[ { "source": "“ཁུན་མིང་དོན་རྐྱེན་ལས་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ལ་ཕྱིར་རྟོག་བྱེད་པ”ཞེས་པ་དེ་ནི་བརྩམས་ཆོས་ལེགས་པོ་ཞིག་ཡིན་པར་ང་རང་ཡིད་ཆེས་བརྟན་པོ་ཡོད།", "target": "“ཁུན་མིང་དོན་ རྐྱེན་ ལས་ མི་ རིགས་ ས་ ཁོངས་ རང་ སྐྱོང་ གི་ སྲིད་ ཇུས་ ལ་ ཕྱིར་རྟོག་ བྱེད་ པ”ཞེས་པ་ དེ་ ནི་ བརྩམས་ ཆོས་ ལེགས་པོ་ ཞིག་ ཡིན་པ ར་ ང་ རང་ ཡིད་ ཆེས་བརྟན་པོ་ ཡོད །" }, { "source": "དེ་བཞིན་དུ། ཁྱེད་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་སྐོར་ལ་བཏོན་པའི་ལྟ་ཚུལ་དེ་ཡང་མཱ་རུང་ལགས་དང་ཡེ་ནས་འདྲ་ཡི་མེད་པ་གསལ་བོར་མཐོང་།", "target": "དེ་ བཞིན་ དུ ། ཁྱེད་ ཀྱིས་ མི་རིགས་ ས་ཁོངས་ རང་སྐྱོང་ སྐོར་ ལ་ བཏོན་པ འི་ ལྟ་ཚུལ་ དེ་ ཡང་ མཱ་ རུང་ ལགས་ དང་ ཡེ་ ནས་ འདྲ་ ཡི་ མེད་པ་ གསལ་བོ ར་ མཐོང་ །" }, { "source": "ཡིན་ནའང་། ད་ལྟ་བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་ཁྱེད་ཀྱིས་དེ་འདྲ་ཞིག་གསུང་འོང་བར་ཧ་ལས་པོ་བྱེད་ཀྱི་ཡོད་རུང་།", "target": "ཡིན་ ན འང་ ། ད་ ལྟ་ བོད་ནང་ གི་ ཤེས་ལྡན་ མི་སྣ་ མང་པོ་ ཞིག་ གིས་ ཁྱེད་ ཀྱིས་ དེ་ འདྲ་ ཞིག་ གསུང་ འོང་བ ར་ ཧ་ ལས་ པོ་ བྱེད་ ཀྱི་ ཡོད་ རུང་ །" }, { "source": "རིག་པ་རྣལ་དུ་ཕབ་སྟེ་བསམ་བློ་རེ་བཏང་ན་དེ་ཡང་བསམ་ཡུལ་ལས་ཡོངས་སུ་འདས་པ་ཞིག་མ་རེད་སྙམ།", "target": "རིག་པ་ རྣལ་ དུ་ ཕབ་ སྟེ་ བསམ་བློ་ རེ་ བཏང་ ན་ དེ་ ཡང་ བསམ་ ཡུལ་ ལས་ ཡོངས་ སུ་ འདས་པ་ ཞིག་ མ་ རེད་ སྙམ །" }, { "source": "ང་རང་གིས་ཁྱེད་ཀྱི་རྩོམ་ཡིག་དེ་མཐོང་མ་ཐག་ཏུ་སྔོན་ཆད་མཱ་རུང་ལགས་ཀྱིས་བྲིས་པ་དེ་དྲན་བྱུང་མོད།", "target": "ང་ རང་ གིས་ ཁྱེད་ ཀྱི་ རྩོམ་ཡིག་ དེ་ མཐོང་ མ་ ཐག་ ཏུ་ སྔོན་ཆད་ མཱ་རུང་ ལགས་ ཀྱིས་ བྲིས་པ་ དེ་ དྲན་ བྱུང་ མོད །" }, { "source": "ད་ལྟའི་བར་དུ་ཁྱེད་ཀྱི་ཀློག་པ་པོ་ཞིག་ཡིན་པའི་ངོས་ནས།", "target": "ད་ ལྟ འི་ བར་ དུ་ ཁྱེད་ ཀྱི་ ཀློག་པ་པོ་ ཞིག་ ཡིན་པ འི་ ངོས་ ནས །" }, { "source": "ཁྱེད་དང་མཱ་རུང་གཉིས་ཀྱི་ལངས་ཕྱོགས་འདྲ་བོ་མིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།", "target": "ཁྱེད་ དང་ མཱ་ རུང་ གཉིས་ ཀྱི་ ལངས་ཕྱོགས་ འདྲ་བོ་ མིན་པ ར་ ང ས་ ཡིད་ཆེས་ བྱེད་ ཀྱི་ ཡོད །" }, { "source": "དེ་ནི་རྩོམ་ཡོངས་བསྡུར་ཏེ་བཀླགས་པས་ཀྱང་ཧ་གོ་ཡོང་།", "target": "དེ་ ནི་ རྩོམ་ཡོངས་ བསྡུ ར་ ཏེ་ བཀླགས་པ ས་ ཀྱང་ ཧ་ གོ་ ཡོང་ །" }, { "source": "དེ་བས། ངས་ཁྱེད་དང་ཝང་ལི་ཞུང་ལགས་ཀྱི་རྩོམ་ཡིག་གཉིས་བསྒྱུར་ཏེ་བཀོད་པ་ཡིན་ལ། དགོངས་སྐོར་མ་ཞུས་པར་དགོངས་དག་ཡང་ཡང་ཞུ་བཞིན་ཡོད།", "target": "དེ་ བ ས ། ང ས་ ཁྱེད་ དང་ཝང་ལི་ཞུང་ ལགས་ ཀྱི་ རྩོམ་ཡིག་ གཉིས་ བསྒྱུར་ ཏེ་ བཀོད་པ་ ཡིན་ ལ ། དགོངས་སྐོར་ མ་ ཞུས་པ ར་ དགོངས་དག་ ཡང་ ཡང་ ཞུ་ བཞིན་ ཡོད །" }, { "source": "ངས་ཁྱེད་གཉིས་ཀྱི་རྩོམ་ཡིག་གཉིས་སྔ་གཞུག་ཏུ་བསྒྱུར་ཏེ་བཀོད་པར་བསམ་ཚུལ་གཞན་ཅི་ཡང་མེད་པ་སྟེ། ལྟ་བ་མི་འདྲ་བའི་རྩོམ་ཡིག་དེ་གཉིས་བོད་མི་མང་པོ་ཞིག་གིས་མཐོང་ན་བསམ་པ་ཙམ་ཡིན། ཁོ་རང་ཚོས་ཁྱེད་གཉིས་ཀྱི་ལེགས་རྩོམ་གཉིས་ལ་མཇལ་རྗེས། སོ་སོར་བསམ་ཚུལ་མ་འདྲ་བ་ཞིག་སྐྱེས་ཡོད་ངེས་རེད་སྙམ་ཡོད།", "target": "ང ས་ ཁྱེད་ གཉིས་ ཀྱི་ རྩོམ་ཡིག་ གཉིས་ སྔ་གཞུག་ ཏུ་ བསྒྱུར་ ཏེ་ བཀོད་པ ར་ བསམ་ཚུལ་ གཞན་ ཅི་ ཡང་ མེད་པ་ སྟེ ། ལྟ་བ་ མི་ འདྲ་བ འི་ རྩོམ་ཡིག་ དེ་ གཉིས་ བོད་ མི་ མང་པོ་ ཞིག་ གིས་ མཐོང་ ན་ བསམ་པ་ ཙམ་ ཡིན ། ཁོ་ རང་ ཚོས་ ཁྱེད་ གཉིས་ ཀྱི་ ལེགས་རྩོམ་ གཉིས་ ལ་ མཇལ་ རྗེས ། སོ་སོ ར་ བསམ་ཚུལ་ མ་ འདྲ་བ་ ཞིག་ སྐྱེས་ ཡོད་ ངེས་རེད་ སྙམ་ ཡོད །" }, { "source": "གཤམ་དུ་ཁྱེད་རང་གིས་བཏོན་པའི་རེ་འདོད་བཞིན་ངས་རང་གི་བསམ་ཚུལ་སྐོར་ཞིག་འབུལ་རྒྱུ་ཡིན་ལ།", "target": "གཤམ་ དུ་ ཁྱེད་ རང་ གིས་ བཏོན་པ འི་ རེ་ འདོད་ བཞིན་ ང ས་ རང་ གི་ བསམ་ཚུལ་ སྐོར་ ཞིག་ འབུལ་རྒྱུ་ ཡིན་ ལ །" }, { "source": "ད་ལྟ་བར་དུ་འགོར་འགྱངས་སོང་བར་ཡང་དགོངས་དྭངས་ཞུ་ཡི་ཡིན།", "target": "ད་ ལྟ་བར་ དུ་ འགོར་འགྱངས་ སོང་བ ར་ ཡང་ དགོངས་དྭངས་ ཞུ་ ཡི་ ཡིན །" }, { "source": "སྤྱིར་ང་རང་ལྟར་ན་མི་རིགས་ས་ཁོངས་རང་སྐྱོང་དེ་ཀྲུང་གོའི་མི་རིགས་བར་གྱི་འགལ་བའི་འབྱུང་རྐྱེན་གཙོ་བོར་མཐོང་གི་མེད། ཁྱེད་ཀྱིས་གསུངས་པ་ནང་བཞིན།", "target": "སྤྱི ར་ ང་ རང་ ལྟ ར་ ན་ མི་ རིགས་ ས་ ཁོངས་ རང་ སྐྱོང་ དེ་ ཀྲུང་གོའི་ མི་ རིགས་ བར་ གྱི་ འགལ་བ འི་ འབྱུང་རྐྱེན་ གཙོ་བོ ར་ མཐོང་ གི་ མེད ། ཁྱེད་ ཀྱིས་ གསུངས་པ་ ནང་ བཞིན །" }, { "source": "དེ་ཉིད་སི་ཏ་ལིན་གྱི་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཤུལ་རྫས་ཤིག་ཡིན་ཏུ་ཆུགས་ཀྱང་།", "target": "དེ་ ཉིད་ སི་ཏ་ ལིན་ གྱི་ དབང་ མཐའ་སྒེ ར་ གཅོད་རིང་ལུགས་ ཀྱི་ ཤུལ་རྫས་ ཤིག་ ཡིན་ ཏུ་ ཆུགས་ ཀྱང་ །" }, { "source": "དེ་ཉིད་ཀྲུང་གོའི་མི་རིགས་འགལ་བའི་བྱུར་གྱི་སྣ་འདྲེན་ཡིན་ཤག་བྱས་པ་ནི་གནས་ལུགས་ཡོད་པར་མ་མཐོང་།", "target": "དེ་ ཉིད་ ཀྲུང་ གོའི་ མི་ རིགས་ འགལ་བ འི་ བྱུར་ གྱི་ སྣ་འདྲེན་ ཡིན་ ཤག་ བྱས་པ་ ནི་ གནས་ལུགས་ ཡོད་པ ར་ མ་ མཐོང་ །" }, { "source": "དེ་ལས་ལྡོག་སྟེ།", "target": "དེ་ ལས་ ལྡོག་ སྟེ །" }, { "source": "མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་མངའ་སྡེ་རང་སྐྱོང་གི་འགོ་འཛུགས་སར་གྱུར་ན་ཡག་པོ་རེད་སྙམ་གྱི་ཡོད།", "target": "མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ ནི་ མངའ་ སྡེ་ རང་ སྐྱོང་ གི་ འགོ་འཛུགས་ས ར་ གྱུར་ ན་ཡག་ པོ་ རེད་ སྙམ་ གྱི་ ཡོད །" }, { "source": "ཀྲུང་གོ་ནང་ཁུལ་གྱི་འགལ་བ་ལོ་རེ་བཞིན་ཛ་དྲག་ཏུ་འགྲོ་ཡི་ཡོད་པ་མངོན་གསལ་ལྟར།", "target": "ཀྲུང་ གོ་ ནང་ཁུལ་ གྱི་ འགལ་བ་ ལོ་ རེ་ བཞིན་ ཛ་དྲག་ ཏུ་ འགྲོ་ ཡི་ ཡོད་པ་ མངོན་གསལ་ ལྟ ར །" }, { "source": "དེ་ལས་ཐར་ལམ་ཉག་གཅིག་ནི་མངའ་སྡེ་རང་སྐྱོང་ལམ་ལུགས་ཡིན་པར་ངས་ཀྱང་འདོད།", "target": "དེ་ ལས་ ཐར་ལམ་ ཉག་ གཅིག་ ནི་ མངའ་ སྡེ་ རང་ སྐྱོང་ ལམ་ ལུགས་ ཡིན་པ ར་ ང ས་ ཀྱང་ འདོད །" }, { "source": "དེས་ན། ད་ལྟ་ལག་བསྟར་བྱེད་ཀྱིན་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་མངའ་སྡེ་རང་སྐྱོང་གི་འགོ་འཛུགས་ས་ཞིག་ཏུ་གྱུར་ན་ཤིན་ཏུ་ལེགས་ཏེ།", "target": "དེ ས་ ན ། ད་ ལྟ་ ལག་བསྟར་ བྱེད་ཀྱིན་པ འི་ མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ དེ་ མངའ་སྡེ་རང་སྐྱོང་ གི་ འགོ་འཛུགས་ ས་ ཞིག་ ཏུ་ གྱུར་ ན་ ཤིན་ ཏུ་ ལེགས་ ཏེ །" }, { "source": "དེ་ལྟར་བྱས་པས་མི་རིགས་ནང་ཁུལ་གྱི་འགལ་བ་ཞི་འཇགས་སུ་འགྲོ་བར་ཕན་རླབས་ཆེན་པོ་འབྱུང་མི་ཡོང་ངམ་སྙམ།", "target": "དེ་ ལྟ ར་ བྱས་པ ས་ མི་ རིགས་ ནང་ ཁུལ་ གྱི་ འགལ་བ་ ཞི་འཇགས་ སུ་ འགྲོ་བ ར་ ཕན་རླབས་ ཆེན་པོ་ འབྱུང་ མི་ ཡོང་ ངམ་ སྙམ །" }, { "source": "ཉེ་སྔོན།", "target": "ཉེ་ སྔོན །" }, { "source": "མི་རིགས་ཀྱི་གནད་དོན་ལས་བོད་དང་ཡུ་གུར་གྱི་གནད་དོན་ནི་ཚབས་ཆེ་ཤོས་ཆགས་ཡོད་པ་རེད།", "target": "མི་རིགས་ ཀྱི་ གནད་ དོན་ ལས་ བོད་ དང་ ཡུ་གུ ར་ གྱི་ གནད་ དོན་ ནི་ ཚབས་ ཆེ་ཤོས་ ཆགས་ ཡོད་པ་ རེད །" }, { "source": "དེ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་བསྐྱེད་པའི་ངན་འབྲས་ཤིག་ཡེ་ནས་མ་ཡིན་པར། དེ་ནི་ལོ་རྒྱུས་ཀྱི་དྲན་པ་སོགས་ཀྱིས་བསླངས་པའི་གནད་དོན་ཞིག་རེད།", "target": "དེ་ ནི་ མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ལུགས་ ཀྱིས་ བསྐྱེད་པ འི་ ངན་འབྲས་ ཤིག་ ཡེ་ ནས་ མ་ ཡིན་པ ར ། དེ་ ནི་ ལོ་རྒྱུས་ ཀྱི་ དྲན་པ་ སོགས་ ཀྱིས་ བསླངས་པ འི་ གནད་ དོན་ ཞིག་ རེད །" }, { "source": "ལོ་རྒྱུས་ཀྱི་དྲན་པ་དེ་ཉིད་བརྗེད་འཇུག་པ་ནི་ལས་སླ་པོ་ཞིག་མ་ཡིན་ན།", "target": "ལོ་རྒྱུས་ ཀྱི་ དྲན་པ་ དེ་ ཉིད་ བརྗེད་ འཇུག་པ་ ནི་ ལས་ སླ་པོ་ ཞིག་ མ་ ཡིན་ ན །" }, { "source": "ཁྱེད་ཀྱིས“མི་རིགས”ཞེས་པའི་བཏགས་མིང་ཙམ་མེད་པར་བྱས་པས་ཕན་པ་ཅུང་ཙམ་འབྱུང་བ་ཕར་ཟད།", "target": "ཁྱེད་ ཀྱིས “ མི་རིགས ”ཞེས་པ འི་ བཏགས་མིང་ ཙམ་ མེད་པ ར་ བྱས་པ ས་ ཕན་པ་ ཅུང་ཙམ་ འབྱུང་བ་ ཕ ར་ ཟད །" }, { "source": "ལྡོག་སྟེ། མི་རིགས་རྨེག་མེད་འགྲོ་སྙམ་གྱི་སྡུག་བསྔལ་མི་བཟད་པས་མི་སེམས་ལ་འཇིགས་སྣང་མི་བསྐྱེད་པའི་ངེས་པ་མེད།", "target": "ལྡོག་ སྟེ ། མི་རིགས་ རྨེག་མེད་ འགྲོ་ སྙམ་ གྱི་ སྡུག་བསྔལ་ མི་ བཟད་པ ས་ མི་ སེམས་ ལ་ འཇིགས་སྣང་ མི་ བསྐྱེད་པ འི་ ངེས་པ་ མེད །" }, { "source": "ཉིད་ཀྱིས་མཁྱེན་གསལ་ལྟར།", "target": "ཉིད་ ཀྱིས་ མཁྱེན་གསལ་ ལྟ ར །" }, { "source": "ད་ལྟ་གཞུང་གིས་ཅི་ཐུབ་གང་ནུས་ཀྱིས་ལག་བསྟར་བྱེད་ཀྱིན་པ་ནི་མི་རིགས་རང་སྐྱོང་ས་ཆར་རྒྱ་མི་འབོར་ཆེན་གནས་སྤོ་བྱེད་བཞིན་པ་དང་།", "target": "ད་ ལྟ་ གཞུང་ གིས་ ཅི་ཐུབ་ གང་ནུས་ ཀྱིས་ ལག་བསྟར་ བྱེད་ཀྱིན་ པ་ ནི་ མི་ རིགས་ རང་ སྐྱོང་ ས་ཆ ར་ རྒྱ་མི་ འབོར་ཆེན་ གནས་སྤོ་ བྱེད་ བཞིན་ པ་ དང་ །" }, { "source": "གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་སྐད་ཡིགཆོས་ལུགས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་སྟངས་འཛིན་བྱེད་ཀྱིན་པ་དེ་རེད།", "target": "གྲངས་ ཉུང་ མི་ རིགས་ ཀྱི་ རིག་གནས་ དང་ སྐད་ཡིག ཆོས་ལུགས་ སོགས་ ལ་ དངོས་ཤུགས་ བརྒྱུད་ གསུམ་ གྱི་ སྒོ་ ནས་ སྟངས་འཛིན་ བྱེད་ ཀྱིན་ པ་ དེ་ རེད །" }, { "source": "ནམ་ཞིགམི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མེད་པར་བཏང་སྟེ། ཐོབ་ཐང་ལག་འཁྱེར་དང་མི་སྒེར་ཡིག་ཚགས་སོགས་ནས་མི་རིགས་ཞེས་པའི་ཁྲབ་ཙམ་པོ་བ་དེ་ཡང་མེད་པར་གྱུར་ཚེ།", "target": "ནམ་ ཞིག མི་ རིགས་ ས་ ཁོངས་ རང་ སྐྱོང་ ལམ་ ལུགས་ མེད་པ ར་ བཏང་ སྟེ ། ཐོབ་ཐང་ ལག་འཁྱེར་ དང་ མི་སྒེ ར་ ཡིག་ཚགས་ སོགས་ ནས་ མི་ རིགས་ ཞེས་པ འི་ ཁྲབ་ ཙམ་པོ་ བ་དེ་ ཡང་ མེད་པ ར་ གྱུར་ ཚེ །" }, { "source": "ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གནས། ཡུལ་གོམས་གཤིས་ལུགས་སོགས་ལྡན་པའི་གྲངས་ཉུང་མི་རིགས་ཚང་མ་མགྱོགས་སུ་གཞན་འགྱུར་དང་འདྲེས་འགྱུར་སོང་ནས་རྩ་མེད་འགྲོ་རྒྱུ་ཡིན་པ་དཔགས་པས་ཤེས་ཐུབ།", "target": "ཐུན་མོང་ མ་ ཡིན་པ འི་ སྐད་ ཡིག་ དང་ རིག་གནས ། ཡུལ་ གོམས་ གཤིས་ ལུགས་ སོགས་ ལྡན་པ འི་ གྲངས་ ཉུང་ མི་ རིགས་ཚང་ མ་ མགྱོགས་ སུ་ གཞན་ འགྱུར་ དང་ འདྲེས་འགྱུར་ སོང་ ནས་ རྩ་མེད་ འགྲོ་རྒྱུ་ ཡིན་པ་ དཔགས་ པ ས་ ཤེས་ཐུབ །" }, { "source": "སྐབས་དེར།", "target": "སྐབས་ དེ ར །" }, { "source": "གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་པ་འདུས་པའི་མི་དམངས་ཡོངས་ཀྱི་སེམས་སུ་སྨྲ་མི་ཤེས་པའི་རྨ་ཟབ་མོ་ཞིག་འབྱིན་རྒྱུ་ཡིན་པའང་སྨོས་མ་དགོས་པ་ཆགས་ཡོད།", "target": "གྲངས་ ཉུང་ མི་ རིགས་ ཀྱི་ ཤེས་ལྡན་པ་ འདུས་པ འི་ མི་ དམངས་ ཡོངས་ ཀྱི་ སེམས་ སུ་ སྨྲ་ མི་ ཤེས་པ འི་ རྨ་ ཟབ་མོ་ ཞིག་ འབྱིན་རྒྱུ་ ཡིན་པ འང་ སྨོས་ མ་ དགོས་པ་ ཆགས་ ཡོད །" }, { "source": "ད་ལྟའི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་འདིའང་ཤོག་བུ་དཀར་པོའི་ངོས་ཀྱི་ཡི་གེ་ནག་པོ་ཙམ་རེད།", "target": "ད་ ལྟ འི་ མི་ རིགས་ ས་ ཁོངས་ རང་ སྐྱོང་ ཞེས་པ་ འདིའང་ ཤོག་བུ་ དཀར་པོ འི་ ངོས་ ཀྱི་ ཡི་གེ་ ནག་པོ་ ཙམ་ རེད །" }, { "source": "དོན་དངོས་སུ་དེ་ལ་རང་སྐྱོང་གི་དབང་ཆ་ཅི་ཙམ་ཡོད་པའི་ཚུལ་ནི། ས་ཆ་དེ་དག་གི་གཞུང་གི་འགན་འཛིན་མི་སྣའི་ཁ་གྲངས་ཙམ་ལས་ཀྱང་གསལ་ཐིང་ཐིང་མ་ཡིན་ནམ།", "target": "དོན་ དངོས་ སུ་ དེ་ ལ་ རང་ སྐྱོང་ གི་ དབང་ཆ་ ཅི་ ཙམ་ ཡོད་པ འི་ ཚུལ་ ནི ། ས་ཆ་ དེ་ དག་ གི་ གཞུང་ གི་ འགན་ འཛིན་ མི་ སྣ འི་ ཁ་ གྲངས་ ཙམ་ ལས་ ཀྱང་ གསལ་ཐིང་ཐིང་ མ་ ཡིན་ ནམ །" }, { "source": "མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་ལྟོས་བཅས་སུ་ཁེར་ཚུགས་ཀྱི་རིགས་ཤིག་རེད། དེས་མི་རིགས་གང་དེར་ཀྲུང་དབྱང་ལ་མི་ལྟོས་པའི་དམིགས་བསལ་དབང་ཆ་ཞིག་ཡོད་པ་མཚོན་ཞིང་།", "target": "མི་ རིགས་ ས་ ཁོངས་ རང་ སྐྱོང་ ཞེས་པ་ ནི་ ལྟོས་བཅས་ སུ་ཁེར་ཚུགས་ ཀྱི་ རིགས་ ཤིག་ རེད ། དེ ས་ མི་ རིགས་ གང་ དེ ར་ ཀྲུང་ དབྱང་ ལ་ མི་ ལྟོས་པ འི་ དམིགས་བསལ་ དབང་ཆ་ ཞིག་ ཡོད་པ་ མཚོན་ ཞིང་ །" }, { "source": "ལམ་དེ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས། ཆོས་ལུགས་སོགས་ལ་སྲུང་སྐྱོབ་ཐོབ་ཐབས་བྱེད་ཀྱི་ཡོད།", "target": "ལམ་ དེ་ ནས་ གྲངས་ ཉུང་ མི་ རིགས་ ཀྱི་ སྐད་ ཡིག་ དང་ རིག་གནས ། ཆོས་ལུགས་ སོགས་ ལ་ སྲུང་སྐྱོབ་ ཐོབ་ཐབས་ བྱེད་ ཀྱི་ ཡོད །" }, { "source": "ད་ལྟ་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་སེམས་ཁྲལ་བྱེད་ཀྱིན་པ་ནི་མི་རིགས་རང་གི་སྐད་ཡིག་དང་རིག་གནས། ཆོས་ལུགས་སོགས་ལ་ཆག་འཇིག་ཡོང་གིན་པ་དེ་རེད།", "target": "ད་ ལྟ་ གྲངས་ ཉུང་ མི་ རིགས་ ཀྱི་ ཤེས་ ལྡན་ མི་སྣ་ མང་པོ་ ཞིག་ གིས་ སེམས་ཁྲལ་ བྱེད་ ཀྱིན་ པ་ ནི་ མི་ རིགས་ རང་ གི་ སྐད་ ཡིག་ དང་ རིག་གནས ། ཆོས་ལུགས་ སོགས་ ལ་ ཆག་འཇིག་ ཡོང་ གིན་ པ་ དེ་ རེད །" }, { "source": "གལ་ཏེ། ཀྲུང་དབྱང་གིས་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་གྲངས་ཉུང་མི་རིགས་ས་ཆར་རང་སྐྱོང་གཙང་མའི་སྲིད་ཇུས་ཤིག་ལག་བསྟར་ཐུབ་པ་བྱུང་ཚེ།", "target": "གལ་ ཏེ ། ཀྲུང་དབྱང་ གིས་ ཁ་ཡོད་ ལག་ཡོད་ ཀྱི་ སྒོ་ ནས་ གྲངས་ ཉུང་ མི་ རིགས་ ས་ ཆར་ རང་ སྐྱོང་ གཙང་མ འི་ སྲིད་ ཇུས་ ཤིག་ ལག་བསྟ ར་ ཐུབ་པ་ བྱུང་ ཚེ །" }, { "source": "གནད་དོན་འདི་རིགས་ཐག་ཆོད་པར་ཕན་ཐོགས་ཆེན་པོ་ཡོད་ཀྱི་རེད་སྙམ།", "target": "གནད་ དོན་ འདི་ རིགས་ཐག་ ཆོད་པ ར་ ཕན་ཐོགས་ ཆེན་པོ་ ཡོད་ ཀྱི་ རེད་ སྙམ །" }, { "source": "དེ་ལས་ལྡོག་སྟེ།", "target": "དེ་ ལས་ ལྡོག་ སྟེ །" }, { "source": "ཀྲུང་གོའི་མི་རིགས་འགལ་བའི་བྱུར་གྱི་སྣ་འདྲེན་ཡོད་ཚད་མི་རིགས་ས་ཁོངས་རང་སྐྱོང་ལ་བརྩིས་ཚེ།", "target": "ཀྲུང་ གོའི་ མི་ རིགས་ འགལ་བ འི་ བྱུར་ གྱི་ སྣ་འདྲེན་ ཡོད་ཚད་ མི་ རིགས་ ས་ ཁོངས་ རང་སྐྱོང་ ལ་ བརྩིས་ ཚེ །" }, { "source": "ཝང་ལི་ཞུང་ལགས་ཀྱིས་གསུངས་པ་བཞིན།", "target": "ཝང་ལི་ ཞུང་ ལགས་ ཀྱིས་ གསུངས་པ་ བཞིན །" }, { "source": "གྲངས་ཉུང་མི་རིགས་ཀྱི“ཆེས་མཐའ་མཇུག་གི་སྲུང་ཁྲབ་དེའང་ཡོངས་སུ་བརླགས་པ”མ་ཡིན་ནམ།", "target": "གྲངས་ ཉུང་ མི་ རིགས་ ཀྱི“ཆེས་མཐའ་ མཇུག་ གི་ སྲུང་ཁྲབ་ དེ འང་ ཡོངས་ སུ་ བརླགས་ པ”མ་ ཡིན་ ནམ །" }, { "source": "ཁྱེད་ནི་རང་དབང་རིང་ལུགས་པ་ཞིག་ཡིན་པའི་ཆ་ནས། མི་རིགས་ཀྱི་རང་ཐག་རང་གཅོད་ཐོབ་ཐང་ནི་ག་འདྲ་ཞིག་ཡིན་ཚུལ་ཡོངས་སུ་མཁྱེན་ངེས་རེད། ཀྲུང་གོས་བོད་རིགས་དང་ཡུ་གུར་རིགས་སོགས་ལ་ཐོབ་ཐང་དེ་ཉིད་རྩ་བ་ནས་མི་སྟེར་བའི་གནད་དོན་ཅི་ཞིག་ཡིན་ནམ། ཁྱེད་རང་གིས་འདི་ཉིད་གནད་དོན་ཞིག་ཏུ་བརྩིས་ནས་མི་གླེང་བ་ག་ལ་སྲིད། ཡང་གཅིག་བཤད་ན། ང་ཚོར་རང་གི་སྐད་ཡིག་དང་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡང་མི་སྟེར་བ་ཅི་ཞིག་ཡིན་ནམ།", "target": "ཁྱེད་ ནི་ རང་དབང་ རིང་ལུགས་ པ་ཞིག་ ཡིན་པ འི་ ཆ་ ནས ། མི་ རིགས་ ཀྱི་ རང་ ཐག་ རང་ གཅོད་ཐོབ་ ཐང་ ནི་ ག་ འདྲ་ ཞིག་ ཡིན་ ཚུལ་ ཡོངས་ སུ་ མཁྱེན་ ངེས་རེད ། ཀྲུང་གོ ས་ བོད་ རིགས་ དང་ ཡུ་གུ ར་ རིགས་སོགས་ ལ་ ཐོབ་ཐང་ དེ་ ཉིད་ རྩ་བ་ ནས་ མི་ སྟེར་བ འི་ གནད་དོན་ ཅི་ ཞིག་ ཡིན་ ནམ ། ཁྱེད་རང་ གིས་ འདི་ ཉིད་ གནད་དོན་ ཞིག་ ཏུ་ བརྩིས་ ནས་ མི་ གླེང་བ་ ག་ ལ་ སྲིད ། ཡང་ གཅིག་ བཤད་ ན ། ང་ ཚོར་ རང་ གི་ སྐད་ ཡིག་ དང་ ཆོས་ལུགས་ ལ་ སྲུང་སྐྱོབ་ བྱེད་པ འི་ ཐོབ་ཐང་ ཡང་ མི་ སྟེར་བ་ ཅི་ ཞིག་ ཡིན་ ནམ །" }, { "source": "ཡུ་གུར་པ་ཞིག་གིས་ཁོ་ཚོའི་ཆོས་ལུགས་ཀྱི་དཔེ་ཆ་མང་པོ་བཙོངས་པས་ཉེས་ཆད་བཅད་པ་དང་།", "target": "ཡུ་གུར་པ་ ཞིག་ གིས་ ཁོ་ཚོ འི་ ཆོས་ལུགས་ ཀྱི་ དཔེ་ཆ་ མང་པོ་ བཙོངས་པ ས་ ཉེས་ཆད་ བཅད་པ་ དང་ །" }, { "source": "བོད་ཡུལ་དུ་ང་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཆེན་མོ་གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དེ་ང་ཚོར་མི་རིགས་ས་ཁོངས་རང་སྐྱོང་གི་དམིགས་བསལ་ཐོབ་ཐང་ཡོད་པས་ཡིན་ནམ།", "target": "བོད་ཡུལ་ དུ་ ང་ཚོ འི་ ཆོས་ལུགས་ ཀྱི་ དབུ་ ཁྲིད་ ཆེན་མོ་ གོང་ས་ མཆོག་ གི་ སྐུ་པར་ བཤམས་ མི་ ཆོག་པ་ དེ་ ང་ ཚོར་ མི་ རིགས་ ས་ ཁོངས་ རང་ སྐྱོང་ གི་ དམིགས་བསལ་ ཐོབ་ཐང་ ཡོད་པ ས་ ཡིན་ ནམ །" }, { "source": "ང་ཚོར་མ་མཐའི་ཐོབ་ཐང་འདི་དག་ཀྱང་མེད་པ་ཅི་ཡིས་ལན་ནམ།", "target": "ང་ ཚོར་ མ་ མཐ འི་ ཐོབ་ ཐང་ འདི་ དག་ ཀྱང་ མེད་པ་ ཅི་ ཡིས་ ལན་ ནམ །" }, { "source": "སྔོན་མར། ངས་ཁྱེད་ཉིད་ཀྱིས་བྲིས་པའི་ཤོག་སྒྲིལ་རང་དབང་སྐོར་གྱི་རྩོམ་དེ་བཀླགས་པ་ཡིན། དེས་ང་ལ་བློ་བསྐྱེད་མང་པོ་བྱུང་ལ།", "target": "སྔོན་ མ ར ། ང ས་ ཁྱེད་ ཉིད་ ཀྱིས་ བྲིས་པ འི་ ཤོག་སྒྲིལ་རང་དབང་ སྐོར་ གྱི་ རྩོམ་ དེ་ བཀླགས་པ་ ཡིན ། དེ ས་ ང་ ལ་ བློ་བསྐྱེད་ མང་པོ་ བྱུང་ ལ །" }, { "source": "ངས་དེ་ཉིད་བོད་ཡིག་ཏུ་བསྒྱུར་ཚར་ཡོད།", "target": "ང ས་ དེ་ ཉིད་ བོད་ཡིག་ ཏུ་ བསྒྱུར་ ཚར་ ཡོད །" }, { "source": "ཉིད་ཀྱིས་གསུངས་པ་ལྟར་ན།", "target": "ཉིད་ ཀྱིས་ གསུངས་པ་ ལྟ ར་ ན །" }, { "source": "ཤོག་སྒྲིལ་རང་དབང་ནི་རང་དབང་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ།", "target": "ཤོག་སྒྲིལ་ རང་དབང་ ནི་ རང་དབང་དམངས་གཙོ འི་ གྲུབ་ཆ་ གལ་ཆེན་ ཞིག་ རེད་ ལ །" }, { "source": "ཐྲོ་ཁི་ཝོལ་ལགས་ཀྱིས་ཤོག་སྒྲིལ་རང་དབང་དེ་ཨ་རིའི་དམངས་གཙོའི་དགེ་མཚན་དཔེ་མེད་ཅིག་ཏུ་བགྲངས་འདུགདེས་ན་ལོ་ངོ་འདི་དག་ལ་ང་ཚོའི་ས་ཆར་ཤོག་སྒྲིལ་རང་དབང་ཡེ་ནས་མེད་པ་དེ་ང་ཚོར་རང་དབང་དང་དམངས་གཙོ་མ་འཚམ་པས་རེད་དམ།", "target": "ཐྲོ་ཁི་ཝོལ་ ལགས་ ཀྱིས་ ཤོག་སྒྲིལ་ རང་དབང་ དེ་ ཨ་རི འི་ དམངས་ གཙོ འི་ དགེ་མཚན་ དཔེ་ མེད་ ཅིག་ ཏུ་ བགྲངས་ འདུག དེ ས་ ན་ ལོ་ ངོ་ འདི་ དག་ ལ་ ང་ ཚོ འི་ ས་ཆར་ ཤོག་ སྒྲིལ་ རང་དབང་ ཡེ་ ནས་ མེད་པ་ དེ་ ང་ ཚོར་ རང་དབང་ དང་ དམངས་གཙོ་མ་ འཚམ་པ ས་ རེད་ དམ །" }, { "source": "ཡང་ན་ང་ཚོར་མི་རིགས་ས་ཁོངས་རང་སྐྱོང་ཞེས་པའི་དམིགས་བསལ་སྲིད་ཇུས་ཤིག་ཡོད་པས་རེད་དམ།", "target": "ཡང་ ན་ ང་ ཚོར་ མི་ རིགས་ ས་ ཁོངས་ རང་ སྐྱོང་ ཞེས་པ འི་ དམིགས་བསལ་ སྲིད་ཇུས་ ཤིག་ ཡོད་པ ས་ རེད་ དམ །" }, { "source": "བདེན་ཏེ། ང་ཚོའི་དམངས་བྱིངས་ཀྱི་ངོས་ནས་བཤད་ན། སྤྱི་དམངས་ཀྱི་ལེགས་བྱང་ཤིན་ཏུ་དམའ།", "target": "བདེན་ ཏེ ། ང་ ཚོ འི་ དམངས་ བྱིངས་ ཀྱི་ ངོས་ ནས་ བཤད་ ན ། སྤྱི་དམངས་ ཀྱི་ ལེགས་བྱང་ ཤིན་ ཏུ་ དམའ །" }, { "source": "ཡིན་ནའང་། འདི་ཉིད་དམངས་གཙོའི་བཀག་རྒྱ་རུ་བགྲང་རུང་ངམ།", "target": "ཡིན་ ན འང་ ། འདི་ ཉིད་ དམངས་གཙོའི་ བཀག་རྒྱ་ རུ་ བགྲང་ རུང་ ངམ །" }, { "source": "ཉིད་ཀྱིས་གསུངས་པ་ལྟར་ན།", "target": "ཉིད་ ཀྱིས་ གསུངས་པ་ ལྟ ར་ ན །" }, { "source": "རང་དབང་ལྡན་པའི་དམངས་གཙོའི་ལམ་ལུགས་ཀྱིས་ད་གཟོད་མིའི་ལེགས་བྱང་ཇེ་མཐོར་གཏོང་ཐུབ་པ་མ་ཡིན་ནམ།", "target": "རང་དབང་ ལྡན་པ འི་ དམངས་ གཙོ འི་ ལམ་ལུགས་ ཀྱིས་ ད་ གཟོད་ མི འི་ ལེགས་བྱང་ ཇེ་མཐོ ར་ གཏོང་ ཐུབ་པ་ མ་ ཡིན་ ནམ །" }, { "source": "དེས་ན་ང་ཚོའི་ས་ཆ་རུ་ཐ་ན་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཤོག་ཁ་བཙུགས་པ་ཙམ་གྱིས་ཁྲིམས་འགལ་དུ་བསྙད་ནས་ཉེས་ཆད་གཅོད་པ་དེ་ག་རེ་ཡིན་ནམ།", "target": "དེ ས་ ན་ ང་ ཚོ འི་ ས་ཆ་ རུ་ ཐ་ ན་ རང་ གི་ སྐད་ཡིག་ སྲུང་སྐྱོབ་ བྱེད་པ འི་ ཤོག་ཁ་ བཙུགས་པ་ ཙམ་ གྱིས་ ཁྲིམས་འགལ་ དུ་ བསྙད་ ནས་ ཉེས་ཆད་ གཅོད་པ་ དེ་ ག་རེ་ ཡིན་ ནམ །" }, { "source": "ཁྱེད་ཀྱིས་གསུངས་པ་དེར་ངས་ཧ་གོ་ཡི་ཡོད།", "target": "ཁྱེད་ ཀྱིས་ གསུངས་པ་ དེ ར་ ང ས་ ཧ་གོ་ཡི་ཡོད །" }, { "source": "ངས་ཀྱང་སྐྱེས་བུ་རེ་རེ་འདྲ་མཉམ་ཡིན་པ་གཞིར་བཞག་གིས་འཐུས་སྒོ་ཚང་བའི་མངའ་སྡེ་རང་སྐྱོང་ལམ་ལུགས་ཤིག་ཚུགས་ན་བསམ་གྱི་ཡོད།", "target": "ང ས་ ཀྱང་ སྐྱེས་བུ་ རེ་རེ་ འདྲ་མཉམ་ ཡིན་པ་ གཞི ར་ བཞག་ གིས་ འཐུས་ སྒོ་ ཚང་བ འི་ མངའ་སྡེ་ རང་ སྐྱོང་ ལམ་ལུགས་ ཤིག་ ཚུགས་ ན་ བསམ་ གྱི་ ཡོད །" }, { "source": "ངས་ཀྱང་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་གཏན་ནས་མཐོང་མི་འདོད།", "target": "ང ས་ ཀྱང་ མི་ཤི་ རྟ་ འགྱེལ་ གྱི་ དོན་རྐྱེན་ གཏན་ ནས་ མཐོང་ མི་ འདོད །" }, { "source": "འདི་ནི་ང་དང་འདྲ་བའི་བོད་མི་བྱིངས་ཀྱི་བསམ་ཚུལ་ཡིན་ལ།", "target": "འདི་ ནི་ ང་ དང་ འདྲ་བ འི་ བོད་ མི་ བྱིངས་ ཀྱི་ བསམ་ཚུལ་ ཡིན་ ལ །" }, { "source": "ཡུ་གུར་པ་ཡོངས་ཀྱི་བསམ་ཚུལ་ཡང་ཡིན་པར་ང་ལ་ཡིད་ཆེས་ཡོད།", "target": "ཡུ་གུར་པ་ ཡོངས་ ཀྱི་ བསམ་ཚུལ་ ཡང་ ཡིན་པ ར་ ང་ ལ་ ཡིད་ཆེས་ ཡོད །" }, { "source": "ཡིན་ནའང་། དེ་ལྟའི་ལམ་ལུགས་ཤིག་འཛུགས་པར་ཅིས་ཀྱང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་མེད་པར་བཟོ་དགོས་པ་རེད་དམ། ང་ཚོ་ཚང་མ་རྒྱ་མི་དང་གཅིག་པ་གཅིག་རྐྱང་བཟོ་དགོས་པ་རེད་དམ།", "target": "ཡིན་ ན འང་ ། དེ་ ལྟ འི་ ལམ་ལུགས་ ཤིག་ འཛུགས་པ ར་ ཅི ས་ ཀྱང་ མི་ རིགས་ ས་ ཁོངས་ རང་ སྐྱོང་ གི་ ལམ་ལུགས་ མེད་པ ར་ བཟོ་ དགོས་པ་ རེད་ དམ ། ང་ ཚོ་ ཚང་ མ་ རྒྱ་མི་ དང་ གཅིག་པ་ གཅིག་རྐྱང་ བཟོ་ དགོས་པ་ རེད་ དམ །" }, { "source": "ངས་བསམས་ན་འདི་ནི་ཤིན་ཏུ་མི་ལེགས་པ་ཞིག་རེད།", "target": "ང ས་ བསམས་ ན་ འདི་ ནི་ ཤིན་ ཏུ་ མི་ ལེགས་པ་ ཞིག་ རེད །" }, { "source": "དེའི་སྐོར་ལ་ཝང་ལི་ཞུང་ལགས་ཀྱིས་བཏོན་པ་དེར་ང་རང་ཡིད་འཐད་ཡོད།", "target": "དེ འི་ སྐོར་ ལ་ ཝང་ལི་ཞུང་ ལགས་ ཀྱིས་ བཏོན་པ་ དེ ར་ ང་རང་ ཡིད་འཐད་ ཡོད །" }, { "source": "བོད་རིགས་དང་ཡུ་གུར་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་རིན་ཐང་ལྟ་ཚུལ་ཚང་མ་རྒྱ་རིགས་དང་ཡེ་ནས་མི་འདྲ།", "target": "བོད་ རིགས་ དང་ ཡུ་གུ ར་ རིགས་ ཀྱི་ འདུ་ཤེས་འཛིན་སྟངས་ དང་ རིན་ཐང་ ལྟ་ཚུལ་ ཚང་མ་ རྒྱ་རིགས་ དང་ ཡེ་ ནས་ མི་ འདྲ །" }, { "source": "མི་རིགས་ཁྱད་འབྱེད་ཀྱི་ལམ་ལུགས་མེད་པར་བཏང་ནས་ཚང་མ་གཅིག་པ་བཟོས་པའི་དབང་དུ་བཏང་ན། གཅིག་ཏུ་ན་གོང་ནས་བཤད་པ་བཞིན་གྲངས་ཉུང་མི་རིགས་དག་གཞན་འགྱུར་དང་འདྲེས་འགྱུར་གྱིས་རྨེག་མེད་ཀྱི་ལམ་དུ་ཕྱོགས་སྲིད་ལ།", "target": "མི་རིགས་ ཁྱད་འབྱེད་ ཀྱི་ ལམ་ ལུགས་ མེད་པ ར་ བཏང་ ནས་ ཚང་མ་ གཅིག་པ་ བཟོས་པ འི་ དབང་ དུ་ བཏང་ ན ། གཅིག་ ཏུ་ ན་ གོང་ ནས་ བཤད་པ་ བཞིན་ གྲངས་ ཉུང་ མི་ རིགས་ དག་ གཞན་ འགྱུར་ དང་ འདྲེ ས་ འགྱུར་ གྱིས་ རྨེག་ མེད་ ཀྱི་ ལམ་ དུ་ ཕྱོགས་ སྲིད་ ལ །" }, { "source": "གཅིག་ཏུ་ན། སོ་སོའི་རིན་ཐང་ལྟ་ཚུལ་སོགས་རིག་གནས་ཀྱི་འགལ་བའི་ཕུང་བོ་གཏོས་ཆེན་པོ་ཞིག་འབྱུང་སྲིད།", "target": "གཅིག་ ཏུ་ ན ། སོ་སོ འི་ རིན་ཐང་ ལྟ་ཚུལ་ སོགས་ རིག་གནས་ ཀྱི་ འགལ་བ འི་ ཕུང་བོ་ གཏོས་ཆེན་པོ་ ཞིག་ འབྱུང་ སྲིད །" }, { "source": "འདི་ནི་སོ་སོའི་འཚོ་བ་རོལ་སྟངས་དང་འདུ་ཤེས་འཛིན་སྟངས་ཀྱིས་སྔོན་ཚུད་ནས་ཐག་བཅད་ཡོད་པ་ཞིག་རེད་སྙམ།", "target": "འདི་ ནི་ སོ་སོ འི་ འཚོ་བ་ རོལ་སྟངས་ དང་ འདུ་ཤེས་འཛིན་སྟངས་ ཀྱིས་ སྔོན་ ཚུད་ ནས་ ཐག་ བཅད་ ཡོད་པ་ ཞིག་ རེད་ སྙམ །" }, { "source": "བོད་རིགས་མང་དག་ཅིག་གིས་ལོ་ངོ་བཅུ་ཕྲག་འགའི་རིང་དུ་རང་བཙན་དང་རང་སྐྱོང་རྩོད་ལེན་བྱས་དང་བྱེད་ཀྱི་ཡོད་པ་རེད།", "target": "བོད་རིགས་ མང་ དག་ ཅིག་ གིས་ ལོ་ ངོ་ བཅུ་ ཕྲག་ འག འི་ རིང་ དུ་ རང་ བཙན་ དང་ རང་སྐྱོང་ རྩོད་ལེན་ བྱས་ དང་ བྱེད་ ཀྱི་ ཡོད་པ་ རེད །" }, { "source": "ཀྲུང་གོ་ནང་ཁུལ་གྱི་འགལ་བ་ཚབས་ཆེ་ཤོས་གཅིག་ནི་འདི་རིགས་རེད།", "target": "ཀྲུང་ གོ་ ནང་ཁུལ་ གྱི་ འགལ་བ་ ཚབས་ ཆེ་ཤོས་ གཅིག་ ནི་ འདི་ རིགས་ རེད །" }, { "source": "འདི་ཡི་ཆེད་དུ་བོད་མི་བརྒྱ་ཕྲག་ལྷག་གིས་རང་སྲོག་བློས་གཏོང་མཛད་ཡོད་པ་རེད།", "target": "འདི་ ཡི་ ཆེད་ དུ་ བོད་མི་ བརྒྱ་ ཕྲག་ ལྷག་ གིས་ རང་ སྲོག་ བློས་གཏོང་ མཛད་ ཡོད་པ་ རེད །" }, { "source": "འཛམ་གླིང་ཡོངས་ཧ་སང་བར་བྱེད་པའི་གནས་ཚུལ་འདི་ནི་དུས་ཡུན་ཐུང་ཐུང་ནང་གཏིང་བརྗེད་དུ་འགྲོ་བ་ཞིག་ག་ལ་སྲིད།", "target": "འཛམ་གླིང་ ཡོངས་ ཧ་སང་བ ར་ བྱེད་པ འི་ གནས་ཚུལ་ འདི་ ནི་ དུས་ ཡུན་ ཐུང་ཐུང་ ནང་ གཏིང་བརྗེད་ དུ་ འགྲོ་བ་ ཞིག་ ག་ ལ་ སྲིད །" }, { "source": "གལ་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མེད་པར་བཟོས་ཏེ་མངའ་སྡེའི་ལམ་ལུགས་ལག་བསྟར་བྱས་ཀྱང་།", "target": "གལ་ ཏེ ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ མེད་པ ར་ བཟོས་ ཏེ་ མངའ་ སྡེའི་ལམ་ལུགས་ ལག་བསྟ ར་ བྱས་ ཀྱང་ །" }, { "source": "བོད་མི་དག་གིས་ལོ་རྒྱུས་ཀྱི་ཤ་འཁོན་འདི་ཉིད་བརྗེད་སྲིད་དམ།", "target": "བོད་མི་ དག་ གིས་ ལོ་རྒྱུས་ ཀྱི་ ཤ་འཁོན་ འདི་ ཉིད་ བརྗེད་ སྲིད་ དམ །" }, { "source": "རྒྱུ་མཚན། ཁོ་ཚོས་འདོད་ཀྱིན་པ་ནི་མི་རིགས་ཁྱད་འབྱེད་ཀྱིས་མི་རིགས་འགལ་བ་ཇེ་དྲག་ཏུ་གཏོང་འདོད་པ་དེ་མིན་པར།", "target": "རྒྱུ་མཚན ། ཁོ་ཚོས་ འདོད་ ཀྱིན་ པ་ ནི་ མི་ རིགས་ཁྱད་ འབྱེད་ཀྱིས་ མི་ རིགས་ འགལ་བ་ ཇེ་དྲག་ ཏུ་ གཏོང་ འདོད་པ་ དེ་ མིན་པ ར །" }, { "source": "བོད་རིགས་རང་གི་རང་སྐྱོང་ལམ་ལུགས་ཤིག་འཛུགས་འདོད་པ་ཙམ་རེད།", "target": "བོད་ རིགས་ རང་ གི་ རང་སྐྱོང་ལམ་ལུགས་ ཤིག་ འཛུགས་ འདོད་པ་ ཙམ་ རེད །" }, { "source": "དེ་བཞིན་དུ། ཡུ་གུར་པས་ཀྱང་བརྗེད་མི་སྲིད་ལ། ཁོ་ཚོས་ཀྱང་དེ་ལྟར་འདོད་ཀྱི་སྲིད་པ་རེད།", "target": "དེ་ བཞིན་ དུ ། ཡུ་གུར་པ ས་ ཀྱང་ བརྗེད་ མི་ སྲིད་ ལ ། ཁོ་ཚོ ས་ ཀྱང་ དེ་ ལྟ ར་ འདོད་ ཀྱི་ སྲིད་པ་ རེད །" }, { "source": "དེ་བས། མི་རིགས་ཀྱི་ཐོབ་ཐང་མེད་པར་གཏོང་བའི་ཐབས་ལམ་འདི་ནི་ཡག་པོ་ཞིག་གཏན་ནས་མ་རེད།", "target": "དེ་ བ ས ། མི་རིགས་ ཀྱི་ ཐོབ་ཐང་ མེད་པ ར་ གཏོང་བ འི་ ཐབས་ལམ་ འདི་ ནི་ ཡག་པོ་ ཞིག་ གཏན་ ནས་ མ་ རེད །" }, { "source": "དེ་ལས་ལྡོག་སྟེ།", "target": "དེ་ ལས་ ལྡོག་ སྟེ །" }, { "source": "ད་ལྟའི་མི་རིགས་ས་ཁོངས་རང་སྐྱོང་རྨང་གཞིར་བྱས་པའི་རང་དབང་དང་འདྲ་མཉམ་ལྡན་པའི་མངའ་སྡེའི་ལམ་ལུགས་ཤིག་འཛུགས་ཐུབ་པ་བྱུང་ཚེ།", "target": "ད་ ལྟ འི་ མི་ རིགས་ ས་ ཁོངས་ རང་ སྐྱོང་ རྨང་གཞིར་ བྱས་པ འི་ རང་དབང་ དང་ འདྲ་ མཉམ་ལྡན་པ འི་ མངའ་སྡེ འི་ ལམ་ ལུགས་ ཤིག་ འཛུགས་ ཐུབ་པ་ བྱུང་ ཚེ །" }, { "source": "འགལ་བ་མང་པོ་ཞིག་རང་ཞིར་འགྲོ་ཐུབ་པར་སྙམ།", "target": "འགལ་བ་ མང་པོ་ ཞིག་ རང་ཞི ར་ འགྲོ་ཐུབ་པ ར་ སྙམ །" }, { "source": "ཡང་གཅིག་བཤད་ན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་།", "target": "ཡང་ གཅིག་ བཤད་ ན ། དུས་རབས་ སྔོན་མ འི་ ལོ་རབས་ བརྒྱད་ ཅུ་ པ་ ནས་ བཟུང་ །" }, { "source": "གོང་ས་རིན་པོ་ཆེ་མཆོག་གིས་ཀྱང་མི་རིགས་ས་ཁོངས་རང་སྐྱོང་གླེང་བ་རེད།", "target": "གོང་ས་རིན་པོ་ཆེ་ མཆོག་ གིས་ ཀྱང་ མི་ རིགས་ ས་ ཁོངས་ རང་སྐྱོང་ གླེང་བ་ རེད །" }, { "source": "དེ་བས། འདི་ནི་རང་རྒྱལ་གཞན་ཕམ་མ་ཡིན་པར་རང་གཞན་གཉིས་ཕན་ཡོང་བའི་ཆིག་ཐུབ་སྨན་མཆོག་ལྟ་བུ་ཞིག་ཏུ་ཁོ་བོས་ཀྱང་འདོད།", "target": "དེ་ བ ས ། འདི་ ནི་ རང་རྒྱལ་ གཞན་ ཕམ་མ་ ཡིན་པ ར་ རང་གཞན་ གཉིས་ ཕན་ ཡོང་བ འི་ ཆིག་ཐུབ་ སྨན་མཆོག་ ལྟ་བུ་ ཞིག་ ཏུ་ ཁོ་བོ ས་ ཀྱང་ འདོད །" }, { "source": "ཉིད་ཀྱིས་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཕྱོགས་གཉིས་ཀ་འདྲ་མཉམ་ཡིན་པའི་སྤྱི་ཚོགས་ལམ་ལུགས་ཤིག་འཛུགས་པར་གྲོས་གཞི་བཏོན་པ་ང་ཡིས་ཤེས།", "target": "ཉིད་ ཀྱིས་ རྒྱ་རིགས་ དང་ གྲངས་ཉུང་ མི་ རིགས་ ཕྱོགས་ གཉིས་ ཀ་ འདྲ་མཉམ་ ཡིན་པ འི་ སྤྱི་ཚོགས་ ལམ་ལུགས་ ཤིག་ འཛུགས་པ ར་ གྲོས་གཞི་ བཏོན་པ་ ང་ ཡིས་ ཤེས །" }, { "source": "ཡིན་ནའང་། ཉེན་ཁ་རིགས་ཤིག་ཡོད་པ་ནི།", "target": "ཡིན་ ན འང་ ། ཉེན་ཁ་ རིགས་ ཤིག་ ཡོད་པ་ ནི །" }, { "source": "ད་ལྟ་བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་ཁྱེད་ཀྱི་ལྟ་ཚུལ་དེ་ཉིད་མཱ་རུང་དང་ཐག་ཉེ་བར་བསམ་གྱིན་འདུག་ལ།", "target": "ད་ ལྟ་ བོད་ནང་ གི་ ཤེས་ལྡན་མི་སྣ་ མང་པོ་ ཞིག་ གིས་ ཁྱེད་ ཀྱི་ ལྟ་ཚུལ་ དེ་ ཉིད་ མཱ་ རུང་ དང་ ཐག་ ཉེ་བ ར་ བསམ་ གྱིན་ འདུག་ ལ །" }, { "source": "དེ་ལྟར་བྱས་ཚེ། ཕྱོགས་གཉིས་ཀའི་འགལ་བ་ཛ་དྲག་ཏུ་གྱུར་ནས། རྒྱ་མིའི་ཤེས་ཡོན་ཅན་དང་གཞུང་གཉིས་ཁྱད་མེད་དུ་མི་བལྟ་བའི་ངེས་པ་ག་ལ་ཡོད།", "target": "དེ་ལྟ ར་ བྱས་ ཚེ ། ཕྱོགས་ གཉིས་ ཀ འི་ འགལ་བ་ ཛ་དྲག་ ཏུ་ གྱུར་ ནས ། རྒྱ་ མི འི་ ཤེས་ཡོན་ཅན་ དང་ གཞུང་ གཉིས་ ཁྱད་མེད་ དུ་ མི་ བལྟ་བ འི་ ངེས་པ་ ག་ ལ་ ཡོད །" }, { "source": "དེ་བས། ངས་བསམས་ན་ཝང་ལི་ཞུང་ལགས་ཀྱི་སེམས་ཁྲལ་དེ་ལ་ང་ཚོས་བསམ་གཞིགས་མི་གཏོང་ཐུ་མེད་རེད་སྙམ།", "target": "དེ་ བ ས ། ང ས་ བསམས་ ན་ ཝང་ལི་ ཞུང་ ལགས་ ཀྱི་ སེམས་ཁྲལ་ དེ་ ལ་ ང་ ཚོ ས་ བསམ་གཞིགས་ མི་ གཏོང་ ཐུ་མེད་ རེད་ སྙམ །" }, { "source": "ནམ་ཞིག་རང་དབང་དང་འདྲ་མཉམ་རྨང་གཞིར་བྱས་པའི་སྤྱི་ཚོགས་ལམ་ལུགས་ཤིག་ལེགས་པར་ཚུགས་འོང་བར་ང་ཚོ་ཐུན་མོང་གིས་འབད་འབུངས་བྱེད་ཀྱིན་ཡོད་ཀྱང་།", "target": "ནམ་ ཞིག་ རང་དབང་ དང་ འདྲ་མཉམ་ རྨང་གཞི ར་ བྱས་པ འི་ སྤྱི་ཚོགས་ ལམ་ལུགས་ ཤིག་ ལེགས་པ ར་ ཚུགས་ འོང་བ ར་ ང་ ཚོ་ ཐུན་མོང་ གིས་ འབད་འབུངས་ བྱེད་ ཀྱིན་ ཡོད་ ཀྱང་ །" }, { "source": "ལྟ་ཚུལ་གྱི་བར་ཁྱད་ཙམ་གྱི་དབང་གིས་ངེད་ཅག་སོ་སོར་གྱེས་ན་ཤིན་ཏུ་ཕངས་སོ་སྙམ་ནས་འདི་ཉིད་བྲིས་པ་ཡིན།", "target": "ལྟ་ཚུལ་ གྱི་ བར་ ཁྱད་ ཙམ་ གྱི་ དབང་ གིས་ ངེད་ཅག་ སོ་སོ ར་ གྱེས་ ན་ ཤིན་ ཏུ་ ཕངས་ སོ་ སྙམ་ ནས་ འདི་ ཉིད་ བྲིས་པ་ ཡིན །" }, { "source": "ཡིན་ནའང་། འདི་རུ་ང་རང་གིས་བཤད་འདོད་པ་མང་པོ་ཞིག་མ་ཤོད་པ་འདྲ་ལ། ཡང་ན་ཇི་ལྟར་བཤད་དགོས་པ་མི་ཤེས་པ་ལྟ་བུའི་ཚོར་བ་ཞིག་ལྷགས་མོད།", "target": "ཡིན་ ན འང་ ། འདི་ རུ་ ང་ རང་ གིས་ བཤད་ འདོད་པ་ མང་པོ་ ཞིག་ མ་ ཤོད་པ་ འདྲ་ ལ ། ཡང་ ན་ ཇི་ ལྟ ར་ བཤད་ དགོས་པ་ མི་ ཤེས་པ་ ལྟ་བུ འི་ ཚོར་བ་ ཞིག་ ལྷགས་ མོད །" }, { "source": "ལྷག་བསམ་དཀར་པོས་བྲིས་པས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་པ་ཡིན།", "target": "ལྷག་བསམ་ དཀར་པོ ས་ བྲིས་པ ས་ རེ་ ཞིག་ འདི་ ཙམ་ གྱིས་ འཐུས་པ ར་ བྱས་པ་ ཡིན །" } ]