡིན།། བྱང་རྨི་ལམ་མི་ངན་རྨི་ལམ་བཟང་།། ཁྱེད་འདིར་འཚོགས་རྣམས་ལ་བཤད་པ་ཡིན།། ང་ཕ་རྒན་གྱི་བྱ་བ་བྱས་ཤིང་མཚར།། ད་ཁྱེད་བུ་སློབ་ཀྱི་དུས་ལ་བབ་ནས་གདའ།། ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན།། ཕྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ནས་ཡོང་།། ཞེས་གསུངས་པས། ཚོགས་པ་ཀུན་གྱིས་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ་བོ།། དེ་ནས་བླ་མས་བུ་ཆེན་རྣམས་ལ་ཆོས་དང་གདམས་ངག་གི་སྐོར་མཛོད་རྣམས་ཁ་ཕྱེས་སྟེ། ཉིན་འཆད་ཅིང་མཚན་སྒོམ་དུ་བཅུག་ནས།", "target": "ཀ་ ཐོག་ ཏུ་ ཁྱུང་ཆེན་ ལྡིང་བ་ དེ ། ། ཁོ་ མི་གཞི་ ཁྱུང་ དང་ འདྲ་བ་ ཡིན ། ། ཁྱུང་གཤོག་ མཐའ་ ནས་ རྒྱས་པ་ དེ ། ། སྙན་བརྒྱུད་ ཀྱི་ གདམས་ངག་ ཐེབས་པ་ ཡིན ། ། ཁྱུང་རྭ་ གནམ་ དུ་ གཟེངས་པ་ དེ ། ། ལྟ་སྒོམ་ གྱི་ གོལ་ས་ ཆོད་པ་ ཡིན ། ། སྤྱན་མིག་ གྱེན་ དུ་ གཟིགས་པ་ དེ ། ། འཁོར་བ་ ལ་ ཕྱི་ཕྱག་ འཚལ་བ་ ཡིན ། ། ཁྱུང་ ནམ་མཁ འི་ མཐོངས་ ལ་ འཕུར་བ་ དེ ། ། ཐར་པ འི་ གླིང་ དུ་ གཤེགས་པ་ ཡིན ། ། ནུབ་ རྨི་ལམ་ མི་ ངན་ རྨི་ལམ་ བཟང་ ། ། འདི ར་ ཚོགས་ གྲྭ་པ་བུ་སློབ་ ཀུན ། ། བྱང་ དུ་ ཀ་ཆེན་ བཙུགས་པ་ དེ ། ། གུང་ཐང་ གི་ མི་ལ་རས་པ་ ཡིན ། ། ཀ་ ཐོག་ ཏུ་ རྒོད་པོ་ ལྡིང་བ་ དེ ། ། སྙན་བརྒྱུད་ ཀྱི་ གདམས་ངག་ ཐེབས་པ་ ཡིན ། ། རྒོད་ཚང་ བྲག་ ལ་ བཅས་པ་ དེ ། ། ཚེ་སྲོག་ བྲག་ ལས་ སྲ་བ་ ཡིན ། ། རྒོད་ དེ་ ལ་ བུ་ གཅིག་ བྱུང་བ་ དེ ། ། འགྲན་ གྱི་ དོ་མེད་ གཅིག་ ཡོང་བ་ ཡིན ། ། བྱ་ཕྲན་ གྱིས་ ནམ་མཁའ་ གང་བ་ དེ ། ། བཀའ་བརྒྱུད་ ཀྱི་ བསྟན་པ་ དར་བ་ ཡིན ། ། སྤྱན་མིག་ གྱེན་ དུ་ གཟིགས་པ་ དེ ། ། འཁོར་བ་ ལ་ ཕྱི་ཕྱག་ འཚལ་བ་ ཡིན ། ། རྒོད་ ནམ་མཁ འི་ མཐོངས་ སུ་ འཕུར་བ་ དེ ། ། ཐར་པ འི་ གླིང་ དུ་ གཤེགས་པ་ ཡིན ། ། བྱང་རྨི་ལམ་ མི་ ངན་ རྨི་ལམ་ བཟང་ ། ། ཁྱེད་ འདི ར་ འཚོགས་ རྣམས་ ལ་ བཤད་པ་ ཡིན ། ། ང་ ཕ་རྒན་ གྱི་ བྱ་བ་ བྱས་ ཤིང་ མཚར ། ། ད་ ཁྱེད་ བུ་སློབ་ ཀྱི་ དུས་ ལ་ བབ་ ནས་ གདའ ། ། ང་ མི་རྒན་ གྱི་ ཁ་ ལ་ གཏད་ ཡོད་ ན ། ། ཕྱི ས་ སྒྲུབ་བརྒྱུད་ ཀྱི་ བསྟན་པ་ དར་ ནས་ ཡོང་ ། ། ཞེས་ གསུངས་པ ས ། ཚོགས་པ་ ཀུན་ གྱིས་ དགའ་སྤྲོ་ དཔག་ ཏུ་ མེད་པ་ ཐོབ་ བོ ། ། དེ་ ནས་ བླ་མ ས་ བུ་ཆེན་ རྣམས་ ལ་ ཆོས་ དང་ གདམས་ངག་ གི་ སྐོར་མཛོད་ རྣམས་ ཁ་ ཕྱེས་ སྟེ ། ཉིན་ འཆད་ ཅིང་ མཚན་ སྒོམ་ དུ་ བཅུག་ ནས །" }, { "source": "ཀུན་ཐུགས་དམ་དམར་བར་ཡོད་པའི་ཚེ། སྐབས་སྐབས་སུ་བུ་སློབ་རྣམས་ཀྱིས། ཚོགས་དང་འབུལ་བ་བྱེད་པ་ལས། མེས་སྟོན་ཕྱི་ནས་སླེབ་པས་ཚོགས་བཤམས་ཏེ། འབུལ་བ་བར་པ་བགྱིས་པའི་ཚོགས་གྲལ་དུ་མེས་སྟོན་གྱིས་བླ་མ་ལགས། སྲས་སངས་རྒྱས་ལྟ་བུ་དེ་བདག་ཅག་རྣམས་ཀྱི་བསོད་ནམས་ཀྱིས་མ་ཐུབ་རུང་། བླ་མ་རང་ཉི་ཟླ་ལྟ་བུ་ལ། བླ་མ་རྔོག་པས་དབུ་མཛད་ཐུགས་སྲས་བུ་ཆེན་རྒྱུ་སྐར་ལྟ་བུས་བསྐོར་ནས། གསང་སྔགས་ཀྱི་བསྟན་པ་ཉིན་མོར་བགྱིད་པ་ཡང་ངོ་མཚར་ཆེན་པོ་ལགས་པས། དོ་ནུབ་གྱི་ཚོགས་གྲལ་འདིར་བླ་མ་རང་གིས་མཛད་པ། བདག་ཅག་རྣམས་ཀྱི་མིག་རྐྱེན་ལ་ཕན་པའི་མགུར་ཞིག་ཐུགས་ལ་འདོགས་པར་ཞུ་ཞེས་ཞུས་པས། རྗེ་མར་པས། མེས་སྟོན་ཆོས་ལ་བཀའ་ཤིན་ཏུ་དོག་པར་མཁྱེན་ནས། དེ་ལ་དགོངས་པའི་མགུར་འདི་གསུངས་སོ།།།། རྗེ་བླ་མ་དང་མི་བསྐྱོད་ཐ་དད་མེད།། སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ།། དུས་དེ་རིང་རྒྱུད་བཤད་ཚོགས་གྲལ་དུ།། ང་མར་སྟོན་ཆོས་ཀྱི་བློ་གྲོས་འདི།། དགོས་པའི་ལོ་རྒྱུས་གླུ་རུ་ལེན།། ཡུལ་རྣ་བས་ཐོས་པའི་གཙང་དུ་ཕྱིན།། དཔལ་མྱུ་གུ་ལུང་གི་དགོན་པ་རུ།། གསང་སྔགས་ཆོས་ཀྱི་མུ་གེ་ལ།། སེམས་ཡི་དྭགས་བྱེད་ཅིང་ལོ་གསུམ་བསྡད།། ལར་མི་ཚེ་སྟོང་སྐྱེལ་བྱས་པ་འདྲ།། ལྷོ་བལ་ཕྱོགས་སུ་འགྲོ་བར་བསམས།། ཆོས་སྐོམ་ཆུས་དཀོན་པའི་སྡུག་ཉམས་ཀྱིས།། ལན་ཅིག་ཤེས་པའི་དུས་བྱུང་ན།། འདོད་པའི་མི་ལ་སྦྱིན་དགོས་བསམ།། ཆོས་དཀའ་ལས་སྲོག་དང་།། དོ་བདོས་ཟབ་མོའི་གདམས་ངག་ནུབ་པར་ཕངས།། མེ་སྟོན་དང་རྔོག་སྟོན་མ་གཏོགས་པ།། ཁོང་གཞན་ལ་གཞུང་བཤད་བྱས་པ་མེད།།", "target": "ཀུན་ ཐུགས་དམ་ དམར་བ ར་ ཡོད་པ འི་ ཚེ ། སྐབས་ སྐབས་ སུ་ བུ་སློབ་ རྣམས་ ཀྱིས ། ཚོགས་ དང་ འབུལ་བ་ བྱེད་པ་ ལས ། མེས་སྟོན་ ཕྱི་ ནས་ སླེབ་པ ས་ ཚོགས་ བཤམས་ ཏེ ། འབུལ་བ་ བར་པ་ བགྱིས་པ འི་ ཚོགས་གྲལ་ དུ་ མེས་སྟོན་ གྱིས་ བླ་མ་ ལགས ། སྲས་ སངས་རྒྱས་ ལྟ་བུ་ དེ་ བདག་ཅག་ རྣམས་ ཀྱི་ བསོད་ནམས་ ཀྱིས་ མ་ ཐུབ་ རུང་ ། བླ་མ་ རང་ ཉི་ཟླ་ ལྟ་བུ་ ལ ། བླ་མ་ རྔོག་པ ས་ དབུ་ མཛད་ ཐུགས་སྲས་ བུ་ཆེན་ རྒྱུ་སྐར་ ལྟ་བུ ས་ བསྐོར་ ནས ། གསང་སྔགས་ ཀྱི་ བསྟན་པ་ ཉིན་མོ ར་ བགྱིད་པ་ ཡང་ ངོ་མཚར་ ཆེན་པོ་ ལགས་པ ས ། དོ་ནུབ་ གྱི་ ཚོགས་གྲལ་ འདི ར་ བླ་མ་ རང་ གིས་ མཛད་པ ། བདག་ཅག་ རྣམས་ ཀྱི་ མིག་རྐྱེན་ ལ་ ཕན་པ འི་ མགུར་ ཞིག་ ཐུགས་ ལ་ འདོགས་པ ར་ ཞུ་ ཞེས་ ཞུས་པ ས ། རྗེ་ མར་པ ས ། མེས་སྟོན་ ཆོས་ ལ་ བཀའ་ ཤིན་ ཏུ་ དོག་པ ར་ མཁྱེན་ ནས ། དེ་ ལ་ དགོངས་པ འི་ མགུར་ འདི་ གསུངས་ སོ ། ། ། ། རྗེ་ བླ་མ་ དང་ མི་བསྐྱོད་ ཐ་དད་ མེད ། ། སྤྱི་གཙུག་རྒྱན་ དུ་ བཞུགས་ སུ་ གསོལ ། ། དུས་ དེ་ རིང་རྒྱུད་ བཤད་ཚོགས་ གྲལ་ དུ ། ། ང་ མར་སྟོན་ ཆོས་ ཀྱི་ བློ་གྲོས་ འདི ། ། དགོས་པ འི་ ལོ་རྒྱུས་ གླུ་ རུ་ ལེན ། ། ཡུལ་ རྣ་བ ས་ ཐོས་པ འི་ གཙང་ དུ་ ཕྱིན ། ། དཔལ་མྱུ་གུ་ལུང་ གི་ དགོན་པ་ རུ ། ། གསང་སྔགས་ཆོས་ ཀྱི་ མུ་གེ་ ལ ། ། སེམས་ ཡི་དྭགས་ བྱེད་ ཅིང་ ལོ་ གསུམ་ བསྡད ། ། ལ ར་ མི་ཚེ་སྟོང་སྐྱེལ་ བྱས་པ་ འདྲ ། ། ལྷོ་བལ་ ཕྱོགས་ སུ་ འགྲོ་བ ར་ བསམས ། ། ཆོས་ སྐོམ་ ཆུ ས་ དཀོན་པ འི་ སྡུག་ཉམས་ ཀྱིས ། ། ལན་ ཅིག་ ཤེས་པ འི་ དུས་ བྱུང་ ན ། ། འདོད་པ འི་ མི་ ལ་ སྦྱིན་ དགོས་ བསམ ། ། ཆོས་ དཀའ་ལས་ སྲོག་ དང་ ། ། དོ་ བདོས་ ཟབ་མོ འི་ གདམས་ངག་ ནུབ་པ ར་ ཕངས ། ། མེ་སྟོན་ དང་ རྔོག་སྟོན་ མ་ གཏོགས་པ ། ། ཁོང་ གཞན་ ལ་ གཞུང་བཤད་ བྱས་པ་ མེད ། །" }, { "source": "ཆོས་འདོད་པ་རྣམས་ལ་ཤོད་ཅིག་བྱས།། ནོར་འབུལ་བ་ཅན་གྱི་སློབ་མས་ཀྱང་།། སྔ་མ་ལ་བཀའ་རྒྱ་བཏབ་པ་མེད།། ནོར་ཅི་ཡང་མེད་པའི་མཐུ་ཆེན་དང་།། ཞབས་ཏོག་ཅན་གྱི་རྔོག་སྟོན་ལ།། གདམས་ངག་ལ་དམ་ལྷོད་མ་བྱས་པས།། དམ་ཆོས་ཚུལ་བཞིན་སྒྲུབ་པ་གྱིས།། མི་ང་ཡིས་དཀའ་ལས་འདི་ཙམ་བྱས།། ནོར་ཆུད་ཟོས་ཅན་དུ་མ་སོང་བ།། ལག་ཏུ་གསེར་སྲང་བརྒྱད་ཅུ་ཁྱེར།། རྟེན་ཁྱད་པར་ཅན་ལ་མཆོད་པ་ཕུལ།། བླ་མ་རྣམས་ལ་འབུལ་བ་བགྱིས།། གནས་ཁྱད་པར་ཅན་དུ་ཚོགས་གཏོར་བྱས།། བུ་ཁྱེད་ཀྱིས་བྱས་པའི་ཞབས་ཏོག་ལ།། དྲིན་ལན་དམ་ཆོས་དཔག་མེད་སྦྱིན།། ཆོས་ཀྱི་ཞོ་ཤ་ཉམས་སུ་ལོང་།། འགྲོ་བ་གཞན་ལ་ཅི་ཕན་མཛོད།། ཅེས་གསུངས་པས། མེས་སྟོན་ངེས་ཤེས་འདྲོངས་ཏེ་ཐུགས་སྐྱེད་ཆེན་པོ་བྱུང་ངོ་།། དེ་ནས་རྗེ་མར་པས། བདག་མེད་མའི་ཟབ་དབང་གཅིག་མཛད་པའི་ནུབ་མོ་ཐུགས་དགོངས་ལ། བུ་སློབ་འདི་རྣམས་ལ། ཁྱད་པར་དུ་ཆོས་གང་ལ་གང་གི་བཀའ་བབས་དང་ཕྲིན་ལས་ཡོང་བ་དེ་དང་དེ་ལ་དེ་སྟེར་དགོས་པས། ནང་པར་ཐོ་རངས་ཀྱི་རྟེན་འབྲེལ་ལ་བརྟག་པར་བྱ་དགོངས་ནས། ཐོ་རངས་འོད་གསལ་གྱི་ངང་ནས། བུ་ཆེན་རྣམས་ལ་གཟིགས་པས། གཞུང་གི་རྔོག་སྟོན་ཆོས་རྡོར་གྱིས་དགྱེས་རྡོར་གྱི་རྒྱུད་འགྲེལ་འགའ་ལ་བཤད་སྦྱང་མཛད། དོལ་གྱི་ཚུལ་སྟོན་དབང་ངེས་འཕོ་བ་སྒོམ། གཙང་རོང་གི་མེས་སྟོན་ཚོན་པོས་འོད་གསལ་བསྒོམ། རྗེ་བཙུན་མི་ལས་གཏུམ་མོ་བསྒོམ་པ་གཟིགས་པས། ཆོས་སོ་སོའི་བཀའ་བབས་དང་ཕྲིན་ལས་གང་ཡོད་མཁྱེན་ཏེ། བླ་མ་རྔོག་པ་ལ། མཐའ་དྲུག་ཚུལ་བཞི་སྒོ་ནས་རྒྱུད་བཤད་ཐབས་ཀྱི་མན་ངག་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་རྒྱན་དྲུགཐུགས་དམ་པདྨ་རཱ་གདགང་གཟར་དགང་བླུགས། རྒྱ་འགྲེལ་གྱི་ཕྱག་དཔེ་དང་བཅས་པ་གནང་ནས་བཤད་པའི་སྒོ་ནས་འགྲོ་དོན་གྱིས་ཤིག་གསུངས།", "target": "ཆོས་ འདོད་པ་ རྣམས་ ལ་ ཤོད་ ཅིག་ བྱས ། ། ནོར་ འབུལ་བ་ཅན་ གྱི་ སློབ་མ ས་ ཀྱང་ ། ། སྔ་མ་ ལ་ བཀའ་རྒྱ་ བཏབ་པ་ མེད ། ། ནོར་ ཅི་ ཡང་ མེད་པ འི་ མཐུ་ཆེན་ དང་ ། ། ཞབས་ཏོག་ཅན་ གྱི་ རྔོག་སྟོན་ ལ ། ། གདམས་ངག་ ལ་ དམ་ལྷོད་ མ་ བྱས་པ ས ། ། དམ་ཆོས་ ཚུལ་ བཞིན་ སྒྲུབ་པ་ གྱིས ། ། མི་ ང་ ཡིས་ དཀའ་ལས་ འདི་ ཙམ་ བྱས ། ། ནོར་ ཆུད་ཟོས་ཅན་ དུ་ མ་ སོང་བ ། ། ལག་ ཏུ་ གསེར་ སྲང་ བརྒྱད་ ཅུ་ ཁྱེར ། ། རྟེན་ ཁྱད་པར་ཅན་ ལ་ མཆོད་པ་ ཕུལ ། ། བླ་མ་ རྣམས་ ལ་ འབུལ་བ་ བགྱིས ། ། གནས་ ཁྱད་པར་ཅན་ དུ་ ཚོགས་གཏོར་ བྱས ། ། བུ་ ཁྱེད་ ཀྱིས་ བྱས་པ འི་ ཞབས་ཏོག་ ལ ། ། དྲིན་ལན་ དམ་ཆོས་ དཔག་མེད་ སྦྱིན ། ། ཆོས་ ཀྱི་ ཞོ་ཤ་ ཉམས་ སུ་ ལོང་ ། ། འགྲོ་བ་ གཞན་ ལ་ ཅི་ ཕན་ མཛོད ། ། ཅེས་ གསུངས་པ ས ། མེས་སྟོན་ ངེས་ཤེས་ འདྲོངས་ ཏེ་ ཐུགས་སྐྱེད་ ཆེན་པོ་ བྱུང་ ངོ་ ། ། དེ་ ནས་ རྗེ་ མར་པ ས ། བདག་མེད་མ འི་ ཟབ་དབང་ གཅིག་ མཛད་པ འི་ ནུབ་མོ་ ཐུགས་དགོངས་ ལ ། བུ་སློབ་ འདི་ རྣམས་ ལ ། ཁྱད་པ ར་ དུ་ ཆོས་ གང་ ལ་ གང་ གི་ བཀའ་བབས་ དང་ ཕྲིན་ལས་ ཡོང་བ་ དེ་ དང་ དེ་ ལ་ དེ་ སྟེར་ དགོས་པ ས ། ནང་པ ར་ ཐོ་རངས་ ཀྱི་ རྟེན་འབྲེལ་ ལ་ བརྟག་པ ར་ བྱ་ དགོངས་ ནས ། ཐོ་རངས་ འོད་གསལ་ གྱི་ ངང་ ནས ། བུ་ཆེན་ རྣམས་ ལ་ གཟིགས་པ ས ། གཞུང་ གི་ རྔོག་སྟོན་ཆོས་རྡོར་ གྱིས་ དགྱེས་རྡོར་ གྱི་ རྒྱུད་འགྲེལ་ འགའ་ ལ་ བཤད་སྦྱང་ མཛད ། དོལ་ གྱི་ ཚུལ་སྟོན་དབང་ངེ ས་ འཕོ་བ་ སྒོམ ། གཙང་རོང་ གི་ མེས་སྟོན་ཚོན་པོ ས་ འོད་གསལ་ བསྒོམ ། རྗེ་བཙུན་ མི་ལ ས་ གཏུམ་མོ་ བསྒོམ་པ་ གཟིགས་པ ས ། ཆོས་ སོ་སོ འི་ བཀའ་བབས་ དང་ ཕྲིན་ལས་ གང་ ཡོད་ མཁྱེན་ ཏེ ། བླ་མ་ རྔོག་པ་ ལ ། མཐའ་ དྲུག་ ཚུལ་ བཞི་ སྒོ་ ནས་ རྒྱུད་ བཤད་ཐབས་ ཀྱི་ མན་ངག་ མུ་ཏིག་ སྟར་ ལ་ བརྒྱུས་པ་ ལྟ་བུ་ ཞིག་ ཡོད་པ་ དེ་ དང་ ། ནཱ་རོ འི་ རྒྱན་ དྲུག ཐུགས་དམ་ པདྨ་རཱ་ག དགང་གཟར་ དགང་བླུགས ། རྒྱ་འགྲེལ་ གྱི་ ཕྱག་དཔེ་ དང་ བཅས་པ་ གནང་ ནས་ བཤད་པ འི་ སྒོ་ ནས་ འགྲོ་དོན་ གྱིས་ ཤིག་ གསུངས །" }, { "source": "དོལ་གྱི་ཚུལ་སྟོན་དབང་ངེ་ལ་འཕོ་བ་རྒྱ་མཐོངས་ཁ་བྱེ་བ་ལ་བྱ་འཕུར་བ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་དབུ་ལོ། ཕྱག་སེན། བདུད་རྩི་རིལ་བུ། རིགས་ལྔའི་དབུ་རྒྱན་རྣམས་གནང་སྟེ། འཕོ་བ་སྦྱོངས་ཤིག་གསུངས། གཙང་རོང་གི་མེས་སྟོན་ཚོན་པོ་ལ་འོད་གསལ་མུན་ནང་དུ་མར་མེ་སྦར་བ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་རྡོ་རྗེ་དྲིལ་བུ། ཊ་མ་རུ། ཉ་ཕྱིས་ཀྱི་ཀ་པཱ་ལ་རྣམས་གནང་ནས། བར་དོ་ཆོད་ཅིག་གསུངས། རྗེ་བཙུན་མི་ལ་ལ་གཏུམ་མོའི་ཁྱད་ཆོས་ཤིང་གཤགས་ལ་མེ་སྦར་བ་ལྟ་བུ་དང་། མཻ་ཏྲི་པའི་དབུ་ཞྭ། ནཱ་རོའི་ན་བཟའ་རྣམས་གནང་ནས། གནས་གཡའ་ཁྲོད་དང་གངས་ཁྲོད་འགྲིམས་ལ་ལྟ་སྒོམ་ཉམས་སུ་ལོང་ཞིག་གསུངས། དེ་ནས་གྲྭ་པ་ཀུན་འཛོམ་པའི་ཚོགས་འཁོར་གཅིག་མཛད་པའི་གྲལ་དུ་ངས་ཁྱེད་རྣམས་ལ་རྟེན་འབྲེལ་དང་མཐུན་པའི་གདམས་ངག་བྱིན་པ་བཞིན་སློབ་རྒྱུད་རྣམས་ལ་ཡང་གཙོ་བོར་རང་རང་གི་གདམས་ངག་གིས་ཕན་ཐོགས་དང་ཕྲིན་ལས་རྒྱ་ཆེར་འབྱུང་བ་ཡིན་ནོ།། ད་མདོ་སྡེ་འབུམ་ནི་མེད།། ངའི་བཀའ་བརྒྱུད་ཀྱི་ཕ་རབས་ཀྱི་གདམས་ངག་དང་བྱིན་རླབས་ཀྱི་བརྒྱུད་པ་ཁྱེད་རྣམས་ལ་གཏད་པ་ཡིན་པས་འབུངས་ཤིགའགྲོ་དོན་འཕེལ་བར་ཡོང་ངོ་གསུངས། དེའི་རྗེས་སུ་མེས་སྟོན་གྱིས་འབུལ་བ་གསུམ་པ་བགྱིས་པའི་ཚོགས་གྲལ་དུ་མེས་སྟོན་གྱིས་བླ་མ་ལགས། དེ་རིང་བདག་ལ་ཐུགས་བརྩེ་བས་དགོངས་ཏེ། པཎ་ཆེན་ནཱ་རོ་པའི་ཐུགས་བཞེད། རྗེ་རང་གི་ཐུགས་ཉམས་ལ་འཁྲུངས་པ། ལྟ་བ་གཏན་ལ་ཕེབས་པའི་མགུར་ཞིག་གསུང་བར་ཞུ་ཞུས་པས།", "target": "དོལ་ གྱི་ ཚུལ་སྟོན་དབང་ངེ་ ལ་ འཕོ་བ་ རྒྱ་མཐོངས་ ཁ་ བྱེ་བ་ ལ་ བྱ་ འཕུར་བ་ ལྟ་བུ་ ཞིག་ ཡོད་པ་ དེ་ དང་ ། ནཱ་རོ འི་ དབུ་ལོ ། ཕྱག་སེན ། བདུད་རྩི་རིལ་བུ ། རིགས་ ལྔ འི་ དབུ་རྒྱན་ རྣམས་ གནང་ སྟེ ། འཕོ་བ་ སྦྱོངས་ ཤིག་ གསུངས ། གཙང་རོང་ གི་ མེས་སྟོན་ཚོན་པོ་ ལ་ འོད་གསལ་ མུན་ ནང་ དུ་ མར་མེ་ སྦར་བ་ ལྟ་བུ་ ཞིག་ ཡོད་པ་ དེ་ དང་ ། ནཱ་རོ འི་ རྡོ་རྗེ་དྲིལ་བུ ། ཊ་མ་རུ ། ཉ་ཕྱིས་ ཀྱི་ ཀ་པཱ་ལ་ རྣམས་ གནང་ ནས ། བར་དོ་ ཆོད་ ཅིག་ གསུངས ། རྗེ་བཙུན་ མི་ལ་ ལ་ གཏུམ་མོ འི་ ཁྱད་ཆོས་ ཤིང་གཤགས་ ལ་ མེ་ སྦར་བ་ ལྟ་བུ་ དང་ ། མཻ་ཏྲི་པ འི་ དབུ་ཞྭ ། ནཱ་རོ འི་ ན་བཟའ་ རྣམས་ གནང་ ནས ། གནས་ གཡའ་ཁྲོད་ དང་ གངས་ཁྲོད་ འགྲིམས་ ལ་ ལྟ་སྒོམ་ ཉམས་ སུ་ ལོང་ ཞིག་ གསུངས ། དེ་ ནས་ གྲྭ་པ་ ཀུན་ འཛོམ་པ འི་ ཚོགས་འཁོར་ གཅིག་ མཛད་པ འི་ གྲལ་ དུ་ ང ས་ ཁྱེད་ རྣམས་ ལ་ རྟེན་འབྲེལ་ དང་ མཐུན་པ འི་ གདམས་ངག་ བྱིན་པ་ བཞིན་ སློབ་རྒྱུད་ རྣམས་ ལ་ ཡང་ གཙོ་བོ ར་ རང་ རང་ གི་ གདམས་ངག་ གིས་ ཕན་ཐོགས་ དང་ ཕྲིན་ལས་ རྒྱ་ ཆེ ར་ འབྱུང་བ་ ཡིན་ ནོ ། ། ད་ མདོ་སྡེ་འབུམ་ ནི་ མེད ། ། ང འི་ བཀའ་བརྒྱུད་ ཀྱི་ ཕ་རབས་ ཀྱི་ གདམས་ངག་ དང་ བྱིན་རླབས་ ཀྱི་ བརྒྱུད་པ་ ཁྱེད་ རྣམས་ ལ་ གཏད་པ་ ཡིན་པ ས་ འབུངས་ ཤིག འགྲོ་དོན་ འཕེལ་བ ར་ ཡོང་ ངོ་ གསུངས ། དེ འི་ རྗེས་ སུ་ མེས་སྟོན་ གྱིས་ འབུལ་བ་ གསུམ་པ་ བགྱིས་པ འི་ ཚོགས་གྲལ་ དུ་ མེས་སྟོན་ གྱིས་ བླ་མ་ ལགས ། དེ་ རིང་ བདག་ ལ་ ཐུགས་ བརྩེ་བ ས་ དགོངས་ ཏེ ། པཎ་ཆེན་ ནཱ་རོ་པ འི་ ཐུགས་བཞེད ། རྗེ་ རང་ གི་ ཐུགས་ཉམས་ ལ་ འཁྲུངས་པ ། ལྟ་བ་ གཏན་ ལ་ ཕེབས་པ འི་ མགུར་ ཞིག་ གསུང་བ ར་ ཞུ་ ཞུས་པ ས །" }, { "source": "མེས་སྟོན་ཆོས་ལ་བཀའ་དོག་པར་འདུག་དགོངས་པ་ཐུགས་ལ་ནར་མར་ཡོད་པའི་སྟོབས་ཀྱིས། བླ་མའི་ཞལ་ནས། ངས་ཀྱང་ཁྱོད་འདོད་པའི་གླུ་ལེན། ཁྱོད་ཀྱིས་ཀྱང་ང་ལ་ནོར་ལོངས་སྤྱོད་ཀྱི་འབུལ་བ་དང་། རང་རེའི་ཆོས་ཀྱི་ཕྱག་ལེན་ཉམས་ལེན་ལ་དོ་གལ་ཆེན་པོ་བྱས་པས་རྒྱ་ཆེ་ལ་ངེས་པ་ཁོང་དུ་ཆུད་པ་ལ་མགུ། གདམས་ངག་ལ་བཀའ་དོག་པོ་རང་འདི་མ་བྱེད་པར། དད་ཅན་གྱི་གང་ཟག་ཆོས་ཆུད་མི་གསོན་པ་རྣམས་ལ་དབང་གདམས་ངག་ལ་ཡོངས་སུ་ཆུག་ཅིག་གསུངས། མེས་སྟོན་རང་གི་འདོད་ཞུས་དང་། བཀའ་ཡོངས་སུ་གཏོང་བ་ལ་ཆེད་དུ་གཏད་པའི་མགུར་འདི་གསུངས་སོ།།།། རྗེ་བདེ་བའི་དབང་ཕྱུག་འགྲོ་བའི་མགོན།། སྤྲུལ་སྐུ་ཟུང་འཇུག་ཧེ་རུ་ཀ།། གར་དགུའི་ཉམས་ལྡན་བདེ་སྟོང་དང་།། ཞལ་སྦྱོར་ལྷན་ཅིག་སྐྱེས་ལ་འདུད།། བརྡ་མཐོང་ཙམ་གྱིས་དོན་རྟོགས་ཤིང་།། ཟུར་གྱིས་གོ་བའི་གང་ཟག་ལ།། ཐོས་པ་ཙམ་གྱིས་གྲོལ་བར་གྱུར།། ཐ་སྙད་ཚིག་གིས་མི་མཚོན་པ།། ཟག་མེད་དོན་གྱི་ཡེ་ཤེས་སྟེར།། བསྐྱོད་པ་བདེ་བའི་སྐད་ཅིག་ལ།། སྡུག་བསྔལ་མེད་པ་དེ་ལྟ་བུར།། ཟག་བཅས་ཡིད་འདི་མི་ཆེས་པས།། བདེ་སྟོང་ཏིང་ངེ་འཛིན་གྱི་རྒྱུན།། རྟོགས་པ་བྲལ་བའི་སེམས་ལ་ཞོག། སངས་རྒྱས་ལྟ་བུའི་བླ་མའི་གསུང་།། ཡང་བརྒྱུད་པ་གཞན་ནས་འདི་སྐད་གསུངས།། མཚན་ཉིད་ལྡན་པའི་རིག་མ་ལ།། སྒྱུ་རྩལ་གོམས་པར་གྱུར་པ་ཡི།། སྐྱེས་བུ་བྱ་ལ་མདའ་རྩེ་བཞིན།། གོམས་པ་རྒྱུད་ལ་རྟག་བསྟེན་ལ།། ཇི་ལྟར་ཞེན་པའི་བག་ཆགས་འབྱུང་།། གདོད་ནས་དག་པའི་སེམས་རྒྱུད་འདི།། གློ་བུར་རྐྱེན་གྱིས་མ་བསླད་ན།།", "target": "མེས་སྟོན་ ཆོས་ ལ་ བཀའ་ དོག་པ ར་ འདུག་ དགོངས་པ་ ཐུགས་ ལ་ ནར་མ ར་ ཡོད་པ འི་ སྟོབས་ ཀྱིས ། བླ་མ འི་ ཞལ་ ནས ། ང ས་ ཀྱང་ ཁྱོད་ འདོད་པ འི་ གླུ་ ལེན ། ཁྱོད་ ཀྱིས་ ཀྱང་ ང་ ལ་ ནོར་ ལོངས་སྤྱོད་ ཀྱི་ འབུལ་བ་ དང་ ། རང་རེ འི་ ཆོས་ ཀྱི་ ཕྱག་ལེན་ ཉམས་ལེན་ ལ་ དོ་གལ་ ཆེན་པོ་ བྱས་པ ས་ རྒྱ་ཆེ་ ལ་ ངེས་པ་ ཁོང་ དུ་ ཆུད་པ་ ལ་ མགུ ། གདམས་ངག་ ལ་ བཀའ་ དོག་པོ་ རང་ འདི་ མ་ བྱེད་པ ར ། དད་ཅན་ གྱི་ གང་ཟག་ ཆོས་ ཆུད་ མི་ གསོན་པ་ རྣམས་ ལ་ དབང་ གདམས་ངག་ ལ་ ཡོངས་ སུ་ ཆུག་ ཅིག་ གསུངས ། མེས་སྟོན་ རང་ གི་ འདོད་ཞུས་ དང་ ། བཀའ་ ཡོངས་ སུ་ གཏོང་བ་ ལ་ ཆེད་ དུ་ གཏད་པ འི་ མགུར་ འདི་ གསུངས་ སོ ། ། ། ། རྗེ་ བདེ་བ འི་ དབང་ཕྱུག་ འགྲོ་བ འི་ མགོན ། ། སྤྲུལ་སྐུ་ ཟུང་འཇུག་ ཧེ་རུ་ཀ ། ། གར་ དགུ འི་ ཉམས་ ལྡན་ བདེ་སྟོང་ དང་ ། ། ཞལ་སྦྱོར་ ལྷན་ ཅིག་ སྐྱེས་ ལ་ འདུད ། ། བརྡ་ མཐོང་ ཙམ་ གྱིས་ དོན་ རྟོགས་ ཤིང་ ། ། ཟུར་ གྱིས་ གོ་བ འི་ གང་ཟག་ ལ ། ། ཐོས་པ་ ཙམ་ གྱིས་ གྲོལ་བ ར་ གྱུར ། ། ཐ་སྙད་ཚིག་ གིས་ མི་ མཚོན་པ ། ། ཟག་མེད་དོན་ གྱི་ ཡེ་ཤེས་ སྟེར ། ། བསྐྱོད་པ་ བདེ་བ འི་ སྐད་ ཅིག་ ལ ། ། སྡུག་བསྔལ་ མེད་པ་ དེ་ ལྟ་བུ ར ། ། ཟག་བཅས་ཡིད་ འདི་ མི་ ཆེས་པ ས ། ། བདེ་སྟོང་ཏིང་ངེ་འཛིན་ གྱི་ རྒྱུན ། ། རྟོགས་པ་ བྲལ་བ འི་ སེམས་ ལ་ ཞོག ། སངས་རྒྱས་ ལྟ་བུ འི་ བླ་མ འི་ གསུང་ ། ། ཡང་ བརྒྱུད་པ་ གཞན་ ནས་ འདི་ སྐད་ གསུངས ། ། མཚན་ཉིད་ ལྡན་པ འི་ རིག་མ་ ལ ། ། སྒྱུ་རྩལ་ གོམས་པ ར་ གྱུར་པ་ ཡི ། ། སྐྱེས་བུ་ བྱ་ ལ་ མདའ་རྩེ་ བཞིན ། ། གོམས་པ་ རྒྱུད་ ལ་ རྟག་ བསྟེན་ ལ ། ། ཇི་ ལྟ ར་ ཞེན་པ འི་ བག་ཆགས་ འབྱུང་ ། ། གདོད་ ནས་ དག་པ འི་ སེམས་རྒྱུད་ འདི ། ། གློ་བུ ར་ རྐྱེན་ གྱིས་ མ་ བསླད་ ན ། །" }, { "source": "ནམ་མཁའ་བཞིན་དུ་འདུས་མ་བྱས།། ཕྱིན་ཅི་མ་ལོག་གནས་ལུགས་ཡིན།། ཡིད་ལ་བྱ་རྒྱུ་རྡུལ་དང་བྲལ།། བཟུང་དུ་རྡུལ་ཙམ་མི་དམིགས་ཀྱང་།། མན་ངག་རྒྱུད་ལ་གོམས་པ་ཡིས།། ཚེ་ཡི་འདུ་བྱེད་གཏོང་བའི་ཚེ།། ཕ་རོལ་ཕྱིན་པའི་དབྱིངས་སུ་ཐིམ།། དེ་ལ་སྐྱེ་བ་ཡོད་མ་ཡིན།། ནམ་མཁའ་ལྟ་བུའི་རང་སེམས་དེ།། ན་བུན་རྟོག་པས་མ་བསླད་ཅིག། རྗེ་ནཱ་རོ་པཎ་ཆེན་འདི་སྐད་གསུངས་།། ཆོས་ཚུལ་བཞིན་ཉམས་སུ་ལེན་པ་ལ།། སྙུག་དོང་བཅུག་པའི་སྦྲུལ་བཞིན་དུ།། རྩོལ་བ་བྲལ་བའི་ལུས་མི་འགུལ།། ཡིད་ལ་ཆགས་པའི་མྱ་ངན་རྣམས།། གནད་ལ་ཕོག་པའི་ཟུག་རྔུ་ལྟར།། བྱ་བ་བཏང་བའི་སེམས་མི་ཡེངས།། སེམས་གཉུག་མའི་རང་བཞིན་གདོད་ནས་སྟོང་།། ཐོ་བས་དངོས་པོ་འཛོམས་པ་བཞིན།། མཐོང་དང་རེག་དང་དྲན་པས་གྲོལ།། དོན་འདི་ལེགས་པར་གོ་བ་མཛོད།། འདི་ཕྱག་རྒྱ་ཆེན་པོའི་བསྒོམ་དབྱངས་ཡིན།། དམ་ཆོས་གཞན་ལ་ཕན་གྱུར་ན།། ཤི་སྦར་མ་བསྡོམས་མེས་སྟོན་པ།། སྐལ་བར་ལྡན་པའི་གང་ཟག་ལ།། སྦ་བར་མི་བྱ་མན་ངག་སྦྱིན།། ཅེས་གསུངས་སོ།། དེ་ནས་བུ་ཆེན་རྣམས་སོ་སོ་ཐ་དད་ཀྱི་གདན་སར་ཕེབས་པ་ལས། རྗེ་བཙུན་མི་ལ་ལ་ཞག་ཤས་སྡོད་གསུང་བ་ལྟར་བཞུགས་པས་རྗེ་མར་པ་ལ་ཐུགས་སྲས་སྐལ་ལྡན་གྱི་བུ་སློབ་ཇི་སྙེད་ཡོད་པ་རྣམས་ལ་སྙན་བརྒྱུད་ཀྱི་གདམས་ངག་མ་གནང་བར། ནཱ་རོའི་ལུང་བསྟན་ལྟར་རྗེ་བཙུན་མི་ལ་ལ། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་གདམས་ངག་ཆ་ལག་དང་བཅས་རྫོགས་པར་གནང་ཞིང་།", "target": "ནམ་མཁའ་ བཞིན་ དུ་ འདུས་ མ་ བྱས ། ། ཕྱིན་ ཅི་ མ་ ལོག་ གནས་ལུགས་ ཡིན ། ། ཡིད་ ལ་ བྱ་རྒྱུ་ རྡུལ་ དང་ བྲལ ། ། བཟུང་ དུ་ རྡུལ་ ཙམ་ མི་ དམིགས་ ཀྱང་ ། ། མན་ངག་ རྒྱུད་ ལ་ གོམས་པ་ ཡིས ། ། ཚེ་ ཡི་ འདུ་བྱེད་ གཏོང་བ འི་ ཚེ ། ། ཕ་རོལ་ ཕྱིན་པ འི་ དབྱིངས་ སུ་ ཐིམ ། ། དེ་ ལ་ སྐྱེ་བ་ ཡོད་ མ་ ཡིན ། ། ནམ་མཁའ་ ལྟ་བུ འི་ རང་སེམས་ དེ ། ། ན་བུན་ རྟོག་པ ས་ མ་ བསླད་ ཅིག ། རྗེ་ ནཱ་རོ་ པཎ་ཆེན་ འདི་ སྐད་ གསུངས་ ། ། ཆོས་ ཚུལ་ བཞིན་ ཉམས་ སུ་ ལེན་པ་ ལ ། ། སྙུག་དོང་ བཅུག་པ འི་ སྦྲུལ་ བཞིན་ དུ ། ། རྩོལ་བ་ བྲལ་བ འི་ ལུས་ མི་ འགུལ ། ། ཡིད་ ལ་ ཆགས་པ འི་ མྱ་ངན་ རྣམས ། ། གནད་ ལ་ ཕོག་པ འི་ ཟུག་རྔུ་ ལྟ ར ། ། བྱ་བ་ བཏང་བ འི་ སེམས་ མི་ ཡེངས ། ། སེམས་ གཉུག་མ འི་ རང་བཞིན་ གདོད་ ནས་ སྟོང་ ། ། ཐོ་བ ས་ དངོས་པོ་ འཛོམས་པ་ བཞིན ། ། མཐོང་ དང་ རེག་ དང་ དྲན་པ ས་ གྲོལ ། ། དོན་ འདི་ ལེགས་པ ར་ གོ་བ་ མཛོད ། ། འདི་ ཕྱག་རྒྱ་ ཆེན་པོ འི་ བསྒོམ་དབྱངས་ ཡིན ། ། དམ་ཆོས་ གཞན་ ལ་ ཕན་ གྱུར་ ན ། ། ཤི་སྦ ར་ མ་ བསྡོམས་ མེས་སྟོན་པ ། ། སྐལ་བ ར་ ལྡན་པ འི་ གང་ཟག་ ལ ། ། སྦ་བ ར་ མི་ བྱ་ མན་ངག་ སྦྱིན ། ། ཅེས་ གསུངས་ སོ ། ། དེ་ ནས་ བུ་ཆེན་ རྣམས་ སོ་སོ་ ཐ་དད་ ཀྱི་ གདན་ས ར་ ཕེབས་པ་ ལས ། རྗེ་བཙུན་ མི་ལ་ ལ་ ཞག་ ཤས་ སྡོད་ གསུང་བ་ ལྟ ར་ བཞུགས་པ ས་ རྗེ་ མར་པ་ ལ་ ཐུགས་སྲས་ སྐལ་ལྡན་ གྱི་ བུ་སློབ་ ཇི་ སྙེད་ ཡོད་པ་ རྣམས་ ལ་ སྙན་བརྒྱུད་ ཀྱི་ གདམས་ངག་ མ་ གནང་བ ར ། ནཱ་རོ འི་ ལུང་བསྟན་ ལྟ ར་ རྗེ་བཙུན་ མི་ལ་ ལ ། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ ཀྱི་ དབང་ གདམས་ངག་ ཆ་ལག་ དང་ བཅས་ རྫོགས་པ ར་ གནང་ ཞིང་ །" }, { "source": "གཞན་ཡང་སྙན་བརྒྱུད་ཀྱི་ཆེ་བརྗོད་སོགས་ཞལ་གདམས་མང་དུ་གནང་ནས་མགུར་འདི་གསུངས་སོ།།།། བརྒྱུད་པ་ཀུན་ལ་ཡོད་མོད་ཀྱི།། མཁའ་འགྲོ་ཡོད་ན་ཡོད་པ་ཡིན།། མེས་པོ་ཀུན་ལ་ཡོད་མོད་ཀྱི།། ཏི་ལོ་ཡོད་ན་ཡོད་པ་ཡིན།། བླ་མ་ཀུན་ལ་ཡོད་མོད་ཀྱི།། ནཱ་རོ་ཡོད་ན་ཡོད་པ་ཡིན།། གདམས་ངག་ཀུན་ལ་ཡོད་མོད་ཀྱི།། སྙན་བརྒྱུད་ཡོད་ན་ཡོད་པ་ཡིན།། བསྒོམས་ཏེ་སངས་རྒྱས་ཀུན་ལ་ཡོད།། མ་བསྒོམས་རྒྱ་ན་རྒྱ་བ་ཡིན།། ཅེས་གསུངས་པས། རྗེ་བཙུན་མི་ལས། རང་རེའི་བརྒྱུད་པ་དང་གདམས་ངག་རྣམས་ལ། རྒྱ་བོད་ཀུན་ན་སྙན་གྲགས་ཆེ་བ་གཞིར་བཞག་ཅིང་། དེ་སྟོབས་ཀྱིས་བོད་ན་ནི་བླ་མ་རིན་པོ་ཆེའི་སྙན་གྲགས་བརྒྱུད་པ་གོང་མ་རྣམས་དང་ཁྱད་མེད་པ་འདི་ཀ་ཡིན། རྗེ་རང་གིས་བླ་མ་རྣམས་ལ་མོས་གུས་ཀྱི་གདུང་ཤུགས་དང་མཛད་འཕྲིན་འདིས་བླ་མ་རིན་པོ་ཆེ་ལ་རྒྱ་གར་ན་ཡང་སྙན་པར་གྲགས་པ་འདྲ་ལགས་ཞུས་པས། བླ་མའི་ཞལ་ནས། ངའི་བརྒྱུད་པ་དང་གདམས་ངག་ལ་རྒྱ་གར་ན་སྙན་གྲགས་ཆེ་བལྟ་ཅི་སྨོས། ཁྱོད་ཟེར་བ་བཞིན་ཁོ་བོ་རང་ལ་ཡང་བླ་མ་ལ་མོས་གུས་ཆེ་བར་གྲགས། དེ་མི་གྲགས་དོན་གནད་འདི་དག་གིས་རང་དབང་མི་འདུག་གསུངས་མགུར་འདི་གསུངས་སོ།།།། ངའི་བརྒྱུད་སྙན་པར་མི་གྲགས་རྒྱུ།། མཁའ་འགྲོ་ཆོས་ཀྱི་སྤྱན་ལྡན་ཡིན།། མེས་པ་སྙན་པར་མི་གྲགས་རྒྱུ།། ཏི་ལོ་སངས་རྒྱས་ཉག་གཅིག་ཡིན།། བླ་མ་སྙན་པར་མི་གྲགས་རྒྱུ།། ནཱ་རོ་ཆོས་ཀྱི་སྒྲོན་མེ་ཡིན།། མི་ང་རང་སྙན་པར་མི་གྲགས་རྒྱུ།། ནཱ་རོའི་ཐུགས་ཀྱི་སྲས་གཅིག་ཡིན།། གདམས་ངག་སྙན་པར་མི་གྲགས་རྒྱུ།། སྙན་བརྒྱུད་ཡིད་བཞིན་ནོར་བུ་འདི།། གཞན་ལ་མེད་པའི་ཁྱད་ཆོས་ཡིན།།", "target": "གཞན་ ཡང་ སྙན་བརྒྱུད་ ཀྱི་ ཆེ་བརྗོད་ སོགས་ ཞལ་གདམས་ མང་ དུ་ གནང་ ནས་ མགུར་ འདི་ གསུངས་ སོ ། ། ། ། བརྒྱུད་པ་ ཀུན་ ལ་ ཡོད་ མོད་ ཀྱི ། ། མཁའ་འགྲོ་ ཡོད་ ན་ ཡོད་པ་ ཡིན ། ། མེས་པོ་ ཀུན་ ལ་ ཡོད་ མོད་ ཀྱི ། ། ཏི་ལོ་ ཡོད་ ན་ ཡོད་པ་ ཡིན ། ། བླ་མ་ ཀུན་ ལ་ ཡོད་ མོད་ ཀྱི ། ། ནཱ་རོ་ ཡོད་ ན་ ཡོད་པ་ ཡིན ། ། གདམས་ངག་ ཀུན་ ལ་ ཡོད་ མོད་ ཀྱི ། ། སྙན་བརྒྱུད་ ཡོད་ ན་ ཡོད་པ་ ཡིན ། ། བསྒོམས་ ཏེ་ སངས་རྒྱས་ ཀུན་ ལ་ ཡོད ། ། མ་ བསྒོམས་ རྒྱ་ ན་ རྒྱ་བ་ ཡིན ། ། ཅེས་ གསུངས་པ ས ། རྗེ་བཙུན་ མི་ལ ས ། རང་རེ འི་ བརྒྱུད་པ་ དང་ གདམས་ངག་ རྣམས་ ལ ། རྒྱ་བོད་ ཀུན་ ན་ སྙན་གྲགས་ ཆེ་བ་ གཞི ར་ བཞག་ ཅིང་ ། དེ་ སྟོབས་ ཀྱིས་ བོད་ ན་ ནི་ བླ་མ་ རིན་པོ་ཆེ འི་ སྙན་གྲགས་ བརྒྱུད་པ་ གོང་མ་ རྣམས་ དང་ ཁྱད་ མེད་པ་ འདི་ ཀ་ ཡིན ། རྗེ་ རང་ གིས་ བླ་མ་ རྣམས་ ལ་ མོས་གུས་ ཀྱི་ གདུང་ཤུགས་ དང་ མཛད་འཕྲིན་ འདི ས་ བླ་མ་ རིན་པོ་ཆེ་ ལ་ རྒྱ་གར་ ན་ ཡང་ སྙན་པ ར་ གྲགས་པ་ འདྲ་ ལགས་ ཞུས་པ ས ། བླ་མ འི་ ཞལ་ ནས ། ང འི་ བརྒྱུད་པ་ དང་ གདམས་ངག་ ལ་ རྒྱ་གར་ ན་ སྙན་གྲགས་ ཆེ་བ ལྟ་ ཅི་ སྨོས ། ཁྱོད་ ཟེར་བ་ བཞིན་ ཁོ་བོ་ རང་ ལ་ ཡང་ བླ་མ་ ལ་ མོས་གུས་ ཆེ་བ ར་ གྲགས ། དེ་ མི་ གྲགས་ དོན་གནད་ འདི་ དག་ གིས་ རང་དབང་ མི་ འདུག་ གསུངས་ མགུར་ འདི་ གསུངས་ སོ ། ། ། ། ང འི་ བརྒྱུད་ སྙན་པ ར་ མི་ གྲགས་རྒྱུ ། ། མཁའ་འགྲོ་ ཆོས་ ཀྱི་ སྤྱན་ ལྡན་ ཡིན ། ། མེས་པ་ སྙན་པ ར་ མི་ གྲགས་རྒྱུ ། ། ཏི་ལོ་ སངས་རྒྱས་ ཉག་ གཅིག་ ཡིན ། ། བླ་མ་ སྙན་པ ར་ མི་ གྲགས་རྒྱུ ། ། ནཱ་རོ་ ཆོས་ ཀྱི་ སྒྲོན་མེ་ ཡིན ། ། མི་ ང་ རང་ སྙན་པ ར་ མི་ གྲགས་རྒྱུ ། ། ནཱ་རོ འི་ ཐུགས་ ཀྱི་ སྲས་ གཅིག་ ཡིན ། ། གདམས་ངག་ སྙན་པ ར་ མི་ གྲགས་རྒྱུ ། ། སྙན་བརྒྱུད་ ཡིད་ བཞིན་ ནོར་བུ་ འདི ། ། གཞན་ ལ་ མེད་པ འི་ ཁྱད་ཆོས་ ཡིན ། །" }, { "source": "ཅེས་གསུངས་པས། རྗེ་བཙུན་མི་ལས། གཞན་ལ་མེད་པའི་ཁྱད་ཆོས་སྙན་བརྒྱུད་ཐོབ་པས། རྗེ་བཙུན་མར་པའི་གདམས་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་བྱུང་བས་ཐུགས་ཚིམ་ཞིང་།། དེ་འབྲས་ཀྱིས་བོད་གང་ཅན་གྱི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་བས་འགྲོ་བ་ཀུན་གྱི་མ་རིག་པའི་མུན་པ་བསལ་ནས་ཡེ་ཤེས་སྣང་བས་ཉིན་མོར་བགྱིས་པ་ལགས་སོ།།།། གསུམ་པ། འགྲོ་ཀུན་དང་བ་འདྲེན་ཕྱིར་བཀོད་པ་སྐུའི་རྫུ་འཕྲུལ་བསྟན་ཚུལ་ནི། རྗེ་བཙུན་མི་ལ་བླ་མའི་དྲུང་ནས་བྱོན་དུས་བླ་མའི་སྐུ་ལྷ་སྐུ་དུ་མ་དང་། འབྱུང་བཞི་དང་། ཅི་ཡང་མི་སྣང་བ་དང་། འཇའ་ཚོན་དང་འོད་དུ་སྣང་བ་ལ་སོགས་ཏེ་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་མཐོང་བས་ཡིད་ཆེས་སམ་གསུངས། མཐོང་ལགས། ཡིད་མི་ཆེས་པའི་རང་དབང་མི་གདའ་བས། བདག་རང་ཡང་བསྒོམས་ནས་འདི་འདྲ་བྱེད་དགོས་སྙམ་པ་བྱུང་ལགས། ཞུས་པས། བུ་དེ་ཡིན་ད་འགྲོ་ན་ཡང་སོང་ཞིག་གསུངས་ནས། རྗེ་བཙུན་མི་ལས་འཁྲུངས་ཡུལ་དུ་བྱོན་པར་གདའ། དེའི་རྗེས་སུ་མར་པ་མགོ་ལེགས་ལ་སོགས་པའི་བུ་སློབ་འགའ་དང་འགས་བླ་མའི་སྐུ་དགྱེས་པ་རྡོ་རྗེ། འཁོར་ལོ་བདེ་མཆོགགསང་བ་འདུས་པ་རྡོ་རྗེ་ཕག་མོ་སོགས་སུ་མཐོང་བ་མང་པོ་རང་བྱུང་བ་ལ། ཇི་ལྟར་ལགས་ཞུས་པས། དེ་ལྟར་ཀ་ཡིན་ཡོང་གསུངས། བསྐྱར་ནས་ཇི་ལྟར་ལགས་པ་གསུང་དུ་གསོལ་ཅེས་གསོལ་བ་བཏབ་པས། ང་ཡི་དམ་གྱི་བསྐྱེད་རིམ་གསལ་བདོ་བ་དང་། ཁྱེད་རང་རྣམས་ལ་དག་སྣང་ཤར་བ་གཉིས་དུས་མཚུངས་སུ་བྱུང་བ་ཡིན་གསུངས།", "target": "ཅེས་ གསུངས་པ ས ། རྗེ་བཙུན་ མི་ལ ས ། གཞན་ ལ་ མེད་པ འི་ ཁྱད་ཆོས་ སྙན་བརྒྱུད་ ཐོབ་པ ས ། རྗེ་བཙུན་ མར་པ འི་ གདམས་པ་ རྣམས་ བུམ་པ་ གང་བྱོ འི་ ཚུལ་ དུ་ བྱུང་བ ས་ ཐུགས་ ཚིམ་ ཞིང་ ། ། དེ་ འབྲས་ ཀྱིས་ བོད་ གང་ཅན་ གྱི་ ཁྲོད་ འདི ར་ སངས་རྒྱས་ ཀྱི་ བསྟན་པ འི་ ཉི་མ་ ཤར་བ ས་ འགྲོ་བ་ ཀུན་ གྱི་ མ་ རིག་པ འི་ མུན་པ་ བསལ་ ནས་ ཡེ་ཤེས་ སྣང་བ ས་ ཉིན་མོ ར་ བགྱིས་པ་ ལགས་ སོ ། ། ། ། གསུམ་པ ། འགྲོ་ ཀུན་ དང་བ་ འདྲེན་ ཕྱི ར་ བཀོད་པ་ སྐུ འི་ རྫུ་འཕྲུལ་ བསྟན་ཚུལ་ ནི ། རྗེ་བཙུན་ མི་ལ་ བླ་མ འི་ དྲུང་ ནས་ བྱོན་ དུས་ བླ་མ འི་ སྐུ་ ལྷ་སྐུ་ དུ་མ་ དང་ ། འབྱུང་ བཞི་ དང་ ། ཅི་ ཡང་ མི་ སྣང་བ་ དང་ ། འཇའ་ཚོན་ དང་ འོད་ དུ་ སྣང་བ་ ལ་ སོགས་ ཏེ་ རྫུ་འཕྲུལ་ སྣ་ཚོགས་ བསྟན་ ནས་ མཐོང་བ ས་ ཡིད་ ཆེས་ སམ་ གསུངས ། མཐོང་ ལགས ། ཡིད་ མི་ ཆེས་པ འི་ རང་དབང་ མི་ གདའ་བ ས ། བདག་ རང་ ཡང་ བསྒོམས་ ནས་ འདི་ འདྲ་ བྱེད་ དགོས་ སྙམ་པ་ བྱུང་ ལགས ། ཞུས་པ ས ། བུ་ དེ་ ཡིན་ ད་ འགྲོ་ ན་ ཡང་ སོང་ ཞིག་ གསུངས་ ནས ། རྗེ་བཙུན་ མི་ལ ས་ འཁྲུངས་ཡུལ་ དུ་ བྱོན་པ ར་ གདའ ། དེ འི་ རྗེས་ སུ་ མར་པ་མགོ་ལེགས་ ལ་ སོགས་པ འི་ བུ་སློབ་ འགའ་ དང་ འག ས་ བླ་མ འི་ སྐུ་ དགྱེས་པ་རྡོ་རྗེ ། འཁོར་ལོ་བདེ་མཆོགགསང་བ་འདུས་པ་རྡོ་རྗེ་ཕག་མོ་ སོགས་ སུ་ མཐོང་བ་ མང་པོ་ རང་ བྱུང་བ་ ལ ། ཇི་ ལྟ ར་ ལགས་ ཞུས་པ ས ། དེ་ ལྟ ར་ ཀ་ ཡིན་ ཡོང་ གསུངས ། བསྐྱར་ ནས་ ཇི་ ལྟ ར་ ལགས་པ་ གསུང་ དུ་ གསོལ་ ཅེས་ གསོལ་བ་ བཏབ་པ ས ། ང་ ཡི་དམ་ གྱི་ བསྐྱེད་རིམ་ གསལ་ བདོ་བ་ དང་ ། ཁྱེད་ རང་ རྣམས་ ལ་ དག་སྣང་ ཤར་བ་ གཉིས་ དུས་ མཚུངས་ སུ་ བྱུང་བ་ ཡིན་ གསུངས །" }, { "source": "ཡང་ལ་ལས་རྗེ་བཙུན་མར་པའི་གཟིམས་མལ་དང་། གཞན་ཡང་གང་བཞུགས་སར་སྐུ་དངོས་མ་མཐོང་བར་གསེར་སྦྲམ་བུ་འོད་འཚེར་བ་དང་། ལ་ལས་ཆུ་དྭངས་མ་འཁྱིལ་བ། ལ་ལས་མེ་འབར་བ། ལ་ལས་འཇའ་ཚོན། ལ་ལས་ཅི་ཡང་མི་སྣང་བ། ལ་ལས་འོད་ཁྱིལ་ལེ་བ་སོགས་མཐོང་སྣང་མི་གཅིག་པ་སྣ་ཚོགས་བྱུང་ཚེ་ཇི་ལྟར་ལགས་ཞུས་པས། ཁྱེད་རྣམས་ལ་རྨི་ལམ་དུ་དེ་འདྲ་བྱུང་ན་སུ་ལ་འདྲི་གསུངས། དེ་ཡང་རྗེ་རང་ལ་ཞུ་བས་གསུང་དགོས་ཞུས་པས། འོ་ན་ངའི་འབྱུང་བ་ལྔའི་རྩ་ཐིག་རླུང་གསུམ་རྣམས་དྭངས་མར་གྱུར་ཏེ་རང་གནས་སུ་བརྟན་པ་དང་། ཁྱེད་རང་རྣམས་སྣང་བ་དག་པ་དུས་མཚུངས་པའི་མཐོང་སྣང་ཡིན་གསུངས་མགུར་འདི་གསུངས་སོ།།།། གནས་པ་རྩ་ལ་གཡོ་བ་རླུང་།། བཀོད་པ་བྱང་ཆུབ་སེམས་ཀྱི་རྟ།། རོ་སྙོམས་ལྕག་གིས་ཡོངས་བསྐུལ་ནས།། འོད་གསལ་འགྲོ་འོང་མེད་པར་རྒྱུག། སྐལ་ལྡན་སྐྱེས་བུས་སྣ་ཚོགས་མཐོང་།། ཞེས་གསུངས་སོ་།། གཞན་ཡང་སྐྱེ་བ་འདིའི་གོང་དུ་སྟག་ལ་ཞོན་ནས་ནགས་དང་། དུར་ཁྲོད་ཉུལ་བ་ཞིག་དྲན་བྱུང་། ད་གྲོང་འཇུག་གཅིག་ནས་གཅིག་ཏུ་ཞུགས་པས། འཆི་བའི་མིང་ཡོད་ལ་མེད་ཞིག་ཡོང་བ་འདུག་སྟེ། དཔལ་ནཱ་རོ་པའི་བཀའ་ལ་ངའི་འགྲོ་དོན་ཨུ་རྒྱན་མཁའ་སྤྱོད་ཆེ་བས་ཤོག་གསུངས་པ་ལྟར་འགྲོ་གསུངས། འདས་མ་འོངས་ཐོགས་མེད་དུ་མཁྱེན་པ་དང་། གཟིམས་ཁང་ནང་ནས་ཕྱིར་འབྱོན་པ་དང་། ཕྱི་ནས་ནང་དུ་འབྱོན་པ་ལ་སྐས་དང་སྒོ་ལ་འབྱོན་མི་དགོས་པར་གང་འདོད་ལ་ཐོགས་བརྡུགས་མེད་པར་བྱོན་པས། སྲས་དཔལ་འོད་ན་རེ། རང་རེའི་ཕ་ཇོ་རྩིག་པ་དང་སྒོ་ཡིས་ཀྱང་མི་ཐུབ་པས། བསྲུང་དགོས་བྱུང་ན་གང་གིས་ཀྱང་མི་ཐུབ་པར་འདུག་གསུངས་པ་ལྟར།", "target": "ཡང་ ལ་ལ ས་ རྗེ་བཙུན་ མར་པ འི་ གཟིམས་མལ་ དང་ ། གཞན་ ཡང་ གང་ བཞུགས་ས ར་ སྐུ་དངོས་ མ་ མཐོང་བ ར་ གསེར་ སྦྲམ་བུ་ འོད་ འཚེར་བ་ དང་ ། ལ་ལ ས་ ཆུ་ དྭངས་མ་ འཁྱིལ་བ ། ལ་ལ ས་ མེ་ འབར་བ ། ལ་ལ ས་ འཇའ་ཚོན ། ལ་ལ ས་ ཅི་ ཡང་ མི་ སྣང་བ ། ལ་ལ ས་ འོད་ ཁྱིལ་ལེ་བ་ སོགས་ མཐོང་སྣང་ མི་གཅིག་པ་ སྣ་ཚོགས་ བྱུང་ ཚེ་ ཇི་ ལྟ ར་ ལགས་ ཞུས་པ ས ། ཁྱེད་ རྣམས་ ལ་ རྨི་ལམ་ དུ་ དེ་ འདྲ་ བྱུང་ ན་ སུ་ ལ་ འདྲི་ གསུངས ། དེ་ ཡང་ རྗེ་ རང་ ལ་ ཞུ་བ ས་ གསུང་ དགོས་ ཞུས་པ ས ། འོ་ ན་ ང འི་ འབྱུང་བ་ ལྔ འི་ རྩ་ཐིག་རླུང་ གསུམ་ རྣམས་ དྭངས་མ ར་ གྱུར་ ཏེ་ རང་གནས་ སུ་ བརྟན་པ་ དང་ ། ཁྱེད་ རང་ རྣམས་ སྣང་བ་ དག་པ་ དུས་ མཚུངས་པ འི་ མཐོང་སྣང་ ཡིན་ གསུངས་ མགུར་ འདི་ གསུངས་ སོ ། ། ། ། གནས་པ་ རྩ་ ལ་ གཡོ་བ་ རླུང་ ། ། བཀོད་པ་ བྱང་ཆུབ་སེམས་ ཀྱི་ རྟ ། ། རོ་ སྙོམས་ ལྕག་ གིས་ ཡོངས་ བསྐུལ་ ནས ། ། འོད་གསལ་ འགྲོ་འོང་ མེད་པ ར་ རྒྱུག ། སྐལ་ལྡན་ སྐྱེས་བུ ས་ སྣ་ཚོགས་ མཐོང་ ། ། ཞེས་ གསུངས་ སོ་ ། ། གཞན་ ཡང་ སྐྱེ་བ་ འདི འི་ གོང་ དུ་ སྟག་ ལ་ ཞོན་ ནས་ ནགས་ དང་ ། དུར་ཁྲོད་ ཉུལ་བ་ ཞིག་ དྲན་ བྱུང་ ། ད་ གྲོང་འཇུག་ གཅིག་ ནས་ གཅིག་ ཏུ་ ཞུགས་པ ས ། འཆི་བ འི་ མིང་ ཡོད་ ལ་ མེད་ ཞིག་ ཡོང་བ་ འདུག་ སྟེ ། དཔལ་ནཱ་རོ་པ འི་ བཀའ་ ལ་ ང འི་ འགྲོ་དོན་ ཨུ་རྒྱན་མཁའ་སྤྱོད་ ཆེ་བ ས་ ཤོག་ གསུངས་པ་ ལྟ ར་ འགྲོ་ གསུངས ། འདས་ མ་ འོངས་ ཐོགས་ མེད་ དུ་ མཁྱེན་པ་ དང་ ། གཟིམས་ཁང་ ནང་ ནས་ ཕྱི ར་ འབྱོན་པ་ དང་ ། ཕྱི་ ནས་ ནང་ དུ་ འབྱོན་པ་ ལ་ སྐས་ དང་ སྒོ་ ལ་ འབྱོན་ མི་ དགོས་པ ར་ གང་ འདོད་ ལ་ ཐོགས་བརྡུགས་ མེད་པ ར་ བྱོན་པ ས ། སྲས་ དཔལ་འོད་ ན་རེ ། རང་རེ འི་ ཕ་ཇོ་ རྩིག་པ་ དང་ སྒོ་ ཡིས་ ཀྱང་ མི་ ཐུབ་པ ས ། བསྲུང་ དགོས་ བྱུང་ ན་ གང་ གིས་ ཀྱང་ མི་ ཐུབ་པ ར་ འདུག་ གསུངས་པ་ ལྟ ར །" }, { "source": "སྣང་བ་ལ་ཐོགས་བརྡུགས་མེད་པ་ལ་སོགས་ཏེ། ཟད་པར་ཟིལ་གནོན་གྱི་ཐུགས་དམ་མངོན་དུ་གྱུར་པས། རྟགས་དང་རྫུ་འཕྲུལ་དཔག་ཏུ་མེད་པ་བསྟན་པའི་མཐར། ཡུམ་བདག་མེད་མ་འོད་དུ་ཞུ་ནས་རྗེ་མར་པའི་ཐུགས་ལ་ཐིམ་པར་གྱུར་ཏོ།། ལྔ་པ། བསྟན་པ་དང་སེམས་ཅན་གྱི་དོན་མཛད་ནས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་ནི། སྐུ་ཚེ་ཧྲིལ་པོར་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་མཛད་རྗེས། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བྱ་ལོ་རྟའི་ཟླ་བའི་ཚེས་བཅོ་ལྔའི་ཉི་མ་རྩེ་ཤར་ལ་བསྙུང་གཞི་མེད་ཅིང་། ཐུགས་སྤྲོ་བའི་ཉམས་དང་ལྡན་པ་ལས།། ནམ་མཁའ་ལ་འཇའི་གུར་ཕུབ། མེ་ཏོག་སྣ་ཚོགས་ཀྱི་ཆར་བབ་ཅིང་། རོལ་མོ་ཡིད་འཕྲོག་པ་སྣ་ཚོགས་ཀྱི་སྒྲ་དང་། དྲི་བཟངས་དཔག་མེད་འཐུལ་པའི་ཚེ། ཞལ་འཛུམ་བག་དང་བཅས་པའི་མུ་ལ། སྤྱན་ཆབ་བསིལ་ཞིང་ཐལ་མོ་སྦྱར་ནས། སྤྱན་བཙུམས། དབུ་གུག་གུག་ཡན་ལག་བདུན་པ་མཛད་ཅིང་འདུག་དུས། མར་པ་མགོ་ལེགས་ཀྱིས་ཅི་ལགས་ཞུས་པས། མཆོད་པ་བཟང་པོ་ཤོམས་ཅིགདཔལ་ནཱ་རོ་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས། ཞལ་བཞེས་ལྟར་ཁོ་བོ་བསུ་བ་ལ་ཕེབས་བྱུང་། ད་ནི་ཕྱག་ཕྱི་བྱས་དག་པ་མཁའ་སྤྱོད་ལ་འགྲོ་གསུངས་མཉམ་པར་བཞག་པའི་ངང་ལ་བཞུགས་ཤིང་། མར་པ་མགོ་ལེགས་ལ་སོགས་པའི་གྲྭ་པ་རྣམས་ཀྱིས་མཆོད་པ་དཔག་ཏུ་མེད་པ་བཤམས་ནས་ཕུལ་བའི་ཚེ། མེ་ཏོག་གི་ཆར། རོལ་མོའི་སྒྲ་ལ་སོགས་པ་རྣམས་སྔར་བས་ཀྱང་ཆེ་བ་དང་བཅས་གཤེགས་པ་ལགས་སོ། དེ་ལྟར་སྤྱིར་སངས་རྒྱས་བསྟན་པའི་ཉི་མ། སྒོས་གངས་ཅན་ཁྲོད་ཀྱི་མུན་སེལ།", "target": "སྣང་བ་ ལ་ ཐོགས་བརྡུགས་ མེད་པ་ ལ་ སོགས་ ཏེ ། ཟད་པ ར་ ཟིལ་གནོན་ གྱི་ ཐུགས་དམ་ མངོན་ དུ་ གྱུར་པ ས ། རྟགས་ དང་ རྫུ་འཕྲུལ་ དཔག་ ཏུ་ མེད་པ་ བསྟན་པ འི་ མཐ ར ། ཡུམ་ བདག་མེད་མ་ འོད་ དུ་ ཞུ་ ནས་ རྗེ་ མར་པ འི་ ཐུགས་ ལ་ ཐིམ་པ ར་ གྱུར་ ཏོ ། ། ལྔ་པ ། བསྟན་པ་ དང་ སེམས་ཅན་ གྱི་ དོན་ མཛད་ ནས་ གཟུགས་སྐུ་ ཆོས་དབྱིངས་ སུ་ ཐིམ་ཚུལ་ ནི ། སྐུ་ཚེ་ ཧྲིལ་པོ ར་ བསྟན་པ་ དང་ སེམས་ཅན་ གྱི་ དོན་ ཁོ་ན་ མཛད་ རྗེས ། དགུང་ལོ་ བརྒྱད་ ཅུ་ རྩ་ བརྒྱད་ བྱ་ལོ་ རྟ འི་ ཟླ་བ འི་ ཚེས་ བཅོ་ ལྔ འི་ ཉི་མ་ རྩེ་ ཤར་ ལ་ བསྙུང་གཞི་ མེད་ ཅིང་ ། ཐུགས་སྤྲོ་བ འི་ ཉམས་ དང་ ལྡན་པ་ ལས ། ། ནམ་མཁའ་ ལ་ འཇ འི་ གུར་ ཕུབ ། མེ་ཏོག་ སྣ་ཚོགས་ ཀྱི་ ཆར་ བབ་ ཅིང་ ། རོལ་མོ་ ཡིད་ འཕྲོག་པ་ སྣ་ཚོགས་ ཀྱི་ སྒྲ་ དང་ ། དྲི་བཟངས་ དཔག་མེད་ འཐུལ་པ འི་ ཚེ ། ཞལ་འཛུམ་ བག་ དང་ བཅས་པ འི་ མུ་ ལ ། སྤྱན་ཆབ་ བསིལ་ ཞིང་ ཐལ་མོ་ སྦྱར་ ནས ། སྤྱན་ བཙུམས ། དབུ་ གུག་ གུག་ ཡན་ལག་བདུན་པ་ མཛད་ ཅིང་ འདུག་ དུས ། མར་པ་མགོ་ལེགས་ ཀྱིས་ ཅི་ ལགས་ ཞུས་པ ས ། མཆོད་པ་ བཟང་པོ་ ཤོམས་ ཅིག དཔལ་ནཱ་རོ་ དཔའ་བོ་ མཁའ་འགྲོ འི་ ཚོགས་ དཔག་ ཏུ་ མེད་པ ས་ བསྐོར་ ནས ། ཞལ་བཞེས་ ལྟ ར་ ཁོ་བོ་ བསུ་བ་ ལ་ ཕེབས་ བྱུང་ ། ད་ ནི་ ཕྱག་ཕྱི་ བྱས་ དག་པ་ མཁའ་སྤྱོད་ ལ་ འགྲོ་ གསུངས་ མཉམ་པ ར་ བཞག་པ འི་ ངང་ ལ་ བཞུགས་ ཤིང་ ། མར་པ་མགོ་ལེགས་ ལ་ སོགས་པ འི་ གྲྭ་པ་ རྣམས་ ཀྱིས་ མཆོད་པ་ དཔག་ ཏུ་ མེད་པ་ བཤམས་ ནས་ ཕུལ་བ འི་ ཚེ ། མེ་ཏོག་ གི་ ཆར ། རོལ་མོ འི་ སྒྲ་ ལ་ སོགས་པ་ རྣམས་ སྔ ར་ བས་ ཀྱང་ ཆེ་བ་ དང་ བཅས་ གཤེགས་པ་ ལགས་ སོ ། དེ་ ལྟ ར་ སྤྱི ར་ སངས་རྒྱས་ བསྟན་པ འི་ ཉི་མ ། སྒོས་ གངས་ཅན་ ཁྲོད་ ཀྱི་ མུན་ སེལ །" }, { "source": "གསང་སྔགས་བསྟན་པའི་སྲོག་ཤིང་། རྗེ་བཙུན་མར་པ་ལོ་ཙྪ་དེ་ཉིད་སྐྱེ་བ་སྔོན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་འཕྲུལ་ཡིན་པ་དང་། མཚན་ལྡན་གྱི་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་ཡེ་ཤེས་ཀྱིས། དཔའ་བོ་མཁའ་འགྲོ་རྣམས་ལས་གསང་སྔགས་ཀྱི་དབང་གདམས་པ་རྣམས་ཐོབ། ནང་འོད་གསལ་གྱི་རྩལ་འབྱོངས་ཤིང་རླུང་སེམས་ལ་དབང་ཐོབ་པས། གྲོང་འཇུག་དང་རྫུ་འཕྲུལ། མངོན་པར་མཁྱེན་པ་ལ་སོགས་པའི་ཡོན་ཏན་དཔག་མེད་མངོན་གྱུར་དུ་མངའ་ཡང་། སྦས་པའི་ཚུལ་དུ་བཞུགས་ནས། ཕྱི་རོལ་ཐ་མལ་པ་རྣམས་དང་སྣང་བ་མཐུན་པའི་ཚུལ་དུ། འདོད་པའི་ཡོན་ཏན་ལྔ་དང་། འཇིག་རྟེན་ཆོས་བརྒྱད་ལ་དགྱེས་བཞིན་རོལ་བའི་རྣམ་པའི་སྒོ་ནས། སྣོད་ལྡན་གྱི་གང་ཟག་མང་པོའི་དོན་མཛད་པ་དེ། རྒྱལ་བའི་ཡུམ་རྒྱས་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ལ་ནི་ཕ་དང་མ་དགོས་ལ། ཆུང་མ་མི་དགོས་པ་ཡོད་དོ། བྱང་ཆུབ་སེམས་དཔའི་འགའ་ཞིག་ལ་ནི་ཕ་མ་དང་ཆུང་མ་དགོས་ལ། བུ་དང་བུ་མོ་མི་དགོས་པ་ཡོད་དོ།། བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་ནི་ཕ་མ་དང་། ཆུང་མ་དང་། བུ་དང་བུ་མོ་དང་། འཁོར་ལ་སོགས་པའི་འདོད་ཡོན་ཐམས་ཅད་དགོས་པ་ཡོད་དོ།། ཞེས་གསུངས་པའི་དོན་ཕྱི་མ་དང་མཐུན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་འཕགས་པ་ཆོས་འཕགས་དང་། རྟག་ཏུ་ངུ་དང་མཛད་སྤྱོད་མཐུན་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་ལགས་སོ།། ཡང་རྒྱུད་སངས་རྒྱས་མཉམ་སྦྱོར་གྱི་ལེའུ་བདུན་པ་ལས། བུ་མོ་ཤིན་ཏུ་བརྒྱུན་པའམ།། དེ་བཞིན་ཆུང་མ་སྡུག་པ་དག། ཕུལ་ནས་རིན་གྱིས་བསྲུང་ནི།། སངས་རྒྱས་བྱང་ཆུབ་མཆོག་གི་ཡོན།།", "target": "གསང་སྔགས་བསྟན་པ འི་ སྲོག་ཤིང་ ། རྗེ་བཙུན་ མར་པ་ ལོ་ཙྪ་ དེ་ ཉིད་ སྐྱེ་བ་ སྔོན་ ནས་ བྱང་ཆུབ་སེམས་དཔའ་ སེམས་དཔའ་ ཆེན་པོ འི་ རྣམ་འཕྲུལ་ ཡིན་པ་ དང་ ། མཚན་ལྡན་ གྱི་ བླ་མ་ དམ་པ་ རྣམས་ ཀྱི་ བཀའ་དྲིན་ གྱིས་ ཡེ་ཤེས་ ཀྱིས ། དཔའ་བོ་མཁའ་འགྲོ་ རྣམས་ ལས་ གསང་སྔགས་ ཀྱི་ དབང་ གདམས་པ་ རྣམས་ ཐོབ ། ནང་ འོད་གསལ་ གྱི་ རྩལ་ འབྱོངས་ ཤིང་ རླུང་སེམས་ ལ་ དབང་ ཐོབ་པ ས ། གྲོང་འཇུག་ དང་ རྫུ་འཕྲུལ ། མངོན་པ ར་ མཁྱེན་པ་ ལ་ སོགས་པ འི་ ཡོན་ཏན་ དཔག་མེད་ མངོན་ གྱུར་ དུ་ མངའ་ ཡང་ ། སྦས་པ འི་ ཚུལ་ དུ་ བཞུགས་ ནས ། ཕྱི་རོལ་ ཐ་མལ་པ་ རྣམས་ དང་ སྣང་བ་ མཐུན་པ འི་ ཚུལ་ དུ ། འདོད་པ འི་ ཡོན་ཏན་ ལྔ་ དང་ ། འཇིག་རྟེན་ ཆོས་ བརྒྱད་ ལ་ དགྱེས་ བཞིན་ རོལ་བ འི་ རྣམ་པ འི་ སྒོ་ ནས ། སྣོད་ལྡན་ གྱི་ གང་ཟག་ མང་པོ འི་ དོན་ མཛད་པ་ དེ ། རྒྱལ་བ འི་ ཡུམ་ རྒྱས་པ་ ལས ། བྱང་ཆུབ་སེམས་དཔའ་ གང་ ཞིག་ ལ་ ནི་ ཕ་ དང་ མ་ དགོས་ ལ ། ཆུང་མ་ མི་ དགོས་པ་ ཡོད་ དོ ། བྱང་ཆུབ་སེམས་དཔ འི་ འགའ་ ཞིག་ ལ་ ནི་ ཕ་མ་ དང་ ཆུང་མ་ དགོས་ ལ ། བུ་ དང་ བུ་མོ་ མི་ དགོས་པ་ ཡོད་ དོ ། ། བྱང་ཆུབ་སེམས་དཔའ་ འགའ་ ཞིག་ ལ་ ནི་ ཕ་མ་ དང་ ། ཆུང་མ་ དང་ ། བུ་ དང་ བུ་མོ་ དང་ ། འཁོར་ ལ་ སོགས་པ འི་ འདོད་ཡོན་ ཐམས་ཅད་ དགོས་པ་ ཡོད་ དོ ། ། ཞེས་ གསུངས་པ འི་ དོན་ ཕྱི་མ་ དང་ མཐུན་པ་ དང་ ། གཞན་ ཡང་ བྱང་ཆུབ་སེམས་དཔའ་ འཕགས་པ་ ཆོས་འཕགས་ དང་ ། རྟག་ཏུ་ངུ་ དང་ མཛད་སྤྱོད་ མཐུན་པ འི་ སྒོ་ ནས་ སེམས་ཅན་ གྱི་ དོན་ མཛད་པ་ ལགས་ སོ ། ། ཡང་ རྒྱུད་ སངས་རྒྱས་མཉམ་སྦྱོར་ གྱི་ ལེའུ་ བདུན་པ་ ལས ། བུ་མོ་ ཤིན་ ཏུ་ བརྒྱུན་པ འམ ། ། དེ་ བཞིན་ ཆུང་མ་ སྡུག་པ་ དག ། ཕུལ་ ནས་ རིན་ གྱིས་ བསྲུང་ ནི ། ། སངས་རྒྱས་ བྱང་ཆུབ་ མཆོག་ གི་ ཡོན ། །" }, { "source": "རིན་ཆེན་དག་གིས་ཕུལ་ནས་སུ།། སླར་ཡང་རིན་གྱིས་བསླུ་བ་ནི།། རྡོ་རྗེ་འཛིན་དཔལ་སྦྱོར་བ་ཡི།། ཡོན་དེ་ཡོན་གྱི་མཆོག་ཡིན་ནོ།། ཞེས་གསུངས་པ་དང་མཐུན་པར་ཡོན་ཕུལ་ཞིང་བཞེས་པའི་སྒོ་ནས། སེམས་ཅན་གྱི་དོན་མཛད་པས་སྒྲུབ་རྒྱུད་རྟོགས་པའི་བསྟན་པ་ནམ་མཁའི་མཐའ་དང་མཉམ་པ་བགྱིས་པ་ལགས་སོ།། རྗེ་མར་པ་དེ་ཉིད་ཀྱི་ཡོངས་སུ་གྲགས་ཤིང་བཀའ་དྲིན་ཆེ་བའི་བླ་མ་བཅུ་གསུམ་ནི། མཁས་གྲུབ་ནཱ་རོ་པཎ་ཆེན། རྒྱལ་སྲས་མཻ་ཏྲི་པ། དཔལ་ཞི་བ་བཟང་པོ། ཡེ་ཤེས་སྙིང་པོ། རྣལ་འབྱོར་མ་རུས་པའི་རྒྱན་ཅན། ཀ་འ་རི་བ་དང་། རི་རི་བ་སྟེ་སིང་གྷ་གླིང་པ་སྐུ་མཆེད། ཛེ་ཏཱ་རི་པ། ཀུ་སུ་ལུ་ཆེ་བ། པྲ་ཛྙ་རཀྵི་ཏ། སྤྱི་ཐེར་བ་དང་། སེན་ཏ་བ་སྟེ་བལ་པོ་སྐུ་མཆེད། ཇོ་བོ་རྗེ་ཨ་ཏི་ཤ་རྣམས་ལགས་སོ།། སྐུ་ལས་འཁྲུངས་པའི་སྲས་བདུན་ནི། དར་མ་མདོ་སྡེ། དར་མ་བསམ་གཏན། ཆོས་དཔལ། མར་ལེབ། དཔལ་འོད། གྲགས་འོད། བྱ་རིག་འཁོར་ལོ་རྣམས་སོ།། ཐུགས་ལས་འཁྲུངས་པའི་ཡོངས་གྲགས་ཀྱི་བུ་ཆེན་བཞི་ནི། ཀ་བཞི་བརྡ་འགྲོལ་ལྟར་ཡིན་ལ།། ལས་ཅན་གྱི་སློབ་མ་བཞི་ནི། གཙང་སྒྱེར་ཕུའི་ཀློག་སྐྱ་ཆེན་པོ།། འཕན་ཡུལ་གྱི་ཉ་མ་དཔལ་མོ། འདམ་སྙིང་དྲུང་གི་མར་པ་མགོ་ལེགས། ལྷོ་ལ་ཡག་གི་བ་རང་ལྦ་ཅན་རྣམས་ལགས་སོ།། རྗེ་སྒྲ་སྒྱུར་ཆེན་པོ་དེ་ཉིད་ཀྱི་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་རྗེས་ཀུན་སངས་རྒྱས་སུ་ཡིད་ཆེས་ནས། དབུ་ལོ། ཕྱག་སེན། ན་བཟའ་ལ་སོགས་པའི་དུམ་བུ་ལ་ཡང་ཡོན་ཆེན་པོ་མང་དག་འབུལ་མཁན་བྱུང་བ་ལ་བརྟེན། སྐུ་གདུང་ཡིད་བཞིན་ནོར་བུ་མ་བཞུ་བར་དར་ཟབ་ཀྱིས་དྲིལ་ནས། འགྲོ་བའི་དོན་དུ་བཞུགས་སུ་གསོལ་བ་ལ།", "target": "རིན་ཆེན་ དག་ གིས་ ཕུལ་ ནས་ སུ ། ། སླ ར་ ཡང་ རིན་ གྱིས་ བསླུ་བ་ ནི ། ། རྡོ་རྗེ་འཛིན་ དཔལ་ སྦྱོར་བ་ ཡི ། ། ཡོན་ དེ་ ཡོན་ གྱི་ མཆོག་ ཡིན་ ནོ ། ། ཞེས་ གསུངས་པ་ དང་ མཐུན་པ ར་ ཡོན་ ཕུལ་ ཞིང་ བཞེས་པ འི་ སྒོ་ ནས ། སེམས་ཅན་ གྱི་ དོན་ མཛད་པ ས་ སྒྲུབ་རྒྱུད་ རྟོགས་པ འི་ བསྟན་པ་ ནམ་མཁ འི་ མཐའ་ དང་ མཉམ་པ་ བགྱིས་པ་ ལགས་ སོ ། ། རྗེ་ མར་པ་ དེ་ ཉིད་ ཀྱི་ ཡོངས་ སུ་ གྲགས་ ཤིང་ བཀའ་དྲིན་ ཆེ་བ འི་ བླ་མ་ བཅུ་ གསུམ་ ནི ། མཁས་གྲུབ་ ནཱ་རོ་ པཎ་ཆེན ། རྒྱལ་སྲས་ མཻ་ཏྲི་པ ། དཔལ་ཞི་བ་ བཟང་པོ ། ཡེ་ཤེས་སྙིང་པོ ། རྣལ་འབྱོར་མ་ རུས་པ འི་ རྒྱན་ཅན ། ཀ་འ་རི་བ་ དང་ ། རི་རི་བ་ སྟེ་ སིང་གྷ་གླིང་པ་ སྐུ་མཆེད ། ཛེ་ཏཱ་རི་པ ། ཀུ་སུ་ལུ་ཆེ་བ ། པྲ་ཛྙ་རཀྵི་ཏ ། སྤྱི་ཐེར་བ་ དང་ ། སེན་ཏ་བ་ སྟེ་ བལ་པོ་ སྐུ་མཆེད ། ཇོ་བོ་ རྗེ་ ཨ་ཏི་ཤ་ རྣམས་ ལགས་ སོ ། ། སྐུ་ ལས་ འཁྲུངས་པ འི་ སྲས་ བདུན་ ནི ། དར་མ་མདོ་སྡེ ། དར་མ་བསམ་གཏན ། ཆོས་དཔལ ། མར་ལེབ ། དཔལ་འོད ། གྲགས་འོད ། བྱ་རིག་འཁོར་ལོ་ རྣམས་ སོ ། ། ཐུགས་ ལས་ འཁྲུངས་པ འི་ ཡོངས་གྲགས་ ཀྱི་ བུ་ཆེན་ བཞི་ ནི ། ཀ་ བཞི་ བརྡ་ འགྲོལ་ ལྟ ར་ ཡིན་ ལ ། ། ལས་ཅན་ གྱི་ སློབ་མ་ བཞི་ ནི ། གཙང་ སྒྱེར་ཕུ འི་ ཀློག་སྐྱ་ ཆེན་པོ ། ། འཕན་ཡུལ་ གྱི་ ཉ་མ་ དཔལ་མོ ། འདམ་ སྙིང་དྲུང་ གི་ མར་པ་མགོ་ལེགས ། ལྷོ་ ལ་ཡག་ གི་ བ་རང་ ལྦ་ཅན་ རྣམས་ ལགས་ སོ ། ། རྗེ་ སྒྲ་སྒྱུར་ ཆེན་པོ་ དེ་ ཉིད་ ཀྱི་ གཟུགས་སྐུ་ ཆོས་དབྱིངས་ སུ་ ཐིམ་ རྗེས་ ཀུན་ སངས་རྒྱས་ སུ་ ཡིད་ ཆེས་ ནས ། དབུ་ལོ ། ཕྱག་སེན ། ན་བཟའ་ ལ་ སོགས་པ འི་ དུམ་བུ་ ལ་ ཡང་ ཡོན་ ཆེན་པོ་ མང་དག་ འབུལ་མཁན་ བྱུང་བ་ ལ་ བརྟེན ། སྐུ་གདུང་ ཡིད་ བཞིན་ ནོར་བུ་ མ་ བཞུ་བ ར་ དར་ཟབ་ ཀྱིས་ དྲིལ་ ནས ། འགྲོ་བ འི་ དོན་ དུ་ བཞུགས་ སུ་ གསོལ་བ་ ལ །" }, { "source": "སྲས་དཔལ་འོད་ལ་སོགས་པ་རྣམས་ཀྱིས་སྐུ་ཤ་གདུང་དང་བཅས་པ་གནང་ནས་ཡོན་བླངས་པ་ལས། ཞལ་ལྐོ་འཕན་ཡུལ་གྱི་དགོན་པ་ཞིག་ཏུ་ཕེབས་པ།", "target": "སྲས་ དཔལ་འོད་ ལ་ སོགས་པ་ རྣམས་ ཀྱིས་ སྐུ་ཤ་ གདུང་ དང་ བཅས་པ་ གནང་ ནས་ ཡོན་ བླངས་པ་ ལས ། ཞལ་ལྐོ་ འཕན་ཡུལ་ གྱི་ དགོན་པ་ ཞིག་ ཏུ་ ཕེབས་པ །" }, { "source": "བླ་མ་རྔོག་པས་གསན་ཏེ་མ་བཟོད་པར།", "target": "བླ་མ་ རྔོག་པ ས་ གསན་ ཏེ་ མ་ བཟོད་པ ར །" }, { "source": "སྲས་རྣམས་ལ་འབུལ་བ་ཆེན་པོ་འབུལ།", "target": "སྲས་ རྣམས་ ལ་ འབུལ་བ་ ཆེན་པོ་ འབུལ །" }, { "source": "གདུང་འདིར་གནང་དགོས་གསུངས་པས།", "target": "གདུང་ འདི ར་ གནང་ དགོས་ གསུངས་པ ས །" }, { "source": "འོ་ན་འབུལ་བའི་གཙོ་བོར་ཕ་ཇོ་རང་ལ། ནཱ་རོ་པས་གནང་བའི་ཐུགས་དམ་པདྨ་རཱ་ག་དགོས་གསུངས་བ་ལྟར།", "target": "འོ་ ན་ འབུལ་བ འི་ གཙོ་བོ ར་ ཕ་ཇོ་ རང་ ལ ། ནཱ་རོ་པ ས་ གནང་བ འི་ ཐུགས་དམ་ པདྨ་རཱ་ག་ དགོས་ གསུངས་བ་ ལྟ ར །" }, { "source": "ཐུགས་དམ་པདྨ་རཱ་གས་གཙོ་བྱས་པའི་ལོངས་སྤྱོད་དཔག་ཏུ་མེད་པ་ཕུལ་ནས། གདུང་གཞུང་དུ་སྤྱན་དྲངས་ཏེ།", "target": "ཐུགས་དམ་ པདྨ་རཱ་ག ས་ གཙོ་ བྱས་པ འི་ ལོངས་སྤྱོད་ དཔག་ ཏུ་ མེད་པ་ ཕུལ་ ནས ། གདུང་ གཞུང་ དུ་ སྤྱན་ དྲངས་ ཏེ །" }, { "source": "གདུང་རྟེན་གྱི་ནང་དུ་བླ་མ་རྔོག་པའི་རྟེན་གྱི་གཙོ་བོར་བཞུགས་པ་ལགས་སོ།།།།", "target": "གདུང་རྟེན་ གྱི་ ནང་ དུ་ བླ་མ་ རྔོག་པ འི་ རྟེན་ གྱི་ གཙོ་བོ ར་ བཞུགས་པ་ ལགས་ སོ ། ། ། །" } ]