[ { "source": "ཁོར་ཡུག་གི་རྐྱེན་པས་བདག་གི་མི་ཚེའི་ནང་རི་པིན་དང་། འཇར་པན། ཉི་ཧོང་བཅས་ཡུལ་གྲུ་གཅིག་ལ་མིང་འབོད་སྟངས་མི་འདྲ་བ་གསུམ་བྱུང་ལ།", "target": "ཁོར་ཡུག་ གི་ རྐྱེན་པ ས་ བདག་ གི་ མི་ ཚེ འི་ ནང་ རི་པིན་ དང་ ། འཇར་ པན ། ཉི་ཧོང་ བཅས་ ཡུལ་ གྲུ་གཅིག་ ལ་ མིང་ འབོད་སྟངས་ མི་ འདྲ་བ་ གསུམ་ བྱུང་ ལ །" }, { "source": "དེང་གི་དུས་འདིར་ཉི་ཧོང་ཞེས་པ་ཅུང་འབོད་བདེ་བར་སྣང་།", "target": "དེང་ གི་ དུས་ འདི ར་ ཉི་ཧོང་ ཞེས་པ་ ཅུང་ འབོད་ བདེ་བ ར་ སྣང་ །" }, { "source": "༢༠༠༩ལོའི་ཟླ་བ་བཅུ་གཉིས་པར། ང་རང་ཉི་ཧོང་དུ་སྤྲོ་འཆམ་ལ་སོང་བ་དང་།", "target": "༢༠༠༩ ལོའི་ ཟླ་བ་ བཅུ་ གཉིས་པ ར ། ང་ རང་ ཉི་ཧོང་ དུ་ སྤྲོ་འཆམ་ ལ་ སོང་བ་ དང་ །" }, { "source": "མི་རྣམས་ཀྱི་ཞི་ཞིང་དུལ་བའི་སྤྱོད་པ་དང་། དེང་རབས་གྲོང་ཁྱེར་གྱི་དངོས་པོའི་ལོངས་སྤྱོད་ཤིན་ཏུ་དར་བ་དེ་གཉིས་ཀས་བདག་གི་ཡིད་དབང་བཀུགཔེ་ཅིང་ནས་ཐོ་ཁྱོ་རུ་འཕུར་བའི་གནམ་གྲུ་དང་།", "target": "མི་ རྣམས་ ཀྱི་ ཞི་ ཞིང་ དུལ་བ འི་ སྤྱོད་པ་ དང་ ། དེང་རབ ས་ གྲོང་ཁྱེར་ གྱི་ དངོས་པོ འི་ ལོངས་སྤྱོད་ ཤིན་ ཏུ་ དར་བ་ དེ་ གཉིས་ ཀ ས་ བདག་ གི་ ཡིད་དབང་ བཀུག པེ་ཅིང་ ནས་ ཐོ་ཁྱོ་ རུ་ འཕུར་བ འི་ གནམ་གྲུ་དང་ །" }, { "source": "ཁྱོ་ཐོ་ནས་ཨོ་ས་ཁར་བགྲོད་པའི་མེ་འཁོར། ཨོ་ས་ཁ་ནས་ཀོ་རེ་ཡའི་སོ་ཨུལ་སོགས་སུ་འཕུར་བའི་གནམ་གྲུའི་ནང་ནས་ངས་མེ་ཞེ་མ་ཡོ་ཁེ་ཨོ三島由紀夫ཡིས་བརྩམས་པའིཞེས་པའི་བརྩམས་སྒྲུང་དེ་བཀླགས་པ་དང་སྐབས་འགར་ཨ་ཞི་ཟེར་བའི་སྦི་རག་དེ་བཏུང་ནས་སྣང་བ་བན་བུན་དུ་བཏང་བས།", "target": "ཁྱོ་ཐོ་ ནས་ ཨོ་ས་ཁ ར་ བགྲོད་པ འི་ མེ་འཁོར ། ཨོ་ས་ ཁ་ ནས་ ཀོ་ རེ་ཡ འི་ སོ་ཨུལ་ སོགས་ སུ་ འཕུར་བ འི་ གནམ་གྲུ འི་ ནང་ ནས་ ང ས་ མེ་ཞེ་མ་ཡོ་ཁེ་ཨོ 三島由紀夫 ཡིས་ བརྩམས་པའིཞེས་པ འི་ བརྩམས་སྒྲུང་ དེ་ བཀླགས་པ་ དང་ སྐབས་འགར་ ཨ་ཞི་ ཟེར་བ འི་ སྦི་རག་ དེ་ བཏུང་ ནས་ སྣང་བ་ བན་བུན་ དུ་ བཏང་བ ས །" }, { "source": "མངོན་སུམ་དང་འཕྲུལ་སྣང་གཉིས་ཀ་ནས་ཤར་ཕྱོགས་ཀྱི་རྒྱལ་ཁབ་དེའི་མི་དང་གནས་ཀྱི་བཀོད་པ། ལོ་རྒྱུས། ཆོས་ལུགས། རིག་གནས་སོགས་ལ་རྒྱུས་ལེན་པའི་སྐལ་བ་མངོན་དུ་གྱུར།", "target": "མངོན་སུམ་ དང་ འཕྲུལ་སྣང་ གཉིས་ ཀ་ ནས་ ཤར་ཕྱོགས་ ཀྱི་ རྒྱལ་ཁབ་ དེ འི་ མི་ དང་ གནས་ ཀྱི་ བཀོད་པ ། ལོ་ རྒྱུ ས ། ཆོས་ ལུགས ། རིག་གནས་ སོགས་ ལ་ རྒྱུས་ ལེན་པ འི་ སྐལ་བ་ མངོན་ དུ་ གྱུར །" }, { "source": "ད་ལྟནང་གི་བྱུང་རིམ་མང་དག་ཅིག་བརྗེད་པར་གྱུར་འདུག་མོད་དམིགས་བསལ་གྱི་འགྲུལ་སྐྱོད་དེ་གཏན་ནས་བརྗེད་ཐབས་བྲལ་ཅིང་།", "target": "ད་ ལྟནང་ གི་ བྱུང་རིམ་ མང་ དག་ ཅིག་ བརྗེད་པ ར་ གྱུར་ འདུག་ མོད་ དམིགས་བསལ་ གྱི་ འགྲུལ་སྐྱོད་ དེ་ གཏན་ ནས་ བརྗེད་ ཐབས་ བྲལ་ ཅིང་ །" }, { "source": "ལྷག་པར་དུ་ཐོ་ཁྱོ་ནས་ལོ་ན་ཅུང་བགྲེས་པའི་བུད་མེད་འགའ་ཞིག་ནི་ཉི་ཧོང་གི་སྲོལ་རྒྱུན་ཆ་ལུགས་སྤྲས་ཏེ་ཁང་བརྩེགས་ཀྱི་གྲིབ་མའི་ཁྲོད་དུ་གོམ་པ་དལ་མོས་བག་ཕེབས་པར་འགྲོ་བཞིན་པ་དང་།", "target": "ལྷག་པ ར་ དུ་ ཐོ་ ཁྱོ་ ནས་ ལོ་ ན་ ཅུང་ བགྲེས་པ འི་ བུད་མེད་ འགའ་ ཞིག་ ནི་ ཉི་ཧོང་ གི་ སྲོལ་ རྒྱུན་ ཆ་ལུགས་ སྤྲས་ ཏེ་ ཁང་བརྩེགས་ ཀྱི་ གྲིབ་མ འི་ ཁྲོད་ དུ་ གོམ་པ་ དལ་མོ ས་ བག་ཕེབས་པ ར་ འགྲོ་ བཞིན་པ་ དང་ །" }, { "source": "ཁྱོ་ཐོ་ནས་གཟུགས་མཛེས་མ་འགའ་ཞིག་གིས་གར་སྟེགས་ནས་ཆེད་དུ་དམར་ལྗང་སྔོ་སེར་སོགས་ཁ་དོག་སྣ་ཚོགས་ལྡན་པའི་ཉི་ཧོང་གི་སྲོལ་རྒྱུན་ཆ་ལུགས་འགྲེམ་སྟོན་བྱེད་དུས་བདག་གིས་རྒྱུ་སྤུས་བཟང་བའི་གོས་དང་རས་ཟེར་བ་ནི་དེ་འདྲ་ཞིག་ཡིན་པར་སྙམ་ལ།", "target": "ཁྱོ་ཐོ་ ནས་ གཟུགས་མཛེས་མ་ འགའ་ ཞིག་ གིས་ ག ར་ སྟེགས་ ནས་ ཆེད་ དུ་ དམར་ལྗང་སྔོ་སེར་སོགས་ཁ་དོག་ སྣ་ཚོགས་ ལྡན་པ འི་ ཉི་ཧོང་ གི་ སྲོལ་ རྒྱུན་ ཆ་ལུགས་ འགྲེམ་སྟོན་ བྱེད་ དུས་ བདག་ གིས་ རྒྱུ་སྤུ ས་ བཟང་བ འི་ གོས་ དང་ རས་ ཟེར་བ་ ནི་ དེ་ འདྲ་ ཞིག་ ཡིན་པ ར་ སྙམ་ ལ །" }, { "source": "གདོང་ལ་སྐེག་ཚོས་རན་པར་བྱུགས་སྟངས་ནི་གཟུགས་མཛེས་མ་དེ་ཚོས་ཤིན་ཏུ་ཤེས་ཡོད་པར་སྙམ།", "target": "གདོང་ ལ་ སྐེག་ཚོས་ རན་པ ར་ བྱུགས་སྟངས་ ནི་ གཟུགས་ མཛེས་ མ་ དེ་ ཚོས་ ཤིན་ ཏུ་ ཤེས་ ཡོད་པ ར་ སྙམ །" }, { "source": "དེ་དང་མཉམ་དུ་གནའ་བོའི་ལུགས་སྲོལ་དག་མི་ཉམས་པར་ཡུན་རིང་བར་གནས་ཡོད་པ་དེ་ནི་ནམ་ཡང་སྐྱེ་བོ་རྣམས་ཀྱི་ཡིད་དབང་འཕྲོག་བྱེད་ཅིག་རེད་སྙམ།", "target": "དེ་ དང་ མཉམ་ དུ་ གནའ་བོ འི་ ལུགས་ སྲོལ་ དག་ མི་ ཉམས་པ ར་ ཡུན་ རིང་བ ར་ གནས་ ཡོད་པ་ དེ་ ནི་ ནམ་ ཡང་ སྐྱེ་བོ་ རྣམས་ ཀྱི་ ཡིད་དབང་ འཕྲོག་བྱེད་ ཅིག་ རེད་ སྙམ །" }, { "source": "དེའང་ང་ནི་རྩོམ་པ་པོ་ཆེ་གེ་མོ་གང་ཡིན་པ་དེ་དམིགས་སུ་བཀར་ནས་གླེང་བ་ལས་རྒྱལ་ཁབ་ལམ་ཡུལ་གྲུ་ག་གེ་མོའི་རྩོམ་རིག་ཅེས་རྩོམ་པ་པོ་མང་པོ་ཞིག་ཕ་ཡུལ་གཅིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་དེ་དག་རིགས་གཅིག་གི་ཁོངས་སུ་སྡུད་པར་དེ་འདྲ་མི་སྤྲོ།", "target": "དེའང་ ང་ ནི་ རྩོམ་པ་པོ་ཆེ་གེ་མོ་ གང་ ཡིན་པ་ དེ་ དམིགས་ སུ་ བཀར་ ནས་ གླེང་བ་ ལས་ རྒྱལ་ཁབ་ ལམ་ཡུལ་ གྲུ་ག་གེ་མོ འི་ རྩོམ་རིག་ ཅེས་ རྩོམ་པ་པོ་ མང་པོ་ ཞིག་ ཕ་ཡུལ་ གཅིག་ ཡིན་པ་ རྒྱུ་མཚན་ དུ་ བྱས་ ནས་ དེ་ དག་ རིགས་ གཅིག་ གི་ ཁོངས་ སུ་ སྡུད་པ ར་ དེ་ འདྲ་ མི་ སྤྲོ །" }, { "source": "ངེད་ཅག་བོད་ལ་མཚོན་ནའང་ཞང་ཞུང་ཆོས་དབང་གྲགས་པའི་བརྗིད་ཆེ་ཞིང་འུད་ཆེན་པོའི་ཉམས་དང་ལྡན་པའི་སྙན་ངག་དང་དགེ་འདུན་ཆོས་འཕེལ་གྱི་གོ་བདེ་ཞིང་ལྷོད་ཤ་ལྡན་པའི་སྙན་ངག་དེ་གཉིས་ལ་ཐུན་མོང་གི་ཁྱད་ཆོས་གང་ཡོད་ཅེ་ན།", "target": "ངེད་ཅག་ བོད་ ལ་ མཚོན་ ནའང་ ཞང་ཞུང་ཆོས་དབང་ གྲགས་པ འི་ བརྗིད་ཆེ་ ཞིང་ འུད་ཆེན་པོ འི་ ཉམས་ དང་ ལྡན་པ འི་ སྙན་ངག་ དང་ དགེ་འདུན་ ཆོས་འཕེལ་ གྱི་ གོ་བདེ་ ཞིང་ ལྷོད་ཤ་ ལྡན་པ འི་ སྙན་ངག་ དེ་ གཉིས་ ལ་ ཐུན་མོང་ གི་ ཁྱད་ཆོས་ གང་ ཡོད་ ཅེ་ ན །" }, { "source": "གཉིས་ཀ་བོད་ཡིག་གི་ལམ་ནས་བྲིས་པ་ཙམ་མ་གཏོགས་གཞན་ཅི་ཞིག་མཆིས།", "target": "གཉིས་ ཀ་ བོད་ཡིག་ གི་ ལམ་ ནས་ བྲིས་པ་ ཙམ་ མ་ གཏོགས་ གཞན་ ཅི་ ཞིག་ མཆིས །" }, { "source": "དེ་བས་རྩོམ་པ་པོ་དང་དཔེ་ཀློག་པ་ཞིག་ཡིན་པའི་ཆ་ནས།", "target": "དེ་བ ས་ རྩོམ་པ་པོ་ དང་ དཔེ་ཀློག་པ་ ཞིག་ ཡིན་པ འི་ ཆ་ ནས །" }, { "source": "ངས་ཉི་ཧོང་གི་རྩོམ་རིག་ཟེར་དུས།", "target": "ང ས་ ཉི་ཧོང་ གི་ རྩོམ་རིག་ ཟེར་ དུས །" }, { "source": "ཁ་ཝ་བྷ་ཐ་ཡ་སི་ན་རིའི川端康成བརྩམས་སྒྲུངནང་གི་མཚན་མོར་མེ་འཁོར་ཁ་བའི་རྒྱལ་ཁམས་སུ་སྐྱོད་དུས་ཤེལ་གྱི་ཁྲ་མའི་ངོས་སུ་གཟུགས་བརྙན་སྣ་ཚོགས་ཤར་བའི་སྐོར་ཞིབ་འབྲི་བྱས་ཡོད་པ་དེ་དང་།", "target": "ཁ་ཝ་ བྷ་ཐ་ ཡ་སི་ ན་ རིའི川端康成བརྩམས་ སྒྲུངནང་ གི་ མཚན་ མོར་མེ་ འཁོར་ ཁ་བ འི་ རྒྱལ་ཁམས་ སུ་ སྐྱོད་ དུས་ཤེལ་ གྱི་ ཁྲ་མ འི་ ངོས་ སུ་ གཟུགས་བརྙན་ སྣ་ཚོགས་ ཤར་བ འི་ སྐོར་ ཞིབ་འབྲི་ བྱས་ ཡོད་པ་ དེ་ དང་ །" }, { "source": "ཨ་ཁུ་ཐ་ག་ཝ་ལོའུ་ནོ་སུ་ཁེ芥川龍之介ཡི་ཞེས་པར་ཁྲིམས་དཔོན་གྱིས་དྲི་བ་འདོན་དུས་མི་རེ་རེས་དོན་གཅིག་གི་སྐོར་ལ་སྒྲུང་མི་འདྲ་བ་རེ་བཤད་པ།", "target": "ཨ་ཁུ་ ཐ་ག་ཝ་ལོའུ་ ནོ་ སུ་ ཁེ芥川龍之介 ཡི་ཞེས་པ ར་ ཁྲིམས་དཔོན་ གྱིས་ དྲི་བ་ འདོན་ དུས་ མི་ རེ་ རེས་ དོན་ གཅིག་ གི་ སྐོར་ ལ་ སྒྲུང་ མི་ འདྲ་བ་ རེ་ བཤད་པ །" }, { "source": "ཁུ་རོ་ཡ་སེན་ཅི黒井千次ཟེར་བའི་རྩོམ་པ་པོ་ཞིག་གིས་ཤིན་ཏུ་སྟབས་བདེ་ཞིང་ཀློག་བྲོ་ལ། བྱུང་རིམ་ཁྱད་མཚར་ལྡན་པའི་སྒྲུང་ཐུང་འགའ་བྲིས་ཡོད་པ།", "target": "ཁུ་རོ་ཡ་སེན་ཅི 黒井千次 ཟེར་བ འི་ རྩོམ་པ་པོ་ ཞིག་ གིས་ ཤིན་ ཏུ་ སྟབས་ བདེ་ ཞིང་ ཀློག་ བྲོ་ ལ ། བྱུང་རིམ་ ཁྱད་མཚར་ལྡན་པ འི་ སྒྲུང་ཐུང་ འགའ་ བྲིས་ ཡོད་པ །" }, { "source": "མེ་ཞེ་མ་ཡོ་ཁེ་ཨོ་དང་ཁ་ཝ་བྷ་ཐ་ཡ་སི་ན་རི་གཉིས་ཀྱིས་སྔ་རྗེས་སུ་རང་སྲོག་བཅད་པ་སོགས་དྲན་ཡོང་བ་ལས་རྩོམ་རིག་དཔྱད་བརྗོད་པ་ཚོ་ལྟར། རྩོམ་པ་པོ་གྲགས་ཅན་ག་ཚོད་ཡོད་པ་དང་། སོ་སོའི་བརྩམས་ཆོས་ལ་ཁྱད་ཆོས་ཅི་ཞིག་ཡོད་པ། ཁོ་ཚོས་འབྲི་སྟངས་ཅི་ཞིག་བེད་སྤྱད་ཡོད་པ་སོགས་ལ་བསམ་བློ་གཏན་ནས་མི་ཐོངས།", "target": "མེ་ཞེ་ མ་ ཡོ་ཁེ་ ཨོ་ དང་ ཁ་ཝ་བྷ་ཐ་ཡ་སི་ན་ རི་གཉིས་ ཀྱིས་ སྔ་ རྗེས་ སུ་ རང་ སྲོག་ བཅད་པ་ སོགས་ དྲན་ ཡོང་བ་ ལས་ རྩོམ་རིག་ དཔྱད་ བརྗོད་པ་ ཚོ་ ལྟ ར ། རྩོམ་པ་པོ་ གྲགས་ཅན་ག་ཚོད་ ཡོད་པ་ དང་ ། སོ་སོ འི་ བརྩམས་ ཆོས་ ལ་ ཁྱད་ཆོས་ ཅི་ ཞིག་ ཡོད་པ ། ཁོ་ཚོ ས་ འབྲི་སྟངས་ ཅི་ ཞིག་ བེད་ སྤྱད་ ཡོད་པ་ སོགས་ ལ་ བསམ་བློ་ གཏན་ ནས་ མི་ ཐོངས །" }, { "source": "བདག་གིས་ཁ་ཝ་བྷ་ཐ་སོགས་ཀྱི་སྨྱུག་འོག་གི་འདུ་བྲལ་དང་། སྐྱེ་འཆི། བརྩེ་དུང་། མཚན་མ། ཁེར་རྐྱང་སོགས་ལས་ཆོས་ལུགས་དང་རིག་གནས་ཀྱི་རྩ་བ་བརྟན་པའི་ཤར་ཕྱོགས་རྩོམ་རིག་གི་མཛེས་སྡུག་ཅིག་རྙེད་ཡོང་ལ།", "target": "བདག་ གིས་ ཁ་ཝ་བྷ་ཐ་སོགས་ ཀྱི་ སྨྱུག་འོག་ གི་ འདུ་བྲལ་ དང་ ། སྐྱེ་ འཆི ། བརྩེ་ དུང་ ། མཚན་མ ། ཁེར་ རྐྱང་ སོགས་ལས་ ཆོས་ལུགས་ དང་ རིག་གནས་ ཀྱི་ རྩ་བ་ བརྟན་པ འི་ ཤར་ཕྱོགས་ རྩོམ་རིག་ གི་ མཛེས་སྡུག་ ཅིག་ རྙེད་ ཡོང་ ལ །" }, { "source": "ཏག་ཏག་ངེད་ཅག་བོད་པའི་རྩོམ་པ་ཚོས་ཀྱང་བརྗོད་བྱ་དང་རྗོད་བྱེད་ཀྱིས་ཁྱབ་ཁོངས་ཆེ་རུ་བཏང་སྟེ་ཉི་ཧོང་གི་རྩོམ་པ་པོ་ཚོ་ལྟར་རྩོམ་འབྲི་ཤེས་ཚེ་མ་འོངས་པར་བོད་དུའང་ཁ་ཝ་བྷ་ཐ་ལྟ་བུའི་རྩོམ་པ་པོ་མི་འབྱུང་བའི་ངེས་པ་མེད་པར་སྙམ།", "target": "ཏག་ ཏག་ ངེད་ ཅག་ བོད་པ འི་ རྩོམ་པ་ཚོ ས་ ཀྱང་ བརྗོད་བྱ་ དང་ རྗོད་བྱེད་ཀྱིས་ཁྱབ་ ཁོངས་ ཆེ་རུ་ བཏང་ སྟེ་ ཉི་ཧོང་ གི་ རྩོམ་པ་པོ་ ཚོ་ ལྟ ར་ རྩོམ་ འབྲི་ ཤེས་ ཚེ་ མ་ འོངས་པ ར་ བོད་ དུ འང་ ཁ་ ཝ་ བྷ་ ཐ་ལྟ་བུ འི་ རྩོམ་པ་པོ་ མི་ འབྱུང་བ འི་ ངེས་པ་ མེད་པ ར་ སྙམ །" }, { "source": "རེད་དེ། ཐག་རིང་གི་རྒྱུ་སྐར་རྣམས་སུ་ཞིག་གི་སྙིང་ཁར་ལྷུང་བའི་ཚེ་ན། གོ་ལ་འདིར་ཁེར་རྐྱང་དུ་སྡོད་པའི་སེམས་པ་རྣམས་ཀྱང་རང་སར་གྲོལ་འགྲོ་བ་འདྲ།", "target": "རེད་ དེ ། ཐག་རིང་ གི་ རྒྱུ་སྐར་ རྣམས་ སུ་ ཞིག་ གི་ སྙིང་ཁ ར་ ལྷུང་བ འི་ ཚེ་ ན ། གོ་ ལ་ འདི ར་ ཁེར་རྐྱང་ དུ་ སྡོད་པ འི་ སེམས་པ་ རྣམས་ ཀྱང་ རང་ ས ར་ གྲོལ་ འགྲོ་བ་ འདྲ །" }, { "source": "དེའང་བདག་ལ་མི་འགའ་ཞིག་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། ཉི་ཧོང་བ་དག་གིས་ནུབ་ཀྱི་རིག་གནས་ལ་བླ་ལྷག་གིས་སློབ་སྦྱོང་བྱས་ཏེ་མྱུར་བར་སྟོབས་འབྱོར་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་བ་རེད་ཅེས་སྨྲས་ལ་དེའི་སྔོན་དུ་རང་གི་རིག་གནས་གཅིག་བུ་ལས་གཞན་དག་ལ་མི་སློབ་པར་སྒོ་བརྒྱབ་པ་ལྟ་བུ་ཞིག་ཏུ་བཤད་མོད།", "target": "དེའང་ བདག་ ལ་ མི་ འགའ་ ཞིག་ གིས་ འཛམ་གླིང་ འཁྲུག་ཆེན་ གཉིས་པ འི་ རྗེས་ སུ ། ཉི་ཧོང་བ་ དག་ གིས་ ནུབ་ ཀྱི་ རིག་གནས་ ལ་ བླ་ལྷག་གིས་ སློབ་སྦྱོང་ བྱས་ ཏེ་ མྱུར་བ ར་ སྟོབས་འབྱོར་ གྱི་ རྒྱལ་ཁབ་ ཅིག་ ཏུ་ གྱུར་བ་ རེད་ ཅེས་ སྨྲས་ ལ་ དེ འི་ སྔོན་ དུ་ རང་ གི་ རིག་གནས་ གཅིག་བུ་ ལས་ གཞན་ དག་ ལ་ མི་ སློབ་པ ར་ སྒོ་ བརྒྱབ་པ་ ལྟ་བུ་ ཞིག་ ཏུ་ བཤད་ མོད །" }, { "source": "ཉེ་སྔོན་བདག་གིས་ཁུ་རོ་ཡ་ན་ཀེ་ཐེ་ཚུ་ཁོས黑柳砌子བརྩམས་པའིཞེས་པ་བོད་ཡིག་ཏུ་བསྒྱུར་བ་ལས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་ནས་བཟུང་ཉི་ཧོང་དུ་ནུབ་ཕྱོགས་ཀྱི་རྩོམ་རིག་དང་། རོལ་དབྱངས། གློག་བརྙན། ཟློས་གར། སློབ་གསོ་རིག་པ། སེམས་ཁམས་རིག་པ་སོགས་ཤུགས་ཆེ་རུ་དར་ཡོད་པ་ཤེས།", "target": "ཉེ་སྔོན་ བདག་ གིས་ ཁུ་རོ་ཡ་ན་ཀེ་ཐེ་ཚུ་ཁོ ས 黑柳砌子 བརྩམས་ པའིཞེས་པ་ བོད་ཡིག་ ཏུ་ བསྒྱུར་བ་ ལས་ འཛམ་གླིང་ འཁྲུག་ཆེན་ གཉིས་པ འི་ སྔོན་ ནས་ བཟུང་ ཉི་ཧོང་ དུ་ ནུབ་ཕྱོགས་ ཀྱི་ རྩོམ་རིག་ དང་ ། རོལ་ དབྱངས ། གློག་ བརྙན ། ཟློས་གར ། སློབ་གསོ་ རིག་པ ། སེམས་ ཁམས་ རིག་པ་ སོགས་ ཤུགས་ ཆེ་རུ་ དར་ ཡོད་པ་ ཤེས །" }, { "source": "མ་ཟད་དམག་འཁྲུག་གིས་གཞན་ཡུལ་ནས་རིག་གནས་དར་བའི་རྒྱུན་དེ་ལའང་བར་ཆད་ཆེན་པོ་བྱས་ཡོད་པ་ཤེས།", "target": "མ་ ཟད་ དམག་འཁྲུག་ གིས་ གཞན་ཡུལ་ ནས་ རིག་གནས་ དར་བ འི་ རྒྱུན་ དེ་ ལ འང་ བར་ཆད་ ཆེན་པོ་ བྱས་ ཡོད་པ་ ཤེས །" }, { "source": "ལྷག་པར་དུ་མུ་ར་ཁ་མི་ཧ་རུ་ཁི村上春树ཡིས་བརྩམས་པའིཞེས་པ་བཀླགས་རྗེས། དམག་འཁྲུག་གི་རྗེས་སུ་ནུབ་ཕྱོགས་ཀྱི་སྒྱུ་རྩལ་གྱི་རིགས་སྣ་ཚོགས་ཉི་ཧོང་གི་སློབ་ཆེན་པ་ཚོའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་།", "target": "ལྷག་པ ར་ དུ་ མུ་ར་ཁ་ མི་ཧ་རུ་ ཁི村上春树 ཡིས་ བརྩམས་པ འི ཞེས་པ་ བཀླགས་རྗེ ས ། དམག་ འཁྲུག་ གི་ རྗེས་ སུ་ ནུབ་ཕྱོགས་ ཀྱི་ སྒྱུ་རྩལ་ གྱི་ རིགས་ སྣ་ཚོགས་ ཉི་ཧོང་ གི་ སློབ་ཆེན་པ་ ཚོ འི་ འཚོ་བ འི་ ཁྲོད་ ཀྱི་ གྲུབ་ཆ་ གལ་ ཆེན་ ཞིག་ ཏུ་ གྱུར་ ཡོད་པ་ དང་ །" }, { "source": "མུ་ར་ཁ་མི་སོགས་ཀྱིས་ནུབ་ཀྱི་རིག་གནས་ཀྱི་བརྡ་རྟགས་མང་པོ་ཞིག་རང་གི་རྩོམ་ནང་དུ་སྤྱད་པས་ནུབ་ཕྱོགས་པ་དག་གིས་ཀྱང་དེ་ལ་དགའ་མོས་ཆེན་པོ་བྱས་ཤིང་། ཉེ་བའི་ལོ་འགར་མུ་ར་ཁ་མི་ཉིད་ནོ་པེལ་རྩོམ་རིག་ལེན་མཁན་གྱི་ཉི་ཧོང་གི་མི་གསུམ་པར་འགྱུར་བའི་བར་ཐག་ཤིན་ཏུ་བསྟུངས་པར་གྱུར། རྩོམ་པ་པོ་ཞིག་གི་མིག་རྒྱང་གིས་ཁོའི་བརྩམས་ཆོས་ཀྱི་ཚེ་སྲོག་ཀྱང་གྲུབ་ཐུབ་པས་ན། ངེད་ཅག་ཤར་ཕྱོགས་ཀྱི་རྩོམ་པ་པོ་གཞན་དག་གིས་ཀྱང་མུ་ར་ཁ་མི་སོགས་ལྟར་རང་གི་བརྩམས་ཆོས་དེ་རིག་གནས་ཀྱི་རྣམ་པ་གཅིག་གི་ཁྱབ་ཁོངས་ལས་བརྒལ་བར་བྱ་བར་བརྩོན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད་སྙམ།", "target": "མུ་ར་ཁ་མི་ སོགས་ ཀྱིས་ ནུབ་ ཀྱི་ རིག་གནས་ ཀྱི་ བརྡ་ རྟགས་ མང་པོ་ ཞིག་ རང་ གི་ རྩོམ་ནང་ དུ་ སྤྱད་པ ས་ ནུབ་ཕྱོགས་པ་ དག་ གིས་ ཀྱང་ དེ་ ལ་ དགའ་མོས་ ཆེན་པོ་ བྱས་ ཤིང་ ། ཉེ་བ འི་ ལོ་འགར་མུ་ར་ ཁ་ མི་ ཉིད་ ནོ་ པེལ་ རྩོམ་ རིག་ལེན་མཁན་ གྱི་ ཉི་ཧོང་ གི་ མི་ གསུམ་པ ར་ འགྱུར་བ འི་ བར་ཐག་ ཤིན་ ཏུ་ བསྟུངས་པ ར་ གྱུར ། རྩོམ་པ་པོ་ ཞིག་ གི་ མིག་རྒྱང་ གིས་ ཁོ འི་ བརྩམས་ཆོས་ ཀྱི་ ཚེ་སྲོག་ ཀྱང་ གྲུབ་ ཐུབ་པ ས་ ན ། ངེད་ཅག་ ཤར་ཕྱོགས་ ཀྱི་ རྩོམ་པ་པོ་ གཞན་ དག་ གིས་ ཀྱང་ མུ་ར་ཁ་ མི་ སོགས་ལྟ ར་ རང་ གི་ བརྩམས་ ཆོས་ དེ་ རིག་གནས་ ཀྱི་ རྣམ་པ་ གཅིག་ གི་ ཁྱབ་ཁོངས་ ལས་ བརྒལ་བ ར་ བྱ་བ ར་ བརྩོན་རྒྱུ་ ནི་ ཤིན་ ཏུ་ གལ་ ཆེ་བ་ ཞིག་ རེད་ སྙམ །" } ]